༄༅། ། ༧གོང་ས་ལྷ་མིའི་རྣམ་འདྲེན་༧རྒྱལ་མཆོག་བསྟན་འཛིན་རྒྱ་མཚོའི་སྐུ་དུས་སུ། བོད་མི་སེར་མོ་བ་ཙམ་དུ་མ་ཟད་སྐྱ་བོ་ཁྱིམ་པའི་སྡེ་ནས་ཀྱང་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་ལ་སྦྱང་དགོས་པའི་ཤིང་རྟའི་སྲོལ་བཏོད་པ་དང། དུས་ནམ་རྒྱུན་དུ་༧གོང་ས་མཆོག་ནས་བོད་མི་གཙོས་ནང་པ་ཡོངས་ལ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་ཡང་ཡང་གནང་བཞིན་པ་ལྟར། རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་ཚུལ་བཞིན་ལག་ལེན་བསྟར་སྟེ ༢༠༠༣ ནས་བོད་མི་སྐྱ་བོའི་སྡེར་ནང་ཆོས་ངོ་སྤྲོད་ཀྱི་ལས་གཞི་འགོ་བརྩམས་ཞིང། གཟའ་ཉི་མ་འཆར་ཅན་ལ་རྡ་ས་རིགས་ལམ་སློབ་གཉེར་ཁང་གི་ཚོགས་ཁང་དུ་ལམ་རིམ་དང། བློ་སྦྱོང། སྤྱོད་འཇུག་སོགས་འཆད་ཁྲིད་གནང་བཞིན་པས་མི་མང་ནང་ནང་ཆོས་ཀྱི་གོ་རྟོགས་གོང་འཕེལ་དུ་འགྲོ་བཞིན་པ་རེད། ༢༠༠༦ ནས་༧གོང་ས་མཆོག་ལ་ཅི་ལྟར་གསོལ་འདེབས་ཞུས་པ་དོན་སྨིན་བྱུང་དོན་བཞིན་མཐོ་རིམ་སློབ་མའི་གུང་གསེང་དང་སྟབས་བསྟུན་ཕྱི་ཟླ ༦ པའི་ནང་ལོ་བསྟར་ཆགས་སུ་བོད་ཀྱི་མི་རབས་གསར་པའི་དཔུང་ཁག་ལ་ཉིན་གསུམ་རིང་ནང་ཆོས་ངོ་སྤྲོད་གནང་བཞིན་པ་དང། ད་ལོ ༢༠༡༢ ལོར་གསུང་ཆོས་ཀྱི་སྐབས་དང་བསྟུན་སྐྱེས་ཆེན་དམ་པ་རྣམས་ཀྱི་གདུང་རུས་སྟེང་བབས་པའི་ལྷ་སྐུའི་སྣང་བརྙན་རང་བྱོན་རྣམས་ལ་མཇལ་ཁར་བཏང་སྟེ། སངས་རྒྱས་ཆོས་ལ་ཤེས་ནས་ཡིད་ཆེས་རྙེད་པ་དང། ཡིད་ཆེས་རྙེད་ནས་ནམ་མཁའ་གར་ཁྱབ་དུ་དྲི་མ་མེད་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཁྱབ་ཐུབ་པ་བཅས་ཀྱི་ཆེད་སྲི་ཞུ་བླ་ན་མེད་པ་སྒྲུབ་བཞིན་ཡོད་པ་རེད་འདུག།
ཡ་མཚན་དངོས་བྱུང་རེད། འདི་འདྲ་མཇལ་དུས་དམ་པའི་ཆོས་ལ་ཡིད་མི་ཆེས་ཀ་མེད་རེད།
ཤར་ཕྱོགས་ཁུག་རྟ་ལགས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ། ཧ་ཅང་གསལ་བོ་ཞིག་བཀོད་འདུག རབ་ཡིན་ན་བླ་མ་དེ་ནམ་འཁྲུངས་སོགས་མཛད་རྣམ་ཕྱོགས་ཙམ་ཞིག་ཡོད་ལ་ལེགས་ཞེས་ཞུ།
བླ་མ་འདིའི་སྐུ་པར་དང་ཆོས་བརྒྱུད་བླ་མ་སུ་བསྟེན་ཉམས་ལེན་གང་མཛད་སོགས་མེད་ན་ཡིད་ཆེས་ཐུབ་རྒྱུ་དཀའ་གི
ངེད་བོད་པ་ཚང་ལ་གཟི་བརྗིད་མང་། །མེ་དམར་པོའི་ཀླུང་ན་རང་བསྲེལ་འཕྱུར། །ཐུགས་ལྗགས་སྤྱན་གཟིགས་ནག་རིལ་ལྡོག་ལྡོག་ཆགས། །འདི་ཡང་བོད་པ་ཚང་གི་གཟི་བརྗིད་ཡིན། །
བརླ་ཤ་གཡས་པའི་གསང་ནས་སྤྱན་རས་གཟིགས་དབང་བྱོན། །བརླ་ཤ་གཡོན་མའི་གསང་ནས་པདྨ་འབྱུང་གནས་བྱོན། །བླ་མའི་བརླ་ཤ་འདི་ཡང་རང་འཐང་མིན། །འདི་ཡང་བོད་པ་ཚང་གི་གཟི་བརྗིད་ཡིན། །
དཔུང་རུས་ལས་ནི་བྱང་ཆུབ་མཆོད་རྟེན་བྱོན། །ལག་ངར་གསེང་ནས་སྒྲོལ་མ་དཀར་མོ་བྱོན། །
དཔུང་རུས་གཉིས་ལས་རང་བསྲེལ་འདྲ་མིན་འཁྲུངས། །དོན་སྣོད་བཞི་ནས་ཐང་སྟོང་རྒྱལ་པོ་འཁྲུངས། །
དབུ་ནས་རྒྱལ་བ་རིགས་ལྔའི་རང་བསྲེལ་འཁྲུངས། །སྙན་གོང་རུས་ལས་ཚེ་དཔག་མེད་ཅིག་འཁྲུངས། །
དཔྲལ་རུས་ནས་ཀྱང་རྟ་མགྲིན་རང་བྱོན་འཁྲུངས། །འདི་ཡང་བོད་པ་ཚང་གི་གཟི་བརྗིད་ཡིན། །
མགོ་བདེ་དྲན་འཕྲུལ་ཅན་དག་གང་དྲན་ཤོད། །ཡ་མཚན་ག་རེ་བཤད་ན་ཡིད་ཆེས་ཡོད། །
བདེན་རྫུན་ཞིབ་འཇུག་གཤིས་ཀ་ང་ཚོར་མེད། །དེ་འདྲའི་ཤེས་རབ་ཅན་ཚོར་ངེད་མི་དགའ། །
ཨ་ཧོ་དེ་མིན་ང་ཚོར་ག་རེ་འདུག །འདོམས་དང་རྐུབ་ནས་རང་བྱོན་མ་འཁྲུངས་སམ། །
འཁྲུངས་ན་ལྷ་སྐུ་བྱིན་ཆེན་ག་རེ་རེད། །དྲ་ཐོག་འདི་ལ་ཁོད་དང་མཇལ་དུ་འགྲོ། །
ཐུགས་ལྗགས་སྤྱན་གསུམ་ལྡོག་ལྡོག་ཇི་ལྟར་ཆགས། །དོན་སྣོད་བཞི་ལས་ཐང་རྒྱལ་ག་འདྲ་འཁྲུངས། །
ཚན་རིག་མཁས་པས་ཧ་ཅང་བརྟག་དཔྱད་ན། །བོད་མིའི་ལྐུགས་རྟགས་ལྷང་ལ་འབུད་ཉེན་ཆེ། །
དྲ་གྲོགས་ཚོ་སུས་མཁྱེན་གྱི་ཡོད་ནའང་ང་ལ་ལན་ཅིག་གནང་རོགས།
ཐུགས་ལྗགས་སྤྱན་གསུམ།
ཞུ་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་དམ།
དེ་བཞིན་རིང་སེལ་ཞེས་པའི་མིང་གི་གོ་དོན་གང་ཡིན་ནམ།
རིང་སེལ་ལ་དབྱེ་བའམ་རིགས་མི་འདྲ་བ་དེ་འདྲ་ཡོད་དམ།
རིང་སེལ་སྒྲུབ་པའི་རྒྱུ་ཇི་ལྟར་ཡིན་ནམ།
དེ་ལྟར་མཁྱེན་མཁན་ཡོད་ན་འགྲེལ་བཤད་ཅིག་གནང་རོགས་ཞུ།
ཡ་མཚན་དངོས་བྱུང་གི་གནས་ཚུལ་འདི་ལྟ་བུ་མི་ཉུང་བ་ཞིག་རང་རེའི་སྤྱི་ཚོགས་ཀྱི་ནང་བྱུང་དང་འབྱུང་མུས་ཡིན་མོད། འོན་ཀྱང་ཐབས་སྐྱོ་བ་ཞིག་ལ་དུས་རབས་ཉེར་གཅིག་པ་ཙམ་ཁས་འཆེས་ཞིང་གནའ་བོའི་ཆོས་རིག་དང་བཟང་སྤྱོད་རྣམས། ཀླད་རྙིང་མཁྲེགས་འཛིན་ཚོའི་ལམ་ལུགས་རེད་ཅེས། དེ་དག་ཕར་དོར་ཅིང་དེང་དུས་ཕྱི་རྒྱལ་བ་ཚོའི་ལེགས་ཆ་སྟེ་ཉམས་ཞིབ་བྱེད་སྟངས་དང་། དུས་ཚོད་སྟངས་འཛིན་བྱེད་སྟངས། གཙང་སྒྲ་འཕྲོད་བསྟེན་བྱེད་སྟངས་སོགས་ཀྱང་མི་བླངས། དེ་ལས་ལྡོག་སྟེ་དེ་ཚོའི་གོས་གྱོན་སྟངས། སྐྲ་བཞག་སྟངས་དང་དཀར་སེར་དམར་སེར་བཟོ་སྟངས། ནུ་མ་དང་བརླ་ཤ་དམར་ཧྲེང་དུ་ཐོན་པའི་ཆས་གོན་སྟངས། གཞང་ཁང་ནང་གི་བྱ་བ་བྱེད་སྟངས། རྐུ་མ་རྒྱག་སྟངས། ཕ་མར་བརྕི་འཇོག་མེད་པའི་གནས་སྟངས་སོགས། རྦད་དེ་མགོ་གཞུག་ལོག་སྟེ་སྤྱོད་ངན་ཡོད་དོ་དཔེར་ལེན་མཁན་དེ་རིགས་ཀྱིས་གོང་གི་ཡ་མཚན་དངོས་བྱུང་འདི་རིགས་མིག་གི་མཐོང་བཞིན་དུ་ཁས་ལེན་གྱི་མེད། རྒྱུ་མཚན་ནི་ལམ་ལུགས་རྙིང་པ་དང་རྨོངས་དད་རེད་ཅེས་ཤོད་ཀྱི་ཡོད་རེད། ཐ་ཤལ་དེ་ཚོ་ནི།
ཕར་ཕྱོགས་བ་ཕྱུགས་མེད།།
ཚུར་ཕྱོགས་ལྩི་བ་མེད།། ཅེས་པ་དང་ཅི་ནས་ཀྱང་མཚུངས་ལ། དེ་བཞིན་ཨ་ཁུ་སྟོན་པའི་ཁུག་མ་ལྟར། ཕར་ཕྱོགས་དེ་སྟོང་པ་དང་ཚུར་ཕྱོགས་དེའང་སྟོང་ཞེས་པ་ཡང་གཉིས་སུ་མེད།
ཀུ་རེ་ཡིན་ནོ་བོད་རྒན་དད་པ་ཅན། །དུས་རབས་ཉེར་གཅིག་ཤར་བའི་དེ་རིང་ཡང་། །
ང་ཚོ་བླུན་པོ་ཆུ་སྣ་གར་ཁྲིད་དེས། །རྨོངས་མུན་སེལ་ལ་རེ་བ་ཅང་མ་མཆིས། །
དེ་ནི་མི་རིགས་འདི་ཡི་གོམས་གཤིས་དང་། །རང་རེའི་མི་རིགས་འདི་ཡི་ལས་དབང་རེད། །
བཅོས་སུ་མེད་པའི་ལས་དབང་བཙན་པོ་ལ། །མྱ་ངན་བྱས་པས་མི་ཕན་མཁས་པས་གསུངས། །
མཆན་༼༥༽ལྔ་པ་དེའི་ཡིག་ཕྲེང་ཐ་མ་དེར། ཕར་ཕྱོགས་དེ་སྟོང་པ་དང་ཚུར་ཕྱོགས་དེའང་སྟོང་པ་ཡིན་ཞེས་པ་དང་གཉིས་སུ་མེད། ཅེས་ནོར་བཅོས་བྱེད་རོགས།
ཐུགས་ལྗགས་སྤྱན་གསུམ་ཞེས་པ་དེ་ཕལ་ཆེར། ཐུགས་དེ་ཡིད་དང་ལྗགས་དེ་ལྕེ། སྤྱན་དེ་མིག་ལ་གོ་རྒྱུ་ཡིན་འགྲོ
འོ་ན་གདོང་རུས་དང་ལྷ་སྐུའི་གནང་བསྙན་དེ་རྣངས་གང་ནས་ཁྱེར་ཡོང་ངམ་གལ་ཏེ་དེ་རྣམས་རང་ཡུལ་བོད་ནས་འགྲེམ་བསྟན་དུ་ཁྱེརགཡོང་ཡོད་ན་ ནམ་ཞིག་ལྷལ་སའི་སངས་རྒྱས་ཤྰཀྱ་མུ་ནའི་ཡིས་སྐུ་བསྙན་ཡང་ལགས་ཁྱེར་སོགས་གང་ཡང་མེད་དགོས་པར་འགྲེམ་བསྟན་དང་ཡུལ་ཀོར་ལ་འབྱོར་སྲིད་
ཨུ་ཧུ་ལག་
༆༆ དུ་རུ་དུ་རུ་ཙཀྲ། གྷིན་དུ་མ་ལི་ཧེ་ནན་ཙཀྲ་ ཛ་ལ་ཛལ་ཙཀྲ་། ཧུམ་ཧུམ་ཕད་ཕད་
རྩམ་ཕྲུག་རྩམ་ཟན་མཁས་པ་ཡིན་སྲིད་ན། །ཡིད་ལྕེ་མིག་གསུམ་ལྡོག་ལྡོག་ཆགས་སྟངས་ཤོད། །
གཞན་དུ་བཤད་ཚད་ཡིད་རྟོན་མི་ཐུབ་པ། །གངས་ཕྲུག་གཞོན་ནུ་བདག་གི་གཤིས་ཀ་རེད། །
ལེགས་སོ།
རྩམ་ཕྲུག་ལེགས།
ཐུགས་དེ་ཡིད་ཡིན་གསུངས། དེ་ལྟར་ན་དེ་གསུམ་རྡོག་རྡོག་ཆགས་དུས་ཡིད་དམ་ཐུགས་ཀྱང་རྡོག་རྡོག་ཆགས་ཡོད་དམ།
དེ་ལྟར་ན་ཐུགས་ནི་ཡིད་དེ་ཡིད་ནི་ཤེས་པ་ཡིན། ཤེས་པ་གཟུགས་སུ་འགྱུར་བར་འདོད་དམ། དགོངས་པ་མ་འཚོམས་ང་ལ་རྣམ་རྟོག་གི་དྲི་བ་ཞིག་ལམ་མེར་ཤར་སོང།
དུས་རབས་ཉེར་གཅིག་ཡིན་མདོག་ཁ་ནས་བཤད།།
སྲོལ་རྒྱུན་ཤེས་བྱར་མི་དགའ་ཁ་ནས་བཤད།།
དེང་དུས་ནུབ་ཕྱོགས་ལྟ་གྲུབ་ལེཊ་མདོག་བཤད།།
དོན་དུ་གནའ་དེང་ཤེས་རིག་་ཅི་ཡང་མེད།།
བར་དུ་ཕུང་གསུམ་ལུས་པའི་ལས་ངན་ཚོ།།
ཁྱི་རྒན་རྒྱ་བོ་མདོ་ལ་འགྲོ་བ་བཞིན།།
ཕར་ལ་འགྲོ་དུས་རྔ་མ་གཡུག་གཡུག་དང་།།
ཚུར་ལ་འང་སླེབས་དུས་རྔ་མ་གཡུག་གཡུག་ལས།།
ཕར་ཚུར་གཉིས་ཀ་སྟོང་པ་སྟོང་ཀྱང་ལྟར།།
ཁྱོད་ཚོ་དུས་རབས་ཉེར་གཅིག་ཁར་ཁུར་ཏེ།།
བར་དོ་དང་ནི་ཕུང་པོ་གསུམ་པ་བ།།
འདྲ་བའི་ཡིད་སྐྱོའི་གནས་སྟངས་མཐོང་བ་ན།།
གནའ་དེང་ཟུང་གི་ཤེས་རིག་ལྡན་པ་ཡི།།
གཟུར་གནས་རྟག་ཆད་མཐའ་ལས་མ་འདས་པའི།།
བློ་ལྡན་བདག་ནི་སྙིང་རྗེ་ཆེས་སྐྱེ་བས།།
མི་བཟོད་ཀླུ་འདི་རང་དབང་མེད་པའི་ངང་།།
མགྲིན་པའི་ཀློང་ནས་ཆུ་མིག་ཇི་བཞིན་རྡོལ།།
དེ་གསུམ་པོ་མཚོན་བྱེད་ཀྱི་ཁྱད་ཆོས་ལྟ་བུ་ཞིག་མིན་འགྲོ་སྙམ། དེ་མིན་ཤེས་པ་བེམ་པོའམ་གཟུགས་སུ་འགྱུར་བ་ནི་ག་ལ་སྲིད། ད་དུང་ཁྱོད་ཀྱིས་གཞན་དག་ལ་ཡང་དྲིས་དང་།
ཀླུ་སྨྱོན་གྱིས་དད་པ་སྐྱེ་བ་ལ་དང་པོ་བླ་མ་དང་ཆོས་རྒྱུད་སུ་ཡིན་བརྟག་དགོས་ཟེར། ཆོས་བརྒྱུད་དེ་དང་དེའི་ཡིན་ན་དད་པ་སྐྱེ་རྒྱུ་དང་དེ་དང་དེའི་མིན་ན་དད་པ་མི་སྐྱེ་རྒྱུ་ཅང་ཨ་ཡོད། དུ་བ་འཕྱུར་ཡོང་དུས་མེ་ཞིག་སྔོན་དུ་སོང་ཟིན་པ་མ་རེད་དམ། དུ་བ་མཐོང་ནས་མེ་ཡོད་པ་ཤེས་བཞིན་དུ་མེ་དེ་ཤིང་བྱེ་བྲག་པ་གང་ཞིག་ལས་འབར་ཡོད་ན་གཞི་ནས་མེ་ཡིན་པར་ཡིད་ཆེས་ས་རེད་ཟེར་ན་འགྲིག་གམ།
དོན་དམ་དངོས་པོའི་གནས་སྟངས་ལ།།
ཡིད་དང་མིག་དང་ལྕེ་གསུམ་ལས།།
ཡིད་ནི་རྡོག་རྡོག་མི་སྲིད་དེ།།
དེ་ཉིད་ཤེས་པ་ཡིན་པས་སོ།།
འོན་ཀྱང་མིག་དང་ལྕེ་གཉིས་པོ།།
རྡོག་རྡོག་འགྱུར་བ་ཡོད་ན་ཡང་།།
དེ་ལ་སྐྱོན་ཅི་ཡོད་མིན་ཏེ།།
དེ་གཉིས་གཟུཊ་རཊ་ཡིན་པའི་ཕྱིར།།
འོན་ཀྱང་ད་ལྟའི་རྡོག་རྡོག་འདི།།
ཡིད་དང་ལྕེ་དང་མིག་གསུམ་པོ།།
དོན་དངོས་འདི་ལྟར་འགྱུར་བ་ཡི།།
དོན་དེར་གོ་རྒྱུ་མ་ཡིན་པར།།
རྡོག་རྡོག་དེར་དེ་གསུམ་པོ།།
མཚན་དོན་རྟེན་འབྲེལ་ཡོད་པ་ཡི།།
ཁྱད་ཆོས་གཅིག་ནི་ཡིན་པ་ལས།།
དེ་མིན་མིག་ལྩེ་བེམ་པོ་ལ།།
འགྱུར་བ་ཡོད་དང་ཆོག་མེད་ཀྱང་།།
ཡིད་ནི་ཤེས་པ་ཡིན་པས་ན།།
བེམ་པོར་འགྱུར་བ་ག་སྲིད།།
ཐུགས་ལྗགས་སྤྱན་གསུམ་ནང་གི་ཐུགས་ཞེས་པ་སྙིང་ལ་གོ་དགོས་རེད། ལྕི་བ་ཆོས་ཅན། སྐྱག་པ་ཡིན་པར་ཐལ། དེའི་ཕྱིར་ལྟ་བུ་རིགས་པ་གཏོང་ས་ཡོད་མ་རེད། ཡོངས་གྲགས་ཀྱི་ཁྱད་པར་ཡོད། དོགས་པ་ཡོད་མདོག་བསྟན་པ་ནི་སྐྱོན་ཞིག་རྒྱག་ས་ཨེ་རྙེད་ལྟ་བ་ཙམ་རེད།
དད་པ་དང་ཡིད་ཆེས་མེད་མཁན་ཚོར་ཨུ་ཚུགས་དང་བཙན་ཀས་དད་པ་བྱེད་དགོས་དང་། ཡིད་ཆེས་དགོས་རབས་ཤོད་མཁན་སུ་གཅིག་མེད་པས་ལྷོད་ལྷོད་བཞུགས།
བྱང་ཆུབ་སེམས་དཔའ་དངོས་རེད།
ཚུལ་ཁྲིམས་ལགས།
མཆན་༼༡༦༽བཅུ་དྲུག་པ་དེའི་ནང་ཁྱེད་ལ་ལན་ཚ་ཐག་ཆད་ཅིག་རྒྱབ་ཡོད་ལོ།།།།
རང་བྱོན་ཟེར་དུས་ངེས་པར་དུ་རང་བཞིན་གྱིས་འགྲུབ་པ་ཞིག་ལ་ངོས་འཛིན་བྱ་མི་ཉན། དེ་དག་ཀྱང་སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་ལྟར་གསོན་པོའི་དགོས་འདོད་རྩོལ་བ་སོགས་དང་སྦྲེལ་ནས་ཐོན་ཡོང་གི་ཡོད་པ་གོར་མ་ཆགས། དེས་ན་གོང་གསལ་རུས་སྐུ་རྣམས་དོ་བདག་སོ་སོའི་སྐུ་ལུས་ལས་འཁྲུངས་པ་ཡིན་པར་ཡིད་ཆེད་ནས་དད་པ་བྱས་ན་ཁྱི་མགོ་ལས་གསེར་འོད་འཕྲོའོ་ཞེས་པ་ལྟར་དེ་ཆོས་ལུགས་དད་པའི་གནད་དོན་རང་ལ་བཞག་ན་འགྲིག་པ་ལས་དེ་ཚན་རིག་ཡིན་མིན་ལ་གཞོལ་ན་ངལ་བའི་རྒྱུ་ཁོ་ནར་སོང་ཙང་རྩོད་པ་རྒྱབ་རིན་མེད། གཞོང་པ་སྟོང་པར་གཞོང་འཛིང་མ་རྒྱབ་ན་གང་འདྲ་འདུག
མེ་ཏོག་དཀར་པོ་ཁྱོད་ལ་ཐུགས་ལྗགས་སྤྱན་གསུམ་ནང་གི་ཐུགས་དེ་སྙིང་ལ་གོ་དགོས་པའི་རྒྱུ་མཚན་ཡོད་ན་ཞོག དེ་མིན་རེད་མ་དང་མ་རེད་ཅེས་ཐག་ག་ལ་གཅོད་ཐུབ།
རང་བཞིན་གྱིས་གྲུབ་པའི་ཆོས་གཏན་ནས་མེད་པས་ན། རང་བྱོན་ཟེར་དུས་རང་བཞིན་གྱིས་གྲུབ་པ་ཡིན་དགོས་སུས་བསམ་གྱི་འདུག་ཟེར། རང་བྱོན་ཡིན་ན་རང་བཞིན་གྱིས་གྲུབ་པ་མ་ཡིན་པ་ཐག་ཆོད། དེ་དགོས་ཏེ། ཡོད་ཚད་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་ཀྱང་ཀྱང་ཡིན་པས་སོ། རང་བཞིན་གྱིས་གྲུབ་པ་གཅིག་ཡོད་ཡོད་ན། ཨ་ནི་རི་བོང་རྭ་དང་མོ་གཤམ་བུ་ཡང་ཡོད་ལོས་ཆོག
དད་པ་ཡིད་ཆེས་སྐྱེ་བ་ལ་ཡིན་ལུགས་མིན་ལུགས་ཀྱི་དཔྱད་པ་བྱེད་དེ་ཡོང་དགོས་པ་རེད་མ་གཏོགས།
དེ་མིན།
སྲེག་དཔྱད་བདར་བའི་གསེར་བཞིན་དུ།
ལེགས་པར་བརྟག་ལ་ང་ཡི་བཀའ།
ཞེས་པ་རྒྱུ་མཚན་མེད་པ་རེད།
མིས་བཟོས་མ་འདྲ་ཞིག་ལས་རང་བྱོན་འདྲ་ཞིག་ཅི་མཐོང་མ་སོང་། ལོ་རྒྱུས་རྒྱུ་མཚན་གང་ཡང་མེད་པར་དེ་འདྲ་ཁྱབ་བསྒྲགས་བྱས་ན། །འགྲེམ་སྟོན་བཟོས་མ་འདྲ་ཞིག་འདུག དད་ལོག་ཅིག་ལས་དད་པ་ཅི་སྐྱེ་མ་སོང་་་་་་
དངོས་སུ་མཇལ་ཁ་གཏོང་སྐབས། རུས་པ་ཡིན་མིན་དང་རུས་པ་ནས་རང་བྱུང་དུ་ཐོན་འདུག་པ་ཞིག་རེད་དམ། མིས་བཟོས་པ་ཞིག་ཡིན་མིན་སོ་སོས་བལྟ་དགོས་པ་རེད། དངོས་པོ་གཅིག་མདུན་དུ་བཞག་མཚམས་དེ་ལས་ནོར་བུ་དང་སྐྱག་པ་གང་ཞིག་ལེན་ཐུབ་མིན་མི་སྒེར་སོ་སོའི་རྣམ་དཔྱོད་ལ་རག་ལས་ཡོད་པ་རེད། དེ་བས་ང་ཚོས་གདུང་ཞུགས་འབུལ་སྐབས་ཅི་ལྟར་ཐོན་གྱི་ཡོད་མེད་ལ་བགྲོ་གླེང་བྱས་ན་དོན་དང་ལྡན་པ་ཆགས་ངེས་རེད། རང་སྲེལ་ལབ་ན་ག་རེ་རེད། ཐུགས་ཞེས་པ་སྙིང་ལ་གོ་མིན་སོགས་གླེང་ན་ཡག་པོ་འདུག
དྲ་གྲོགས་ཚོ། ཁ་བརྡ་ནང་ལ་རྩོམ་ཡིག་གང་འདྲ་སེ་གཏོང་དགོས་རེད་ཅིག་གསུང་རོགས་གནང་དང་།
མིའི་ལུས་ཕུང་ནང་ནས་གལ་ཆེ་བའི་དབང་པོ་མིག་སྙིང་ལྕེ་གསུམ་རེད། དེ་གདུལ་བྱའི་དོན་དུ་མེས་མ་ཚིག་པར་དད་རྟེན་དུ་ལུས་པ་རེད། དེའི་གོ་དོན་རེ་རེ་ནས་མི་ཤེས།
་དེང་དུས་ཁ་གྲགས་པ་དང་ལམ་རྐྱང་ཁུངས་ཁྱེར་ཁུངས་ཁྱེར་ཤོག་རྐྱང་རྐྱང་བཤད་ནས་ཞེ་པུ་གཅིག་ཤེས་མདོག་དང་མཁས་མདོག་སྟོན་མཁན་མང་པོ་འདུག་ག ད་ཁྱོད་ཀྱིས་འདིའི་སྐབས་ཀྱི་ཐུགས་ཞེས་པ་ཤེས་པ་ལ་གོ་ཞིང་སྙིང་ལ་མི་གོ་བའི་ཁུངས་སྟོན་དང་། དེ་ལུགས་ཀྱི་སྐད་ཆ་ཤོད་ཆོག
རྩམ་ཕྲུག ཁ་བརྡར་འབྲེལ་བ་བྱེད་སོགས་ཁ་བརྡའི་ངོ་གདོང་གི་གཡས་ངོས་ན་གསལ་བའི་ཁ་བརྡའི་སྐོར་ནང་གཟིགས། ཁ་བྱང་ཁ་ཤས་ཡོད་རེད།
ཐུགས་ལྗགས་སྤྱན་གསུམ་ནི། ཐུགས་ཅེས་པ་ནི་ཁོག་པའི་ནང་དུ་ཡོད་པའི་སྙིང་དམར་པོ་དེ་དང། ལྗགས་ཅེས་པ་ནི་ཁའི་ནང་དུ་ཡོད་པའི་ལྕེ་དང། སྤྱན་ཅེས་པ་ནི་དཔྲལ་བའི་དཀྱིལ་གྱི་མཐོང་བྱེད་ཀྱི་མིག་ལ་ཟེར། བླ་མ་ཡག་པོ་ཁ་ཤས་གྲོངས་སྐབས་ཐུགས་ལྗགས་སྤྱན་གསུམ་མེའི་མ་ཚིག་ནས་ལུས་ཡོད་པ་གོ་ཐོས་ཡོད། དེར་དད་པ་དང་མཆོད་འབུལ་བྱེད་སྲོལ་ཡོད། ཡིན་ན་ཡང་སྐབས་བབས་ཀྱི་བླ་མ་དེ་སུས་སློབ་མ་ཡིན་མིན་དང་དགོན་པ་གང་ཡིན་མིན་སོགས་གནས་ཚུལ་ཁུངས་བཙན་དགོས་པ་ནི་བཤད་ཅི་དགོས། གནས་ཚུལ་ཁུངས་བཙན་མེད་ན་ཡིད་ཆེས་བྱེད་པ་བླུན་པོས་ལུགས་རེད། བསྲེག་བཅད་བརྡར་བའི་གསེར་བཞིན་དུ་ལེགས་པར་བརྟགས། ཅེས་པ་ཚིག་རྐང་བཅུ་ཡིས་བསྡོམ་ཚིག་བརྒྱབ་ཡོད། བླུན་པོ་གྲགས་པའི་རྗེས་སུ་འབྲང་ན་དུས་རབས་ཉེར་གཅིག་པར་ངོ་ཚ་དགོས་པ་ཆགས་གྱི་མ་རེད་བས། ཐུགས་ཅེས་པ་དེ་སྙིང་ལ་གོ་དགོས་པའི་རྒྱུ་མཚན་ནི། ང་ཚོའི་ཞལ་འདོན་ནང་དུ་དཔྲལ་བ་ཨཱོཾ། འགྲིན་པར་ཨཱ། ཐུགས་ཀར་ཧཱུཾ་ཞེས་ཐུགས་ཅེས་པས་སྙིང་ལ་གོ་དགོས་ཟེར་བ་ནི་ཀུན་རིག་གིས་ཕྱག་རྒྱའི་རྣམ་བཤད་ལས་གསར་པོ་གསུངས་འདུག། ད་དུང་ཧ་མ་གོ་ན་དག་ཡིག་གསར་སྒྲིགས་གཟིགས་དང་ཧ་གོ་ངེས། དེ་མིན་ སྟོང་པ་ཉིད་ལ་བལྟ་ཉེས་ན། ཤེས་རབ་ཆུང་རྣམ་ཕུང་བར་འགྱུར་ཅེས་པ་བསྟན་དོན་ཡང་འདིར་ཐུག་འདུག་བསམ། ། ཆོས་ཐམས་ཅད་སྟོང་པ་ཉིད་རེད་མེའི་ཚིག་རྒྱུ་ཡོད་མ་རེད་ལྟར་བུ་ལབ་ན་ཀུན་རྫོབ་བདེན་པས་ཕན་ཐོག་མེད་པ་འགྱུར་གི་མ་རེད་བས།
དད་པ་ཅན་ཞིག་གི་བདེན་པར་འདོད་ན་དད་མེད་དག་གི་སྙིང་ན་དགོས་དོན་གང་ཡིན་ནམ།
རང་བྱོན་འདི་དག་བཟོ་བོ་མཁས་པའི་ཐོན་དངོས་འདྲ་བས་ཡིད་ཆེས་དཀའ་བའི་གནས་སུ་མཐོང་། ལར་ནས་རང་བྱོན་གྱི་ལུགས་སྲོལ་འདི་སྤྲུལ་སྐུའི་ལམ་ལུགས་དར་ནས་ཆར་རྗེས་ཀྱི་ཤ་མོང་ལྟར་ཐོན་ཡོད། མ་གཞི་འདི་རིགས་ནང་པའི་ལྟ་གྲུབ་དང་རྒྱང་ཐག་ཤིན་ཏུ་རིང་བར་བསམ།།
བླ་མ་སྐུ་གཤེགས་རྗེས་ཤ་དང་རུས་པ་སོ་སོར་དུམ་བུ་དུམ་གཏོང་བ་འདི་འགྲོ་བ་མིའི་ཡ་རབས་ཀུན་སྤྱོད་དང་་མཐུན་པ་ཞིག་ཨེ་ཡིན་ནམ། དད་ལྡན་གྱི་སློབ་མའི་ལས་ཀ་ཞིག་ནི་དེ་བས་ཀྱང་་་་་་
གཞན་གྱིས་གོ་ན་་་་་་་་་་དཀོན་མཆོག་མཁྱེན་་་་།
ཡར་བཤད་མར་བཤད་སྟོང་ཕྲག་དང་ཁྲི་ཕྲག་ག་ཚད་བྱས་ཀྱང་། དངོས་བོའི་གནས་ཚུལ་དང་མཐུན་དགོས། རྒྱུ་མཚན་བཤད་ཡ་མེད་པར་ཅིག་ཅིག་དང་མིག་མིག་ཟེར་བ་མང་དྲགས་ན་ཡག་པོ་མེད། མ་གཞི་ནས་ནང་པ་སངས་རྒྱས་པའི་ཆོས་དེ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་སྒོ་ནས་འགྲེལ་བཤད་བྱས་པ་ཡིན་ན།དངོས་པོའི་གནས་ཚུལ་དང་མཐུན་པ་དུས་ཀྱི་འགྱུར་འགྲོས་དང་འཚམ་ལ་ནང་ཆོས་ཀྱི་ངོ་བོའང་དེ་ཡིན། དེ་མིན་པར་རྩ་བ་བོར་ནས་ཡལ་ག་ལྟ་བུར་ཧ་ལས་པ་དང་ཧང་སངས་དགོས་པ་གང་ཡང་ཡོད་པ་མ་རེད།
རྩམ་ཕྲུག་ལགས། ཁ་བརྡ་ལ་འབྲེལ་བ་བྱེད་པ།
ཁ་བརྡའི་ཐོག་རྩོམ་ཡིག་སྤེལ་འདོད་ཡོད་མཁན་ཚོས་གཤམ་གསལ་གྱི་གློག་འཕྲིན་ཁ་བྱང་ཐོག་རྩོམ་ཡིག་བསྐུར་ཆོག
མཆན། གློག་འཕྲིན་ཁ་བྱང་ངོ་མའི་ནང་ (at) ལ་ dorje@hotmail.com ཞེས་པ་ནང་བཞིན་འབྲི་རོགས་གནང་།
ཁ་བརྡའི་རྩོམ་སྒྲིག་པ།
Khabdha(at)gmail.com
བོད་མི་རིགས་འདི་ལ་ངོ་མཚར་ཅན་མང་པོ་འདུག། དཔེར་ན་གང་ཟག་ངོ་མཚར་ཅན་བླ་མ་དང་སྤྲུལ་སྐུ། དངོས་པོ་ངོ་མཚར་ཅན་རུས་པ་རང་བྱོན་ཅན་དང་ཐོད་པ་རང་བྱོན་ཅན། རིང་སྲེལ་དང་ཐུགས་ལྗགས་སྤྱན་གསུམ་ཟེར་བ། ད་དུང་མང་། འོན་ཀྱང་བོད་དང་བོད་མི་རིགས་རྩ་དོན་འདིར་ངོ་མཚར་ཅན་གྱི་ལྟད་མོ་ཞིག་སྟོན་རྒྱུ་མེད་པ་ཅི་ཡིན་ནམ།
འདོད་ཁམས་པ་ལགས། ཁྱོོད་ལྟར་ན་གནམ་འོག་ན་སུས་ཀྱང་འགྲན་དུ་མེད་པའི་དྲིན་ཅན་ཕ་མའི་སྐུ་ཕུང་དག་བྱ་གཏོར་ཆུ་འདྲེན་བྱེད་སྟངས་དེ་དག་ཀྱང་མ་རབས་ཀྱི་སྤྱོད་པའི་གྲས་སུ་ཚུད་ཀྱི་ཡོད་པ་འདྲ། མི་ཤི་རྗེས་ཀྱི་ཕུང་པོ་ནི་ས་རོ་རྡོ་རོ་ལས་གཞན་ཅི་ཡང་མིན་པ་ང་ཡི་རྩ་བའི་བླ་མས་ཀྱང་གསུངས་མྱོང་ལ། ཁོང་རང་ཉིད་ཀྱང་ད་ལྟ་རི་ཁྲོད་འགྲིམས་ནས་ཕེབས་ཞིང་། ཞལ་ཆེམས་ལྟ་བུར་ནམ་ཞིག་ངེད་ཀྱི་་སེམས་ལུས་གཉིས་ཁ་བྲལ་དུ་སོང་སྐབས་དེ་གཉིས་ལས་རྗེས་མ་དེ་ནི་བདག་མེད་ཀྱི་ཁྱི་རོ་ལྟར་འཇོག་ནའང་སྐྱོན་མེད་ཅེས་གསུངས་མྱོང་། དད་ལྡན་སློབ་མའི་ལས་འགན་ནི་བླ་མའི་བཀའ་བཟང་སྲུང་རྒྱུ་དེ་མ་གཏོགས་བླ་མའི་སྐུ་ལ་དེང་དུས་ཀྱི་དབྱིན་ཇིའི་ཚིག་recycle ཞེས་པ་ལྟ་བུ་བྱས་ན་(དེ་བས་་་་གཞན་གྱིས་གོ་་་་་)་ཁྱོད་ཀྱིས་གསུངས་པའི་མ་རབས་སྤྱོད་པ་ཞེས་པ་དེ་དངོས་གནས་ཆགས་འགྲོ་བ་མིན་ནམ་སེམས་པས་སློབ་སྟོན་གནང་རོགས།
གོང་གི་སྣང་བརྙན་དེ་དག་མིས་བཟོ་བ་མ་ཡིན་པ་རང་བྱུང་དུ་གྲུབ་པའི་བདེན་དཔང་སུ་ཞིག་ཡོད། གལ་སྲིད་རིང་སྲིལ་དེ་ལྟར་ལྷ་སྐུ་གྲུབ་པའི་དབང་དུ་བཏང་ཡང་ཡ་མཚར་དགོས་བ་ཅི་ཡང་མིན་ཏེ། དད་པའམ་མིས་བསམ་བློས་ནུས་བས་དེ་ལྟར་འབྱུང་སྲིད། དེ་བྱུང་ན་ཕན་ཐོགས་ག་རེ་ཡོད་པ་རེད།
བོད་མི་རིགས་ལ་ཁྱད་ཆས་མང་གི་ཡ།
སངས་རྒྱས་བསྟན་པར་སྲི་ཞུ་རླབས་ཆེན་ཡིན་པར་ཤོག།
སངས་རྒྱས་བསྟན་པར་ངོ་ཚའི་ཞབས་འདྲེན་མིན་པར་ཤོག།
བརྟག་དཔྱད་མི་དགོས་མཚར་མཚར་བསྡུས་ནས་བཀོད་པ་འདི།།
ཧོལ་རྒྱུགས་བྱེད་པའི་ཁྱི་གུ་རྣམས་དང་འདྲ་ལ་ཁད།།
བདེན་པ་ཡིན་ན་ཡ་མཚར་དངོས་བྱུང་ཡིན་པས་དགའ་བར་གྱིས།།
བདེན་པ་མིན་ན་ཁྲིམས་འགལ་བྱ་སྤྱོད་འདི་རིགས་འཛེམས་པར་གྱིས།།
གྲོག་མར་རྒྱུག་འདུར་མང་ན་རྐ་ལག་ཐང་ཆུར་འབྱར་ཡོང་ངོ་།།
སྦལ་བ་མཆོངས་ཐག་རིང་ན་ཕོ་བ་ཚེར་མགོར་ཁོན་ཡོང་ངོ་།།
སངས་རྒྱས་བསྟན་པའི་ཆེ་བ་བརྗོད་ན་འདི་འདྲ་མིན།།
དད་པ་དག་སྣང་བྱེད་ས་འགྲེལ་བརྗོད་དཀའ་བའི་ཆོ་འཕྲུལ་མིན།།
སུ་ཞིག་མཁའ་ལ་འཕུར་ཏེ་འགྲོ་ན་འགྲོ་བར་གྱིས།།
གང་ཞིག་བྲག་ལ་ཐོགས་མེད་བཞུད་ན་བཞུད་དུ་ཆུག།
གང་ཞིག་ཉོན་མོངས་མུན་པ་མཐར་བྱེད་པའི།།
གཉེན་པོ་དམ་ཆོས་གསེར་གྱི་འོད་སྣང་འདི།།
གང་ཞིག་བདེན་འཛིན་ཝ་སྐྱེས་སྐྲག་བྱེད་པའི།།
སྟོང་ཉིད་རིགས་པའི་སེང་གེའི་གད་རྒྱངས་འདི།།
ཆེ་བ་བརྗོད་ན་འདི་ལ་ཆེ་བ་བརྗོད།།
དངོས་གྲུབ་ལེན་ན་འདི་ལས་དངོས་གྲུབ་ལོངས།།
ཉམས་སུ་ལེན་ན་འདི་ལ་ཉམས་ལེན་གྱིས།།
གཞན་ལ་ངོམ་ན་འདི་ཉིད་ངོམ་པར་རིགས།།
ཉ་ཉོག་མང་པོ་བཀོད་ནས་མ་ཡོང་ཨ།།
གཏམ་རྒྱུད་མཚར་པོམཚར་པོ་མ་བཟོ་ཨ།།
གོ་གོ་ཚང་མ་མཚར་དུ་མ་འཛིན་ཨ།།
རིག་རིག་ཚང་མ་བདེན་དུ་མ་འཛིན་ཨ།།
ཡ་མཚན་ཐམས་ཅད་ཟོག་པོའི་རིགས་ཀྱིས་བཟོ།།
མ་བརྟག་གཡམ་རྒྱུག་ཅོལ་ཆུང་རྣམས་ཀྱིས་བྱེད།།
དངོས་ཡོད་མི་དགོས་དངོས་མེད་གཙུག་ཏུ་བཀུར།།
ཕལ་ཆེར་ཕལ་ཆེར་བོད་མིའི་ལུགས་སྲོལ་ཉིད།།
ལྷ་འབྲང་སྤྲུལ་སྐུ་དང་པོ་དེ་སྲིད་པ་བོན་གྱི་བསྟན་པའི་བདག་པོ་ཡིན་པ་དང་། རྗེས་སུ་རྙིང་མར་ཆོས་སྒྱུར་བྱས་ནས་ཕྱོགས་མཐའ་ཀུན་ན་རྙིང་མའི་བསྟན་པ་ས་ཁྱབ་རྡོ་ཁྱབ་མཛད། བོན་པོ་ཐམས་བཅད་མཐར་སྐྲད། དམིགས་མེད་ལ་བཏང་། སྐུ་འཕྲེང་གཉིས་པ་གསུམ་པ་སོགས་བྱུང་འདུག རྗེས་སུ། བཀའ་བརྒྱུད་དང་ས་སྐྱའི་ཆོས་ལ་དད་པ་ཤར་ནས། རིས་མེད་ལ་བཞུགས་ནས། སློབ་མ་ནམ་མཁའི་སྐར་ཚོགས་བཞིན་ཁྱབས། མཐའ་མར་དགེ་ལྡན་པའི་བླ་མ་འདུ་མའི་འོག་ནས་བཀའ་གདམས་གསར་རྙིང་གི་མན་ངག་ཞུས་ནས། འཛམ་གླིང་ཡོངས་ཀྱི་བསྟན་པའི་བདག་པོར་སྲོལ་ཞིང་། རྗེས་སུ་གཙོ་བོ་དགེ་ལུགས་པའི་ཆོས་ལ་དད་སྣང་གཙོ་བོར་མཛད་ཅིང་། བར་ལམ་རྡོ་རྗེ་ཤུགས་ལྡན་གཙོ་བོ་བྱས་ཏེ་ས་ཐོབ་པའི་ལྷ་དང་སྲུང་མ་རྣམས་ལ་སྲོག་གཏད་སོགས་ཞུས་ནས། རི་བོ་དགེ་ལྡན་པའི་བསྟན་པ་འདི་ས་ཁྱབ་རྡོ་ཁྱབ་མཛད། རྒྱལ་བ་ཤཀྱ་ཐུབ་པའི་བསྟན་པ་ལ་དག་ཐེར་ཆེན་པོ་མཛད་ཅིང་། རྗེ་བླ་མའི་བསྟན་པར་བྱས་རྗེས་ཆེན་པོ་བཞག སླད་མར་ཤུགས་ལྡན་དེ་བདུད་ཡིན་པར་ངོས་འཛིན་ནས། སླར་སྙིང་མར་ལོག་ནས། རྫོགས་ཆེན་གྱི་ཉམས་ལེན་གཙོ་བོར་མཛད་ཅིང་། སྐུ་ཚེ་གཅིག་ལ་འཚང་རྒྱ་བའི་མན་ངག་འདུ་མ་བཀའ་མ་དང་དག་སྣང་སོགས་སུ་ཤར་ཅིང་། རྗེས་སུ་མཛད་པ་བསམ་གྱི་མི་ཁྱབ་པ་བྱུང་འདུག
ཕྱིས་སུ་ནུབ་ཕྱོགས་ཀྱི་ཡར་འཐོན་སློབ་གྲྭ་རྣམས་ལ་བཞུགས་ནས། ཚན་རིག་གི་ཀློང་རྡོལ། མཁས་པའི་གོ་འཕང་བསྙེགས། རྨོངས་དད་ནས་དར་བའི་ཀླ་ཀློའི་ཆོས་རྙིང་པ་ཐམས་བཅད་ལ་བསུན་སྦྱིན། ཚད་མ་རིགས་པའི་བློས་བཅད་ཀྱི་རྣམ་རྟོག་ལས་བཞེངས་པའི་དངོས་འགལ་ནང་ཆོས་ཀྱི་ཆོས་ཐམས་བཅད་ལས་ཐར་པ་ཐོབ་ནས། རྩོད་མེད་བདེན་ཤར་ཚན་རིག་གྱི་སློབ་དཔོན་ཆེན་པོར་སྲོལ་ནས་ད་ཆ་སྐྱེ་བ་དང་ལས་རྒྱུ་འབྲས། སྟོང་པ་ཉིད་ཟེར་བ་བྱིས་པའི་རྩེད་མོ་ལྟ་བུར་གཟིགས་ནས། མི་བུ་ཀུན་གྱི་སྡུག་བསྔལ་སེལ་བའི་བྱ་བ་ཁ་ཡོད་ལག་ཡོད་རྐྱང་པ་སྟེ། ཚན་རིག་དང་མཐུན་པའི་སྨན་བཅོས། ཚན་རིག་དང་མཐུན་པའི་སློབ་གསོ་དང་ཀུན་སྤྱོད་དང་། དེ་བཞིན་བསམ་བློའི་ཤེས་བྱ་ཐམས་བཅད་མཁྱེན་པའི་ཀུན་གྱི་བདག་པོ་སྔོན་མ་སྟོན་པ་ཤ་ཀྱ་ཐུབ་པ་ལྟ་བུར་གྱུར་སོང་ངོ།
མདོར་ན། བོན་དང་ཚན་རིག་དང་བཅས་པའི་བོད་ཀྱི་རིས་སུ་མ་མཆིས་པའི་བསྟན་པཐམས་བཅད་ཀྱི་བདག་པོར་སྲོལ་ལོ། དམ་པ་འདིའི་ཕྱག་བཞེས་ཀྱང་ངོ་མཚར་འདུ་མ་ཅན་ཤ་སྟག་ཡིན་པ་སྟེ། སྐབས་རེ་རུས་པ་སོགས་ལ་རྐོ་ཤིན་དུ་རྒྱས་པ་སྐྱོན་པ་དང་། དུས་ཚོད་ནམ་བྱུང་ལ། སྔོན་མའི་མཁས་པ་དང་བླ་མ་རྣམས་ཀྱི་སྐུ་སོགས་རུས་པ་དང་ཤིང་གི་ཐོག་ལ་བརྐོ་བར་མཛད་དོ།
གོང་གི་རྣམ་ཐར་དེ་རྟོགས་རྩོམ་ཡིན་ནོ།
ཁབ་དང་གྲི་ལ་མདུན་པ་རྒྱབ་པ་དང་། རྡོ་དང་ཤིང་ལེབ་ལ་ལག་རྗེས་སྤར་བ། ཐོད་པའི་ནང་དུ་ཡིག་འབྲུ་བྲིས་པ་སོགས་ལ་ང་ཚོའི་ཕ་ཡུལ་ནས་རྟེན་འདུས་ཞེས་འབོད་ཅིང་། བླ་མིང་འཛིན་པ་མང་ཆེ་བའི་ཁྱིམ་ན་མཐོང་རྒྱུ་ཡོད། འོན་ཀྱང་ཚན་རིག་པས་ཞིབ་འཇུག་བྱས་ན་དེ་ཚོ་ག་འདྲ་ཞིག་ཡིན་མིན་མི་ཤེས་ཡ། སྤྱིར་སྔོན་དུས་སུ་བླ་མ་སྐྱེས་ཆེན་དེ་འདྲ་བྱུང་ཡོད་པར་ཐེ་ཚོམ་བྲལ་ན་ཡང་། ང་ཚོ་བོད་པའི་མི་རྒྱུད་འདིར་ལས་རྒྱུ་བྱ་རྒྱུ་མང་དྲགས་པས། དེ་ཚོ་ཚང་མར་ཡིད་ཆེས་དཀའ་སེ་འདུག མ་གཞི་རྨོངས་པ་རྣམས་ལ་མགོ་སྐོར་ཙམ་གྱི་ཆེད་དུ་འགྲིག་རྒྱུ་རེད་པ།
སྟོང་ཉིད་རྟོགས་སོ་ཟེར་ནས་བྲག་གཡང་ཆུ་ལ་མཆོངས་ཀྱང་སྐྱོན་ཆག་མ་བྱུང་ཡ་མཚན་ཡོད།།
རྫུ་འཕྲུལ་ཐོབ་པོ་ཟེར་ནས་ནམ་མཁའི་དབྱིངས་ལ་བྱ་ལྟར་འཕུར་ནས་འགྲོ་བའི་ཡ་མཚན་ཡོད།།
གྲུབ་རྟགས་བསྟན་ཏོ་ཟེར་ནས་ཉི་མའི་ཟེར་ལ་ཆོས་གོས་བཀལ་བའི་ལོ་རྒྱུས་ཡ་མཚན་ཡོད།།
འབྱུང་བར་རང་དབང་ཐོབ་བོ་ཟེར་སྐད་བྲག་གི་ཕྱི་ནང་ཐོགས་མེད་རྒྱུ་བའི་ཡ་མཚན་ཡོད།།
དུས་ཀྱིས་དེད་ན་ཉི་མ་གཏོད་ལ་གནོན་ཅིང་ཐག་པས་རྟོད་ཐུབ་ནུས་པ་ཡ་མཚན་ཡོད།།
ལག་རྟེན་ས་ལ་བཙུགས་ན་སྐམ་པོ་ས་ནས་ཆུ་མིག་བརྡོལ་ཞིང་བཞུར་བའི་བྱུང་བ་ཡ་མཚན་ཡོད།།
མཛུབ་མོས་སྡིགས་མཛུབ་བསྟན་ན་ཆུ་བོ་གྱེན་ལ་འདྲེན་ཞིང་ཕ་རོལ་དགྲ་བོ་འགྱེལ་ཐུབ་ཡ་མཚན་ཡོད།།
ཤི་བའི་ཚེ་ན་ཆུང་ནས་ཆུང་དུ་ཕྱིན་ཅིང་ཐ་མ་རང་ལུས་འཇའ་རུ་ཡལ་བའི་ཡ་མཚན་ཡོད།།
ཨ་མའི་མངལ་དུ་ཡོད་སྐབས་མ་ཎི་ཡིག་དྲུག་གླུ་རུ་ལེན་ཞིང་ཁ་ནས་སྐད་ཆ་བཤད་ནུས་ཡ་མཚན་ཡོད།།
སྐྱེས་པ་ནས་བཟུང་སྐྱེ་བ་སྔོན་མ་སྔོན་མའི་སྐྱེས་ཚུལ་མང་པོ་མང་པོ་མཁྱེན་པའི་མངོན་ཤེས་ཡ་མཚན་ཡོད།།
མ་ཤི་སྔོན་ནས་ག་དུས་འཆི་རྒྱུ་ཡིན་དང་གང་ལ་སྐྱེ་རྒྱུ་ཡིན་མིན་མ་འོངས་ལུང་བསྟན་གནང་མཁན་ཡ་མཚན་ཡོད།།
ཡ་མཚན་བགྲང་ན་བགྲང་ཚོད་མི་ཐུག་བླ་མ་རེ་རེའི་རྣམ་ཐར་ཡ་མཚན་ཡིན་ནོ་ཡ་མཚན་ཅན་གྱི་བོད་ཀྱི་མི།།
གང་ས་གང་ན་ཡ་མཚན་མང་བས་ཡ་མཚན་དངོས་སུ་བྱུང་ན་མཚར་རྒྱུ་མི་འདུག་ང་ཡང་མི་སྣ་ཡ་མཚན་ཞིག།
མཚར་བ་ཐམས་ཅད་མཚར་དུ་འཛིན་རོགས་དེ་མིན་ས་སྐྱ་བླ་མས་བླུན་པོ་རེད་ཅེས་འཕྱ་སྨོད་བྱེད་སྲིད་ཡ་མཚན་རེད།།
ཁ་བརྡའི་མཆན་འགོད་པ་རྣམས་ནི་དམར་པོ་ཁྱུ་གཅིག་གོ །
ངོ་མ་བླ་མ་ཚད་ལྡན་ཞིག་ཡིན་ཐག་ཆོད་རེད།
ཡ་མཚན་དངོས་སྒྲུང་།
སྤྲུལ་སྐུ་ཆེ་གེ་མོ་ཞིག་ཞིང་གཞན་དུ་སྐུ་གཤེགས་པའི་ཚུལ་བསྟན་པ་དེ་ཐོས་འཕྲལ།
སྐུ་དྲག་ག་གེ་མོ་ཞིག་གི་ལྷ་ལྕམ་སྐུ་ཞབས་མངལ་སྦྲུམ་ཡོད་པར་རྨི་ལམ་དུ་ལྷ་ཡི་ལུང་བསྟན་ཐོབ།
མཁའ་འགྲོ་མ་མང་པོས་འཁྲུས་བྱས་ཤིང་མེ་ཏོག་གི་མཆོད་པ་ཕུལ་པ་རྨིས།
རྨི་ལམ་དེ་རང་གི་ཁྱོ་ག་ལ་སྨྲས་ཤིང་ཁྲོམ་ལམ་དུ་བསྒྲགས།
མི་མང་གིས་ལྷ་ལྕམ་མཆོག་ལ་རིན་པོ་ཆེ་ག་གེ་མོའི་ཡང་སྤྲུལ་མངལ་སྦྲུམ་ཡོད་པ་ཤེས།
དེ་ནས་བཟུང་ནངས་རེ་དགོང་རེར་ལྷ་ལྕམ་ལགས་སུ་གཙང་ཆབ་འོ་མས་སྐུ་འཁྲུས།
ལྷ་བསང་གདུག་སྤོས་དུ་བས་འདོམས་ལ་གདུག
རྨི་ལྟས་ངོ་མཚར་ཅན་མང་པོ་མི་མང་གིས་ཐོས་ནས་མི་རྣམས་ཡ་མཚན་ཞིང་ངོ་མཚར་སྐྱེས།
ལྷ་ལྕམ་སྐུ་ངོ་གཉིས་མངལ་དུ་མཆིས་པའི་རིན་པོ་ཆེ་མཆོག་གི་ཡབ་ཡུམ་དུ་གྱུར།
མི་རྣམས་ཀྱིས་་ཕྱག་འཚལ། མཆོད་པ་ཕུལ། ངོ་སོ་བསྟོད། མཇལ་ཁ་བཅར།
ཟླ་ངོ་ཁ་ཤས་རྗེས་ལྷ་ལྕམ་མཆོག་ལ་ཟུག་རྒྱབ་ཏེ་བྱིས་པ་བཙས། ་མ་མ་མང་པོ་གདན་དྲངས།
བྱིས་པའི་ལྟེ་བ་མ་དང་བྲལ་ཏེ་མ་མའི་པང་དུ་བླངས། སྐུ་ངོའི་ཞལ་རས་དགའ་སྤྲོའི་འཛུམ་གྱི་ཁེངས།
མ་མ་དང་སྐུ་ངོ་འཁོར་དང་བཅས་པས་བཙས་མ་ཐག་པའི་ཡང་སྤྲུལ་གྱི་འདོམས་ལ་གཟིགས།
སྤྱན་ལམ་དུ་མངོན་པ་ནི་ལང་ག་མཐེ་ཆུང་འདྲ་བ་མ་ཡིན་པར་བྷ་ག་མེ་ཏོག་འདྲ་བ་དེ་རེད།
ཡབ་ཡུམ་གཉིས་ངོ་ཚ་ཞིང་ཁ་བསྐྱེངས། འཁོར་གཡོག་རྣམས་ཧ་ལས་ཤིང་ཧང་སངས།
ཡུན་རིང་གསང་བ་བྱས་མཐར་མི་མང་གིས་ཚོར་ཏེ་འཕྱ་སྨོད་ཀྱི་གཏམ་སྨ། ངོ་མཚང་གི་གཞས་གཏང་།
གཞས་ཚིག་རླུང་དང་ལྡོངས། སྒྲ་དབྱངས་ཕྱོགས་བཞིར་ཁྱབ།
ང་དགུ་ཡར་སྔོན་དུ་ལྷ་སར་གྲགས་པའི་དངོས་སྒྲུང་ཞིག།
ང་ཚོའི་ཀརྨའི་སྐུ་ཕྲེང་ནང་དུའང་། ཐུགས་ལྗགས་སྤྱན་གསུམ་བཞག་མཁན་མང་པོ་ཡོད། ཡིན་ནའང་ཡག་པོ་ཞིག་ལྟ་དུས་ཁ་ཤས་ཤིག་གིས་བ་གླང་གི་སྙིང་དང་། ལུག་གི་ལྕེ། ཁྱིའི་མིག་གསུམ་མཉམ་དུ་འབྱར་ནས་ཡོད་རབས་འདུག་པས། དེ་ལྟར་ཡིན་ན་འགྲེལ་བཤད་རྒྱག་མི་ཤེས་པ་ཞིག་དང་འགྲེལ་བཤད་རྒྱག་སྐབས་སོ་སོ་ངོ་མཚར་དགོས་པ་ཞིག་ཆགས་ཡོང་གི་འདུག སྤྱིར་བཏང་ལོ་རྒྱུས་དེ་གསང་བ་ཞིག་རེད་ད་ལྟའི་བར་དུ།
ད་གྲུབ་རྟགས་ཟེར་ན་འབར་རེ་འབུར་རེ་ཟེར་བ་དེ་རེད།
༧ རྒྱལ་དབང་སྐྱིད་པའི་ཉི་མ།།
དྭགས་པོ་གླིང་ནས་འཁྲུངས་སོང་།།
རྡོ་རིང་ལྷ་ལྕམ་སྐུ་ཞབས།
རྐུབ་ལ་དུད་དྲེག་ཆགས་སོང་།།
ཟེར་བ་དེ་མིན་ན་ཡག་ག
སྟོང་ཉིད་ཀྱི་ལྟ་བ་རྟོགས་ཡོད་རེད། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ཡོད་རེད་ཟེར་ན། ངོ་མཚར་ཆེན་པོ་རེད། ཕན་ཐོགས་ཆེན་པོ་རེད། གནས་ལུགས་དང་མཐུན་པ་རེད། དེ་མ་གཏོགས་གྲུབ་ཐོབ་ཅིག་ས་ལ་འཛུལ་སོང་གྲུབ་ཆེན་ག་གེ་མོ་ཞིག་གནམ་ལ་ཕུར་སོང་ཟེར་བ་སོགས་དགོད་སྤྲོ་བའི་གཏམ་རང་རེད། ཕན་ཐོག་ག་རེ་ཡོད་རེད། དེ་ནི་སྒྲོ་བཏགས་རང་རེད། ཡིད་ཆེ་རྩ་བ་ཉིད་ནས་མེད།
མང་ཚོགས་ཀྱིས་རྨོངས་དད་གཏན་དུ་སངས་མ་སོང་བར་ཆོས་འབག་གྱོན་ནས་མི་མང་མགོ་སྐོར་གཏང་ཐུབ་ངེས་རེད། ཉིན་གཅིག་རྨོངས་དད་འདི་སངས་སོང་ན་ནི་ཆོས་ལུགས་པས་མང་ཚོགས་སྟངས་འཛིན་དང་། མགོ་སྐོར་གང་ཡང་གཏང་མི་ཐུབ་ངེས་ཅན་རེད། སྤྱིར་འགྲོ་བ་སེམས་ཅན་ཚང་མ་བདེ་བ་འདོད་མཁན་ཤ་སྟག་ཡིན་པར་བརྟེན། ཁ་བདེ་རེས་ཡིན་མདོག་ཁ་པོ་རེ་བཤད་ཡོང་དུས་དེ་བདེན་ཤག་དང་། དེ་ནས་བདེ་བ་འབྱུང་བར་རློམས་ཏེ། མཐར་མགོ་སྐོར་འོག་ཚུད་འགྲོ་བཞིན་པ་འདི་རེད། དེར་བརྟེན་དགེ་ཆོས་ཀྱིས། མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས། །གཅིག་ལས་གཅིག་མགྱོག་བདེ་བའི་ཕྱོགས་སུ་རྒྱུག །གསུངས་དོན་ཡང་འདི་རེད།
ཡ། ཡ། ཡ། བོད་མི་གུང་ཁྲན་རྣམས་དེ་ལ་འཛོམས་འདུག
ཐུགས་ཞེས་པ་ནི་སྙིང་གའི་ཞེ་ས་རེད།་་་་་་ལྗགས་ནི་ལྕེ་ཡི་ཞེ་ས་རེད།་་་་་སྤྱན་ནི་མིག་གི་ཞེ་ས་རེད།་་་དད་པ་ཡོད་མཁན་དད་པ་བྱོས།་་་་་་དད་པ་མེད་མཁན་བཏང་སྙོམས་ཞོག་་་དོན་མེད་སྨྱོ་ལབ་མ་བྱེད་ཅིག
ལ་སྟོད་བུ་ལགས།
རིང་སྲེལ་སྐོར་ཤེས་འདོད་ཡོད་ན། རྙིང་མ་རྒྱུད་འབུམ་ནང་གི་སྐུ་གདུང་འབར་བའི་རྒྱུད་དང་། དགྱེས་རྡོར། བདེ་ཆོག་གི་རྒྱུད་སོགས་ཀློགས། བོད་མ་ཀློག་ན་ཞལ་ཚལ་པ་བརྩོན་འགྲུས་གྲགས་པའི་གསུང་འབུམ་བཀླག་ན་མཁྱེན་ངེས།
ཞང་ཚལ་པ།
གང་ཡིན་རུང་མིན་རུང་།
ངའི་བླ་མ།
ཕ་བསྟན་འཛིན་རྒྱ་མཚོ་དྲན་བྱུང་།
ཕ་བླ་མ་མཁྱེན་ནོ།
འཇིགས་མེད་བློ་གྲོས་ལགས་ཐུགས་རྗེ་ཆེ།
སྐུ་གདུང་འབར་བའི་རྒྱུད་དེ་ཁྱེད་ཀྱི་གློག་ཀླད་ནང་དུ་ཡོད་ན་ང་ལ་གཅིག་གཏོང་ཐུབ་་བམ།
ང་ཡི་ཁ་བྱང་
latod@yahoo.com
ཡིན།
ཚལ་པ་ཞང་།
གསལ་བཤད་ཙམ་ཡིན་མ་གཏོགས་རྙོག་དྲ་དེ་འདྲ་བཟོ་བཞིན་མེད་པར་ཐུགས་འཇགས་འཚལ།
ད་བར་དུ་ང་ཚོའི་མི་རིགས་འདི་འདི་ལྟའི་ངང་མགོ་བོ་རྨོངས་ནས་ལུས། དུས་རབས་ཉེར་གཅིག་པར་རང་ཅག་ཚོས་དེ་ལྟར་མགོ་བོ་མ་རྨོངས་པར། རང་བྱོན་གྱི་དངོས་པོ་དེའི་ག་དུས་བྱུང་བའི་དུས་ཚོད་དང། གང་དུ་བྱུང་བ། ཐོག་མར་སུ་ལ་མཐོང་བ། དེ་ནས་སྙན་གྲགས་ཅན་གྱི་བླ་མ་སུས་གཟིགས་དཔྱད་མཛད་དེ་ཞལ་བཞེས་ཐོབ་པ། ཁྱད་པར་དངོས་པོ་དེ་བཅོས་མིན་གྱི་རང་བྱོན་འཁྲུལ་མེད་ཡིན་པ་དངོས་ཁམས་རིག་པ་མཁས་ཅན་གྱིས་ཁུངས་སྐྱེལ་ར་སྤྲོད་འཕེར་བ་ཞིག་བྱུང་ན། བླ་ན་མེད་པའི་ནང་པ་སངས་རྒྱས་པའི་གཟི་བརྗིད་ཤིག་ཡིན་པ་གདོན་མི་ཟ་ཞིང། ནང་པའི་ཆོས་ལ་འཇུག་མཁན་ཇེ་མང་དུ་འགྲོ་བར་ངེས་སོ།།
དེ་བས་ལྡོག་སྟེ་བྱ་དངོས་ཁ་གསལ་མེད་པ་ཞིག་གིས་བློ་ལྡན་རྣམས་ཀྱི་ཡིད་དབང་འཕྲོག་པར་དཀའོ།།
ཚངས་པས་གསུངས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
འགའ་ཞིག་གིས་དེ་ལ་ཚན་རིག་གིས་ཞིབ་འཇུག་བྱེད་མི་ཉན། དེ་ལ་དཔྱད་པ་བྱེད་མི་ཉན་ཅེས་བཤད་ཀྱི་འདུག
དེ་ལྟར་བྱེད་ན་དེ་ཚོ་དམར་ཤོག་པ་རེད། དེ་ཚོར་ཡིད་ཆེས་མེད། དེ་ཚོ་ལོག་ལྟ་ཅན་རེད།
གཅིག་བྱེད་ན་མི་དེ་རིགས་དོལ་རྒྱལ་ཚོགས་པ་རེད། མི་དེ་རིགས་རྒྱ་མིའི་རྒྱུགས་ཁྱི་རེད་ཅེས་ཟེར་ནས་སྙོན་འཛུགས་པའི་ཉེན་ཁར་མཐོང་ནས་ངས་བསམ་ཚུལ་གང་ཡང་སྤེལ་མེད།
ད་གོང་དུ་བསམ་མང་མོས་ཀྱིས་བསམ་ཚུལ་ལྟར་ན་ང་ཡི་བསམ་ཚུལ་དང་གཅིག་པ་ཞིག་ཆགས་དུས་གཞི་ནས་ངས་ང་རང་གི་བསམ་ཚུལ་དང་མཐུན་པར་རྒྱབ་སྐྱོར་བྱས་ཡིན།
གང་ཡང་མ་ཤེས་པར་འདི་རེད་དང་དེ་མ་རེད་ཅེས་བཤད་ན་ཧམ་པ་ཚ་དྲགས་པ་དང་རྒྱུ་མཚན་མེད་པའི་གནས་ལུགས་གཅིག་ཡིན། གནས་ཚུལ་དེ་དང་དེ་བདེན་ཡིན་མིན་དང་ཁུངས་ལུང་དང་རྒྱུ་མཚན་ཡོད་མེད་བརྟག་ནས་ད་གཟོད་གང་ཡིན་མིན་གྱི་གཏམ་གླེང་བྱས་ན་རྒྱུ་མཚན་དགོས་པ་ཆེ།
ཧ་མ་གོ་བའི་གནས་ཚུལ་ཞིག་འདི་ཡིན་དེ་མིན་ཞེས་བཤད་ན་དེ་སྐྱག་རྫུན་རེད་བ།
ཧ་གོ་བའི་གནས་ཚུལ་གཅིག་འདི་ཡིན་དེ་མིན་གྱི་གནས་ལུགས་མ་བཤད་ན་དེ་ཁྲམ་པ་རེད་བ།
༄༅།། དེ་འདྲ་བ་ མང་ པོ་ བྱུང་ཡོད་པ་དང་ཐ་མ་ཁུངས་མ་ཁྱོལ་པ་ཡང་བྱུང་སོང་། དེ་ནི་དངོས་གནས་ཡིད་ཆེས་དཀའ་བ་དང་རྒྱུ་འབྲས་ཀྱི་རྣམ་གཞག་ལ་བསམ་བློ་བཏང་ན་གང་འདྲ་འདུག ། འདིའི་ལོ་རྒྱུས་ཆ་ཚང་བ་བཀོད་ཐུབ་ན་ཡག་པོ་འདུག །།
ནང་ཆོས་ལ་དད་པ་ལོག་པ་དང་། དད་པ་མེད་པ་དེ་འདྲ་རྩ་བ་ནས་མིན་ཡང་། འདིའི་གྲས་ལ་ཡིད་ཆེས་ཡོང་བར་ཁག་པོ་འདུག དེང་སང་དངོས་ཡོད་གནས་ཚུལ་དང་མ་མཐུན་ཚེ་སུས་ཇི་ལྟར་འགྲེལ་བཤད་རྒྱག་ཀྱང་རྨོངས་མུན་དུ་ཁྲིད་ཐུབ་པར་ཤིན་ཏུ་དཀའ། ཚན་རིག་དང་བརྡ་ཕྲིན་གྱི་ལག་རྩལ་དང་ཀླད་རྩལ་ཡར་རྒྱས་ཞེ་བོ་ཕྱིན་བཞིན་པའི་དུས་རབས་འདིར་སྔར་རྡོའི་དུས་རབས་སྐབས་ཀྱི་བསམ་ཚུལ་དང་བྱེད་ཚུལ་འདིར་ཁུར་ཡོང་ན་ནང་པའི་ཆོས་འདིར་ཕན་པ་ལས་གནོན་པ་མི་འགྱུར་བའི་ངེས་པ་ངོ་མ་མེད་པས་གཟབ་ཙམ་གནང་རོགས།
བླ་མ་དུས་སྐུ་གཡོག་གིས་རང་གི་བླ་མ་རྩ་ཆེན་པོ་ཡིན་ཟེར་ན་འདོད་དེ་ང་ཚོ་ལ་མགོ་སྐོར་བ་རེད། འདིའི་སྐོར་ལ་ཆོས་སྡེ་ཆེན་པོ་ཁག་དང་བཙན་བྱོལ་གཞུང་གིས་ཐེ་གཏོགས་བྱེད་དགོས་བ་རེད། ནང་ཆོས་འདི་གཞི་རྩ་མེད་པའི་ལྷ་སྒྲུང་ཞིག་ལ་མི་གཏོང་བར་ཞུ། ད་ནི་དུས་རབས་ཉེར་གཅིག་པ་རེད། བྱེད་གཏེ་བ་དེ་ཚོའི་ལག་ནས་ཆོས་ལུགས་གྱི་བདག་དཔང་མར་ཕབ་ན་བཟང་།
ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་དྲི་ཆེན་ནང་དུ་ཡང་རིང་བསྲེལ་ཡོད་པ་ཁྲ་འགུ་མཁན་ཆེན་དང་མི་འགྱུར་རིན་པོ་ཆེས་མཇལ་འདུག་ཟེར་བདེན་པ་ཡིན་ནམ།
ཤིན་ཏུ་ནས་དེང་རབས་ཉེར་གཅིག་པ་ཁར་འཁྱེར་པོ་ཚོ། བླ་མ་རྩ་ཆེན་དེ་འདྲ་མི་ཉུང་བ་ཞིག་གྲོངས་དུས་དང་དེ་རྗེས་སྐུ་གདུང་སྲེག་དུས་སོགས་སུ། རྟགས་མཚན་མི་འདྲ་བ་དུ་མ་ཞིག་དངོས་སུ་མཇལ་རྒྱུ་ཡོད་པ་སྟེ། དཔེར་ན་བླ་མའི་སྐུ་སྲེག་པའི་ཤུལ་དུ། དུང་དང་བུམ་པ་ལ་སོགས་རི་མོ་ཡ་མཚན་དང་ངོ་མཚར་ཅན་དེ་འདྲ་ཁོ་བོས་དངོས་སུ་མཇལ་མྱོང་། དེ་འདྲ་བ་ཡ་མཚན་དངོས་བྱུང་དེ་འདྲ་ཁྱོད་ཚོས་མཐོང་ན་ཁས་ལེན་གྱི་ཡིན་དང་མིན། གལ་ཏེ་དེ་རིགས་དངོས་མཐོང་བྱུང་ཚེ་དེ་འགྲེལ་བརྗོད་ཇི་ལྟར་བྱེད་ཀྱི་ཡིན།
དངོས་སུ་མཐོང་དུས་ལའང་ཁས་མི་ལེན་པར་ད་དུས་ཨུ་ཚུགས་བརྒྱབ་ནས་དེ་འཁྲུལ་བ་ཡིན་ཚུལ་གྱི་བཟོ་འདྲ་བོ་དེ་འདྲ་འགྲེལ་བརྗོད་གཞན་དུ་དྲངས་ཐབས་བྱེད་པ་སོགས་ནི་གཟུར་གནས་པའི་བྱེད་སྟངས་ག་བ་ཡིན།
ཧ་ལས་ཧོན་ཐོར། ཁ་སྐྱེངས་སྣ་གཙེར་ནས་བསྡད་པ་ཙམ་གྱིས་གང་ཡང་མི་སྟོན། ཅི་ཡང་མི་འགྲུབ། འདིར་འཛོམས་པའི་དཔྱད་མཆན་པ་ཡོངས་ཀྱི་བློ་ལ་ངམ་ངམ་ཤུགས་ཀྱིས་སླེབས་པའི་དྲི་བ་མཐའ་ཡས་བ་སྟེ། ཚུལ་ཅི་ལྟར་རུས་རྐང་ལས་སྐུ་གཟུགས་འདི་དག་རང་དུ་བྱོན་པ་རེད་དམ། ཡང་ན་བཟོ་གང་ལ་བརྟེན་ནས་འདྲ་ཆགས་པོ་འདི་འདྲ་རེ་བཟོ་ཐུབ་སོང་བ་ཡིན་ནམ། འབྱུང་ཡུལ། དུས་ཚིགས། རྒྱུ་དང་རྐྱེན་ཅི་ཞིག་ཕྲད་ན་ད་གཟོད་ལྷུན་གྱིས་གྲུབ་པའི་བྱ་དངོས་དེ་འབྱུང་ངམ། ཕ་མེས་ཡང་མེས་ནས་རྒྱུད་པའི་བྱ་དངོས་འདི་དག རྒྱུ་མཚན་ཅིའི་ཕྱིར་དུ་མི་ཉམས་རྒྱུད་འཛིན་གྱིས་བདག་གཅེས་བྱེད་དགོས་བ་ཡིན་ནམ་སོགས་གྲངས་ཀྱིས་མི་ལོན།
དེ་ན་སྐབས་འདིར་དད་པ་དང་དག་སྣང་གི་སྐད་ཆ་བཞག་ནས་རྒྱུས་ལོན་རེ་བྱེད་ཐབས་ཡོད་ལས་ཆེ་ཨང་། གལ་སྲིད་མི་ལས་ལོགས་སུ་ཐོན་པའི་སེམས་ཅན་གང་རུང་གི་རུས་རྐང་ལས་བཟོས་བའི་དབང་དུ་བཏང་རུང་། འུ་ཅག་ཁྱོན་ནས་ཞེ་སྣང་དང་ངོ་གནོངས་དགོས་དོན་མེད། ཆོས་ལུགས་ཀྱི་ཆ་ལ་རྨོངས་དད་ཞིག་ཅིས་ཀྱང་ཡོད་ཆོག
རང་ཚུགས་ཁྱོན་ནས་མེད་པའི་བོད་མི་སྐོར་ཞིག ཚན་རིག་ལབ་དུས་ཚོད་ཚོད་ལ་འདྲོགས་ནས་རང་ཉིད་ཀྱི་ཕ་མེས་རྒྱུད་པའི་བྱ་དངོས་མདུན་ན་རྔུལ་རླངས་རྒྱག་བཞིན་འདུག་མོད། བདག་གིས་ཞུ་རྒྱུ་་་་ངོ་གནོངས་དོན་ཡོད་བ་མ་རེད།
འཛམ་གླིང་ཟླུམ་པོ་འདིའི་སྒང་གི་ཚོས་ལུགས་དང་འབྲེལ་བའི་སྒྲུང་ཐ་དག་འདི་དང་འདི་བཞིན་བྱུང་བ་ཡིན་ལ། འདི་དང་འདི་ལྟར་མི་ཉམས་བདག་གཅེས་བྱེད་ཀྱིན་འདུག འདི་དང་འདི་ལྟར་དགོས་མཁོ་ཞིག་བསྒྲུབས་ཀྱིན་འདུག འདི་དང་འདི་བཞིན་ཡ་མཚན་གྱི་སྣང་བ་དེ་བསྐྱེད་ནས་ཡོང་བ་རེད། འདི་དང་འདི་བཞིན་ཡིད་ཀྱི་གདུང་བ་ཞིག་སེལ་ནས་ཡོང་བ་རེད།
དེ་རིང་གི་ཉིན་མོ་འདིར་འུ་ཅག་གི་ལས་སྣང་མ་དག་པའི་དབང་གིས་རྒྱ་གུང་ཁྲན་གྱི་འོག་ནས་འཚར་ཞིང་། བློའི་རྨང་རྡོ་དེ་ནས་བརྩིགས་ཡོང་བར་བརྟེན་རྨོངས་དད་གྱི་ཆ་ལ་ཧ་ཅང་འཛེམས། རང་ཉིད་སྣང་ངོར་མི་མཛེས་ན་རྙིང་བཞིའི་གྲས་སུ་འདྲེན་རྐྱང་བྱེད་པ་ལས་བསམ་གཞིགས་རེ་ཞོར་ལ་ཡང་མི་བྱེད། འདི་ལྟར་ཁ་ཕྱིར་འཁོར་ནས་འདས་སོང་ལ་བལྟས་ན་གཏོར་བཅོམ་པ་དག་གི་བྱེད་ལས་ནི། ད་ལྟའི་འུ་ཅག་གི་ཁ་ལག་སྤྱོད་སྟངས་དང་གཉིས་སུ་མི་འདུག འདི་ལྟར་མིག་བཙུམས་ནས་མ་འོངས་བའི་གངས་ལྗོངས་ཀྱི་སྣང་བརྙན་ཡིད་ལ་སྒོམས་ན། དར་དམར་ལྷབ་ལྷུབ་དེ་མ་གཏོགས་ཅི་ཡང་འཆར་རྒྱུ་མི་འདུག
ཧ་ཧ་གད་མོ་ནས་བྲོད་ཁོག་ཟུག་རྒྱབ་སོང་། ཀརྨ་པས་སྐྱག་པ་གང་དུ་བ་དང་། ཁྲ་མགུ་དང་མི་འགྱུར་བླ་མས་སྐྱག་པ་སྔོག་སྟངས་བཅས་མིག་ལ་ཁྲ་ལམ་ལམ་ཤར་ཡོང་གི ཀརྨ་པས་སྐྱག་པ་གཏོང་ག་རྒྱ་གར་གྲོང་གསེབ་པ་བཞིན་ཞིང་ཁའི་ནང་ལ་འགྲོ་གི་ཡོད་མིན་འགྲོ
ཧ་ཧ་གད་མོ་ཤོར་ནས་བྲོད་ཁོག་ཟུག་རྒྱབ་སོང་། ཀརྨ་པས་སྐྱག་པ་གང་དུ་བཏང་བ་དང་། ཁྲ་མགུ་དང་མི་འགྱུར་བླ་མས་སྐྱག་པ་སྔོག་སྟངས་བཅས་མིག་ལ་ཁྲ་ལམ་ལམ་ཤར་ཡོང་གི ཀརྨ་པས་སྐྱག་པ་གཏོང་ག་རྒྱ་གར་གྲོང་གསེབ་པ་བཞིན་ཞིང་ཁའི་ནང་ལ་འགྲོ་གི་ཡོད་མིན་འགྲོ
བཙན་བྱོལ་བའི་དམར་ཕྱོགས་ཚོགས་པ་འདི་ན་མང་གི
གྲོགས་པོ་ཚོ། བླ་ཆེན་ཞིག་ལ་དོན་མེད་བཀུར་བདེབས་མ་བྱེད་ན་ཡག ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་དྲི་ཆེན་དུ་རིང་སྲེལ་ཡོད་པ་དངོས་ཡོད་རེད། ད་དུང་ཁོང་གི་དངོས་སློབ་ཏཱ་ཡི་སི་ཏུ་རིན་པོ་ཆེས་ང་ཚོའི་མིག་གི་མཐོང་སར་ཚམ་ཚོམ་མེད་པར་བཞེས་སོང་། ད་དུང་སི་ཏུ་རིན་པོ་ཆེ་དེའི་དགོང་མོར་གཟིམ་ལམ་མེད་པ་གཉིད་སྐྱིད་པོ་ཞིག་ཁུག་སོང་ཟེར་ནས་ཕྱག་མཛོད་ལ་གསུངས་འདུག དེ་ལུགས་དད་ལྡན་ཚོར་རྒྱལ་བ་ཀརྨ་པའི་དྲི་ཆེན་ཞེ་ས་མ་ཞུས་ན་སྐྱག་པ་དགོས་མཁན་ཡོད་ན་སྐྱོ་བྲག་དགའ་དབང་ངེད་གཉིས་ལ་ཐད་ཀར་འབྲེལ་བ་གནང་རོགས།
བསྐྱེད་རིམ་སྒོམ་མཁན་ལ་ལྷ་སྐུ་འབྱུང་བར་བཤད་ཅིང་། འཇམ་མགོན་ས་པཎ་སྐུ་གཤེགས་རྗེས་སུ་སྐུ་གདུང་ལྷ་སྐུར་གྱུར་པ་སོགས་ལོ་རྒྱུས་དང་། ཉེ་བའི་དུས་རང་ལའང་རིང་བསྲེལ་བྱུང་བའི་བླ་མ་ནི་ཤིན་ཏུ་མང་པ་མིག་མཐོང་ལག་ཟིན་རེད།
བླ་མས་རང་མ་གྲོངས་གོང་དངོས་བོ་འདྲ་མིན་ཕྱོགས་བསྒྲུག་བྱས་དེ་ང་ཤི་ཉིན་རང་གི་སློབ་མ་དང་དེའི་ཆོས་ཀྱི་གདུལ་བྱ་རྒྱས་ཐབས་སུ་སློབ་མར་གསང་སྟབས་ཀྱིས་འདི་དང་གན་བྱོས་ཞུས་པའི་ཁ་ཆེམས་ཡོད་མཁན་ཡང་ཡོད་པ་རེད། དེ་མིན་སློབ་མས་རང་ངོ་ནས་དེ་ལྟར་དྲན་ནས་མཆོད་མར་མཆོད་དངུལ་སྡུད་ཐབས་འདྲ་མིན་བྱེད་མཁན་དེ་ལས་ཀྱང་མང་བ་རེད། རང་དོན་གྱི་དགོས་དཔང་གིས་འདྲ་མི་འདྲ་བཟོ་ནི་མང་པོ་ཡོད་པ་རེད། དེ་ཕྱིར། བླ་མ་ལ་དད་ནི་དང་རྩི་ནི་ཞིག་ཡིན་ན། ང་ཚོ་ཚང་མས་གཡམ་རྒྱུག་མི་བྱེད་པར་རྫུན་མ་དང་ངོ་མ་གང་ཡིན་གསལ་པོ་བྱེད་དགོས་བའི་ལས་འགན་ཆེན་པོ་ཡོད་པ་རེད་བསམ་སོང་།
གོང་དུ་ནག་ཐར་སྐྱིད་ལགས་ནས་བློ་གཟུ་བོར་དང་གནད་ལ་ཁེལ་བའི་དཔྱད་མཆན་ཞིག་བྲིས་འདུག རྗེ་རིན་པོ་ཆེས། ཐག་གཅོད་མ་སྔ། དཔྱད་པ་མ་ཆུང་། གསུངས་ཡོད་རེད། འདི་ལྟ་བུའི་མཆན་འབྲི་བ་ལ་འབད་འབུངས་བྱེད་པ་ཡིན་ན་དྲ་གྲོགས་ཕན་ཚུན་ལ་བློ་སྐྱེད་རུ་འགྱུར་ངེས།
དེ་མ་གཏོགས་རྨོངས་དད་གཅིག་པོས་གང་ལའང་ཕན་པ་མེད།
དགེ་སློང་དག་གམ་མཁས་རྣམ་ཀྱིས། །སྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་པར་བྱ་ཡི་གུས་ཕྱིར་མིན། ། བོད་པ་ཚོས་རང་རེད་སྟོན་པ་བཀའ་དྲིན་ཅན་གྱི་གསུངས་འདེ་ལྟ་བུར་སློབ་སྦྱོང་མི་བྱེད་པར། རྩ་བ་བོར་ནས་ཡལ་ག་ལ་འཇུ་བར་དགའ།
འཇིགས་མེད་བློ་གྲོས་ལགས། ཞང་ཚལ་པ་བརྩོན་འགྲུས་གྲགས་པའི་གསུང་དེ་གང་ན་འདུག
ད་་་ག་རེ་ཡིན་ན་མིན་ན་་་
དད་པ་ཡོད་ན་མེད་ན་་་
སྲེག་བཅད་བརྡར་བའི་གསེར་བཞིན་དུ།
ལེགས་པར་བརྟག་ལ་་་་་ ཞེས་གསུང་བའི་ཚིག་དེ་ལས་གལ་ཆེ་བ་ཞིག་ང་ཚོ་ལ་ཡོད་དམ།
ད་དུང་ཐོས་པ་བརྒྱ་ལས་མཐོང་བ་གཅིག་བཟང་། ཞེས་པའི་དཔེ་ཡང་ཡོད་པ་རེད།
ངས་ཁ་སང་མཆན་ཞིག་བྲིས་ཡོད་མོད་དེ་རིང་མཐོང་ས་ན་མི་འདུག
སྙིང་རྗེ། དེ་སང་བོད་མི་ཀླད་མེད་འགའ་ཡིས་ཆོས་ཁས་མི་ལེན་ན་སྔོན་ཐོན་ཅན་དང་། དེངརབས་ཅན་རེད་དྲན་གྱི་འདུག ངོ་མ་ལྐུགས་པ་རེད། ལྷ་མེད་འདྲེ་མེད་ཀྱི་ལྟ་བ་ནི་དུས་རབས་སྔོན་མའི་དམར་པོའི་ལྟ་བ་དེང་སང་འཛམ་གླིང་མི་དམངས་ཀྱིས་སྐྱག་པ་བཞིན་དོར་བཞིན་པ་རེད། དེ་ལ་སྔོན་དུ་ཅན་དུ་ལྟ་བ་ནི་བོད་ནང་རྒྱ་དམར་གྱི་སློབ་གསོ་ལ་ཡིད་དབང་འཕྲོག་མཁན་རེ་ཟུང་དང་བཙན་བྱོལ་ནང་རི་བོང་ཅལ་དྲོགས་ཅན་རེ་ཟུང་ཡོད།
རྩོམ་ཡིག་འདིའི་འོག་ལ་མང་པོ་ཞིག་གིས་མཆན་འབྲི་བཞིན་འདུག ངས་ཀྱང་མཆན་ཞིག་འབྲི་ན་འདོད། མཆན་ནི་རོ་བསྲེག་སྟངས་མི་འདྲ་བ་ཁག་ཁ་ཤས་ཀྱི་ཉམས་མྱོང་ལས་འབྲི་ན་འདོད། བོད་ནས་ཐབ་བརྩིགས་ནས་དེའི་ནང་དུ་དགེ་འདུན་པ་གདན་འདྲེན་ཞུ་ནས་སྦྱིན་བསྲེག་གི་རྫས་སྣ་མང་པོ་དང་། དེ་བཞིན་དུ་ཤིང་འབར་བའི་སྟེང་དུ་མར་ཁུ་བླུག་ནས་བསྲེག་བཞིན་པ་དང་། ཡང་རྒྱ་གར་ལྷོ་ཕྱོགས་ནས་ཤིང་ཐོ་ལ་ཅི་གང་རེ་བརྩིགས་ནས་དེའི་སྟེང་དུ་རོ་བཞག་རྗེས་ས་སྣུམ་བླུག་ནས་མེ་བསྲེགས་གཏོང་པ། ཡང་ཕྱི་རྒྱལ་ན་འཕྲུལ་ཆ་ནང་དུ་རོ་བླུགས་རྗེས། གློག་སྒོ་ཕྱེས་ནས་རོ་བསྲེགས་པ་བཅས་ལས་ཐོན་པའི་ཐལ་བ་ནང་ལྡོག་ལྡོག་རེ་ཐོན་ཡོད་ན་རིང་བསྲེལ་ཅི་ལྟར་བཟོ་ཡི་ཡོད་མེད་སོགས་བགྲོ་གླེང་བྱེད་འདོད་ཡོད་མོད། ད་ལྟ་ནི་ལས་ཀ་འགྲོ་རན་སོང་། དགོང་དྲོ་ཕྱིར་མ་སླེབས་པར་དུ་ཁ་བརྡ་ཚང་གི་མཆན་དུས་མ་རྫོགས་པར་ཤོག མཆན་དུས་རྫོགས་སོང་ན་རིང་བསྲེལ་ཞིིག་འབབ་པར་ཤོག
གོང་དུ་མིང་ཚིག་ཞིག་ལ་ཁ་ཤས་རྨོངས་བཞིན་ཡོད་པའི་བཟོ་འདྲ་ཞིག་འདུག ཐུགས་ནི་ཡིད་དང་སྙིང་གཉིས་ཀའི་ཞེ་ཚིག་རེད། སྐབས་དང་ཚིག་གྲོགས་དབང་གིས་སྙིང་ལ་གོ་བའི་སྐབས་ཡང་ཡོད་ལ། ཡང་ཡིད་ལ་གོ་བའི་སྐབས་ཡང་ཡོད། ཐུགས་ལྗགས་སྤྱན་གསུམ་བཤད་པའི་སྐབས་སུ་སྙིང་ཡིན་ཡིན་པ་རེད།
ཨོ་ད་ཡིན་ན་ཞབས་མཆན་༧༤པ་ཀརྨ་ཡེ་ཤེས་ཀྱིས་གསུངས་པ་ལྟར་ན་ནི། ད་ཡང་ང་ཚོར་རང་བསྲེལ་གསར་བ་འགའ་རེ་རེག་ཡོད་ས་རེད་དོ།
དད་པ་ཅན་ཚོས་དྲི་ཆེན་ཟོས། །ཟོས་ཤིག་ཟོས་ཤིག་དད་པ་པ་ཅན། །ཀརྨའི་སྐྱག་པའང་རང་བསྲེལ་རེད། །དད་པ་ཡོད་ན་སྐྱག་པའང་ཟོས། །སྐལ་ལྡན་བུ་ཡིས་རང་བསྲེལ་ལོངས། །སྐྱག་པ་ཟོས་ན་དངོས་གྲུབ་ཐོབ། །
ང་ཚོ་བོད་ལ་མི་མཁས་འཇོན་ཅན་ཞིག་སྐྱེས་ན་ཕལ་ཆེར་སྤྲུལ་སྐུ་ཡིན་པའི་སྒྲུང་། དེ་ཡང་སྐུ་ཕྲེང་མང་པོའི་སྒྲུང་། སྐུ་ཕྲེང་ཐོག་མ་དེ་ཡང་རྒྱ་གར་པཎ་གྲུབ་ཡིན་པའི་སྒྲུང་དང་། དེ་ཡང་བཅོམ་ལྡན་འདས་ཀྱི་སྐབས་ཀྱི་འཁོར་ཉན་ཐོས་ཆེ་གེ་མོ་ལ་ཐུག་པའི་སྒྲུང་།
མཐར་ཁོང་ཤི་འགྲོ་ཉིན་ཡང་སེང་གེ་ཉར་སྟབས་བྱས་པའི་སྒྲུང་། ཡང་ན་རྡོ་རྗེ་དཀྱིལ་དྲུང་གིས་སྐུ་གྲོངས་ཀྱི་སྒྲུང་། མཐའ་མ་གདུང་བཞུ་ཉིན་འཇའ་འོད་ཀྱིས་ནམ་མཁའ་ཁྱབ་པའི་སྒྲུང་། མེ་ཏོག་གི་ཆར་བབས་པའི་སྒྲུང་། ཐུགས་ལྗགས་སྤྱན་གསུམ་མེས་མ་ཚིགས་པའི་སྒྲུང་སོགས་ཡོད་དགོས། ད་དུང་རང་བསྲེལ་མང་པོ་བབས་རབས་ཀྱི་སྒྲུང་སོགས་དགོས། བླ་མའི་སློབ་མ་སོགས་ཤུལ་ལུས་པ་འཇོན་པོ་ཚོས་སྒྲུང་དེ་དག་ནི་ངེས་པར་བཟོ་ཐུབ་དགོས་ལ། ཕལ་ཆེ་བ་ཞིག་གིས་ཐུབ་ཀྱིན་ཡོད་པ་རེད། དེ་འདྲའི་བློ་ཡུལ་ལས་འདས་པའི་སྒྲུང་སྙན་པོ་རེ་ལ་ཁུངས་བཅོལ་ནས ད་ང་ཚོས་རང་གི་བླ་མ་དང་ཆོས་ལུགས་ལ་རང་བསྟོད་བྱས། གཞན་ཚོར་ཅི་ཅང་མེད་རབས་བཤད་དགོས་པ་རེད། དེ་ནས་ང་ཚོས། གླུ་ཨ་ལ་ལ་མོ་ཨ་ལ་རེད། ཟེར་ནས་སྣང་པ་སྐྱིད་པོ་བྱས་ནས་བསྡད་ན་ང་ཚོ་ངོ་མ་སྐྱིད་པོ་ཡོད་པ་རེད།
དྲ་གྲོགས་འགའ་རེས་གསུངས་པ་ལྟར་ཐུགས་ལྗགས་སྤྱན་གསུམ་ཞེས་པ་དེ་སྙིང་དང་། ལྕེ་དང་། མིག་རྣམས་ལ་ཟེར་བ་རེད། ཁྱོད་ཚོས་བསམ་བློ་ཡག་པོ་ཞིག་ཐོངས་དང་། མགོ་ན་ཡོད་པའི་མིག་དང་། ཁ་ནང་ན་ཡོད་པའི་ལྕེ་དང་། ཁོག་སྟོད་ནང་ཡོད་པའི་སྙིང་གསུམ་དེ་འདྲའི་ཐག་ཉེ་ཞིག་གཏན་ནས་མིན། འོན་ཀྱང་སྐུ་ཕུང་མེ་བསྲེགས་གཏོང་སྐབས་དཔྲལ་བའི་མིག་དང་། ཁ་ནང་གི་ལྩེ་དང་། ཁོག་སྟོད་ནང་གི་སྙིང་གསུམ་གཅིག་གཅིག་ལ་ཅིའི་ཕྱིར་འབྱར་འགྲོ་བ་རེད། འོ་ན་མེ་བསྲེགས་མ་བཏང་གོང་ནས་མིག་སྙིང་ལྕེ་གསུམ་ཕར་ཚུར་འབྱར་སོང་ན་ཅིའི་མི་ཆོག། ཧཧཧཧཧཧཧཧཧཧ། ད་ཁུངས་འཁྱོལ་ཐབས་མི་འདུག་རོགས་ལོ་ཚོ། །
གཞོན་ནུ་ཟླ་མེད་ལགས་ཀྱི་གླེང་ཕྱོགས་འདི། རང་བསྲེལ་འབྱུང་ཚུལ་དང་མཐའ་ཉེ་རུ་འགྲོ་བཞིན་པའི་བཟོ་འདུག དེར་བརྟེན་བདག་གིས་རེ་བས་བལྟས་ཡོད། གཞན་་ཀརྨ་ཡེ་ཤེས་ཀྱི་སེམས་ལ་ཡང་འབབ་རྒྱུ་ཞིག་རྙེད་ཚོད་འདུག ག་ལེར་ཡིན་ད།
ངས་འདི་ནས་གཏམ་རྒྱུད་ཅིག་བཤད། གུང་ཐང་བསྟན་པའི་སྒྲོན་མེ་ཞེས་མཁས་གྲུབ་གཉིས་ལྡན་གྱི་དམ་པ་དེ་ཉིད་སྐུ་འདའ་ཁར་མདུན་ན་འདུག་པ་དག་ལ་ཁོང་གིས་འདི་ལྟར་གསུངས། ངས་ཚེ་ཐོག་འདི་ལ་སངས་རྒྱས་ཀྱི་བསྟན་པར་ཞབས་འདེགས་འདི་བྱས་ཡོད་ཟེར་བ་ཞིག་མེད་ཀྱང་འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་འགོ་བོ་ཉོམས་ཐབས་སུ་འབད་ཡིན། གཞན་འགའ་རེས་འཇིག་རྟེན་འདི་ནས་ཆོས་བརྒྱད་ལ་རོལ་རོལ་ནས་ཤི་དུས་ཀྱང་རོ་ལའང་ཆོས་བརྒྱད་བྱེད་བཅུག་པ་སོགས་ལ་དགོས་པ་ཅི་མ་མཐོང་།
ང་ཤི་རྗེས་སུ་གྲྭ་བ་གྲྭ་རྐྱང་ནང་བཞིན་བྱེད་རོགས་ཞེས་ཞལ་གདམས་གནང་། ཁོང་སྐུ་འདས་རྗེས་སློབ་བུ་དག་གིས་བླ་མ་བླ་ཆེན་ཁོང་ལྟ་བུ་ཞིག་གདོང་ལ་བཞུགས་མི་འདུག་ཞེས་གཞན་ལ་བཤད་སྲོལ་མེད་པའི་སྐུ་གདོང་ཙོག་ཙོག་བུར་འཇོག་དགོས་ཤེས་དེ་ལྟར་བཞག་སྟེ་དབུ་རྒྱན་གསོལ་རྗེས་སློབ་བུ་གཞན་དག་གདུང་མཇལ་ལ་བཏང་། མི་མང་ཧ་ཅང་འཛོམས་པའི་སྐབས་དེར་གདུང་མགོ་སྟངས་ལོག་ནས་མདུན་གྱི་མཆོད་པའང་གང་སར་གཏོར་བ་རེད་ཟེར་བ་ཞིག་ཡོད། སློབ་བུ་དད་པ་ཅན་ཞིག་གིས་བླ་མ་ཟོག་པོར་བཏང་ཟེར་བ་ཡོད་པའི་གོང་གི་དེ་ཡང་དེ་ལྟ་བུ་ཞིག་མིན་པའི་རེ་བ་ཆེ།
ཚུལ་ཁྲིམས་འབོད་པས་དོགས་དཔྱོད་བྱེད་སྟངས་འདི་ཡང་འགྲིག་འདུག ཅི་ལྟར་གཟུགས་པའི་ཆ་ཤས་འདི་དག་གཞི་གཅིག་ལ་འབྱར་ནས་ངོ་མཚར་བའི་ལྟད་མོ་འདི་གྲུབ་པ་རེད། ག་རེ་བྱས་ནས་མེར་བསྲེགས་མ་བཏང་གོང་ལ་ངོ་མཚར་བའི་ལྟད་མོ་འདི་འགྲུབ་མ་ཐུབ་པ་རེད་སོགས། དོགས་དཔྱོད་གང་ཡང་བྱེད་རུང་།
རེད།
བདེན་པ་རེད། རུ་ཤུལ་བུ་བདེན།
རྗེ་བླ་མ་དང་རྡོ་བིས་དགེ་བཤེས་ཚང་ལ་སོགས་པས་ཀྱང་དེ་འདྲ་བ་གསུངས་ཡོད་པ་རེད།
གྲུབ་རྟགས་སྟོན་ན་ཚེ་འདི་ནས་རྣམ་ཤེས་དྲུག་ལྡན་གྱི་ཕུང་བོའི་ཐོག་ནས་སྟོན་ན་འགེངས་ཆེ།
ཚེ་འདས་བེམ་གཟུགས་སུ་གྱུར་མཚམས་གྲུབ་རྟགས་སྟོན་པ་ནི་རྒྱུ་འབྲས་ཀྱི་རྣམ་བཞག་ལ་ཁ་གཏད་བཅག་པ་ཞིག་དང་འདྲ་འདུག
རྒྱུ་འབྲས་དང་འགལ་བའི་ལས་ཞིག་ལ་ཆོས་ཟེར་པའི་ཚིག་དེ་བརྗོད་མི་རུང་ལ་ཆོས་ཀྱི་དོན་དངོས་ནི་དེ་ལས་ཀྱང་རྒྱང་རིང་།
གཞོན་ནུ་ཟླ་མེད་འོངས་བར་དགའ་ཡོད།
ཚན་རིག་པས་རྟགས་དང་མཚན་མ་སོགས་ཁས་ལེན་གྱི་ཡོད།
རྟགས་དང་རྨི་ལམ་ཚད་མ་ཡིན། དེ་སྐྱེ་བུ་སྒེར་སོ་སོའི་རྟགས་དང་ཉམས་མྱོང་དང་ཚོར་བ་ཡིན་སྟབས། དེ་ཤིན་དུ་སྐྱེ་བུ་དེ་ཁོ་ནར་ཁྱབ་པ་ལས་ཀུན་ལ་ཁྱབ་པ་མེད་ཅེས་ཚན་རིག་པ་རྣམས་ཀྱིས་ཁས་ལེན་བྱེད། རང་གི་སེམས་དང་རྣམ་ཤེས་ཀྱི་ཁམས་དང་གནས་སྟངས་ལ་བརྟེན་ནས། བློའི་སྣང་ངོར་རྟགས་མཚན་མ་མི་འདྲ་བ་ཤར་བ་དེ་དངོས་ཡོད་ཡིན། རྟགས་དེ་དག་མཚན་མ་བཟང་ངན་ཡང་གང་ཟག་དེ་གའི་ཤིན་དུ་ལྐོག་གྱུར་དང་ཐུན་མོང་མིན་པའི་མྱོང་བའི་རྒྱུད་པ་ལ་བརྟེན་ནས་ཤར་བ་དེ་གང་ཟག་དེ་ལ་བཟང་ངན་གྱི་ལུང་བསྟན་ལྟ་བུ་སྟོན་པ་ཡོངས་གྲགས་ཡིན་པ་དང་དེ་ཡང་ཚན་རིག་གི་མྱོང་བ་དང་མི་འགལ་བར་བཞེད་ཀྱི་འདུག
ད་འོ་ན། ཁྱེད་ཚོས་ང་ལ། ཁྱོད་ལ་འདི་ཚན་རིག་པ་སུས་ཟེར། དཔང་རྟགས་སྟོན་ཤོག། འུར་མ་ཤོད་ཟེར་བར་ཐལ།
དེའི་ལན་ལ། འཛམ་གླིང་ནང་ལ་སེམས་ཁམས་རིག་པའི་རྒྱལ་བ་ཡབ་སྲས་སུ་གྲགས་པ། སྤོ་རོག་ཀྲི། (Sigmund Freud )དང་། ཡོངས་ (Carl Jung)གཉིས་ནས་མི་ཚེ་ཉམས་ཞིབ་དང་མ་བྲལ་བར་ཞིབ་འཇུག་བྱས་པའི་འབྲས་བུ་ལྟ་བུར་སྣང་།
ཁོང་གཉིས་ཀྱིས་ནན་བཤད་བྱས་པར། རྟགས་དང་མཚན་མ་གང་ཤར་བ་དེ་སྐྱེ་བུ་འདི་ཁོ་ན་ལས་གཞན་ལ་བཟང་ངན་གྱི་མཚན་མ་མཚོན་ཐུབ་ཀྱི་མིན་འདུག། དཔེར་ན། མི་གཅིག་ལ་རྨི་ལམ་འམ་སྣང་བ་ལ་སྤྲིན་པ་ཤར་ནས་སེམས་ལ་དགའ་བ་དང་བཟང་རྟགས་སུ་མཚོན་པ་དེ་སྐྱེ་བུ་དེ་ལ་སྤྲིན་པ་དེར་གོ་དོན་ཞིག་ཡོད་སྲིད་ལ། དེ་སྐྱེ་བུ་གཞན་ཞིག་ལ་གོ་དོན་མི་འདྲ་བ་དང་རྟགས་ཡོངས་སུ་མི་འདྲ་བར་མཚོན་པར་སྣང་གསུངས། ཁོང་རྣམ་པའི་དཔང་རྟགས་ལྟ་བུར། ང་ཚོས་ཇི་ལྟར་ཐབས་ཤེས་བྱས་རུང་གང་ཟག་གཉིས་ལ་རྨི་ལམ་གཅིག་ཡོང་མི་ཐུབ་པས། དེ་བཞིན། ཕྱིའི་སྣང་བ་དང་ཆ་ལུགས་རྣམས་གང་ཟག་མི་རེ་ལ་གོ་དོན་མི་འདྲ་བ་རེད་གསུངས་འདུག
གཤམ་གྱི་དྲ་ཐག་ནས་མཁས་དབང་ཡོངས་མཆོག་གི་རྨི་ལམ་དང་འབྲེལ་བའི་གསལ་བཤད་ཤིག་འདུག
http://melafoundation.org/mccroske.htm
འདི་ལ་ཧྥོ་རོག་ཀྲིའི་རྨི་ལམ་གྱི་སྐོར་ལ་འགྲེལ་བཤད་ཐུང་ངུ་གོ་བདེ་པོ་ཞིག་འདུག
http://www.pbs.org/youngdrfreud/pages/analysis_dreams.htm
ྻལྷག་པར་དུ་མཁས་དབང་ཡོངས་(Jung) ཞུ་བ་དེས། ལོ་མང་སྔོན་ལ་རྒྱ་གར་བྱང་ཕྱོགས་ལ་ཕེབས་ནས། བོད་ཀྱི་གསང་སྔགས་ཀྱི་གནས་ལུགས་ལ་ཞིབ་འཇུག་གནང་བ་དང་། དེའི་འབྲས་བུར་ཁོང་གི་རྨི་ལམ་བརྟག་པའི་གཞུང་ལུགས་ལ་ཕན་ནུས་ཆེན་པོ་བྱུང་འདུག
ཁོང་གཉིས་ཀྱི་སྐོར་ལ་ཤེས་འདོད་ན་གཤམ་གྱི་དྲ་ཐག་ལ་གཟིགས།
Freud
http://en.wikipedia.org/wiki/Sigmund_Freud
Jung
http://en.wikipedia.org/wiki/Carl_Jung
མཚན་བརྗོད་ལས། གཟུགས་མེད་གཟུགས་བཟང་དམ་པ་དེ།།ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་ཐུགས་བརྩེ་བའི་ཡེ་ཤེས་དེ་ཉིད་གདུལ་བྱའི་དབང་གིས་གཟུགས་སུ་ཤར་བ་ཡོད་པ་མདོ་རྒྱུད་ཀུན་གྱི་དགོངས་པ་ཡིན། འོན་ཀྱང་འབྱུང་བཞིས་བསྡུས་པའི་གཟུགས་མིན། ཡེ་ཤེས་རང་སྣང་ལས་གྲུབ་པ་ཡིན། གསེར་འོད་དམ་པ་ལས། སྐུ་ལ་རུས་པ་ཁྲག་མེད་ན།།རང་བསྲེལ་ཡོད་པར་ག་ལ་འགྱུར།།ཐབས་ཀྱིས་རང་བསྲེལ་བཞག་པར་མཛད།།ཅེས་པ་ལྟར་འཛམ་གླིང་ནང་བསྟན་དར་སའི་རྒྱ་གར་དང་ཤྲི་ལང་ཀ །རྒྱ་ནག་པེ་ཅིན་སོགས་ན་སངས་རྒྱས་ཀྱི་ཚེམས་དང་རང་བསྲེལ་དངོས་སུ་མཇལ་རྒྱུ་ཡོད་པ་འདི་དག་མ་འོངས་པའི་གདུལ་བྱ་དག་ཡིད་ཆེས་མཛད་པའི་ཕྱིར་བཞག་པ་ཡིན་ལ། རྡོ་རྗེ་གདན་གྱི་སྟོན་པའི་ཞབས་རྗེས་ཡ་མཚར་བ་སོགས་མིག་གིས་མཐོང་བཞིན་ཡོད་པ་འདི་དག་རེད།
འདི་འདྲའི་སྐུ་ཞིག་བརླ་ཤ་གཡས་གཡོན་ནས་ཐོན་པ་ཨེ་ཡིན་ནམ་་་་ངས་བལྟས་ན་རང་བསྲེལ་འདྲ་ཞིག་བསྲེས་ནས་སྐུ་དཔར་བརྒྱབ་པ་མིན་འགྲོ་བསམ་གྱི་འདུག་་་་་འདི་འདྲ་ཞིག་བསྟོད་ནས་ཅི་བྱེད་
སྔོན་མའི་དུས་ཀྱི་ཆོས་ལུགས་རྨོང་དད་ཅན་རྣམས་དང་།།
དེང་གི་དུས་ཀྱི་ཚན་རིག་རྨོང་དད་ཅན་རྣམས་ནི།།
སྔ་མའི་གཟུགས་བརྙན་ཕྱི་མར་འཕོས་པ་ཙམ་ཞིག་ལས།།
འདི་བཟང་འདི་ངན་དབྱེ་བ་ཁོ་བོས་འབྱེད་མ་ཤེས།།
རྗེ་ས་པཎ་ནས་སྡོམ་གསུམ་རབ་དབྱེར་འདི་འདྲ་ཞིག་གསུང་འདུག
རིང་བསྲེལ་དང་ནི་ཐུགས་དང་ལྗགས།།
སྐུ་གཟུགས་ལ་སོགས་རུས་པ་ལས།།
འབྱུང་བའི་རྒྱུ་མཚན་ཅུང་ཟད་དཔྱད།།
འཕགས་པ་གསུམ་གྱི་རིང་བསྲེལ་ནི།།
ཡོན་ཏན་སྟོབས་ཀྱིས་འབྱུང་བ་སྟེ།།
ལུས་ཅན་རྣམས་ཀྱི་བསོད་ནམས་རྟེན།།
འབྱུང་ཁུངས་ལས་བྱུང་རིན་ཆེན་འདྲ།།
རིང་བསྲེལ་ལ་ལ་གདོན་གྱིས་བྱེད།།
ལ་ལ་འབྱུང་བཞིའི་སྟོབས་ལས་འབྱུང་།།
ཁ་གཅིག་བསྟན་ལ་དགའ་བའི་ལྷས།།
དད་པར་བྱ་ཕྱིར་སྤྲུལ་པའང་སྲིད།།
དེང་སང་རིང་བསྲེལ་ཕལ་ཆེ་བ།།
བརྫུན་མས་བྱས་པའི་རིང་བསྲེལ་ཡིན།།
དེས་ན་རྣམས་དབྱེ་མཁས་པས་དཔྱད།།
ཐུགས་ལྗགས་སྐུ་གཟུགས་ལ་སོགས་པ།།
འབྱུང་བ་ཆོས་ནས་གསུངས་པ་མེད།།
འོན་ཀྱང་དེ་འདྲ་འབྱུང་བ་ཀུན།།
ཕལ་ཆེར་བརྫུན་མས་བྱས་པ་ཡིན།།
གལ་ཏེ་བདེན་པ་ཡིན་ན་ཡང་།།
ལུང་རིགས་གཉིས་ཀ་མེད་པའི་ཕྱིར།།
བཟང་ངན་གཉིས་ཀར་ལུང་བསྟན་དཀའ།།
ཆོས་ཟེར་བ་ག་རེ་ལ་ངོས་འཛིན་དགོས། སངས་རྒྱས་ཀྱི་བསྟན་པ་ཟེར་བ་ག་རེ་ལ་ངོས་འཛིན་དགོས། དེ་གཉིས་ལ་ཁྱད་པར་ཡོད་དམ་མེད། རྨོངས་དད་ཟེར་ནའང་རྒྱ་གོང་ཕྲན་གྱི་སྐད་ཆ་རེད་ཟེར་ནས་ཁ་བཅད་པ་ཙམ་གྱི་ཕན་ཐོགས་བྱུང་མེད། རྨོངས་དད་ཀྱི་དོན་དག་རང་གི་དད་པ་བྱ་སའི་ཡུལ་དེ་ངོས་འཛིན་ཙམ་ཡང་བྱེད་མ་ཤེས་པར་མགོ་སྒུར་ནས་མུག་བཙུམས་ནས་སྡོད་མཁན་གྱི་བྱ་སྤྱོད་ལ་ཟེར། ང་ཚོའི་ནང་པའི་གཞུང་ན། དབང་རྟུལ་དད་པའི་རྗེས་འབྲང་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་། ཞེས་གསུངས་ཡོད་པ་དེས་བརྟག་དཔྱད་གང་ཡང་མ་བྱས་པར་ཡུལ་གང་ལ་འཇུག་མཁན་ནམ་དད་པ་བྱེད་མཁན་ལ་དབང་རྟུལ་དང་། བརྟགས་ཤིང་དཔྱད་པའི་སྒོ་ནས་འཇུག་མཁན་ལ་དབང་རྣོན་གསུངས་ཡོད། དད་པ་བྱེད་ན་ཤེས་ནས་དད་པ་བྱེད་དགོས། དེ་མིན་ན་དུས་ཚོད་ཆུད་ཟོས་སུ་བཏང་པ་ལས་གཞན་མེད།
ཚུལ་ཁྲིམས་ཟེར་བ་དེ་ངོ་མ་མི་ཁྱད་མཚར་འདུག མེ་ལ་སྲེག་དུས་སྦྱར་ན་མ་སྲེག་སྔོན་ནས་མི་སྦྱར་བ་ཅི་རེ་ཟེར། དེ་ཡང་རིགས་པ་ཡིན་པའི་ཁུལ་རེད་པས། འོ་ན་ཁ་ལག་ཟས་ནས་གྲོད་པ་རྒྱགས་ན་མ་ཟོས་གོང་ནས་མི་རྒྱགས་པ་ཅི་རེད་ཟེར་ན་མི་ཚང་མ་དགོད་མོ་ཤོར་ནས་མིག་ཆུ་ཡང་ཐོན་ངེས་རེད། དེ་དང་རང་གི་རིགས་པ་གཅིག་པ་རེད། ཨོང་གོ་བུ་ཆུང་ཆུང་།
ཤེས་ནས་སྨྲ་བ་འདི་ཡང་ལྟོས་ས་ལྟོས་འཇོག་རེད། རང་རང་གི་དད་པ་བྱ་ཡུལ་གྱི་ཡོན་ཏན་རེ་ཟུང་མཐོང་བ་རྒྱུ་མཚན་དུ་བྱས་ནས་དད་པ་བྱས་ན་ཡང་འགྲིག་གིརེད། ཆོས་ཅི་ཙམ་ཤེས་ན་ཆོས་ལ་དད་པ་དེ་ཙམ་གྱིས་ཅེ་ཆེར་འགྲོ་བ་ཆོས་ཉིད་རེད། ངས་ནི་རྨོངས་དད་ཟེར་མཁན་ལ་དྲི་བ་འདི་འདྲི་འདོད་བྱུང་། གཞན་རྨོངས་བ་ཤེས་ན་རང་མ་རྨོངས་བའི་ལན་ཡོད་དགོས་པ་མིན་ནམ།
ཐུགས་ཟེར་ན་བློ་དང་ཡིད་དང་སེམས་ཀྱི་ཞེ་ས་ལ་ཐུགས་ཅེས་འབོད་དགོས་པ་འདྲ། དང་པོ་བློ་ཟེར་བ་དེ་ལ་གཉིས་འདུག། དང་པོ་རང་ཡུལ་སྣང་བའི་རིག་པ་སྟེ། ཀ་བུམ་ལ་སོགས་པ་ཡུལ་གྱི་ཆོས་རྣམས་མཐོང་བའི་ཤེས་པ། དཔེར་ན། མངོན་རྗེས་གཉིས་སོགས་ལྟ་བུ་ཡིན། གཉིས་པ་ནི་ཐབས་ཤེས་སམ་ལས་ཇུས། ལས་དོན་གསར་པ་ཞིག་ལ་ཚང་མས་བློ་བཏོན་པ།མི་ཉམས་མྱོང་ཅན་ལ་བློ་འདྲི་བ། མིང་གི་རྣམ་གྲངས་ལ་གོ་བ་དང༌། ཉེ་བར་དམིགས། སྤོབས་བྱེད། བློ་གྲོས། རྨོངས་འཇོམས། ཡིད། རབ་མཐོང༌། རིག་པ། ལེགས་རྟོགས། ཤེས་པ། ཤེས་རབ། སེམས་པ། སེམས་བྱེད་བཅས་ཡིན་པ་འདྲ། གཉིས་པ་ཡིད་ཟེར་བ་དེ་ལ་ཡང་གཉིས་ཡོད་རེད། དང་པོ་ཡུལ་ཤེས་པའི་ཆ་ནས་བཞག་པའི་རྣམ་ཤེས་ཏེ། སེམས་རྣམས་སོ། གཉིས་པ་ནི་ཡིད་ཅན་ནམ་སེམས་ཅན་གྱི་སྲིད་པ་བཅུ་བཞི་ཡོད་པས་གྲངས་བཅུ་བཞི་མཚོན་གསུང་འདུག། གསུམ་པ་སེམས་དེ་ལ་ཡང་གཉིས་དབྱེ་ན་དང་པོ་ནི། རང་ཡུལ་དུ་གྱུར་པའི་དོན་གྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བའི་ཤེས་པ། དཔེར་ན་མིག་ཤེས་སུ་གྱུར་པའི་སེམས་ལ་སོགས་པ་ལྟ་བུ་དང། མིང་གི་རྣམ་གྲངས་ལ་ཀུན་གཞི་དང༌། དྲན་པ། ནང་གི་བྱེད་པ། རྣམ་ཤེས། བློ། ཡིད། རིག་པ། ཤེས་པ་བཅས་ལ་ཡང་གོ་དགོས་པ་འདྲ། གཉིས་པ་དེ་གཙོ་སེམས་ཀྱི་བསྡུས་མིང་ལ་སེམས་ཞེས་ཟེར། མིང་ལ་བཏགས་མིང་དང་དངོས་མིང་གཉིས་ཡོད་པའི་ནང་ནས་སྙིང་ལ་ཐུགས་ཅེས་པའི་བཏཊ་པ་དེ་འདྲ་འབྲེལ་གང་རུང་གི་རྒྱུ་མཚན་དུ་བྱས་ནས་བཏཊ་མིང་བཏཊ་པ་ལས་དངོས་མིང་མི་འཇུག། དེ་མིན་ཐུགས་ཟེར་བ་ཡིད་སམ་བློ་འམ་སེམས་ལ་གོ་དགོས་ན་ཐུགས་ཟེར་བ་དེ་མེས་མ་ཚིག་པ་ཕར་ཞོག། ཚིག་བྱ་ཐུགས་དེ་བེམ་པོ་མ་གྲུབ་དུས་ཚིག་བྱེད་ཀྱི་མེ་ཞིག་གྲུབ་པ་མོ་གཤམ་གྱི་བུ་དང་རི་བོང་གི་རྭ་ལྟར་བུ་ལས་མ་འདས།
སྤྱིེ་གདུང་རུས་ལ་རང་བྱོན་དོད་པ་འདི་ངོ་འཚར་བའི་གྲུབ་རྟགས་ཆེན་པོ་དེ་འདྲ་ཞིག་མ་རེད།
འོན་ཀྱང་ཁྱེད་ཚོས་དཔེ་མི་སྲིད་པའི་ཡ་མཚན་ཆེ་མདོག་གིས་སྐད་ཆ་བཤད་སྟངས་ལ་བལྟས་ན།
ངོ་མ་ཧ་ལས་དགོས་པ་ཞིག་རེད། བོད་པའི་ནང་པ་ཞིག་ཡིན་ན། མ་མཐའ་ཡང་ཤེས་དགོས་པ་ཞིག་ལ།
སོ་སོའི་སེམས་ཀྱིས་སོ་སོའི་ལས་བསགས།
སོ་སོའི་ལས་ཀྱིས་སོ་སོའི་སྣོད་བཅུད་ཀྱི་སྣང་བ་འདི་དག་སྤྲུལ་་བཞིན་ཡོད་པས་ན།
སོ་སོའི་སེམས་ནི་སོ་སོའི་འཁོར་འདས་ཀྱི་བྱེད་པ་པོ་དང་འབྱུང་ཁུངས་ཡིན།
དེའི་ཕྱིར་སོ་སོའི་སེམས་འདི་འགྱུར་བ་གཏོང་ན་སོ་སོའི་ལས་ལ་འགྱུར་བ་བཏང་ཐུབ་པ་དང་།
སོ་སོའི་ལས་ལ་འགྱུར་བ་སོང་ན་སོ་སོའི་སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་པ་རང་བཞིན་གྱིས་འགྱུར་འགྲོ་བའི་ཆོས་ཉིད་འདི་དག་ནི་ངེས་པ་དོན་གྱི་གྲུབ་རྟགས་ཡིན་པར་ཤེས་དགོས།
མཐོང་རྒྱ་ཐོས་རྒྱ་ཆུང་ཞིང་སོ་སོར་རྟོག་པའི་དཔྱོད་ཤེས་ཀྱིས་ཕོངས་པ་འགས།
རང་གིས་མ་ཤེས་པ་དང་རང་གིས་མ་འཇོན་པའི་འཁྲུལ་སྣང་ལ་ཡིད་བརྟེན་ནས།
གཞན་དག་སུ་གང་གིས་ཀྱང་ཤེས་ཀྱི་མེད་པ་དང་འཇོན་གྱིན་མེད་པར་ཐག་བཅད་དེ།
ཤེས་བྱ་ལ་རྨོངས་པའི་ང་རྒྱལ་དང་ཁྱད་གསོད་ཀྱི་ཀི་ཅོལ་གང་བྱུང་འདོན་པ་འདི་ནི།
ལེ་ལོ་ཆེ་ཞིང་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས་སྤངས་པའི་འབྲས་རྟགས་ངོ་མ་རེད།
དེས་ན་ངས་ཁྱེད་རྣམས་ལ་འདིར་དྲི་བ་གཉིས་ཡོད།
༡༽མཆོག་ཉིད་རབ་ཏུ་ཚ་བའི་མེ་ཡི་ནང་དུ་ཉེས་སྐྱོན་མེད་པར་ལུས་སེམས་ལྷོད་དེ་བཞུགས་ཨེ་ཐུབ།
གལ་ཏེ་མཆོག་ཉིད་མེ་ཡི་ནང་དུ་ཉེས་སྐྱོན་མེད་པར་བཞུགས་མ་ཐུབ་ན།
ཁྱེད་ཀྱིས་མ་ཐུབ་པའི་རྒྱུ་མཚན་གྱིས། གཞན་གྱིས་ཀྱང་མི་ཐུབ་པར་ཐག་བཅད་ཨེ་ཐུབ།
འོག་གི་དྲྭ་ཐག་འདི་ལ་གཟིགས་ནས་བསམ་བློ་ལེགས་པར་ཐོངས།
http://www.youtube.com/watch?v=X7JO74N1Vgk&feature=related
ཞབས་མཆན་༩༩པ་འགོད་མཁན་བོད་ལ་ཞེན་ཟེར་བ་ཉོན། འཇིག་རྟེན་གྱི་མི་ཞིག་ཡིན་ན་ཁ་ལག་ཟོས་ནས་གྲོད་པ་བརྒྱགས་པ་དེ་འཇིག་རྟེན་གྱི་ཆོས་ཉིད་རེད། མི་ཞིག་ཡིན་ན་ཁ་ལག་མ་ཟོས་ན་མི་བརྒྱགས་པ་དེ་ཡང་ཆོས་ཉིད་རེད། ཕུང་པོ་མེ་བསྲེགས་བཏང་ན་སྙིང་ལྕེ་མིག་གསུམ་འབྱར་འགྲོ་བ་དེ་ཆོས་ཉིད་མ་རེད། དེ་མིན་བཞིན་ཏུ་དེ་ལྟར་འབྱར་འགྲོ་ཟེར་ན། འོ་ན་མེ་བསྲེགས་མ་བཏང་ཡང་ཅིའི་ཕྱིར་འབྱར་མི་འགྲོ་བ་རེད་དམ་ཞེས་ངས་དོགས་དཔྱོད་བྱེད་བཞིན་ཡོད། ཁྱོད་ཀྱིས་འདི་འདྲ་ཞིག་ལས་ཅང་མ་ཤེས་ན། ད་དུང་སློབ་སྦྱོང་མ་བྱས་ཚེ་དེ་ཙམ་གྱིས་ང་རིགས་པས་ཚལ་གཅོད་མི་ཐུབ་ངེས་ཅན་རེད།
ཚུལ་ཁྲིམས་ཟེར་བ་དེ་རིགས་པའི་རྗེས་འབྲེང་ཞིག་ཡིན་པའི་བཟོ་འདུག ཁྱོད་ཀྱི་བཤད་པ་མང་པོ་ཞིག་ལ་རྒྱབ་སྐྱོར་ཡོད།
ཐུགས་ལྗགས་སྤྱན་གསུམ་ནི་ཐུགས་གསུང་སྐུའི་མཚོན་བྱེད་རེད། དེ་ནི་དད་ལྡན་རྣམས་ལ་དད་རྟེན་དུ་སྐྱེས་བུ་དམ་པ་རྣམས་ཀྱིས་བསམ་བཞིན་དུ་བཞག་པ་ཞིག་རེད། དེ་གསུམ་ཇི་ལྟར་མཉམ་དུ་འབྱར་བ་རེད་ཟེར་ན། སྐུ་རྣམ་སྣང་ཆོས་བདུན་དུ་བཞུགས་སྐབས་སྙིང་ལྕེ་མིག་གསུམ་དེ་གཅིག་གི་ཐད་ཀར་གཅིག་ཡོད་པ་རེད། དེ་མེ་མཆོད་ཕུལ་སྐབས་མ་ཚིག་པར་གཅིག་གི་ཐོག་ཏུ་གཅིག་བབས་པ་རེད།
རིང་བསྲེལ་དང་ཐུགས་ལྗགས་སྤྱན་གསུམ།
དེ་རིང་ངས་རོ་བསྲེག་སྟངས་དང་འབྲེལ་ནས་ཐུགས་ལྗགས་སྤྱན་གསུམ་འབབ་སྟངས་སྐོར་ལ་ཅུང་ཟད་བཤད། དེའི་སྔོན་འགྲོ་ལྟ་བུར་རིང་བསྲེལ་ཅུང་ཟད་བཤད་དགོས་བྱུང་སོང་། སངས་རྒྱས་ཤྰཀྱ་ཐུབ་པའི་མཛད་པ་བཅུ་གཉིས་ལ་བསྟོད་པ་༼ཐབས་མཁས་ཐུགས་རྗེ་མ༽ལས། མཛད་པ་མཐའ་མ་ལ། ཡང་དག་ཉིད་དུ་འཇིག་པ་མེད་གཟིགས་ཀྱང་།། མ་འོངས་སེམས་ཅན་བསོད་ནམས་བསག་པའི་ཕྱིར།། དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས།། སྐུ་གདུང་ཆ་བརྒྱད་མཛད་ལ་ཕྱག་འཚལ་ལོ།། ཞེས་རིང་བསྲེལ་བཞག་པ་མཛད་པ་བཅུ་གཉིས་ཀྱི་གཅིག་ལ་གྲངས་ཀ་བརྒྱབ་ཡོད། འདི་མཛད་པ་པོ་ནི་དཔེ་ལ་ལར་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་ཡིན་ཞེས་གསལ་ན་ཡང་། བསྟན་འགྱུར་ཁྲོད་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ་ཞེས་གསལ་འདུག་པས་འཕགས་པ་ཀླུ་སྒྲུབ་ཀྱི་མཛད་པ་གསལ་བོ་རེད།
མ་ཟད་རིང་བསྲེལ་སྐོར་ལ་གསེར་འོད་དམ་པ་མདོ་སྡེ་དབང་གི་རྒྱལ་བོ་སོགས་ན་གསལ་གསལ་གསུངས་འདུག་པ་བཅས་ལ་བལྟས་ན་རིང་བསྲེལ་འཇོག་པ་ནི་དད་ལྡན་དག་གི་ཆེད་དུ་ཡིན་པ་གསལ་བོ་རེད། འོན་ཀྱང་དེ་དག་ནི་ས་པན་གྱི་གསུང་པ་ལྟར་རུས་པའི་རིང་བསྲེལ་ཡིན་པ་ལས། ཐུགས་ལྗགས་སྤྱན་གསུམ་གྱི་རིང་བསྲེལ་ནི་མིན་པ་འདྲ། འོན་ཀྱང་བོད་དུ་ཐུགས་ལྗགས་སྤྱན་གསུམ་གྱི་རིང་བསྲེལ་ཡོད་པར་མ་ཟད། རིལ་བུ་འབབ་པ་ཡང་ཡོད་ལ། མ་ཟད་གོང་གི་དཔར་ལ་བལྟས་ན་གདུང་རུས་ལ་ལྷ་སྐུ་རང་བྱུང་ཡོད་པ་ཡང་ཡོད་པ་འདྲ་འདུག
གོང་དུ་མཆན་པ་རྣམས་ཀྱང་རུས་པའི་རིང་བསྲེལ་འབྱུང་པ་ལ་ནི་དོགས་པ་མེད་པ་འདྲ་འདུག དོགས་པ་འབྱུང་ས་གཙོ་བོ་དེ་ཐུགས་ལྗགས་སྤྱན་གསུམ་བབས་པ་དང་། རུས་པའི་སྟེང་དུ་ལྷ་སྐུ་རང་བྱུང་འབྱུང་པ་དག་ལ་དོགས་པ་འབྱུང་གི་ཡོད་པ་འདྲ་འདུག དེ་བས་ན་ངས་ཐུགས་ལྗགས་སྤྱན་གསུམ་སོགས་ཤ་ཡི་རང་བསྲེལ་འབབ་སྟངས་སྐོར་ལ་ཅུང་ཟད་བཤད།
ང་ཚོ་བོད་པའི་བཤད་སྟངས་བྱས་ན་ཐུགས་ལྗགས་སྤྱན་གསུམ་ལ་རིང་བསྲེལ་འབབ་དགོས་དོན་ནི། རྡོ་རྗེ་གསུམ་སྟེ། སྐུ་རྡོ་རྗེ་གྲུབ་པའི་མཚོན་དོན་ལ་སྤྱན་བབས། གསུང་རྡོ་རྗེ་གྲུབ་པའི་མཚོན་དོན་ལ་ལྗགས་བབས། ཐུགས་རྡོ་རྗེ་གྲུབ་པའི་མཚོན་དོན་ལ་སྙིང་བབས་པར་བཤད།
ད་འོ་ན་དེ་དག་ཅི་ལྟར་བབས་པའི་སྐོར་ལ་ཅུང་ཟད་མ་དཔྱད་ན་མཆན་པ་ནང་ནས་ཡིད་ཆེས་ཡོད་མཁས་ཚོས་དེ་འདྲ་འབབ་རྒྱུ་ཡོད་པ་རེད་ཟེར་ནས་ཨུ་ཚུགས་བརྒྱབ། ཁས་མི་ལེན་མཁན་ཚོས་དེ་འདྲ་འབབ་ཀྱི་ཡོད་པ་མ་རེད་ཟེར་ནས་ཨུ་ཚུགས་བརྒྱབ་ནས་སྡོད་རྒྱུ་ལས་གཞན་གང་ཡང་མེད་པ་རེད།
དང་པོ་རོ་བདག་པོ་རྒྱག་སྟངས་སྐོར་ནས་མ་བཤད་ན་རིང་བསྲེལ་འབྱུང་སྟངས་དེ་ཡང་ཡག་པོ་ཞིག་ཤེས་ཀྱི་མ་རེད། དེ་བས་ན་རོ་བདག་པོ་རྒྱག་སྟངས་ནས་འགོ་འཛུག་བྱ། རོ་ས་འོག་ཏུ་སྦས་པ་དང་ཆུ་ལ་གཡུག་པ་སོགས་ལ་ཤ་དང་རུས་པ་ཡོད་ན་ཡང་རིང་བསྲེལ་ཟེར་གྱི་མེད་པ་འདྲ། གཙོ་བོ་ཕུང་པོ་མེ་ལ་བསྲེགས་ནས་མ་ཚིག་པ་དེ་དག་ལ་རིང་བསྲེལ་ཟེར་གྱི་ཡོད་པ་འདྲ་འདུག
དེ་ཡང་ཕྱི་རྒྱལ་གྱི་ལུགས་སྲོལ་ལ་མེ་བསྲེགས་བྱེད་སྟངས་ནི། མེ་བསྲེགས་བྱེད་སར་དང་པོ་སྨན་ཁང་གི་ཆོག་མཆན་ཡི་གེ་དགོས་པ་རེད། དེ་ཡང་སྨན་ཁང་གི་སྨན་པ་དང་བདེ་འཇགས་ཉེན་རྟོག་པ་ཟུང་འབྲེལ་ཐོག་ནས་ཡི་གེ་དེ་གནང་དགོས་པ་རེད། བདེ་འཇགས་ཉེན་རྟོགས་པས་ཤི་ཟིན་པ་དེ་བསད་པའི་དོན་རྐྱེན་ཐོགས་ནས་བྱུང་མ་བྱུང་ལ་བརྟག་ནས་རེད། སྨན་ཁང་གི་སྨན་པས་ཡང་དོན་རྐྱེན་གང་ཞིག་གིས་ཤི་མིན་ལ་བརྟག་དགོས་པར་མ་ཟད། རོ་ཡི་སྟེང་ནས་ཆུ་སེར་དང་ཁྲག་སྟེ་གཤེར་ཁུའི་རིགས་ཆ་ཚང་འཐེན་འགྲོ་གི་རེད། དེ་ནས་ཡི་གེ་སྤྲད་ན་ཤི་ནས་ཆུ་ཚོད་བཅོ་བརྒྱད་རྗེས་ནས་དེང་སང་འཕྲུལ་ཆ་ནང་ལ་རོ་དེ་ཡར་ལ་བཅུགས་གློག་གིས་བསྲེགས་པ་རེད། བསྲེགས་ཚར་ན་ཐལ་བ་དེ་ཞིབ་ཞིབ་བཟོས་ན་མར་བདག་པོ་ལ་སྤྲོད་ཀྱི་རེད། མ་ཚུགས་པ་དེ་འདྲ་ཡོད་པ་མ་རེད། རིང་བསྲེལ་ཡང་འབྱུང་ཁག་པོ་རེད།
དེ་ནས་རྒྱ་གར་ལྷོ་ཕྱོགས་ནས་ཤིང་མང་པོ་བརྩིགས་ནས་དེའི་སྟེང་དུ་རང་བཞིན་དུ་ཤི་བའི་ཕུང་པོ་བཞག་ནས་མེ་བསྲེགས་གཏོང་། མ་ཚིག་པ་མེ་ཡི་མཐའ་ལ་རིལ་ཡོང་པ་མཐོང་མྱོང་མོད། ཕལ་ཆེ་བ་ཕྱིར་མེ་སྟེང་དུ་གཡུག་ནས་ཐམས་ཅད་ཚིག་མ་ཚར་བར་དུ་བསྲེགས། རིང་བསྲེལ་ལ་རེ་བ་རྒྱག་གི་མེད་པའི་བཟོ་འདྲ་འདུག
དེ་ནས་བོད་དང་རྒྱ་གར་གྱི་བོད་པ་ཚོས་བླ་མ་ཆེན་པོ་དེ་འདྲའི་སྐུ་ཕུང་ཞུགས་འབུལ་ཞུས་སྐབས། ཐབ་ཁུང་བརྩིགས་ནས་བསྲེགས། ཐབ་ཁུང་དེ་ཡང་མཆོད་རྟེན་གྱི་བཟོ་འདྲ་ཞིག་བརྩིགས། མཆོད་རྟེན་གྱི་བུམ་པའི་འོག་དེར་ལྕགས་སྦོམ་པོ་ཁ་ཤས་བཞག་ནས་བུམ་པ་ནང་དུ་སྐུ་ཕུང་འཇོག་ལ། སྐུ་ཕུང་དེ་ལ་དྲུག་འཆང་ཟེར་ནས་མདུད་པ་དྲུག་རྒྱག་སྲོལ་འདུག ས་ཆ་ལ་ལར་དྲུང་འཆང་མི་རྒྱག་ན་ཡང་གཉིས་ཀས་ཕུང་པོ་འཇོག་སྟངས་གཅིག་པ་རེད། དཀྱིལ་ཀྲོང་བྱས་ནས་བཞག་པ་རེད། བུམ་པའི་འོག་གི་ལྕགས་དེའི་འོག་ལ་མེ་ཤིང་བརྩིགས་པ་རེད། མེ་ཐབ་ཀྱི་འདབ་ན་མེ་འཇོག་སའི་ཁུང་ཞིག་ཀྱང་ཡོད། ཁུང་དེ་ནས་དང་པོར་མེ་བགོས། དེ་ནས་དགེ་འདུན་པ་ཚོས་སྦྱིན་བསྲེག་གི་ཆོ་ག་དང་བསྟུན་ནས། རྫས་ཆེན་རེ་རེ་དང་མར་ཁུ་བླུགས་བཞིན་སྦྱིན་བསྲེགས་གཏོང་དགོས་པ་རེད། དེ་ལྟར་སྦྱིན་བསྲེགས་བྱས་ནས་གང་མེ་ཤིན་ཏུ་འབར་ནས་ཕུང་པོ་ཕལ་ཆེ་བ་ཚིག་ནས་ཐབ་ཀྱི་འདབ་རོལ་ཏུ་མེ་མུར་བབས་ནས་ཡོད་དུས། མེ་མུར་ནང་ནས་མར་ཐུགས་ལྗགས་སྤྱན་གསུམ་དང་རིལ་བུ་སོགས་རེ་རེ་བཞིན་མར་ལ་འགྲིལ་ནས་ཡོང་པ་རེད།
དད་པ་ཅན་ཞིག་ལ་མཚོན་ནས་བཤད་ན་མེ་དེ་འདྲ་ཞིག་འབར་བཞིན་པའི་ནང་ནས་མར་འགྲིལ་ནས་ཡོང་པ་དད་པའི་རྐྱེན་ཞིག་ལོས་ཀྱང་ཡིན། འོན་ཀྱང་དད་པ་མེད་པ་ཞིག་ལ་མཚོན་ནས་བཤད་ན་ཡང་དེ་ཡ་མཚན་དགོས་པ་དེ་འདྲ་མིན་དེ། ཕྱི་རྒྱལ་གྱི་ལུགས་སྲོལ་ལྟར་ཁྲག་དང་ཆུ་སེར་སོགས་བཤེར་ཁུའི་རིགས་མ་འཐེན་པ་དེ་ཐུགས་ལྗགས་སྤྱན་གསུམ་དང་རིལ་བུ་སོགས་འབབ་པའི་རྐྱེན་ཡིན་ལ། ད་དུང་མར་ཟག་ཡོང་ན་མེ་འབར་བའི་གསེབ་ན་གཤེར་ཁུ་དང་འདྲེས་པའི་ཤ་ལྡོག་གཅིག་གཉིས་རེ་མར་འགྲིལ་ནས་ཡོང་ཆོག་པ་ཞིག་ལོས་ཀྱང་ཡིན། འོན་ཀྱང་ཐུགས་ལྗགས་སྤྱན་གསུམ་སོགས་ཐོགས་མར་ཐབ་ཀྱི་འདབ་ལ་བབས་ཡོང་དུས་ནས་འབྱར་བསྡད་ཡོད་པ་ཞིག་མ་རེད། བབས་རྗེས་གཅིག་ཏུ་སྤུངས་པ་ཞིག་རེད། མ་ཟད་ལྷ་སྐུ་བབས་པ་སོགས་ཀྱང་ཚིག་ཟིན་པའི་རུས་པའི་ངོས་སུ་དཀར་ཐིག་གི་རི་མོ་དེ་འདྲ་ཡོད་པ་ལ། རི་མོ་དེ་དག་ལྷ་བཟོ་སོགས་ཀྱིས་གསལ་རུ་བཏང་པ་དན་དན་ཡོད་ཆོག་གི་རེད། འོན་ཀྱང་ཐོད་པ་མ་ཚིག་པར་མར་ལ་བབས་རྗེས། དེའི་ནང་དུ་ཐུགས་ལྗགས་སྤྱན་གསུམ་བབས་ཡོང་པའི་རྣམ་ཐར་སོགས་མཇལ་མྱོང་། དེ་བས་དེ་འདྲ་ཡོད་མེད་དེ་དང་པོ་སྐུ་ཕུང་བདག་པོ་རྒྱག་སྟངས་ནས་ཤེས་དགོས་པ་ལས། དེ་འདྲ་ཡོང་མི་སྲིད་པ་རེད་ཟེར་ནས་ཨུ་ཚུགས་རྐྱང་པས་མི་ཕན་ལ། དེ་འདྲ་ཡོད་པ་རེད་ཟེར་ནས་ཨུ་ཚུགས་རྐྱང་པས་ཀྱང་ཕན་པ་མ་ཡིན་ནོ།
ཞར་ལ་ཕུང་པོ་ས་ཆུ་མེ་རླུང་གང་ཞིག་ལ་བསྟུན་ན་ཡང་། བོད་ཀྱི་ལུགས་སྲོལ་ལྟར་ན་ཤི་ནས་ཉིན་བཞིར་མ་མཐའ་ཡང་ཕུང་པོ་འཇོག་དགོས་པ་ནི་ནག་རྩིས་ལུགས་རེད་ལ། ས་ཆུ་མེ་རླུང་གང་ཞིག་ལ་བསྟུན་ན་ཡང་ཕུང་པོ་དང་ཕུང་པོ་སྟེང་གི་ཁྲག་དང་ཆུ་སེར་སོགས་གཤེར་ཁུའི་རོགས་མཉམ་དུ་ཡིན་པ་ལས་ཁ་མི་བྲལ་པར་རང་སར་འཇོག་དགོས། འོན་ཀྱང་དེང་སང་ཨ་རི་སོགས་ཀྱི་ཁྲིམས་ལུགས་སྟེང་ན་མི་དེ་ཤི་ནས་ཆུ་ཚོད་བཅོ་བརྒྱད་རྗེས་སུ་ས་ཆུ་མེ་སོགས་གང་ལ་བསྟུམ་ན་ཆོག་པ་དང་། ཤི་རྗེས་ཕུང་པོ་ལས་ཁྲག་དང་གཤེར་ཁུ་སོགས་འཐེན་ཆོག་པ་ནི་ཁྱད་པར་ཡིན། འདི་སྐོར་ལ་མི་ཤི་བའི་སྐབས་སུ་ག་རེ་བྱེད་ཀྱི་ཡིན་མི་སོ་སོ་ལ་དྲིས་ན་དགེ་མཚན་ཆེ། ད་དུང་ཤི་ཁར་ཨ་རི་སོགས་ན་མང་པོ་ཞིག་སྨན་ཁང་དུ་བྲང་ཁར་གློག་བརྒྱབ་ནས་གསོན་དུ་རེ་བ་བྱེད་པ་ཡོད་ལ། བོད་ཀྱི་ལུགས་སྲོལ་ལ་ཤི་ཁར་དེ་འདྲ་མི་བྱེད་པར་ཁུ་སུམ་སུམ་བཞག་ནས་རྣམ་ཤེས་རྣལ་དུ་བབས་ནས་རང་གི་ཤི་བའི་ལམ་ཁ་གསལ་འདེབས་བྱེད་པའི་ལུགས་སྲོལ་ཀྱང་ཡོད། འདི་དག་ལ་མཆན་པ་རྣམས་ཀྱི་ཀྱང་ཁ་ཕར་ཕྱོགས་གཅིག་བུ་ལ་མ་འཁོར་བར་རང་ཕྱོགས་སུ་འཁོར་ནས། རང་ཉིད་ཤི་བའི་སྐབས་སུ་བདེ་འཇགས་ཀྱི་ཁུ་སུམ་སུམ་སེམས་རྩེ་གཅིག་གིས་གསོལ་འདེབས་བཞིན་ཤི་ན་དགའ་འམ། གློག་གི་བརྒྱབ་ནས་གསོན་དུ་རེ་ནས་སེམས་དཀྲུགས་ན་དགའ་སོགས་ལ་བསམ་ན་དགེ་མཚན་ཆེ་བར་སྣང་། དོ་རྒྱ་དགེ་སློང་གིས་དེ་སྐད་ཅེས་སྨྲས་སོ།།
གཙང་རིགས་ལགས་ཀྱི་གསུང་འདི་མདོར་བསྡུས་ཞིང་ཁ་གསལ་བོ་ཞིག་འདུག མ་ཟད་ཚུལ་ཁྲིམས་འབོད་པའི་དོགས་དཔྱོད་ལ་ཡང་ཞོར་དུ་སྐད་རེ་བཞག་འདུག ཡིན་ནའང་ཏན་ཏན་ཏིག་ཏིག་ཅིག་བློ་ངོར་ཤོང་དཀའ་བར་བརྟེན། ཅུང་ཙམ་དྲ་རྒྱས་བོ་ཞིག་གསལ་འགྲེལ་ཐུབ་པའི་རེ་བ་ཤིན་ཏུ་ནས་ཆེ།
མ་གཞི་ནས་བདག་ལ་ཆ་མཚོན་ན་ཆོས་གཞུང་ལ་རྒྱས་མངའ་ཆེར་མེད་སྟབས། ༼སྐུ་རྣམ་སྣང་ཆོས་བདུན་དུ་བཞུགས་སྐབས༽ལྟ་བུའི་གཞུང་ལུགས་འདི་རིགས་གོ་དཀའ་བས་ན། དོགས་དཔྱོད་འདི་ཁྱོན་ནས་མི་འོས་བ་ཞིག་རེད་དེ། སྐྱེ་བོ་ཀུན་གྱི་གཟུགས་པོའི་ཆགས་དབྱིབས་བསམ་ཡོང་དུས། སྤྱན་ལྗགས་ཐུགས་གསུམ་དྲང་ཐིག་གཅིག་ནང་ཐད་ཀར་འབབ་སྟངས་འདི་རྒྱུ་མཚན་ཆེ་གེ་བ་ཞིག་མེད་ཚེ།གཟུགས་པའི་ཆགས་དབྱིབས་རང་སྟེང་ན་ཐད་ཀ་ཐད་ཀར་ཤ་སྟག་ཞིག་མིན་པ་ཀུན་གྱིས་མཁྱེན་གསལ་རེད། དེའི་ཕྱིར་ནུས་སྟོབས་གང་འདྲ་ཞིག་ལ་བརྟེན་ནས་གཅིག་གི་ཐད་ཀར་གཅིག་བསྡུ་ཐབས་བྱུང་བ་ཡིན་ནམ། དེ་ཡང་དབུགས་ཀྱི་རྒྱུ་བ་མ་ཆད་པའི་ཡར་སྔོན་ལ་གཏན་འཁེལ་བ་ཞིག་ཡིན་ནམ། བར་འདི་ནས་ཚུལ་ཁྲིམས་འབོད་པས་་་མེར་བསྲེགས་མ་བཏང་བའི་སྔོན་དུ་སྤྱན་ལྗགས་ཐུགས་གསུམ་ཚུལ་ཅི་ལྟར་གནས་ཡོད་མེད། དྲི་རྟགས་དེ་འོས་ཤིང་འཚམས་པ་འདུག
མེས་མི་ཚིགས་བའི་གཟུགས་པོའི་ཆ་ཤས་ཞིག་ཡོད་ན། དེ་ལ་ཡ་མཚར་མི་སྐྱེས་ཐབས་མེད་རེད། ཞོར་དུ་རྒྱུ་མཚན་ཅིའི་ཕྱིར་དུ་མེས་མ་འཚིག་པ་ཡིན་ནམ། དྲི་བ་འདིི་བསམ་བཞིན་དུ་བཀོད་བསྒྲིགས་བྱས་བ་མིན་པར་ལྷུན་གྱིས་གྲུབ་པ་ཡིན།
མེས་མི་འཚིག་བའི་རྒྱུ་མཚན་འདི་དང་དེའོ་བསམ་པའི་བློ་གཏོད་སའི་རྟེན་གཞི་ཞིག འུ་ཅག་འཚོ་བའི་ཁྲོད་ན་ལྷམ་མེར་བ་ཞིག་ཡོད་དབང་དུ་བཏང་ན། སྤྱན་ལྗགས་ཐུགས་གསུམ་གཅིག་གི་སྒང་ལ་གཅིག་བབས་བའི་གོ་རིམ་འདི་བློ་ལ་མི་ངོས་བ་ཞིག་མ་རེད།
བསམ་བཞིན་དུ་དད་རྟེན་དུ་བཞག་བ་ཞིག་ཡིན་དབང་དུ་བཏང་ན། དེ་བས་ཀྱང་དོགས་པ་མང་ཙམ་བྱེད་འོས་བ་སྟེ། དུས་ཚིགས་ཀྱི་ཆ་བགོས་ནས་་་རྣམ་ཤེས་དང་བྲལ་བའི་རོ་ཕུང་ཞིག་གིས་གདམ་ག་བྱེད་མི་ཐུབ་བཞིན། མེར་ལྕེའི་ཀློང་ན་འབར་བའི་གཟུགས་ཕུང་འདིའི་རུས་རྐང་ཐལ་བའི་རྡུལ་དུ་གྱུར་རུང་། ཆ་ཤས་སྐོར་ཞིག་མེས་མ་འཚིག་པ་འདི་ལ་ཡ་མཚར་མི་སྐྱེས་གང་ལ་སྐྱེས། ཡ་མཚར་ནི་བློ་གཏོད་མ་ཐུབ་པའི་རྣམ་རིག དྲི་རྟགས་ཞིག་རེད།
གཞོན་ནུ་ཟླ་མེད་ལགས་ཐུགས་རྗེ་ཆེ།
ཁྱེད་ཀྱིས་སྐུ་ངལ་སྐྱོན་འདུག་པར་དེ་བས་ཀྱང་བཀའ་དྲིན་ཆེ།
ཁྱེད་ཀྱིས་ཐུགས་ལྗགས་སྤྱན་གསུམ་དེ་མཚོན་དོན་དང་སྦྱར་ཏེ་ཡག་པོ་གཅིག་གསུངས་འདུག
འོན་ཀྱང་དྲི་བར།
༡ ༼སྐུ་རྡོ་རྗེ་གྲུབ་པའི་མཚོན་དོན་ལ་སྤྱན་བབས། གསུང་རྡོ་རྗེ་གྲུབ་པའི་མཚོན་དོན་ལ་ལྗགས་བབས། ཐུགས་རྡོ་རྗེ་གྲུབ་པའི་མཚོན་དོན་ལ་སྙིང་བབས་པར་བཤད།༽
ཐུགས་ལྗགས་གཉིས་ཏེ་གསུང་དང་ཐུགས་གཉིས་ལ་སྦྱར་བ་སྟེ་རྒྱུ་མཚན་ཞིག་ཏུ་སྣང།
འོན་ཀྱང་སྐུ་རྡོ་རྗེ་གྲུབ་པའི་མཚོན་དོན་དེ་སྤྱན་ལ་ཇི་ལྟར་བྱེད་དེ་སྦྱོར་རིགས་སམ། སྤྱན་དང་སྐུ་གཉིས་ཀྱི་དབར་ལ་དམིགས་བསལ་གྱི་འགྲེལ་བ་དེ་འདྲ་གསུང་རྒྱུ་ཡོད་དམ།
༢ ཡང་གོང་དུ་དྲ་གྲོགས་ཞིག་གིས་
ས་པན་གྱིས་གསུངས་རེད་ཅེས་ནས་ལུང་འདྲེན་འདི་ལྟར་གནང་འདུག
༼ཐུགས་ལྗགས་སྐུ་གཟུགས་ལ་སོགས་པ།།
འབྱུང་བ་ཆོས་ནས་གསུངས་པ་མེད།༽
དེ་ལ་ཁྱེད་ཀྱི་ཇི་ལྟར་དགོངས་ཀྱི་ཡོད་དམ།
གཞན་ཡང་འདི་ལྟར་གསུངས་འདུག
༼འོན་ཀྱང་དེ་འདྲ་འབྱུང་བ་ཀུན།།
ཕལ་ཆེར་བརྫུན་མས་བྱས་པ་ཡིན།།
གལ་ཏེ་བདེན་པ་ཡིན་ན་ཡང་།།
ལུང་རིགས་གཉིས་ཀ་མེད་པའི་ཕྱིར།།
དེ་ལྟར་ན་ད་ལྟ་བོད་ཀྱི་ནང་བསྟན་ཆོས་རྒྱུད་ཀྱི་རྗེས་སུ་འཛིན་པའི་བླ་མ་ལས་སོགས་ལ་དེ་ལྟར་བྱུང་ཚུལ་ཤོད་པ་ཐམས་ཅད་རྫུན་མ་ཡིན་པར་དགོངས་ཀྱི་ཡོད་དམ།
དུས་ཁོམས་ཞིག་ཡོད་ན་ལན་ཞིག་གནང་བའི་རེ་བ་ཡོད།
བཟང་ངན་གཉིས་ཀར་ལུང་བསྟན་དཀའ།།༽
གཞོན་ནུ་ཟླ་མེད་ལགས་སླེབས་འདུག ཁ་གསལ་བོ་རེད།
དྲ་གྲོགས་མང་པོ་ཞིག་གིས་ཐུགས་ཟེར་བ་དེ་ད་དུང་སྒྲོ་འདོགས་མ་ཆོད་པར་བསྡད་ཡོད་ས་རེད། ཆོ་ག་མང་པོའི་ནང་ན་སྤྱི་བོར་ཨོཾ། མགྲིན་པར་ཨྰ། ཐུགས་ཀར་ཧྰུཾ། འདི་འདྲ་ཡོད་པ་རེད། ཐུགས་ཀ་ཟེར་བ་དེ་སྙིང་ཀ་ལ་གོ་དགོས། དེ་ལྟར་ན་ཐུགས་ཟེར་ན་སྙིང་ལ་གོ་རྒྱུ་ཡོད་པ་རེད། འདི་ནི་མིང་ཚིག་ཙམ་ལ་རྨོངས་པ་ཡིན་པས་གསལ་བྱེད་མང་པོ་བཤད་མི་འདོད།
ངས་ཀྱང་རང་ཉིད་ཀྱི་བསམ་ཚུལ་ཞིག་ཤོད་འདོད་བྱུང།
ཐུགས་ལྗགས་སྤྱན་གསུམ་ཞེས་པ་གཅིག་ཐོག་ཏུ་གཅིག་བརྩེགས་བྱུང་བའི་དོན་མིན་པར། གཞོན་ནུ་ཟླ་མེད་ཀྱིས་བཤད་པ་ལྟར། ཡི་དམ་ལས་སོགས་ཀྱི་སྐུ་གསུང་ཐུགས་བསྒོམ་པ་ལས་དེ་གསུམ་དུ་བྱུང་ཞིང། དེ་ནི་བླ་མའམ་ཉམས་ལེན་པའི་ལུས་ངག་ཡིད་གསུམ་ཡི་དམ་ལས་སོགས་ཀྱི་སྐུ་གསུང་ཐུགས་གསུམ་དུ་གྱུར་བའམ་གྲོལ་བའི་དོན་དུ་ཟད།
གཞན་ཡང་ཐུགས་ལྗགས་སྤྱན་གསུམ་ཞེས་པ་སྙིང་དང་ལྗགས་སྤྱན་གསུམ་མེ་ཡིས་མ་བཞུས་ཏེ་གསུམ་ཀ་འཛོམས་པའི་དོན་མིན་པར། ཐུགས་ལྗགས་སྤྱན་གསུམ་བཞུས་པའི་རྗེས་སུ་ཤ་རྡོག་གཅིག་གི་ཐོག་ཏུ་ཐུགས་དང། ལྗགས་དང། སྤྱན་གསུམ་གྱི་གཟུགས་དབྱིབས་ཀྱི་རྣམ་པར་དོད་པའམ་ཤར་བ་དེ་ལ་བརྗོད། དེ་ལ་དབུ་བུམ་རིལ་ཞེས་ཀྱང་བརྗོད།
དེ་ནི་རྟེན་གསུམ་གྱི་ནང་ཚན་ཞིག་ཀྱང་ཡིན།
རིང་བསྲེལ།
སྐྲ་ལས་ཡོངས་སུ་སྨིན་པའི་རིང་སྲེལ་ནག་པོ་ལྕགས་མདོག་འབྱུང་བ་དང༌། ཤ་ལས་ཡོངས་སུ་སྨིན་པའི་རིང་སྲེལ་སེར་པོ་གསེར་གྱི་མདོག རུས་ལས་ཡོངས་སུ་སྨིན་པའི་རིང་སྲེལ་དཀར་པོ་དུང་གི་མདོག ཁྲག་ལས་ཡོངས་སུ་སྨིན་པའི་རིང་སྲེལ་སྔོན་པོ་ཆུ་ཡི་མདོག དྲོད་ལས་ཡོངས་སུ་སྨིན་པའི་རིང་སྲེལ་དམར་པོ་མེ་ཡི་མདོག ཐིག་ལེ་ལས་ཡོངས་སུ་སྨིན་པའི་རིང་སྲེལ་འོད་ཆགས་ཤེལ་གྱི་མདོག ངག་ལས་ཡོངས་སུ་སྨིན་པའི་རིང་སྲེལ་ཡིག་འབྲུ་འཕྲུལ་གྱི་ཐོ་ཡིག སེམས་ཉིད་བོན་ཉིད་གྲུབ་པའི་རྟགས་སུ་རིང་སྲེལ་ཤ་རི་རམ་གྱི་མཚན་ཉིད་འབྱུང་བ་སོགས་གསུངས་སོ། རྫོགས་པ་ཆེན་པོའི་ལྟ་སྒོམ་སོགས་ཉམས་སུ་བླངས་པ་དང༌། ལྷ་ཡི་བསྐྱེད་རིམ་དང་རྫོགས་རིམ་ཟུང་དུ་འབྲེལ་བ་སོགས་ཉམས་སུ་བླངས་པ་ལས། སྐུ་གདུང་དང༌། སྐུ་གཟུགས། རིང་སྲེལ་སོགས་འབྱོན་པར་ཡང་བཤད་དོ། རིན་ཆེན་སྣ་ལྔ་སོགས་རྫས་ཕུན་སུམ་ཚོགས་པ་དང་ལྡན་པའི་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་གི་ཆོ་ག་བྱས་པའི་མེ་ཡི་ཕུང་ཤུལ་དུའང་རིང་སྲེལ་སྣ་ཚོགས་འཁྲུངས་པ་རྒན་རབས་ཉམས་མྱོང་ཅན་དག་གིས་ངག་ལམ་ནས་ཀྱང་རྣ་ཐོས་བྱུང༌། སྤྱིར་རིང་སྲེལ་དེ་དག་ཀྱང་ཉམས་ལེན་པ་དག་སྐུ་གཤེགས་རྗེས་སུ་འབྱུང་བ་གྲགས་ཆེ་ནའང༌། བླ་མ་དང་ཉམས་ལེན་པ་དག་སྐུ་འཚོ་བཞུགས་ཀྱི་སྐབས་སུའང༌། དབུ་སྐྲ་དང་མཚེམས་ལས་རིང་སྲེལ་བྱུང་བ་དང་འབྱུང་བ་མཐོང་ཐོས་སུ་ལགས་པས་སྐུ་གཤེགས་རྗེས་ཁོ་ནར་འབྱུང་བའི་ངེས་པའང་མེད་དོ།
ད་ང་ཚོས་མང་པོ་བཤད་བསྡད་པས་ཐག་ཆོད་དཀའ། དེ་ལས་རང་རང་སོ་སོས་ཐད་ནས་ལག་ལེན་ཐོག་ནས་ཉམས་མྱོང་བསགས་ན་བཟང་། ཉམས་མྱོང་བསགས་སྟངས་དེ་ཡང་ང་ཚོས་བླ་ཆེན་ཞིག་གི་སྐུ་ཕུང་ཞུགས་འབུལ་བྱེད་སྟངས་གཅིག་མཚུངས་ཁྱི་རོ་ཞིག་ཞུགས་འབུལ་བྱས་ན་ག་འདྲ་འདུག སྐབས་དེར་ཁྱིའི་མིག་སྙིང་ལྕེ་གསུམ་ཡང་ང་ཚོས་རེག་སྲིད། དེ་རེག་པའི་རྒྱུ་མཚན་ནི་མིག་ཆུའི་ལྒང་བུ་ཞིག་ཡིན་པ་དང་། སྙིང་ནི་ཁྲག་གིས་ཁེངས་པའི་ཤ་རྡོག་ཅིག་ཡིན་པས་དེ་གཉིས་ལམ་སང་ཚིགས་མི་ཐུབ་པར་མར་འགྲུལ་ཡོང་ངེས་རེད། དེ་བཞིན་ལྕེ་ཡང་ཤ་རློན་ཞིག་ཡིན་པས་ལམ་སང་མེས་ཚིགས་མི་ཐུབ་པར་ངེས། སྐབས་དེར་རང་རེས་ཨོ་ད་ཁྱི་རྒན་གྱིས་ཐུགས་ལྗགས་སྤྱན་གསུམ་ང་ཚོར་དད་རྟེན་ལ་གནང་སོང་། ཞེས་བཤད་ན་འགྲིག་གམ། ད་དུང་ཁྱི་རྒན་རྣམས་ཀྱི་རུས་པའི་སྟེང་ལ་ལྷ་སྐུ་འདྲ་བའི་རི་མོ་འདྲ་མིན་མི་འབྱུང་ཞེས་ང་ཚོས་ཐག་གཅད་མི་ཐུབ་ངེས་ཅན་ཡིན། ང་ཚོས་བྱེད་སྟངས་ཆ་ཚང་དེ་འདྲ་འདྲ་བོ་ཤ་སྟག་རེད།
རིང་སྲེལ་ནི་ཡང་ན་དམ་པ་དང་ཡང་སྡིག་ཅན་ལ་བབ། དཔེར་ཕག་རིང་སྲེལ་ཅན་གྱི་ཤ་ཟ་ན། ཤི་དམྱལ་བ་མི་འགྲོ་ཐེ་ཚོམ་མེད། ཟེར་བ་ལྟར་ཕག་པ་ཁ་ཤས་ལའང་རིང་སྲེལ་ཡོད།
གཞོན་ནུས་གསལ་བཤད་དེ་ཚོ་ཡིད་འཕྲོག་པ་ཞིག་རེད། བླ་རྒན་ཁྱོད་ལ་ཐུགས་རྗེ་ཆེ།
དོ་རྒྱ་དགེ་སློང་གིས་གསུངས་པ་དེ་ག་རང་རེད། སྐུ་གསུང་ཐུགས་རྡོ་རྗེ་གསུམ་པོ་འགྲུབ་པའི་མཚོན་རྟགས་ལ་སྦྱར་བ་ལེགས། དེ་སངས་རྒྱས་སོང་བ་རེད་ཟེར་ན་ཁྱབ་པ་མེད། མཆོག་གསུམ་དང་ལས་འབྲས་ལ་མེད་པར་ལྟ་བའི་ངོར་བརྒྱ་བཤད་སྟོང་བཤད་ཀྱང་ཡིད་ཆེས་དཀའ། འདི་ཡང་ཉམས་མྱོང་ཚད་མ་ཞིག་གིས་ཐག་བཅད་ན་མ་གཏོགས་ཁག་པོ་རེད། ཤི་ཚེ་ནམ་མཁའ་ནས་འཇའ་ཤར་བ་དང་ལུས་ལ་རང་བསྲེལ་འབབ་པ་དང་ཨོཾ་ལ་སོགས་ཡིག་གཟུགས་སྣ་ཚོགས་འབབ་པ་དེ་དག་སྐྱེས་བུ་རང་ཉིད་ཀྱིས་འབད་པ་དོན་ཡོད་བྱས་ནས་ཐར་ལམ་དུ་བསླེབས་པའི་རྟགས་མཚན་ཡིན་པ་གསུང་གི་ཡོད། རྗེ་མི་ལ་དགོངས་པ་གཤེགས་དུས་ནམ་མཁའ་ནས་འཇའ་ཤར་བ་དང་རྗེ་ཙོང་ཁ་བ་དགོངས་པ་གཤེགས་དུས་སྐུ་ལུས་འོད་ཀྱི་གོང་བུ་གྱུར་བ་སོགས་རྟགས་མཚན་སྣ་ཚོགས་ཡོང་གི་ཡོད་པ་རེད་མོད། ཐུགས་ལྗགས་སྤྱན་གསུམ་འབབ་པའི་ལོ་རྒྱུས་གསལ་བོར་མཐོང་མ་སོང་། སྔོན་ཆད་རྒྱུད་གྲྭའི་གྲྭ་བ་འགའ་རེའི་གདུང་རུས་ལ་གསང་འདུས་རྩ་རྒྱུད་ཀྱི་ཡི་གེ་རང་བྱོན་བབས་ཡོད་པ་གསལ་བོར་མཐོང་མྱོང་ཟེར་མཁན་དེང་སང་འདུག །དེ་བཞིན་བཅུད་ལེན་ལ་བཞུགས་མཁན་དག་གི་སྙིང་ཡང་མེའི་ནང་དུ་མི་ཚིག་པར་བཤད་གི་འདུག །ལ་དྭགས་ཆོས་འབྱུང་དུ་གྲུབ་ཆེན་བདེ་བ་རྒྱ་མཚོ་ཟེར་བ་ཞིག་གི་ལོ་རྒྱུས་ནང་ཁོང་བཅུད་ལེན་ལ་བཞུགས་མཁན་ཞིག་ཡིན་པ་དང་ཟས་རགས་པ་ཁྱོན་ནས་བཞེས་ཀྱི་མེད་པ་རེད། དགོངས་པ་གཤེགས་དུས་སྐུ་གདུང་མེ་ལ་བཞུས་རྗེས་སུ་སྙིང་མེ་ལ་མ་ཚིགས་པར་འོད་ཆེམ་ཆེམ་བཞུགས་ཡོད་པ་ལ་ཁོང་གི་སྐུ་བརྙན་བཞེངས་ནས་དེའི་གཟུངས་གཞུག་ཏུ་ཕུལ་ཡོད་པ་འབག་སྐུ་དེ་དེང་སང་གར་ཞ་ལུང་བ་ན་བཞུགས། ངས་མཇལ་མྱོང་།
རྫུན་གྱི་རྐྱལ་བ།
གཞོན་ནུ་ཟླ་མེད་དང་། ལ་སྟོད་བུ། ནག་ཐར་སྐྱིད་སོགས་ཁ་བརྡ་ཚང་གི་རྒྱན་ཆ་ལྟ་བུ་རེད། ཁོང་ཚོའི་བྲིས་པ་མང་ཆེ་བར་ལུང་རིགས་ཟུང་འབྲེལ་གྱི་བཤད་པ་ལེགས་ཅིང་། འབྲུ་དོན་སྣ་ཚོགས་ལ་ནང་དོན་གྱིས་ཕྱུག་པ་ཤ་སྟག་གོ ཀློག་མཁན་ངེད་ཚོ་བསོད་ནམས་ཆེ་བ་ལ།
ཀུན་ལ་ཡོད་པའི་རྒྱལ་ཁབ་ང་ཚོར་མེད། །ཀུན་ལ་ཡོད་པའི་ས་ཆའང་ང་ཚོར་མེད། །
ཀུན་ལ་མེད་པའི་ལྷ་སྒྲུང་ང་ཚོར་མང་། །སྙིང་ལྕེ་མིག་གསུམ་འབྱར་བ་ང་ཚོར་མང་། །
ཀུན་ལ་ཡོད་པའི་འཕྲུལ་ལས་ང་ཚོར་མེད། །ཀུན་མེད་སྤྲུལ་བསྒྱུར་ལྷ་སྒྲུང་ང་ཚོར་མང་། །
ཀུན་ལ་ཡོད་པའི་ལག་རྩལ་ང་ཚོར་མེད། །ཀུན་ལ་མེད་པའི་ངག་རྩལ་ང་ཚོར་ཡོད། །
ཀུན་ལ་ཡོད་པའི་ཕྱུག་པོ་ང་ཚོར་དཀོན། །ཀུན་ལ་མེད་པའི་སྤྲང་པོ་ང་ཚོར་མང་། །
ང་ཚོའི་བླ་གྲྭ་ཕལ་ཆེར་སྤྲང་པོ་ཡིན། །མི་ལ་ལག་ཟེད་རིགས་ལ་སྤྲང་པོ་ཟེར། །
ནམ་འཕངས་གཅོད་པའི་གནམ་གྲུ་ང་ཚོར་མེད། །བདེ་ཆེན་དག་ཞིང་འགྲོ་སྟངས་ང་ཚོས་ཤེས། །
འོད་དཔག་མེད་མགོན་གར་ཡོད་ང་ཚོས་ཤེས། །རྗེ་བཙུན་སྒྲོལ་མ་གར་ཡོད་ཀྱང་ང་ཚོས་ཤེས། །
སང་ཉིན་ག་རེ་འབྱུང་མིན་མི་ཤེས་ཀྱང་། །རྗེ་བཙུན་བྱམས་མགོན་ནམ་ཕེབས་ང་ཚོས་ཤེས། །
ཕ་ཡུལ་བོད་ཀྱི་ལོ་རྒྱུས་མི་ཤེས་ཀྱང་། །བསྐལ་བཟང་སངས་རྒྱས་སྟོང་གི་རྣམ་ཐར་ཤེས། །
ཤི་དུས་འཇའ་འོད་འཕྲོ་བར་ང་ཚོ་རེ། །མིག་ལྩེ་སྙིང་གསུམ་རྡོག་རྡོག་ཆགས་པར་རེ། །
ཕྱི་མར་དག་ཞིང་འགྲིམས་པར་ང་ཚོ་རེ། །གནའ་ནས་ད་དུང་བོད་འདི་རེ་བས་ཕོངས། །
སངས་རྒྱས་ཆོས་ལུགས་གི་གཞུང་ལ་གསལ་བའི་རིང་བསྲེལ་དང་།་ཕག་པའི་རུས་སྲེན་གཉིས་གཅིག་པ་ཨ་ཡིན་
ཕག་པའི་རུ་སྲེན་དེ་ན་ཚ་ཞིག་ལ་ངོ་འཛིན་བྱེད་གི་འདུག།
ཤི་ཉིན་ལ་འཇའ་ཚོན་ཤར་བས་ཕན་ཐོགས་མི་ཆེ༎
རུས་ཕུང་ལ་ལྷ་སྐུ་དོད་པས་ངོ་མཚར་མི་ཆེ༎
རུས་ཐལ་ལ་རིལ་བུ་བབ་རུང་དགེ་མཚན་མི་ཆེ །
དེ་འདྲ་ལ་རེ་སྟོང་མ་བཅོལ་ཤེས་རབ་ཅན་ཚོ༎
དཀྱིལ་འཁོར་ལ་བདུད་རྩི་འཁྱིལ་རུང་ཆེ་རྒྱུ་མི་འདུག །
གཏོར་མ་ལ་མེ་ལྕེ་མཆེད་རུང་འཇིགས་རྒྱུ་མི་འདུག །
སྒྲུབ་ཁང་ལ་དྲི་བཟང་འཐུལ་རུང་ཡག་རྒྱུ་མི་འདུག
དེ་འདྲ་ལ་མགོ་བོ་མ་འཁོར་ཕུགས་བསམ་ཅན་ཚོ༎
ལྷ་སྐུ་ཡིས་གསུང་སྐད་འབྱོན་རུང་དགའ་རྒྱུ་མི་འདུག །
སྒྲུབ་རྫས་ལ་འོད་སྣང་འབར་རུང་དད་རྒྱུ་མི་འདུག །
ས་རྡོ་ལ་སྐུ་འདྲ་བྱོན་རུང་མཚར་རྒྱུ་མི་འདུག །
དེ་འདྲ་དེ་གླེང་གི་མ་འདུག་རེ་བ་ཅན་ཚོ༎
ས་ཁུག་དང་ལུང་ཀྱོག་གི་རྨོངས་དད་འདྲ་མིན་སྣ་ཚོགས༎
གནའ་སྲོལ་གྱི་ཆོ་གའི་མིག་འཕྲུལ་སྟོན་སྟངས་མང་པོ༎
ཕན་ཐོགས་ཀྱི་རེ་བ་མེད་པ་ས་རིས་ཐང་གསལ༎
དེ་ཚོ་ལ་ཡིད་ཆེས་མ་བྱེད་ལ་རྒྱ་ཅན་ཚོ༎
མཆན་༡༡༩དེ་དོན་ལ་གནས་པ་ཤིག་ལགས། དེར་མངོན་པར་བསྟོད་དོ།།
རྣལ་འབྱོར་པས་རང་གི་ནང་གི་འབྱུང་བར་དབང་འདུས་ཐུབ་ན། ཕྱི་རོལ་འབྱུང་བ་ལ་ཡང་ཡ་མཚན་ཅན་འོང་རྒྱར་རྒྱུ་འབྲས་ངེས་པ་མ་རེད་དམ།
སྤོབས་པ་མཐའ་ཡས་ཀྱི་ཚིག་བཅད་འདི་ཀློག་སྤྲོ་བོ་བྱུང་། ཡིན་ནའང་ཡ་མཚར་རྒྱུ་མེད་ན་མེད་ལུགས་ཞིག་བཀོད་ན་ཡག་གི་རེད། སྙིང་བོ་ཅི་ཡང་མེད་ཀྱང་ཆོག དོན་གྱིས་སྟོང་བ་ཡིན་ལུགས་རེ་འདྲེན་ཐབས་བྱུང་ན་བཟང་གི་འདོད། རྨོངས་དད་ཀྱི་རྔམས་མཐུག་རུང་ཆེར་མི་སྐྱོན། རྨོངས་ཉིད་ལས་སད་པའི་ང་རོ་དེས་དཀྲོགས་བཞག་ན་འགྲིག་གི་རེད།
སེམས་ཀྱི་ཆོ་འཕྲུལ།
སེམས་ཀྱི་ཆོ་འཕྲུལ་བསམ་མི་ཁྱབ།།
ཐམས་ཅད་སེམས་ལས་བྱུང་བ་ཡིན།།
སེམས་ཡེ་ཤེས་འབྱུང་བའི་རྒྱུ།།
སེམས་ནི་འཁོར་བ་འཁོར་བའི་རྒྱུ།།
སེམས་ལ་མ་བརྟེན་གང་ཡང་མེད།།
སེམས་ཀྱི་བག་ཆགས་མཐུག་པོ་ལས།།
འཇིག་རྟེན་བདེ་སྡུག་སྣ་ཚོགས་བྱུང་།།
བདེ་ཚད་སེམས་ཀྱི་འགྱིང་བག་ཡིན།།
སྡུག་ཚད་སེམས་ཀྱི་རྟོག་པ་ཡིན།།
སེམས་ཀྱི་རླུང་གི་བྱོན་པ་ལས།།
ཐར་བའི་གྲོང་དུ་བགྲོད་ཀྱང་ཆོག།
འཁོར་བའི་གནས་སུ་འཕྱན་ཡང་ཆོག།
ལ་ལའི་འདོད་ཆགས་ཐར་བའི་རྒྱུ།།
ལ་ལའི་འདོད་ཆགས་འཁོར་བའི་རྒྱུ།།
རང་སེམས་གླང་བོ་མ་ཐུལ་བས།།
ཁ་ཆག་སྣ་རལ་བརྒྱུད་མར་འབྱུང་།།
ཐར་བའི་ཕན་ཡོན་ལེགས་ཤེས་པས།།
འཇིག་རྟེན་ཡོ་ལང་ཆམ་ལ་ཕབ།།
བདེ་གསལ་མི་རྟོག་ངང་གིས་འབྱུང་།།
སེམས་ཀྱི་དེ་ཉིད་ཤེས་ཙ་ན།།
སེམས་ལས་མ་བྱུང་གང་ཡང་མེད།
བཟང་ཚད་སེམས་ཀྱིས་བཟོས་པ་ཡིན།།
ངན་ཚད་སེམས་ཀྱིས་བཟོས་པ་ཡིན།།
རི་རབ་ཁང་ཁྱིམ་ལ་སོགས་དང་།།
གྲོང་དང་གྲོང་ཁྱེར་ལ་སོགས་པ།།
ཟླ་བ་ཉི་མ་ལ་སོགས་དང་།།
འབྱུང་བ་བཞི་ཡི་དཀྱིལ་འཁོར་སོགས།།
བར་སྣང་རྡུལ་ཕྲན་ལ་སོགས་པ།།
སེམས་ལས་བྱུང་བར་བདག་གིས་འདོད།།
དེ་ལྟར་ཁ་ནས་གང་ཐོན་མིན།།
ལུང་དང་རིགས་པའི་རྒྱབ་རྟེན་ཡོད།།
རྟེན་འབྲེལ་ཆོས་ཉིད་བཙན་རྫོང་ཡོད།།
མིག་བརྒྱད་པ་ལ་མིག་ཡོད་ན། །ཡང་དག་གནས་ལ་ཡང་དག་ལྟོས། །རྟེན་འབྲེལ་ཆོས་ཉིད་བཙན་རྫོང་ན། །རྟེན་འབྲེལ་འགལ་བ་འབྱུང་དོན་མེད། །མིག་ལྕེ་སྙིང་གསུམ་འབྱར་ཟེར་ན། །རྟེན་འབྲེལ་ཆོས་ཉིད་འགལ་བ་རེད། །
མིག་བརྒྱད་པ་ཁྱོད་ད་དུང་ཡང་། །བཟང་ཚད་སེམས་ཀྱིས་བཟོས་པ་དང་། །ངན་ཚད་སེམས་ཀྱིས་བཟོས་སོ་ཟེར། །འོ་ན་སེམས་ཉིད་གང་གིས་བཟོས། །བཟོ་ལུགས་བཟོ་སྟངས་ཇི་ལྟར་ཡིན། །ཡམ་ཡམ་མིན་པར་ཞིབ་མོར་ཤོད། །ཤོད་ཅིག་ཤོད་ཅིག་མིག་བརྒྱད་པ། །
སྟོན་པ་མཆོག་གི་ཞལ་སྔ་ནས།།རྩ་རླུང་ཐིག་ལེའི་གནས་ཚུལ་ལས།།སྙིང་གའི་རྩ་འདབ་ལས་གྱེས་ཏེ།།གནས་ནི་ཉེར་བཞི་གསུངས་པ་ནི།།སྐྲ་མཚམས་སྤྱི་བོ་སྨིན་མཚམས་དང་།།རྣ་བ་གཡས་གཡོན་ལྟག་པ་དང་།།མིག་གཉིས་ཕྲག་པ་གཉིས་སྟེ་བརྒྱད།།ཐུགས་ཀྱི་གནས་སོ་མཆན་ཁུང་གཉིས།།ལྟེ་བ་སྣ་རྩེ་ནུ་མ་གཉིས།།ཁ་དང་མགྲིན་པ་སྙིང་ག་དང་།།འབྲས་བུ་གཉིས་སྟེ་གསུང་གི་གནས།།རྟགས་ཀྱི་རྩེ་དང་བཤང་ལམ་དང་།།བརླ་གཉིས་སོར་མོ་བཅུ་དྲུག་དང་།།བྱིན་པ་གཉིས་དང་བོལ་གོང་གཉིས།།མཐེ་བོང་བཞི་དང་པུས་མོ་གཉིས།།བརྒྱད་པོ་སྐུ་ཡི་གནས་ཞེས་གསུངས།།བརྒྱད་གསུམ་ཉི་ཤུ་རྩ་བཞི་པོ།།ཐུགས་གསུང་སྐུ་ཡི་གནས་གསུམ་ཡིན།།ཉེར་བཞི་གསུམ་ཚན་རེ་ཕྱེ་བས།།རྩ་ནི་བདུན་ཅུ་དོན་གཉིས་པོ།།རེ་རེ་ལའང་སྟོང་ཕྱེ་བས།།སྟོང་ཕྲག་བདུན་ཅུ་དོན་གཉིས་པོ།།རྩ་ཁམས་རྟེན་འབྲེལ་དེ་ལྟར་ཡིན།།མིག་ལྕེ་སྙིང་གསུམ་རྩ་རྣམས་ནི།།རྩ་བ་གཅིག་ལ་ཟུག་པས་ན།།འགལ་བ་འབྱུང་དོན་མེད་པ་ཡིན། །སེམས་ཉིད་སྟོང་བ་ཉིད་ལས་བྱུང་།།སེམས་ལས་སྟོང་ཉིད་གུད་ན་མེད།།ཆོས་ཀྱི་དབྱིངས་ལ་དབྱེར་མེད་པའི།།གནད་འདི་མ་ཤེས་མ་གོ་བས།།ཐོག་མ་མེད་ནས་ད་ལྟའི་བར།།སེམས་ཀྱིས་བསླུས་པ་གྲངས་མེད་དོ།།
དྲ་གྲོགས་བློ་ལྡན་རྣམས་ཀྱིས་གུས་པའི་ཡི་གེ་ལ་སྤྱན་རས་གཡོ་བ་ཙམ་གྱིས་དགའ་ནས་ཡོད། བསྟོད་པ་བྱ་རིན་ཅང་ཡོད་ནི་མ་རེད། ལ་སྟོད་བུས་དྲི་བ་ཞིག་བཏང་འདུག ལན་ས་བཅད་མ་སྟོངས་ཙམ་ཕུལ་ན། དབང་རྟེན་ཁོག་པ་ལྔ་ནི་ལུས་ཀྱི་ཆ་ཤས་ཡིན་པས་རིགས་པས་དཔྱད་ན་གང་ཡང་རུང་པ་རིང་བསྲེལ་ལ་ཡོང་ཆོག་མོད། འོན་ཀྱང་སྤྱན་ནི་ལུས་ཀྱི་ཆ་ཤས་ཙམ་དུ་མ་ཟད། དེ་ལ་རྟེན་ནས་དད་པ་ཙམ་དུ་མ་ཟད་དད་པས་དྲངས་པའི་སྤྱན་ལྔ་མངོན་ཤེས་སོགས་འབྱུང་པའི་རྟེན་འབྲེལ་ཡོད་པས་ཡིན་ནམ་སྙམ་མོད། འོན་ཀྱང་མཁས་པའི་ཞལ་ལས་ཐོས་མ་མྱོང་པས་ཡིད་བརྟན་མེད།
གཞན་ས་སྐྱ་བླ་མའི་ལུང་རྣམས་ལ་ཕལ་ཆེར་ཞེས་ཁོང་གི་ཚིག་ཟིན་ལ་སྦྱར་འདུག་ན། ཆ་ཚང་རྫུན་མར་ཁོང་གིས་ཀྱང་ཐག་ཆོད་པོས་སྒོ་ནས་གསུང་ཐུབ་མི་འདུག བྱས་ཙང་ཕལ་ཆེར་རྫུན་མ་ཡིན་པས་ཐམས་ཅད་རྫུན་མར་བཤད་ཐུབ་ཀྱི་མ་རེད།
བླ་རྒན་ཟླ་མེད། དྲི་བ་ཞིག་ཡོད། ལན་ཞུ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །ཞེས་པའི་འགྲེལ་བ་གོ་བདེ་ཞིག་གནང་རོགས།
གོང་དུ་ཕལ་ཆེ་བས་རོ་ནས་རིང་སྲེལ་བབ་པའི་སྐོར་གསུངས་སོང་ལ་གཅིག་གིས་སྐྱག་པའི་ནང་ནས་རིང་སྲེལ་བབ་པ་ཡང་བཤད་སོང་། ངས་གཞན་ཞིག་གོ་བ་ནི་གང་ཟག་གསོན་པོ་ནས་རིང་སྲེལ་བབ་པ་དེ་རེད། དེ་འདྲ་སྲིད་དམ།
གསོན་པོར་བཞུགས་པའི་བླ་མ་སྐྱེས་ཆེན་དམ་པ་འགའ་ཞིག་གི་དབུ་སྐྲའི་གསེབ་ནས་རིང་བསྲེལ་བྱུང་བ་དང། སྐྱེས་ཆེན་དམ་པ་འགའ་ཞིག་གི་མཚེམས་ལས་རིང་བསྲེལ་འཁྲུངས་པ་ངས་མིག་མཐོང་ལག་ཟིན་ཡིན་པར་མ་ཟད། ད་ལྟ་སྟོན་རྒྱུའང་ཡོད། ང་ཡི་ངོས་ཤེས་ཞིག་གི་ཁོང་གི་ཕ་དམ་པ་དེ་མ་གྲོངས་གོང་དུ་སོ་ལས་འཁྲུངས་པ་ཞིག་སྟོན་རྒྱུ་བྱུང། ངོ་མ་ཡ་མཚན་པ་ཞིག་འདུག རིང་བསྲེལ་དེ་སོ་དང་མཉམ་དུ་འབྱར་བསྡད་པ་ཞིག་རེད་འདུག ཇི་ལྟར་བྱས་ཏེ་ཧ་གོ་བ་ནི། ཁོ་རང་གི་སོ་ཟུག་རྒྱབ་ནས་རྒྱ་གར་གྱི་སྨན་ཁང་ཞིག་ཏུ་ཕྱིན་པས་སྨན་པས་སོ་དེ་བཀོག་སྟེ་ཁོ་རང་ལ་སྤྲད་འདུག་དེ་ནས་ལྟ་དུས་སོ་ལ་རིང་བསྲེལ་ཡོད་པ་ཤེས་རྟོགས་ཐུབ་འདུག
ཡིད་ཆེས་ཡོད་ན་ངོ་མ་ཡིན། ཡིད་མ་ཆེས་ན་གནས་ཚུལ་ཁ་ཁ་རེད།
ཡ་དེ་ལྟར་རིང་སྲེལ་ཟེར་བ་ཞིག་ཤི་གསོན་གཉིས་ཀ་ཡིན་པའི་སྲོག་ཆགས་ལས་བབ་རྒྱུ་ཡོད་པ་བདེན་དུ་ཆུག་མོད། དེ་བབ་པའི་གཏན་ཚིགས་དེ་གང་ལས་བབ་པའི་ཡུལ་དེ་གང་ཟག་ཁྱད་པར་ཅན་རེེད་དམ།
སྐྱབས་སུ་འཆི། འདི་ཚོ་ལ་སེམས་བསམ་པའི་གཏིང་ནས་དད་འོས། དེ་མིན་དོགས་འདྲི་དང་གསལ་འདེབས་ནི་ལོས་འགྲིག
དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད།
སྔོན་འདིར་གཞོན་ནུ་ཟླ་མེད་ལགས་ཀྱི་གསུང་བ་གཞིར་བཞག་ནས་དཔྱད་ན། རོ་ཕུང་སྟེང་གི་ཆུ་སེར་དང་གཤེར་ཁུའི་རིགས་ཆ་ཚང་འཐེན་རྗེས། ཅི་ལྟར་མེར་ལ་བསྲེགས་ཀྱང་ཐལ་རྡུལ་ལས་གང་ཡང་འབབ་རྒྱུ་མེད་པ་ལྟར་ན། རིང་བསྲེལ་ཡང་དེ་བཞིན་གཟུགས་པོའི་གཤེར་ཁུ་དང་འབྲེལ་སྟབས། རྒྱུ་མེད་ན་འབྲས་བུ་མེད་པ་ཅི་བཞིན་རིང་བསྲེལ་མཁོ་ན་རོ་ཕུང་སྟེང་གི་གཤེར་ཁུའི་རིགས་ལ་བདག་གཅེས་དགོས་བར་འདོད་དོ།
ཞིབ་ཏུ་བསམ་ན་་་་རིང་བསྲེལ་དུ་འདོད་པའི་གཤེར་ཁུའི་རིགས་ལས་གྲུབ་པའི་རིལ་བུ་དེ་དག་མི་མ་ཡིན་པའི་སེམས་ཅན་གཞན་ལ་ཡང་འབྱུང་བར་འདོད་མཁན་དག་ཀྱང་ལས་སླ་བོ་མ་རེད། གོ་ཐོས་ལ་བོད་ཁྱིམ་ཞིག་གི་མི་རྒྱུད་ལ་རིང་བསྲེལ་དུ་འདོད་པའི་རིལ་བུ་དེ་རིགས་མང་བོ་འབྱུང་དང་འབྱུང་བཞིན་པ་རེད། ཡིན་ནའང་ཡ་མཚར་བ་དང་བྱིན་རླབས་ཅན་ཞིག་ཡིན་མིན། ད་དུང་རྩད་གཅོད་ཀྱི་གནས་རེད། མེར་བསྲེགས་གཏོང་བྱེད་ཀྱི་མེ་ཐབ་བཟོ་བཀོད་ཀྱིས་དབང་གིས་སམ། ཡང་ན་བོད་ཁྱིམ་དེ་བ་ཚང་གི་མི་རྒྱུད་ཀྱི་གཤེར་ཁུའི་རིགས་དམིགས་གསལ་བ་ཞིག་ཡིན་ནམ། ཡང་ན་ན་ཚ་ཞིག་གི་དབང་གིས་སམ། གང་ལྟར་ནང་བའི་ལྟ་སྤྱོད་དང་ཁ་འདོན་དགེ་སྒྲུབ་ལ་ལྷོད་མེད་དུ་བརྩོན་པའི་ནུས་སྟོབས་ཞིག་བྱུང་བ་མིན་ཚོད་འདུག
མེ་ཏོག་དཀར་པོ་ལགས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།། ཞེས་པའི་ལུང་དེའི་འགྲེལ་བ་ཡག་པོ་བློ་བུར་དུ་དྲན་མ་སོང་། ལུང་འདིའི་ནང་གི་བསམ་པ་དང་། ས། ལམ་གསུམ་ཐོག་མར་ཤེས་དགོས་ལ། འདིའི་ནང་གི་བསམ་པ་ནི། དགེ་བཅུ་མི་དགེ་བཅུ་སོགས་བསགས་དུས་ཀྱི་ཀུན་སློང་གི་བསམ་པ་དེ་ཡིན་པ་དྲན། ལས་བསགས་དུས་གཞི། བསམ་པ། སྦྱོར་པ། མཐར་ཐུག་པ་བཅས་ཀྱི་སྟེང་ནས་བསམ་བློ་གཏོང་དགོས་པ་འདྲ། དེ་ཡང་སྒྲ་བསྒྱུར་མར་བ་ལོ་ཙྰ་བས། རང་གི་དགེ་ཕྲུག་ལ་སྲས་མཁར་དགུ་ཐོག་བཞེངས་བཅུགས་པ་སོགས་སྡུག་ལས་སྣ་ཚོགས་སྤྲད་པ་ཚང་མ། བླ་མ་ཁོང་གི་བསམ་པ་བཟང་པོ་ཡོད་པས་ལས་ལམ་དེ་ཚང་མ་དགེ་བར་གྱུར་ཟེར་ནས་བཤད་ན་འབྱོར་མོ་ཞིག་རེད་བསམ་མོད། འོན་ཀྱང་། ས་ལམ་གཉིས་གཞི་མི་ལ་རས་པའི་བརྒྱུད་ཀྱི་ས་ལམ་ལ་གོ་དགོས་སམ། ཡང་ན་ལས་བསགས་པ་པོ་བླ་མ་མར་བའི་ཐུགས་བརྒྱུད་ཀྱི་ས་ལམ་ལ་གོ་དགོས་ནི་དོགས་པའི་གནས་རེད།
ལས་བསགས་པ་པོའི་བརྒྱུད་ལ་བསམ་བློ་བཏང་ནས་བཤད་ན། རོང་པ་ཚོས་ཕག་པ་གསོ་བའི་ཆེད་དུ་ཉིན་རེར་ཕག་པ་ལ་ཁ་ཟས་ཀྱི་སྦྱིན་པ་བཏང་ན་ཡང་། བསམ་པའི་ཀུན་སློང་ཕག་ཤ་ཡི་ཆེད་དུ་ཡིན་པས། སྦྱིན་པའི་ངོ་བོ་དཀར་པོ་ཡིན་ན་ཡང་བསམ་པ་ཀུན་སློང་མ་དག་པའི་དབང་གིས་ལས་ལམ་ནག་པོ་ཆགས་པ་རེད་ཟེར་ནས་བཤད་དགོས་པ་འདྲ། འདི་ལྟར་བཤད་ན་བསམ་པ་དང་ལམ་གཉིས་ཚིག་དང་མཐུན་པའི་སྒོ་ནས་འགྲེལ་བཤད་འབྱོར་འགྲོ་མོད། འོན་ཀྱང་ས་ཞེས་པ་དེར་འགྲེལ་བཤད་འབྱོར་མོ་ཞིག་དཀའ། འོན་ཀྱང་ང་ཚོའི་ཡིག་ཆ་འཇོག་མཁན་རྣམས་ཀྱིས་ལུང་དེ་འདི་འདྲ་ཞིག་གི་སྒྲུབ་བྱེད་ལ་དྲངས་ཀྱི་འདུག བསམ་པ་ཟེར་བ་ལས་བསགས་དུས་ཀྱི་ཀུན་སློང་དང་། ས་ལམ་ཟེར་བ་ལས་ལམ་དངོས་གཞི་གྲུབ་པའི་སྒྲུབ་བྱེད་ལ་དྲང་གི་འདུག
གཞན་ཞིག་ནི་མདོ་ལས། ཇི་ལྟར་གྲོང་ཁྱེར་སེར་སྐྱའི་མི་གཙང་ལུད།། དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན།། དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད།། དེ་ནི་སངས་རྒྱས་ཆོས་ནི་བསྐྱེད་ལ་ཕན།། ཟེར་བ་དང་གནད་གཅིག་པ་མི་འགྲོ་བསམ།།
ནག་ཐར་སྐྱིད་ལགས། དེ་བདེན་པ་རེད། སྔོན་མ་ལངས་པ་ཟེར་སའི་སྡེ་པ་ཞིག་ཡོད། དེ་ནས་ཨ་ཡེ་རྒན་མོ་ཅི་ཅི་ཧྥུན་ཙི་ཞིག་ཤི ཁོ་མོ་ནི་གུང་ཁྲན་གསར་པ་ཡོང་དུས་དཔའ་མོ་ཡོད་ན་མེད་ན་ཞིག་རེད། གྲལ་རིམ་འཐབ་རྩོད་སོགས་ལས་འགུལ་ཆེ་ཕྲ་ཚང་མའི་ནང་ན་བྱས་རྗེས་འབུར་ཐོན་ཅན་ཞིག་རེད། ཁོང་ཤི་དུས་ཆོས་སྒོ་ཕྱེས་ཡོད་པའི་སྐབས་ཞིག་རེད། བྱིས་པ་ཚོས་གུས་ཞབས་ཆེན་པོས་མོ་རང་བླ་མ་ཚོ་ནང་བཞིན་སྦྱིན་བསྲེགས་ཀྱི་ཐབ་བརྩིགས་ནས་བསྲེགས་པ་རེད། དེ་ཡང་དགེ་འདུན་པ་རྣམས་གདན་དྲངས་ནས་སྦྱིན་བསྲེགས་ཀྱི་ཆོ་ག་བཏོན་ནས། སྦྱིན་བསྲེགས་ཀྱི་རྫས་རྣམས་བླུག་ནས། སྦྱིན་བསྲེགས་བྱེད་སྐབས་རིལ་བུ་མང་པོ་དངུལ་ཆུ་ལྟར་བབས་ཡོང་པ་རེད། ཁོང་ཚོས་བདག་པོ་བརྒྱབ་ནས་ཐོག་མར་མི་ལ་བསྒྲགས་ནས་ཡ་མཚན་པ་དང་མོ་རང་ཡག་པོ་ཡིན་རབས་བསྒྲགས་པ་རེད། འོན་ཀྱང་སྡེ་བ་ཚང་མས་འཕྱ་སྨོད་བྱེད་ས་ཞིག་ཆགས་སོང་པས། རྗེས་སུ་དེ་གསང་པ་བྱེད་དགོས་ཆགས་པ་རེད། ད་དུང་ཡང་ཁ་ཤས་ཀྱི་ཁོ་ཚང་གི་ནང་མི་ཡོད་སར། ཅི་ཅི་ཧྥུན་ཙི་ལ་ཡང་རིང་བསྲེལ་འབབ་ནི་རེད་ཟེར་ན། ཁོང་ཚང་གི་མི་རྣམས་ཁོང་ཁྲོ་ཟ་ནས་རྒྱག་རེས་རྒྱག་གི་རེད།
མདོར་བསྡུས་ནས་བཤད་ན། རིང་བསྲེལ་ཁ་ཤས་ལ་ཡ་མཚན་དགོས་པ་གང་ཡང་ཡོད་པ་མ་རེད། འོན་ཀྱང་རིང་བསྲེལ་མང་པོ་ཞིག་ཡ་མཚན་པ་དེ་འདྲ་ཡང་ཡོད་པ་རེད། གོང་དུ་གཅིག་གིས་ཁྱི་ཡི་རིང་བསྲེལ་ལེན་གི་ཡིན་ཟེར་ནས་བྲིས་འདུག ཁྱི་ཡི་རིང་བསྲེལ་བླངས་ན་ཡང་ཁོ་རང་གིས་དད་རྟེན་དུ་ཉར་ན་མ་གཏོགས། ང་ཚོས་ནི་ཉར་མི་ཐུབ་ལ་དད་པ་ཡང་མི་བྱེད། ཁོ་རང་གི་ཁྱི་ཡི་རིང་བསྲེལ་ལེན་གི་ཡིན་ཟེར་དུས། ཁོ་རང་མི་ཡི་གདུལ་བྱ་་མིན་པར་ཁྱི་ཡི་གདུལ་བྱ་ཞིག་ཡིན་པ་འདྲ། མི་ཡི་བསམ་བློ་སྣ་ཚོགས་རེད་པ། ཁྱི་ཡི་གདུལ་བྱ་ཡང་ཡོད་པ་འདྲ་འདུག
ལ་སྟོད་བུས་བཤད་པའི་གསོན་པོ་ལ་རིང་བསྲེལ་འབྱུང་ལུགས་དེ་གཅིག་བྱས་ན་ཡིན་རྒྱུ་རེད། ངས་གོ་བ་བྱས་ན་རྒན་མོ་ལོ་བརྒྱད་ཅུ་ཅན་ལ་སོ་གསར་བ་སྐྱེས་པ་ལ་དུང་སོ་ཟེར་བ་ལས་རིང་བསྲེལ་ཟེར་བ་གོ་མ་མྱོང་མོད། དེ་འདྲ་སྐྱེས་མཁན་ཡོད་པ་དོན་དངོས་རེད།
རིང་བསྲེལ་ཟེར་བའི་ཚིག་གི་འགྲེལ་ནི། རིང་ནི་དུས་རིང་པོར་ཞེས་པའི་དོན། བསྲེལ་ནི་བཞག་པ་འམ་བསྡད་པའི་དོན། མདོར་ན་དུས་ཡུན་རིང་པོར་བཞག་པའི་དོན། གསེར་འོད་དམ་པ་མདོ་སྡེ་དབང་གི་རྒྱལ་བོ་ན་རིང་བསྲེལ་འདི་ལེའུ་གཉིས་པར་གསུང་ཡོད་པ་རེད། དེ་ཡང་གསུངས་སྟངས་ཀྱི་འབྲེལ་ནི་བཅོམ་ལྡན་འདས་རྒྱུ་གང་གི་ཕྱིར་སྐུ་ཚེ་རིང་པོ་བཞུགས་པའི་དྲི་བ་ཞིག་གི་ལན་ལས་འཕྲོས་ནས་གསུངས་ཡོད་པ་རེད། བཅོམ་ལྡན་འདས་ཀྱི་རིང་བསྲེལ་འཇིག་རྟེན་ལ་རྒྱུན་རིང་པོ་བཞུགས་པར་བྱང་སེམས་ཚོས་སྐུལ་མ་བྱས་པ་འདྲ་ཞིག་གི་རྣམ་པ་བསྟན་འདུག
བླུན་པོ་ཁྱི་སྣ་གར་འཁྲིད་ཀྱི་དཔེ་ལྟར་་
མི་གང་མང་ཞིག་གིས་དགག་པ་རྒྱག་མདོག་གི་སྐད་ཆ་འདྲ་མིན་བཤད་ཀྱིན་འདུག
སྤྱིར་འི་ཅག་བོད་མི་རིགས་འདི་དངོས་གནས་སྙིང་རྗེ་བོ་ཞིག་རེད་མི་སྒེར་རེ་ཟུང་ལྟ་བ་གསར་མདོག་དང་དུས་རབས་ཉེར་གཅིག་པའི་
མི་ཡིན་མདོག་བྱེད་རྐྱང་བྱེད་ཁུལ་བྱས་་་་དོན་དུ་དུས་རབས་འདིའི་དངོས་པོ་གང་གི་ཡང་བཞུགས་མི་ཆོད་མཁན་ཤ་སྟག་ཡིན་འདུག་པ་སྨོས་མེད། ཁྱེད་ཚོའི་ལྟ་རྒྱ་འདི་ལ་ངས་སེམས་གཏིང་ནས་སྙིང་རྗེ་བཞིན་འདུག་
གོང་གི་བླ་མ་དག་གང་ནས་རེད་འདུག རྣམ་ཐར་ཤེས་མཁན་ཡོད་ན་འདིར་བཀོད་རོགས།
ཟླ་མེད་ལགས། ཚིག་རིས་ལ་ལྟ་དུས་བསམ་པ་བཟང་ངན་གཉིས་རྒྱུར་བཞག ས་ལམ་བཟང་ངན་གཉིས་འབྲས་བུར་བཞག་འདུག དེས་ན་ས་ལམ་ཞེས་པ་སྐྱེ་འཕགས་ཀྱི་ཡོན་ཏན་གྱི་གཞིར་གྱུར་པའི་ས་ལམ་ལ་བཞག་ན་དེ་ནི་དུས་ནམ་ཡང་བཟང་བ་མ་གཏོགས་དེའི་རྒྱུར་གྱུར་པ་བསམ་ངན་དང་། འབྲས་བུ་ས་ལམ་ངན་པ་ཞིག་ག་ལ་ཡོད་སྙམ། དེ་ལྟར་མིན་ནམ།
ཁྱེད་ཀྱིས་ཕྲན་པའི་ལན་གནང་བར་བཀའ་དྲིན་ཆེ། ཡིན་ནའང་མར་པ་དང་མི་ལ་སྦྱར་དགོས་པ་གང་ཡིན་ནམ།
མེ་ཏོག་དཀར་པོ་ལགས། ཚིག་རྐང་འདིའི་ས་དང་ལམ་ཟེར་བ་དེ་སྐྱེས་འཕགས་བརྒྱུད་ཀྱི་ས་ལམ་ལ་གོ་ན་ཚིག་ཙམ་འགྲིག་ན་ཡང་གཞུང་གི་སྤྱི་རྐང་དང་གཏན་ནས་མི་འགྲིག དེ་བས་ནས་ངས་དགེ་བཅུ་མི་དགེ་བཅུའི་ལས་བསགས་སྐབས་ཀྱི་ལས་ལམ་ལ་སྦྱར་ནས་བཤད་ཡོད། དེ་ལྟར་བཤད་ན་གཞུང་སྤྱི་རྐང་དྱང་འགྲིག་གི་རེད། ཡང་བསྐྱར་སྒྲ་བསྒྱུར་མར་བས་མི་ལར་སྡུག་ལས་བཏང་པ་དང་སྤྱར་ནས་བཤད། འདིའི་སྐབས་སུ་ལས་བསགས་སྐབས་གཞི་མི་ལ་རས་པ་རེད། བསམ་པ་སྒྲ་བསྒྱུར་མར་བའི་བརྒྱུད་ཀྱི་ཕན་སེམས་རེད། སྦྱོར་བ་སྲས་མཁར་དགུ་ཐོག་བཞེངས་པ་དང་བཤིག་བཅུགས་པ་དེ་རེད། མཐར་ཐུག་སྒྲུ་བསྒྱུུར་མར་བའི་བརྒྱུད་ཀྱི་ད་འགྲིག་སོང་བསམ་པ་དེ་རེད། དེ་ལྟར་ན་ལས་དེའི་སྦྱོར་དངོས་མཇུག་གསུམ་ཐམས་ཅད་གྲུབ་པ་རེད།
སྒྲ་བསྒྱུར་མར་ལ་བཤད་དོན་ནི། ང་ཚོའི་གོ་སླ་བའི་ཆེད་དུ་ཡིན། དེ་ཡང་སྦྱོར་བའི་སྟེང་ནས་དོགས་པ་ཡོད་པ་རེད། སྦྱོར་བ་རྩུབ་པོ་བྱས་ཡོད་པས་རེད། སྦྱོར་བ་རྩུབ་པོ་དེ་འདྲ་ལ་མི་རྣམས་དོགས་པ་ཟ་བ་ཙམ་དུ་མ་ཟད། གཞུང་ལུགས་ན་ཡང་ནག་པའི་ལས་སུ་བཤད་ཡོད་པ་རེད། གཞུང་ལུགས་ནས་ནག་པའི་ལས་སུ་བཤད་པའི་མཐའ་དཔྱོད་པ་ལྟ་བུར་སྤྱོར་བ་ནག་ན་ཡང་ལས་ལམ་དཀར་པོར་འགྱུར་བ་ཡོད་པ་རེད་ཟེར་བའི་ཆེད་དུ། དཔེ་དེ་བཀོད་ནས། དེ་ལྟ་ཡོད་པའི་སྒྲུབ་བྱེད་གཞུང་ལུགས་དང་འཕྲོད་མིན་ཐད། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཟེར་བ་དང་འཕྲོད་ཀྱི་འདུག བཤད་པ་ཡིན་ལགས། འོན་ཀྱང་ད་དུང་བགྲོ་གླེང་བྱེད་དགོས་ས་ཡོད་ཀྱི་རེད། འདི་ལས་བསོགས་ཚུལ་ཡིན་པས། ལམ་རིམས་སོགས་ན་ཚར་གསུམ་རེ་མཐའ་ཡང་ཡོང་གི་ཡོད་པ་རེད། ༡ མི་དགེ་བཅུའི་ལས་གསོག་ཚུལ་ལས་དང་། ༢ རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་གཉིས་པ་ལས་བསོག་ཚུལ་ལས། ༣ བདེན་བཞི་སྐབས་སུ་ཀུན་འབྱུང་བདེན་པའི་ནང་ཚན་ལས་ཀྱི་ཀུན་འབྱུང་བཤད་པའི་སྐབས་སུ་སོགས་ལས་ཤེས་དགོས་པ་རེད།
ལ་སྟོད་བུས་བཤད་པའི་གསོན་པོའི་སྐབས་ཀྱི་རིང་བསྲེལ་ལ་ས་སྐྱ་བས་འདི་འདྲ་གསུངས་འདུག གསོན་པོའི་ལུས་ལ་བརྫུན་མེད་པར། །རིང་བསྲེལ་འཛག་པ་ལ་སོགས་པ། །བླུན་པོ་རྟགས་སུ་བྱེད་མོད་ཀྱི། །མཁས་པས་འདི་འདྲ་མཐོང་གྱུར་ན། །བར་ཆད་རྟགས་སུ་ཤེས་པར་གྱིས། ། ཞེས་ཀྱང་གསུངས་འདུག
ཞོན་ནུ་ཟླ་མེད་ལགས།
ཤིག་ལ་རྒྱུ་མ་མི་རྒྱང་རོག་ཞུ། དུས་ཚོད་འདི་རིན་ཐང་ཆེན་པོ་རེད། ས་དང་ལམ་ཟེར་བ་ནི་དོན་ཅིག་མིང་གི་རྣམ་གྲང་ཁ་སྐད་ལ་ལས་དང་ལམ་འགྲོ་ཟེར་བ་རེད་དོན་དུ་རྩ་བའི་སེམས་བཟང་པོ་ཡོད་ན་ལས་དང་ལམ་འགྲོ་ཡག་པོ་ཡོང་གི་རེད་ཟེར་བ་རེད།
རྟགས་དང་རྫུ་འཕྲུལ་སོགས་ག་རེ་སྟོན་རྒྱུ་ཡོད་ནའང༌། བླ་མ་རང་ཉིད་འཚོ་ཞུགས་ཀྱི་སྐབས་སུ་སྟོན་དགོས་པ་ལས། གཤེགས་ཚར་ནས་རིང་བསྲེལ་སོགས་འཇོག་པ་ནི། དགོས་ཆེད་དེ་ཙམ་མེད་པའི་བྱ་བ་ཞིག་ཏུ་ཟད་དོ།།
ཨོ་gonpo་དེ་འདྲ་མ་གསུང་མ་གཏོགས།
ས་དང་ལམ་གཉིས་དོན་གཅིག་ཡིན་པར་ལུང་གང་ནས་གསུང་འདུག་གམ།
མ་གཞི་ནས་གཞོན་ནུ་ཟླ་མེད་རིག་པ་ཅན་དེ་ཡིས་བསྒྲུབ་ངེས། ས་དང་ལམ་གཉིས་དོན་གཅིག་ཏུ་འདོད་ན། ལམ་ཡིན་ན་ས་ཡིན་པས་ཁྱབ་པར་ཐལ། དེ་ལྟར་ན། རིགས་ངེས་བྱང་སེམས་དཔའི་ལུགས་ལ། རིགས་ངེས་ཐེག་ཆེན་ཚོགས་ལམ་ཆོས་ཅན། ས་ཡིན་པར་ཐལ། ལམ་ཡིན་པའི་ཕྱིར། ས་ཡིན་པར་འདོད་ན། ས་བཅུ་བོ་གང་ཡིན།
ས་བཅུ་ལས་ས་དང་པོ་ཐོབ་པའི་ས་མཚམས་ནི་ཐེག་པ་ཆེན་པོའི་མཐོང་ལམ་ནས་ཐོབ་དགོས་ཤིང་དེ་ནས་ས་གཉིས་པ་གོམ་ལམ་ནས་རིམ་བཞིན་ཐོབ་པ་ཡོངས་སུ་གྲགས་པ་ཞིག་རེད་འདུག
གཞོན་ནུ་ཟླ་མེད་ནས་ལན་གནང་བར་བཀའ་དྲིན་ཆེ།
གསོན་པོའི་སྐབས་སུ་དབུ་སྐྲ་དང། སོ་ལས་རིང་བསྲེལ་འཁྲུངས་པ་མིག་མཐོང་ལག་ཟིན་ཡིན་པར་ཞུས་ཡོད།
མངོན་སུམ་ལ་རྒྱང་འཕེན་པས་ཀྱང་ཕུལ་རྒྱག་མི་སྲིད།
ཆོས་རྒྱུད་འགའ་ཞིག་གི་རྗེས་འབྲང་པས་གྲུབ་རྟགས་དང་རྫུ་འཕྲུལ་ལས་སོགས་རྫུན་མ་དང་ཡ་མཚན་ཆེ་རྒྱུ་མེད་མདོག་བཤད་ཀྱི་འདུག་དེ་འདྲ་རང་ད་ཡིན་ནམ། སྒྲུབ་ནས་གྲུབ་པའི་རྟགས་ཤིག་འབྱུང་བ་ནི་ཆོས་ཉིད་རེད།
ལ་སྟོད་ཀྱི་སྐད་ཆ་ལ་གོ་རྒྱུ་ཡོད། སྔ་མོ་བླ་མ་གྲོངས་ནས་ཐུགས་དམ་བཞུགས་འདུག་ཟེར་དུས་དགེ་ལུགས་པ་ཁ་ཅིག་གིས་དེ་ཧ་ལས་རྒྱུ་ཅི་ཡོད་བསྟན་པའི་བདག་པོ་སྟོན་པའང་ཐུགས་དམ་བཞུགས་མིན་འདུག་ག་ཟེར་རྫིག་རྫིག་བཤད་གི་རེད། དེ་དུས་ཧ་ལམ་དགེ་ལུགས་པར་ཐུགས་དམ་སྐོར་ལ་རྒྱུས་མེད་དུས་རེད། ཕྱིས་ཁང་ཚན་གྱི་དགེ་རྒན་ཞིག་གྲོངས་ནའང་ཕལ་ཆེར་ཞག་བདུན་ནམ་ཅིག་ཅིག་ཐུགས་དམ་ལ་བཞུགས་ཞེས་ཟེར་རྐྱང་རེད།
དེ་ཡིན་དུས་སྤྱིར་གྲུབ་རྟགས་དེ་ཉོན་མོངས་གཏན་ནས་བཅོམ་པའམ་མགོ་གནོན་སོགས་རེད་མོད། ཉོན་མོངས་འཆོམ་པའི་རྟགས་ལ་ས་གཡོ་བ་དང་། འཇའ་ཟུག་པ། དྲི་བཟང་ཁྱབ་པ་སོགས་ཀྱི་རྟགས་མཚན་ཡ་མ་ཟུང་ཡང་འོངས་ལོས་ཆོག སྟོན་པས་ཆོ་འཕྲུལ་གསུམ་གྱི་སྒོ་ནས་ཆོས་གསུངས་པའི་དགོས་པ་དང་། སེམས་ཅན་ཁམས་དབང་བསམ་པ་མི་འདྲ་བས་རང་རང་གི་དད་པའི་གནས་ཀྱང་མི་འདྲ་བ་དང་། ཁྱད་པར་དེང་དུས་ཕྱི་རྫུ་འཕྲུལ་གྱི་གནས་ལ་སྐྱེ་བོ་རྣམས་དད་མགྱོགས་པས་འདི་འི་ཚུལ་ཡང་ཅིའི་ཕྱིར་གལ་མི་ཆེ་སྟེ་ཆེའོ་སྙམ་མོ།།
སྐུ་ཚེ་གང་བོ་ལྟོ་སྐྱ་གོས་ཧྲལ་དུ་བསྡད་པ་ཚོས་དད་ལྡན་བསོད་ནམས་ཀྱི་ཞིང་སར་མངོན་སུམ་མིག་ལ་སྣང་བའི་རྟགས་ཡ་མཚན་ཅན་བཞག་ན་དེར་རེད་དང་མ་རེད། ཡིན་དང་མིན་གྱི་རྩོད་པ་དེ་འདྲ་གནང་དགོས་ཨེ་ཡོད།
དེས་ན་ས་སྐྱ་དང་རྙིང་མའི་ཆོས་བརྒྱུད་དྲི་མ་མེད་པ་རྣམས་ཁ་ལ་ཁྱེར་ནས། བཅོམ་ལྡན་འདས་ཀྱི་མནའ་བཟའ་བག་མེད་དུ་སྤྱོད་ཅིང། ཐ་ན་བུ་མོ་རྣམས་ཀྱི་རྐུབ་ལའང་གཟན་ཤབ་བཏང་སྟེ་འཁྲིག་པ་སྤྱོད། འཁྲིག་པ་སྤྱད་དེ་བྱིས་པ་སྐྱེ་བ་རྣམས་ཀྱང་སེར་པོ་དམར་པོ་རེ་གོན་ནས་ཁྲི་ཁར་བཞག། སེམས་ཅན་ལ་དབང་བསྐུར་དུ་འཇུག་པ་ལ་སོགས་པའི་གནས་སྟངས་དེར་ཅི་བྱ། ཁྱེད་ཚོར་ཁ་ཀྱག་ཀྱག་བྱས་ནས་ཤོད་རྒྱུ་ཡོད་དམ།
བུ་མོའི་རྐུབ་ཏ་ཨའུ་ཙི་རེད། བུའི་རྐུབ་ལ་་་་ འུམ་ད་གཡུག་ཞོག
རྩོམ་འདི་འོག་ནས་དགོངས་པ་ཞུ་གི་ཡིན། ཁ་སྡིག་ལག་སྡིག་མང་པོ་བསགས་སོང་། དགོངས་དག
ལ་སྟོད་བུ།
བཀྲ་ཤིས་བདེ་ལེགས།
དང་པོ་བོད་སྐད་ཡག་པོ་ཞིག་མཁྱེན་པ་གནང་། ས་ལམ་ཟེར་བ་དེ་ནང་ཆོས་བོད་ནང་མ་དར་གོང་ལ་ཡོད་པའི་
ས་སྐྱེས་རྡོ་སྐྱེས་ཤིག་རེད། ལས་སླ་པོ་ཞིག་ཁག་པོ་གཏོང་བ་ནི་འཚོ་ཐབ་ལ་གོམ་འདྲིས་སོང་བའི་བག་ཆགས་ཞིག་རེད་མོད། དུས་རབ་ཉེར་གཅིག་འདིར་ང་ཚོ་ཁ་ཡོད་ལག་ཡོད་དང་གནད་ལ་ཁེལ་བའི་གོ་བ་གལ་ཆེན་པོ་རེད། ཐ་སྙད་ལ་མཐའ་ཡོད་པ་མ་རེད་ལ་རྣམ་རྟོག་ལ་ཡང་མཐའ་ཡོད་མ་རེད། མི་ཚེ་ནི་དེ་འདྲ་མ་རེད། སྐབ་ཐོབ་ལུང་དེའི་དོན་གོ་བདེ་བར་བཤད་ན་སེམ་བཟང་ན་ས་དང་ལམ་འམ་ལས་དང་ལམ་འགྲོ་ཡག་པོ་ཡོང་གི་རེད་ཟེར་བཤད་གི་ཡོད། དེ་ཡང་གཞུང་ཆེན་ཁག་ནས་གསུང་བའི་ས་ལམ་དང་སྦྱར་དགོས་དོན་གང་ཡོད། ས་བཅུ་ལམ་ལྔ་ཟེར་ཡག་དེ་ས་མེད་བའི་ལམ་དང་ལམ་མེད་བའི་ས་ག་ན་ཡོད། དེར་རྟེན་བསམ་བློ་གུ་ཡངས་པོ་དང་གོ་བདེ་བོ་གནང་དང་། མཁས་འདོད་གི་ཀུན་ནས་བླང་ནས་མགོ་ཉོག་ལུང་པ་གང་བཟོ་བ་ནི་བསམ་པ་ངན་པ་རེད། ས་དང་ལམ་ནི་སྐྱེས་བུ་ཆུང་ངུའི་བློ་སྦྱོང་ཙམ་མེད་པར་སྐྱབས་གནས་འདྲེ་ལ་བཅོལ་བའི་ཐ་སྙད་མཁས་པ་ག་ཚད་འདུག་གཟིགས་དང་དམང་ཁྲོད་ཁ་བརྡ་དྲ་བ་ལ་གཟིགས་དང་ངེས་ཤེས་རེ་ཨ་ཡོང་ལགས།
gonbo ལགས་སྐུ་ཉིད་ཀྱིས་གཞུང་དེའི་དོན་བཀྲལ་བ་ཤིན་ཏུ་ལེགས། འོན་ཀྱང་མེ་ཏོག་དཀར་པོའི་དྲི་བ་དེ་འདྲ་མ་རེད། ཁོང་གིས་གཞུང་ལུགས་ལ་མཐའ་བཅད་པའི་ཚུལ་གྱི་དྲི་བ་བཏང་ཡོད་པ་རེད། དེ་བས་ན་གཞུང་ལུགས་ལ་མཐའ་དཔྱད་པའི་ཚུལ་གྱི་ལན་མ་བཏབ་ན་ཁོང་གི་དྲི་བ་དང་འཚམ་པོ་ཡོད་པ་མ་རེད། དེ་ཡང་གཞུང་ལུགས་དེར་བློ་རབ་འབྲིང་དབང་གིས་གོ་བ་རབ་འབྲིང་མཐའ་གསུམ་ཡོང་ཆོག་པར་མ་ཟད། ལས་དང་པོ་པ་ཁྱོད་ལྟ་བུ་ལ་གཞུང་ལུགས་ལ་མཐའ་དཔྱོད་པའི་ཚུལ་གྱིས་བཤད་ན་མགོ་ན་བ་ཡང་ཁེགས་ཡོད་པ་མ་རེད། དེ་བས་ན་གོམས་པ་དང་པོ་སྤོ་མཁན་ལ་ཁྱོད་ཀྱིས་བཤད་པ་ལྟར་ཤིན་ཏུ་ལེགས། འོན་ཀྱང་རྗེས་མ་ནས་གཅིག་གིས་དྲི་བ་བཏང་ཡོང་དུས། དྲི་བ་གཏོང་མཁན་གྱི་བསམ་པའི་རྒྱབ་ལྗོངས་དང་། ཁོང་གི་དྲི་བ་ལ་བརྟག་ནས་ལན་འདེབས་དགོས་པ་རེད།
མ་ཟད་གཞུང་ལུགས་གི་བབས་ལ་ཡང་བརྟག་དགོས་པ་རེད། གཞུང་ལུགས་དེ་གང་ཞིག་ཏུ་གསུང་མིན། དེ་མཁས་པ་རྣམས་ཀྱི་ཕྱོགས་གང་ཞིག་ཏུ་འགྲེལ་གྱི་ཡོད་མེད། གཞུང་སྤྱི་བཤད་ཡིན་ནམ། ཡང་ན་གཞུང་ལུགས་ཞིག་བཤད་ཟིན་ནས་དེའི་མཐའ་དཔྱོད་ལ་གསུངས་པ་སོགས་ལ་ཡང་བརྟག་དགོས་པ་རེད། ཐམས་ཅད་ཐོག་མར་ཚིག་ཟིན་ལ་གོ་བ་གཅིག་བུས་ཚིམ་བསྡད་ན་ཡང་བསྐྱེད་ཡོད་ནི་མ་རེད་ལགས།
གཞོན་ནུ་ལགས།
ང་ཁྱེད་རང་དང་མཉམ་དུ་གང་བྱུང་མང་བྱུང་བཤད་འདོད་ཆེན་པོ་འདུག་གང་ཡིན་ནམ། ང་རང་ཡང་ཧ་གོ་མ་སོང་།
ལས་དང་པོ་པའི་གང་ཟག་ཐ་མ་ང་དགེ་བའི་བཤེས་གཉེན་མཆོག་ནས་ནིའུ་ཡོག་ལ་མི་གཡོག་རྒྱུག་དུ་སྐྱབས་འཇུག་གནང་ན་ག་འདྲ་འདུག དྲི་བ་དེ་ལ་གོ་བ་རབ་འབྲིང་ཐ་གསུམ་གྱི་འཇག་ལན་ཞིག་ཡོད་པར་ཞུ།
gonpo་
ལགས་བཀྲ་ཤིས་བདེ་ལེགས།
དེ་འདྲ་ད་སྐུ་རླུང་བཞེངས་དགོས་ཨ་ཡོད་ན་བསམ་བྱུང།
ངས་བོད་སྐད་དག་མ་བཤད་ཤེས་ཀྱ་ཡོད་བསམ་བྱུང། ངས་ང་མཁས་པ་ཡིན་ཞུས་མེད། ངས་ང་ལས་དང་པོ་བ་ཡིན། ང་ཐ་མལ་པ་ཡིན། ཟེར་བ་ལས་སོགས་ཀྱང་ཞུས་མེད། ཚིག་དེ་རིགས་ནི་མཁས་འདོད་སྟོན་གྱི་ཡོད་རེད། བོད་པས་ནམ་ཡང་ང་མཁས་པ་ཡིན་ཟེར་གྱི་མ་རེད། ཡིན་ནའང་ཁེངས་སྐྱུངས་པའི་ཚུལ་དུ། ང་ཐ་མལ་པ་ཡིན། ང་ལས་དང་པོ་བ་ཡིན་ལས་སོགས་རང་ལ་ངན་མཚངས་འདོན་ཁུལ་དེ་རིགས་ནི་དོན་དུ་ང་མཁས་པ་ཡིན། ཞེས་པའི་དོན་རེད། ད་དེ་ཚོ་གཡུག་ཞོག གཞན་ཡང་གཞོན་ནུ་ཟླ་མེད་ཟེར་བ་རིགས་པ་སྨྲ་བ་པ་རེད། དེ་ཚོ་ལའང་ཉམས་ཚོད་ལེན་དགོས་ཀྱི་མ་རེད། དྲི་བ་ཁ་ཐུག་ཏུ་དྲིས་ན་ཡིད་མི་ཆེས་པ་དེ་འདྲ་ཡོད་མདོག་ཁ་བོ་མ་རེད་
ལྷག་པར་དུ་འདིར་ས་དང་ལམ་་་་་བསམ་པ་བཟང་ན་ས་དང་ལམ་ཡང་བཟང། ཞེས་པའི་སྐོར་རེད་འདུག་གའ བྱས་ཙང་དྲི་བ་དྲིས་ལན་གང་དུའང་བསམ་པ་བཟང་པོ་ཞིག་འཁྱེར་དགོས་པ་ལས། ཚིག་མཚོན་དང་གཞན་སྐུར་དེ་ཚོའང་བསམ་པ་ངན་པས་ཀུན་སློངས་གིས་བྱས་པ་རེད། བྱས་ཙང་ས་དང་ལམ་དེ་ཚོ་ཐག་རིང་གི་སྐད་ཆ་ཞིག་རེད།
ཨ་ལས་ད་ཁྱེད་རང་གིས་བྱས་དུས། ས་དང་ལམ་དོན་གཅིག་ཡིན་ཟེར་བ་དེ། འཇིག་རྟེན་ཕལ་པའི་ནང་གི་སྐད་ཆ་དེ་ཚོ་ཡིན་ས་རེད། དེ་ཡིན་ན་གནས་ཚུལ་ཁ་ཁ་རེད།
ལ་སྟོད་བུ་ལགས།
དགོངས་དག་ཞུ་ང་དེང་སང་སེམས་ཁམས་བདེ་བོ་རང་མི་འདུག་ཨ་རག་འཐུང་ཡག་ཅུང་མང་སོང་བས་ལན། གང་ལྟར་རྣམ་རྟོག་དགྲར་ལང་ཁང་སྟོང་རྐུན་མ་འདྲ། ནོར་ལ་ཐོབ་ཤོར་མེད་པས་དགོངས་སེལ་ཞུ།
gonpo
ལགས་དེ་འདྲ་གསུང་མི་དགོས།
སེམས་པ་བཟང་ཙམ་གྱིས་དང་ཆང་རག་འཐུང་དགོས་ཆགས་ཀྱི་མ་རེད།
ཆང་གི་ཉེས་དམིགས་དེ་ཚོར་གཟིགས་ཙམ་གནང་དང་གཅིག་བྱེད་ན་ཕན་ཐོགས་སྲིད།
རང་གི་ཡོན་ཏན་བསམས་ནས། སེམས་པ་ལྷོད་ལྷོད་གྱིས་དང་། ཕན་ཡང་སྲིད།