སྤྲུལ་སྐུ་དབང་ཆེན་ནས།།
ཞོགས་དུང་རྟོག་སད་ཅོང་བརྡའི་ཚིག་དོན་རྨོངས་ཞེན་མཚོན་ཆ་པགས་པའི་རིགས།
ནག་གནས་རི་དྭགས་རྔོན་པའི་ཆ་སྤྱད་ཆོས་ལྡན་བོད་ལ་མི་མཛའ་ཞེས།
དུང་དཀར་སྙན་མོ་ཞལ་ནས་བུས་ཡང་ཉི་མའི་ཟེར་ལ་འུག་པའི་མིག
མི་བཟོད་གཡོ་ཅན་གཡམ་རྒྱུགས་མཁན་དག་ཚིག་གིས་དམག་དཔུང་བསྡུས་སོ་སྐད།།
མཁས་དབང་ཚུལ་བློ་རིག་པའི་ཁྱུ་མཆོག་ལྷག་བསམ་རབ་དཀར་ཀུ་མུད་གཉེན།
ཞོགས་པའི་དུང་བརྡས་བསིལ་རླུང་གཡབ་ཏེ་རང་རིགས་རྒན་གཞོན་བར་གསུམ་ལ།
གླེན་ལྐུག་གདོལ་སྤྱོད་གྲི་དང་པགས་རིགས་གོས་རྒྱན་ལུས་ལ་མ་འཆང་ཞེས།
གསེར་ལས་དཀོན་པའི་འཚོ་བའི་ལམ་སྟོན་བསླབ་བྱ་ཡིད་བཞིན་ནོར་བུ་བརྩལ།།
གོང་ས་བླ་མས་ཐུགས་རྗེའི་ཉི་ཟེར་བོད་མིའི་ཞིང་སར་གཤིན་པོར་འཕྲོས།
ཀུ་མུད་གཞོན་ནུའི་གྲོགས་དང་འགྲོགས་ཏེ་རྨོངས་བློའི་མ་རིག་མུན་བསལ་ནས།
བོད་ཡུལ་ལྟོད་སྨད་བར་གསུམ་ཀུན་དུ་རང་མོས་དང་བླངས་མཚོན་ཆ་དང་།
མི་གཅིག་ཆེ་ཆུང་གཅན་གཟན་པགས་རིགས་ཡོངས་རྫོགས་བཀག་ཟེར་གློ་བ་སྤྲོ།།
རླབས་ཆེན་ཐུགས་བརྩེའི་གཞན་ཕན་འོད་སྣང་རྨོངས་བློའི་འཇིག་རྟེན་ཆེར་གཡོས་ཡང་།
ཞོ་ཤས་འཚོ་བ་ངན་ངོན་ཙམ་བརྟེན་རྗེས་ལུས་རང་རིགས་རོང་འབྲོག་ཚོགས།
ཧོབ་རྒྱུག་ཚོད་མེད་རང་བརླགས་མ་གནང་རན་ཙམ་རང་ཚུགས་ཟིན་པས་ཐོགས།
རང་ལུས་བསྲུང་ནས་དགོས་མེད་རྒྱན་གོས་རིང་ཙམ་བྱས་ནས་སྤོངས་གལ་ཆེ།།
རིན་གོང་ཆེ་བའི་རིན་ཆེན་རིགས་རྣམས་རྡོ་བརྡུང་བཅག་གྲུམ་མི་མཛའ་ལ།
སྡུག་གསོག་ཁྲག་རིན་གོས་རྙིང་ནོར་རྫས་མེར་གཞོབ་ཐལ་སྐྱ་ཐལ་ཆེ་ལ།
ཀི་རིང་བཏབ་ནས་བོའུ་རིང་བཅག་ཏེ་དཔའ་རྒོད་དགྲ་ཞིག་ཐུབ་མདོག་ཡང་།
སྤྱོད་ངན་བྱས་ནས་སྤྱོད་ངན་སྤངས་པ་དེ་ཡང་དགོས་གལ་མི་ཆེ་སྙམ།།
ནོར་རྫས་ཡོད་ཚད་རྒྱབ་ལ་བཏགས་ནས་ཕྱུགས་ཀྱི་སྤུ་བཞིན་འཁུར་དགོས་མེད།
བྱིན་རྟེན་ལྷ་སྐུ་ཐག་པས་བསྡམ་ནས་སྐེ་ལ་རོ་བཞིན་འདེགས་དགོས་མེད།
རྒྱུ་རྙིང་རྩ་ཆེན་རྩ་བ་ཕུད་ནས་ཁྲོམ་ལ་རྡོ་བཞིན་གཡུག་དགོས་མེད།
དེང་རབས་འགྱུར་ཡང་རྒྱུ་ནོར་ནོར་བའི་རིན་ཐང་འཛམ་གླིང་ཀུན་ན་གནས།།
མཁས་པས་ཤ་ཚས་གཏམ་ལ་མ་རུང་བདུད་ཀྱིས་ཚིག་ཞེས་རྒོལ་ཀྱང་ཆོག
རྩ་བའི་བླ་མས་བཀའ་གསུང་མིག་གཉིས་བཙུམས་ནས་བསྒྲུབ་ཡང་ཆོག
བཀའ་གསུང་བསླབ་སྟོན་གཙོ་བོ་བོད་མིའི་ཀུན་སྤྱོད་དེང་རབས་དང་།
བསྟུན་ཞེས་གདམས་པ་མ་གཏོགས་རྒྱུ་དངོས་བསྲེགས་ཞེས་ཁྲིམས་བཅད་མེད།།
ལུས་ལ་མི་མཛའ་གནའ་བོས་སྲོལ་རྙིང་ཁྱིམ་ཕུག་བཞག་ན་ནོར་རྫས་ཡིན།
སྐེད་ལ་མི་མཛའ་གནའ་གྲི་རིང་ཐུང་མཛོད་ལ་བཞག་ན་ལྟད་མོ་ཆེ།
ཀུན་དང་མི་མཐུན་ནང་ཁུལ་གསོད་རེས་འཚམས་འཇོག་ཆོས་དང་མཐུན་པ་བཟང་།
འཛམ་གླིང་སྔོན་ཐོན་མི་ལ་གཟིགས་དང་མི་མཛེས་ཐམས་ཅད་བསྲེགས་པ་མེད།།
དེང་རབས་གསར་བའི་སྤྱི་ཚོགས་ཁྲོད་ན་གནའ་རྫས་གོ་ས་གནམ་ལས་མཐོ།
ཤེས་བྱའི་ཡུལ་གྲུ་འཕྲུལ་རིགས་དཀྱིལ་ན་སྲོལ་རྒྱུན་རིགས་གནས་རང་མལ་ཉལ།
འགྲེམ་སྟོན་སྤྱན་གཟིགས་ཁང་བརྩེགས་དབུས་ན་གདོད་མའི་འཚོ་བའི་ངོ་བོ་བརྗིད།
རྩ་ཆེས་དངོས་རྫས་རྩ་མེད་བཏང་བ་མི་རིགས་ཞིག་གི་གྱོང་གུད་ཡིན།།
ལོ་རྒྱུས་ཀློགས་དང་གནའ་རབས་ནུབ་ཕྱོགས་རང་ཡུལ་ལས་ཀྱང་གདོལ་སྤྱོད་གྲགས།
ཉེ་སར་གཟིགས་དང་ཤར་ཕྱོགས་ཀུན་ལ་ལོ་མང་སྔོན་དུ་སྲོལ་རེ་དར།
ད་ལྟ་ཐམས་ཅད་དེང་རབས་གྱུར་ཡང་གནའ་བོའི་རྒྱུ་ནོར་མཛོད་ནང་ཉར།
དེ་ལ་བསམ་ན་བོད་མིའི་རིག་གཞུང་མཚོན་རྟགས་རྡོ་ལ་བརྡབ་པ་ཕངས།།
རྩ་བའི་བླ་མ་གཙུགས་ཏུ་བཀུར་ན་བཀའ་གསུང་རྟོགས་ནས་བཀའ་བཞིན་སྒྲུབས།
དེང་རབས་མཁས་པར་རྩི་འཇོག་གནང་ན་ཡག་ཉེས་བླང་དོར་འབྱེད་པ་གཅེས།
རང་ཡུལ་བོད་རིགས་ཡར་རྒྱས་དགོས་ན་རི་བོང་ཅལ་འདྲོགས་བྱེད་མ་བཅུག
རིག་གཞུང་གཅིག་པའི་རིགས་ལ་དྭངས་ན་རང་དོན་བཞིན་དུ་ཕྲག་ལ་ལོངས།།
སྤྱི་ཚོགས་འཁྲེག་པོའི་གླེན་པས་ཨུ་ཚུགས་འཁྱོག་པོའི་གཞུ་མོ་རབ་བཀུག་ནས།
དྲང་བདེན་ཟུར་གནས་དཔྱོད་ཤེས་མདའ་མོ་སྤོབས་པས་རྒོད་སྒྲོའི་རླུང་ཞོན་ཏེ།
རྨོངས་པའི་ཁྱུ་ཚོགས་སྤྱང་ཀི་དར་མའི་སྙིང་དཀྱིལ་གནད་དུ་བསྣུན་པས་མཐུས།
བོད་མི་ཉམ་ཆུང་ལུག་རྫིའི་འཚོ་བ་ཁྱིམ་ནོར་གཡང་གཞིས་སྐྱོང་བར་སྨོན།།
ཅེས་ཟླ༦ཚེས༡༠སྤྱི་ལོ༢༠༡༢ ལ་བྲིས་པའོ།།
གང་ཤེས། མང་པོ་ཞིག་སྟུ་སྐུ་རིན་པོ་ཆེའི་གསུངས་འདུག། སྟག་གཟིག་པགས་པ་དགོས་མཁན་ཞིག་ཡིན་པ་འདྲ། ད་ག་རེ་བྱས་ཀྱང་བོད་པ་རྒྱ་དགའ་མ་གཏོག་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་བྱས་ནས་ཤར་སྤྱོད་བྱེད་མཁན་ཞིག་ལས་མེད་པ་མཐོང་ཡོད་ངེས། འདི་སྐད་དུ། བླ་མའི་བཀའ་དགོངས་སྒྲུབ་ཟེར་སྟག་གཟིག་པགས་པར་ཉར་དགོས་ཟེར། བླ་མའི་གསུངས་ལ་བསྟོད་ཟེར་བཀའ་ལ་ལོག་པ་བལྟ་ཞིང་ལོག་འགྲེལ་བྱེད། དམ་ཉམས་དམ་ལོག་སྤྲུལ་མིང་ཞིག་གི་དམ་པའི་ཆོས་ཀྱི་ནང་དོན་མ་རྟོགས་པས། འཚེ་མེད་ལྟ་གྲུབ་བྱམས་དང་སྙིང་རྗེ་གདོད་མའི་བོད་ལ་འགྱུར་དགོས་ཟེར། དམར་ཟས་ཟ་ཞིང་དམར་མཆོད་ཕུལ་བའི་གདོད་མའི་ཡུལ་སྲོལ་དད་གུས་བྱེད་དགོས་ཟེར། གཅེར་བུ་འགྲོ་འམ་དུད་འགྲོའི་པགས་རྒྱན་ཡ་རབས་སྲོལ་བཟུང་བརྩི་དགོས་ཟེར། དྲག་མཚོན་མདའ་གཞུ་ལུས་ལ་ཁུར་ཞིང་ནང་འཁྲུག་ནང་དམེ་སྲོལ་རྒྱུན་ཟེར། བླ་མའི་བཀའ་ལས་དེ་འདྲ་མིན་པ་བོད་པས་དུས་རིམ་ཟིན་དགོས་གསུངས། བྱམས་དང་སྙིང་རྗེ་བོད་མིའི་རྒྱུད་ལ་འཇག་ན་ཡ་རབས་གཤིས་བཟང་གྲལ་དུ་འགྲོ། དུད་འགྲོའི་པགས་རྒྱན་གཞན་སྲོག་གཅོད་པའི་གནའ་ལུགས་བསྒྱུར་ནས་ཁྲེལ་དང་ངོ་ཚ་ཤེས་པའི་མི་རིགས་ཞིག་ཏུ་རེ། གནའ་ལུགས་དེང་ལུགས་ཆགས་ན་མཐོ་སྒང་བོད་པ་རྗེས་ལུས་མེད་པར་འཛམ་གླིང་འདུན་དུ་མགོ་འཕོང་ཡར་ལ་བསྟོད། བླ་མའི་བཀའ་ལས་འདི་ལྟར་ཞིག་ལས་སྟུ་སྤྲུའི་གསུངས་པའི་ཚིག་དོན་ཇི་བཞིན་ག་ལ་ཡིན།
དགོས་མེད་ཀྱི་སྲམ་གཟིག་པགས་རིགས་མེ་ལ་བསྲེགས་པ་ནི་བོད་མི་རིགས་ཀྱི་ཡིད་ཆེས་དང་སྙིང་སྟོབས་ཞིག་ཡིན་པ་མ་ཚད་གཅིག་སྒྲིལ་དང་བྱམས་སེམས་ཀྱི་མཚོན་རྟགས་ཞིག་ཀྱང་ཡིན། བོད་མི་རིགས་ཀྱི་གནའ་བོའི་སྲོལ་ངན་དེའི་རིགས་འགྲེམས་སྟོན་ཁང་དུ་རྗེས་དྲན་དུ་མ་བཞག་ཀྱང་འཛམ་གླིང་མི་མང་གི་ཤེས་ཚོད་རེད།
།།གོས་རྒྱན་མེ་ལ་བསྲེགས་ཞེས་རྩ་བའི་བླ་མས་བཀའ་གསུང་མིན།།
ཞོགས་དུང་རྟོག་སད་ཅོང་བརྡའི་ཚིག་དོན་རྨོངས་ཞེན་མཚོན་ཆ་པགས་པའི་རིགས།
ནག་གནས་རི་དྭགས་རྔོན་པའི་ཆ་སྤྱད་ཆོས་ལྡན་བོད་ལ་མི་མཛའ་ཞེས།
དུང་དཀར་སྙན་མོ་ཞལ་ནས་བུས་ཡང་ཉི་མའི་ཟེར་ལ་འུག་པའི་མིག
མི་བཟོད་གཡོ་ཅན་གཡམ་རྒྱུགས་མཁན་དག་ཚིག་གིས་དམག་དཔུང་བསྡུས་སོ་སྐད།།
མཁས་དབང་ཚུལ་བློ་རིག་པའི་ཁྱུ་མཆོག་ལྷག་བསམ་རབ་དཀར་ཀུ་མུད་གཉེན།
ཞོགས་པའི་དུང་བརྡས་བསིལ་རླུང་གཡབ་ཏེ་རང་རིགས་རྒན་གཞོན་བར་གསུམ་ལ།
གླེན་ལྐུག་གདོལ་སྤྱོད་གྲི་དང་པགས་རིགས་གོས་རྒྱན་ལུས་ལ་མ་འཆང་ཞེས།
གསེར་ལས་དཀོན་པའི་འཚོ་བའི་ལམ་སྟོན་བསླབ་བྱ་ཡིད་བཞིན་ནོར་བུ་བརྩལ།།
གོང་ས་བླ་མས་ཐུགས་རྗེའི་ཉི་ཟེར་བོད་མིའི་ཞིང་སར་གཤིན་པོར་འཕྲོས།
ཀུ་མུད་གཞོན་ནུའི་གྲོགས་དང་འགྲོགས་ཏེ་རྨོངས་བློའི་མ་རིག་མུན་བསལ་ནས།
བོད་ཡུལ་ལྟོད་སྨད་བར་གསུམ་ཀུན་དུ་རང་མོས་དང་བླངས་མཚོན་ཆ་དང་།
མི་གཅིག་ཆེ་ཆུང་གཅན་གཟན་པགས་རིགས་ཡོངས་རྫོགས་བཀག་ཟེར་གློ་བ་སྤྲོ།།
རླབས་ཆེན་ཐུགས་བརྩེའི་གཞན་ཕན་འོད་སྣང་རྨོངས་བློའི་འཇིག་རྟེན་ཆེར་གཡོས་ཡང་།
ཞོ་ཤས་འཚོ་བ་ངན་ངོན་ཙམ་བརྟེན་རྗེས་ལུས་རང་རིགས་རོང་འབྲོག་ཚོགས།
ཧོབ་རྒྱུག་ཚོད་མེད་རང་བརླགས་མ་གནང་རན་ཙམ་རང་ཚུགས་ཟིན་པས་ཐོགས།
རང་ལུས་བསྲུང་ནས་དགོས་མེད་རྒྱན་གོས་རིང་ཙམ་བྱས་ནས་སྤོངས་གལ་ཆེ།།
རིན་གོང་ཆེ་བའི་རིན་ཆེན་རིགས་རྣམས་རྡོ་བརྡུང་བཅག་གྲུམ་མི་མཛའ་ལ།
སྡུག་གསོག་ཁྲག་རིན་གོས་རྙིང་ནོར་རྫས་མེར་གཞོབ་ཐལ་སྐྱ་ཐལ་ཆེ་ལ།
ཀི་རིང་བཏབ་ནས་བོའུ་རིང་བཅག་ཏེ་དཔའ་རྒོད་དགྲ་ཞིག་ཐུབ་མདོག་ཡང་།
སྤྱོད་ངན་བྱས་ནས་སྤྱོད་ངན་སྤངས་པ་དེ་ཡང་དགོས་གལ་མི་ཆེ་སྙམ།།
ནོར་རྫས་ཡོད་ཚད་རྒྱབ་ལ་བཏགས་ནས་ཕྱུགས་ཀྱི་སྤུ་བཞིན་འཁུར་དགོས་མེད།
བྱིན་རྟེན་ལྷ་སྐུ་ཐག་པས་བསྡམ་ནས་སྐེ་ལ་རོ་བཞིན་འདེགས་དགོས་མེད།
རྒྱུ་རྙིང་རྩ་ཆེན་རྩ་བ་ཕུད་ནས་ཁྲོམ་ལ་རྡོ་བཞིན་གཡུག་དགོས་མེད།
དེང་རབས་འགྱུར་ཡང་རྒྱུ་ནོར་ནོར་བའི་རིན་ཐང་འཛམ་གླིང་ཀུན་ན་གནས།།
མཁས་པས་ཤ་ཚས་གཏམ་ལ་མ་རུང་བདུད་ཀྱིས་ཚིག་ཞེས་རྒོལ་ཀྱང་ཆོག
རྩ་བའི་བླ་མས་བཀའ་གསུང་ཟབ་མོ་མིག་གཉིས་བཙུམས་ནས་བསྒྲུབ་ཡང་ཆོག
བཀའ་སློབ་བཀའ་གསུང་བསླབ་སྟོན་གཙོ་བོ་བོད་མིའི་ཀུན་སྤྱོད་དེང་རབས་དང་།
བསྟུན་ཞེས་ལམ་སྟོན་གདམས་པ་མ་གཏོགས་རྒྱུ་དངོས་བསྲེགས་ཞེས་ཁྲིམས་བཅད་མེད།།
ལུས་ལ་མི་མཛའ་གནའ་བོས་སྲོལ་རྙིང་ཁྱིམ་ཕུག་བཞག་ན་ནོར་རྫས་ཡིན།
སྐེད་ལ་མི་མཛའ་གནའ་གྲི་རིང་ཐུང་མཛོད་ལ་བཞག་ན་ལྟད་མོ་ཆེ།
ཀུན་དང་མི་མཐུན་ནང་ཁུལ་གསོད་རེས་འཚམས་འཇོག་ཆོས་དང་མཐུན་པ་བཟང་།
འཛམ་གླིང་སྔོན་ཐོན་མི་ལ་གཟིགས་དང་མི་མཛེས་ཐམས་ཅད་བསྲེགས་པ་མེད།།
དེང་རབས་གསར་བའི་སྤྱི་ཚོགས་ཁྲོད་ན་གནའ་རྫས་གོ་ས་གནམ་ལས་མཐོ།
ཤེས་བྱའི་ཡུལ་གྲུ་འཕྲུལ་རིགས་དཀྱིལ་ན་སྲོལ་རྒྱུན་རིགས་གནས་རང་མལ་ཉལ།
འགྲེམ་སྟོན་སྤྱན་གཟིགས་ཁང་བརྩེགས་དབུས་ན་གདོད་མའི་འཚོ་བའི་ངོ་བོ་བརྗིད།
རྩ་ཆེས་དངོས་རྫས་རྩ་མེད་བཏང་བ་མི་རིགས་ཞིག་གི་གྱོང་གུད་ཡིན།།
ལོ་རྒྱུས་ཀློགས་དང་གནའ་རབས་ནུབ་ཕྱོགས་རང་ཡུལ་ལས་ཀྱང་གདོལ་སྤྱོད་གྲགས།
ཉེ་སར་གཟིགས་དང་ཤར་ཕྱོགས་ཀུན་ལ་ལོ་མང་སྔོན་དུ་སྲོལ་རེ་དར།
ད་ལྟ་ཐམས་ཅད་དེང་རབས་གྱུར་ཡང་གནའ་བོའི་རྒྱུ་ནོར་མཛོད་ནང་ཉར།
དེ་ལ་བསམ་ན་བོད་མིའི་རིག་གཞུང་མཚོན་རྟགས་རྡོ་ལ་བརྡབ་པ་ཕངས།།
རྩ་བའི་བླ་མ་གཙུགས་ཏུ་བཀུར་ན་བཀའ་གསུང་རྟོགས་ནས་བཀའ་བཞིན་སྒྲུབས།
དེང་རབས་མཁས་པར་རྩི་འཇོག་གནང་ན་ཡག་ཉེས་བླང་དོར་འབྱེད་པ་གཅེས།
རང་ཡུལ་བོད་རིགས་ཡར་རྒྱས་དགོས་ན་རི་བོང་ཅལ་འདྲོགས་བྱེད་མ་བཅུག
རིག་གཞུང་གཅིག་པའི་རིགས་ལ་དྭངས་ན་རང་དོན་བཞིན་དུ་ཕྲག་ལ་ལོངས།།
སྤྱི་ཚོགས་འཁྲེག་པོའི་གླེན་པས་ཨུ་ཚུགས་འཁྱོག་པོའི་གཞུ་མོ་རབ་བཀུག་ནས།
དྲང་བདེན་ཟུར་གནས་དཔྱོད་ཤེས་མདའ་མོ་སྤོབས་པས་རྒོད་སྒྲོའི་རླུང་ཞོན་ཏེ།
རྨོངས་པའི་ཁྱུ་ཚོགས་སྤྱང་ཀི་དར་མའི་སྙིང་དཀྱིལ་གནད་དུ་བསྣུན་པས་མཐུས།
བོད་མི་ཉམ་ཆུང་ལུག་རྫིའི་འཚོ་བ་ཁྱིམ་ནོར་གཡང་གཞིས་སྐྱོང་བར་སྨོན།།
ཅེས་ཟླ༦ཚེས༡༠སྤྱི་ལོ༢༠༡༢ ལ་བྲིས་པའོ།།
གོང་དུ་ཚིགས་ཁ་ཤས་ཆད་འདུག་པས་བཅོས་ནས་བཞག་པ་ཡིན།།
སྤྲུལ་སྐུ་དབང་ཆེན་ལགས་ཀྱིས་ཡག་པོ་བྲིས་འདུག་བོད་པ་ཚོས་དེ་བཞིན་གནང་ན་དགའ་ལ།
གོ་རྒྱུ་མེད་འདུག མཚམས་མཚམས་བླ་མའི་བཀའ་སྒྲུབ་དགོས་ཟེར་མཚམས་མཚམས་སྒྲུབ་མི་དགོས་ཟེར། ཤོ་ལོ་ཀ་ཁ་ཤས་ནང་སྔ་ཕྱི་འགལ་བ་ལུང་པ་གང་བྲིས་འདུག
ཞིབ་ཞིབ་ཀློག་མ་ཁོམ། དོན་དག་རྡོག་རྡོག་དེ་མནའ་རྫས་འཕྲོ་རླག་མ་གཏོང་། བདག་པོ་རྒྱོབས་ཟེར་འདུག
དེ་ནི་བདེན་པ་རེད་སྙམ།
ཞོགས་དུང་ཞོགས་ཞེས་སྔ་དྲོའམ་སྔ་མོའི་དོན་དུ་འདོན་འབྲི་བྱེད་ཀྱང་། ཡིག་སྐད་དུ་མེད་ཅིང་། བོད་རིགས་ཡོངས་ཀྱིས་མི་གོ
ཀུན་དུ་ཞེས་་པར་ཀུན་ཏུ་ཞེས་བསྟན་བཅོས་དག་་ན་མཐོང་། ན་ལ་དའི་ཡང་འཇུག་པས་ཡིན་ན། ཀུན་ཀྱི་ཞེས་དགོས་ཀྱང་། ཀུན་གྱི་ཞེས་པ་ཤ་སྟག་ཏུ་མཐོང་།
གཡོས་ཡང་། ཞེས་པ་ལ་རྒྱན་སྡུད་ལ་ཞིབ་ཆ་དགོས།
བརྩལ་ཅེས་པ་སྩོལ་བའི་འདས་ཚིག་ཡིན་ན། བོད་ཡིག་སྐད་གཞུང་ལུགས་དང་། དེ་དག་་ལས་བཏུས་པའི་སྒྲ་དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མ་སོགས་ལ་རང་ཅག་གིས་བརྩི་དགོས་པར་མཐོང་ངོ་།།
ལ་དྭགས་པས་དོགས་སློང་མཛད་པར་ཐུགས་རྗེ་ཆེ། ཞོགས་པ་ནི་ཁ་སྐད་དང་ཡིག་ཐོག་གཉིས་ཀ་ནས་སྔ་དྲོའི་བརྡ་སྟོན་པས་ཚིགས་ལ་སྤྱོད་བཞིན་ཡོད་པར་སྙམ། ཀུན་རྗེས་ལ་དུ་དང་ཏུ་གཉིས་ཀ་བྲིས་པ་མང་དུ་སྣང་ཡང་དོན་ལ་ཡིག་ཐོག་ནས་ཏུ་ཡིན་པར་བཤད། ཀུན་གྱི་དང་ཀུན་ཀྱི་ཞེས་བྲིས་པ་མང་ཡང་དོན་ལ་རྒན་ཀྱིས་གསུང་ལྟར་འཐད། བརྩལ་དེ་ནོར་བ་རེད་དོན་ལ་བསྩལ་ཞེས་འབྲི་དགོས་ཡོད་སྩོལ་བའི་འདས་པ་དང་མ་འོང་པ་གཉིས་ཆ་ལ་གོ
བྲིས་རྩོམ་ལ་ཞུ་དག་བྱེད་ཡ་བྱུང་མ་སོང་བས་དགོངས་འགལ་མེད་པ་ཞུ།།
མདོ་དབུས་ཁམས་གསུམ་ཆོལ་གསུམ་བོད་གྱི་ཡུལ་ནས་དུད་འགྲོ་པགས་པ་མེར་སྲེག་གཏོང་བ་དེར་ཡག་པོ་མ་རེད༧གོང་ས་བླ་མའི་བཀའ་དགོངས་ཡང་མ་རེད་ཟེར་སོང། ཡག་པོ་ཀློག་དང་༼གོས་རྒྱན་མེ་ལ་བསྲེགས་ཞེས་རྩ་བའི་བླ་མས་བཀའ་གསུངས་མིན༽ མ་གཏོག་གནའ་རྫས་ག་བར་ལབ་འདུག། མེ་ཏོག་ཁྲ་ཁྲ་གཙོས་པའི་རྗེས་འཇུག་པ་ཚོ། བོད་ཡུལ་དུ་སོང་ནས་འདི་འདྲ་ཞིག་ལབ་དང་གཏམ་ལན་ཡག་པོ་རག་གི་རེད།
སྤྲུལ་སྐུ་དབང་ཆེན་ལགས་ནས་ངའི་ཡིད་ཚིམས་པ་ཞིག་གསུང་འདུག མ་གཞི་ནས་རྒྱལ་བ་རིན་པོ་ཆེས་ལྤགས་རིགས་རྒྱལ་གོས་སོགས་ཚང་མ་རྩ་མེད་གཏོང་ཤོག་གསུང་མེད། ཐལ་ཆེའི་རྒྱན་གོས་རིགས་མ་འདོགས་ན་མཛའ་ཞིག་གསུངས་པ་དེར་གདོང་མཆོངས་པ་འགའ་ཤས་ནས་རིག་གསར་སྐབས་ཀྱི་ལས་འགུལ་ལྟར། ང་ཚོ་བརྒྱུད་ཟིན་པའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་དུས་ད་གཟོད་གཞི་ནས་ནོར་བ་ཤེས་ནས་འགྱོད་དགོས་པའི་བྱ་སྤྱོད་ཞིག་ལས་མ་འདས་སོ།།
གཅན་གཟན་པགས་པ་ལ་སེམས་ཁྲལ་མ་གནང་དང་རྕ་མེད་གཏོང་ས་མ་རེད། ཆབ་མདོ་བའི་བྲོ་གཞས་འཁྲབ་མཁན་ཁ་ཅིག་གིས་སྟག་གཟིག་སྲམ་གསུམ་གྱི་པགས་པ་ཁྱག་ཙམ་རེ་གྱོན་ནས་འཁྲབ་གྱིན་པ་ཡུ་ཁྲུབ་ནང་འདུག དེ་ཡང་ཉེ་ཆར་གི་རེད་འདུག
དེ་ཡང་ཆབ་སྲིད་ཅིག་ཡིན་པ་ལས་གདོད་མའི་ལུགས་རྒྱུན་འཁྱོང་བྱེད་པ་ཞིག་མིན་པ་ལོས་ཤེས།
བདེན་གི་ཡ། རྩ་ཆེའི་པགས་རིགས་དང་རིན་ཆེན་རྒྱན་ཆ་ཚང་མ་རྩ་མེད་ཡུ་མེད་བཟོ་བ་དེ་ཅུང་ཐལ་དྲགས་འདུག ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་མེས་པོའི་ཤུལ་བཞག་རྩ་ཆེན་རྣམས་བེད་སྤྱོད་མེད་ཀྱང་རྩ་མེད་མ་བཟོ་ཉར་བར་རིགས།།
རང་གི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་འབྲེལ་བའི་དངོས་སྤྱད་རྣམས་དུས་དང་མི་འཚམས་ཀྱང་རྩ་མེད་མ་བཟོ་ཉར་བར་གྱིས།
དུས་ཐུང་གཅིག་ལ་དར་སོ་ཆེ་བའི་ཚད་ལས་བརྒལ་བའི་རྒྱན་གོས་སོགས་ཀྱང་བར་སྐབས་ལོ་རྒྱུས་ཤིག་གི་མཚོན་དོན་ཡིན་པས་དེ་ཡང་རྩ་མེད་མ་བཟོ་ཉར་བར་རིགས།།
༧གོང་ས་མཆོག་གིས་ཚད་ལས་བརྒལ་བའི་རྒྱན་གོས་དེ་ཚོ་ཐལ་དྲགས་པར་གསུང་བ་ལས་ ་་རྩ་མེད་ཡུ་མེད་བཟོས་ཤོག་་ དང་ ་་ཚང་མ་མེ་ལ་བསྲེག་ཤོག་་ གསུངས་པ་གོ་མ་མྱོང་།།
རྒྱན་གོས་གོན་སྤྱོད་བྱེད་ཚུལ་ཐལ་དྲགས་འདུག།
རྩ་མེད་ཡུ་མེད་བཟོ་འདིའང་ཐལ་དྲགས་འདུག།
སྤྲུལ་མིན་སྤྲུལ་རྫུན་དབང་ཆེན་ཁྱོད་ཀྱིས་གང་དང་གང་ཞིག་བཤད་གྱུར་ཀྱང་། །གདོང་དམར་བོད་པས་རྒྱལ་བའི་བཀའ་ལས་ཁྱོད་ཀྱི་ངག་ལ་ག་ལ་ཉན། །རང་གི་ལས་དབང་རང་གིས་རྟོགས་ན་དེ་བས་ལྷག་ཅིག་མེད་གྱུར་ཀྱང་། །སྤྲུལ་རྗུན་སྟུ་སྐུས་རང་གི་གནས་ལུགས་རང་ལ་རྨོངས་ནས་གཞན་ལ་བཤད། །ཤ་ཁྲག་རུས་གསུམ་བོད་ནས་རྙེད་ཀྱང་བོད་དང་བོད་མིར་མི་དགའ་ཞིང་། ། འཕྱ་དང་སྨོད་དང་ཀུན་ནས་བརྙས་ཞིང་གངས་ཅན་པ་ཡི་ཆོས་སྲིད་ཟུངས། །ཀུན་ནས་དཀྲུག་སྟེ་དབྱིན་མོའི་སྟུ་སྒོ་ཉུལ་ཞིང་ཉུལ་ཞིང་སྤྲུལ་སྐུ་ཡི། །མཚན་དེ་ཁྱེར་བ་འོས་སམ་མི་འོས་ལེགས་ཉེས་དཔྱོད་ན་མི་ལེགས་སམ། །གངས་ཅན་ལྗོངས་སུ་རྒྱལ་བའི་གསུངས་གི་འབྲུག་སྒྲ་ལན་ཅིག་སྒྲོགས་པ་ལས། །རྨ་བྱས་དབྱར་རྔ་ཐོས་ལས་ལྷག་པའི་གངས་ལྗོངས་ཕོ་མོ་གསར་བུ་ཡི། །ཡིད་ལ་མཛའ་ཞིང་དེས་གསུངས་བསྟོད་པར་ཁྱོད་ལ་གཟན་ཡང་ཁྭ་ཏ་ཡི། །ཨག་སྐད་སྒྲོགས་ཀྱང་ཕན་པ་མེད་པས་དེ་ལུགས་ཇི་བཞིན་ཤེས་པར་གྱིས། །
རང་ཚིག་སྔ་ཕྱའི་ནང་འགལ་ཙམ་ལ་ཡང་ཐུགས་བསམ་མ་བཞེས་པའི་རྩོམ་ཡིག་ཅིག་སྤྲེལ་བ་ནི། དེང་དུས་ཀྱི་བཟོ་གྲྭ་ནས་བཟོས་པའི་སྤྲུལ་སྐུའི་རང་མཚང་ངོམས་པའི་འབྲས་རྟགས་ཤིག་ངེས་སོ།།
གོ་རྒྱུ་མི་འདུག
གཞིས་ལུས་བོད་མི་རྣམས་ཀྱིས་རྒྱུ་ནོར་ལ་ཕངས་མེད་ཐོག་སྟག་གཟིག་གི་པགས་པ་དང་། གྲི་མེ་མདའ་མེ་ལ་སྲེག་པ་རེད། འོ་ན་པགས་པ་སྲེག་པ་ནོར་བ་རེད་དམ། ཡང་ན་གྲི་མེ་མདའ་སྲེག་པ་ནོར་བ་རེད། པགས་རིགས་མེད་པ་མ་བཟོས་ན་འཛམ་གླིང་མི་དམངས་ཀྱིས་བོད་མི་ཚོ་སྲོག་ཆགས་སྲུང་སྐྱོབ་ཐད་ནག་ཉེས་ཅན་དུ་བརྩིས་ཀྱི་ཡོད་པ་ས་ཁམས་རིག་པའི་བརྙན་འཕྲིན་ཁང་སོགས་ནས་བསྟན་པ་མ་མཐོང་བ་ཨེ་རེད། ནང་ཕུ་ནུ་བསོད་བྱེང་ཀྱི་གྲི་མེ་མདའ་མེ་ལ་མ་སྲེག་ན་ས་རྩོད་ཆུ་རྩོད་སྐབས་མི་ག་ཚོད་བསད་ཡོད་ཧ་ག་གསལ་རེད། གོང་གི་མཆན་ཁ་ཤས་ནང་༧གོང་ས་མཆོག་གིས་པགས་རིགས་ཡོངས་རྫོགས་མེད་པ་བཟོད་གསུངས་ཡོད་མ་རེད་ཟེར་ནས་དགོངས་པ་ལོག་འགྲེལ་བྱེད་པ་ནི་ངོ་མ་ངོ་ཚ་དགོས་པ་རེད། ༧གོང་ས་མཆོག་ནས་པགས་རིགས་མ་གྱོན་ན་ཡག་པོ་ཡོད་རེད་གསུངས་པ་རེད་དེའི་བཀའ་སྒྲུབ་བྱེད་གཞིས་ལུས་བོད་མི་རྣམས་ཀྱིས་མེད་པ་བཟོས་པ་རེད། མ་གཞི་ནས་ད་ལྟ་པགས་རིགས་གོན་མོ་གོན་ཟེར་བ་དེ་གྱོན་པའི་གནས་དོན་གཅིག་པོ་མ་ཡིན་པར་ཆབ་སྲིད་ཀྱི་ངོ་བོ་ལ་སྒྱུར་ཟིན་པ་ཡིན་པས་མཆན་འབྲི་མཁན་རྣམས་པས་ཤེས་པ་དགོས། ད་དུང་མེས་པོའི་ཤུལ་བཞག་གི་གཅེས་ནོར་ནི་བོད་ཀྱི་ཆོས་དང་རིག་་གཞུང་དང་། འཛམ་གླིང་གི་སྲུང་སྐྱོབ་གྲལ་དུ་ཡོད་པའི་བོད་ཀྱི་རིག་དངོས་རྣམས་ཡིན་པ་ལས་འཛམ་གླིང་གིས་སྨད་ཡུལ་དུ་འགྱུར་པའི་གོམས་སྲོལ་ངན་པ་རྣམས་ག་ལ་ཡིན།
གོ་རྒྱུ་མེད་པ་མང་པོ་འདུག་ཁ་ཤེས་གོ་ཡང་ཚིག་དོན་སྔ་ཕྱི་འགལ་འདུ་ཁོ་ན་རེད་།
ཚིག་ནི་སྙན་སྙན་འདྲ་ཡང་དོན་མི་སྙན་།
རིགས་པ་སྣོ་སྣོ་འདྲ་ཡང་གཏིང་མ་ཟབ་།
དོན་ལ་བདེན་བདེན་འདྲ་ཡང་སྔ་ཕྱི་འགལ་།
རྩོམ་ཉོག་ཀློག་ཀློག་ཡིད་ཐང་ཆད་ནས་ཐལ་།
ང་ཚོ་ལ་འགྱུར་བ་གཏོང་ཡས་མང་པོ་འདུག་ལགས། གོང་གི་༧གོང་ས་མཆོག་གི་བཀའ་སློབ་དེ་དག་གནད་ལ་འཁེལ་བ་ཡིན་པ་གོར་མ་ཆགས། སེམས་ལ་ཡོན་ཏན་མེད་པར། ལུས་ལ་ལྕགས་སྒྲོག་གིས་བཅིངས་པའི་བོད་པ་ལྐུགས་རྟགས་ཚ་བོ་དེ་ཚོ་མཐོང་དུས། བོད་པ་ཞིག་ཡིན་པའི་སྤོབས་པ་ཕར་ཞོག། ངོ་ཚ་གི་འདུག། འོན་ཀྱང་གོང་ས་མཆོག་ལྟ་བུའི་མི་ཤེས་ཡོན་སྣེ་འཛོམས་ཐོག། བསམ་བློ་གུ་ཡངས་པ། སེམས་བཟང་བ་སོགས་མཇལ་དུས་བོད་པའི་སྤོབས་པ་ཞིག་དབང་མེད་དུ་ཤར་གྱི་འདུག
ཀླད་པའི་ནང་ལ་ཡོན་ཏན་དང་ཤེས་བྱས་སྟོང་ཞིང་། རྣམ་རྟོག་དང་རྨོངས་དད་གཏི་མུག་གིས་བཀང་། ལུས་ལ་སྟག་ལྤགས་གཟིག་ལྤགས་གྱོན། མགོ་དང་མཇིང་པར་རྡོ་དང་ལྕགས་སྒྲོག་གིས་བཅངས། ད་དུང་སྐེད་པར་གྲི་རིང་པོ་ཞིག་བཏགས་ནས་བོད་པར་ངོམས་མཁན་དེ་ཚོ་མི་གཏུམ་དྲག་ཆེ་ཞིང་། ཀླ་ཀློའི་གཤིས་ཀ་ལྡན་པ། སྙིང་རྗེ་དང་རྒྱུ་མཚན་མེད་པའི་རྟགས་མཚོན་པ་ཙམ་ལས་གཞན་མིའི་རིགས་ལ་ངོ་གསོ་གཞན་སྟོན་མ་ཐུབ་སྟབས། དེ་དག་གནའ་རྫས་ཡིན་ནའང་། དགའ་རྒྱུ་མིན་འདུག། མེ་ལ་བསྲེགས་པ་ཁོ་ན་དགའ་བ་འདུག། དེ་ཚོ་གནའ་རྫས་ཡིན་ནའང་། མི་རིགས་རྗེས་ལུས་ཐེབས་པ་ཞིག་གི་གནའ་རྫས་ཁོ་ན་ལས། གཞན་སྟོན་མི་ཐུབ།
ཚང་མ་མེད་པ་བཟོས་པ་འདིས་བློ་ཁ་འཚིམས་བྱུང་། ད་དུང་འགྱུར་བ་གཞན་ཞིག་དགོས་ཀྱི་འདུག། དེ་ནི་དངོས་ཡོད་དང་བདེན་པ་ཁས་ལེན་ཐུབ་པ། རྣམ་རྟོགས་དང་རྨོངས་དད་སྤངས་ཐུབ་པའི་བསམ་པ་ཞིག་བྱུང་ན། ད་དུང་རེ་བ་སྟོང་པ་རྒྱག་རྒྱུ་དེ་རང་ཉིད་རྩ་མེད་བཟོ་མཁན་ཞིག་ཡིན་པར་ངོས་འཛིན་ཐུབ་མཁན་གྱི་བོད་པ་མི་རབས་གསར་པ་ཞིག་སྐྱོང་ཐུབ་ན། མདུན་སྐྱོད་ཆེན་པོ་ཡོང་ཐུབ་ལ། མི་རིགས་འདི་སྐྱོབ་པའི་སྟོབས་ཤུགས་ཆེ་ཤོས་དེ་རེད།
ད་དུང་བསམ་བློ་རྒྱ་ཆེན་པོ་གཏོང་ཐུབ་མཁན། ཕུགས་ཐག་རིང་པོ་གཏོང་ཐུབ་མཁན། འཕྲལ་དང་སྒེར་ལ་གྱོང་འཁུར་ཐུབ་མཁན། ཕུགས་དང་སྤྱིའི་མཁེ་ཕན་ལེན་ཐུབ་མཁན་གྱི་མི་རིགས་གསར་པ་ཞིག་དགོས་ཀྱི་འདུག
སྐེ་དང་མཇིང་པ་ལུས་ལ་འདོག་ན་མི་མཛེས་པའི་རིགས་ཚང་མ་མེར་སྲེག་དགོས་ན། འོ་ན་་་་་་་
སྤྲུལ་སྐུ་དབང་ཆེན་བདེན་པ་རེད། ངས་མཐོང་ཐོས་ནོར་མེད་ན་དང་པོ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ལུགས་གཉིས་གསལ་བའི་མེ་ལོང་ཞེས་པའི་
དེབ་གཅིག་གི་ནང་དུ་ཞིབ་ཕྲ་གསུང་འདུག། ལྤག་རིགས་ཀྱི་གོས་རྒྱན་ང་ཚོ་བོད་ལ་མཚོན་ན་རིན་གོང་ཆེ་བ་དང་སེམས་ཅན
གྱི་ཚེ་སྲོག་འཕྲོག་པ་སོགས་གང་ཐད་ནས་ཕན་པ་ལས་གནོད་པ་ཆེ་ཚུལ་ཞིབ་ཕྲ་གསུང་འདུག། དེའི་རྗེས་སུ་ཞོག་དུང་གི་
དཔྱོད་ཤེས་རྒྱང་འབོད་ཐོན་པ་རེད། དེའི་ནང་དུ་ལྤགས་རིགས་མེར་བསྲེགས་བྱེད་པ་ནི་དགའ་འོས་པའི་དོན་བཟང་ཞིག་
ཡིན་ཚུལ་བྲིས་འདུག། ཁོ་བོས་སྔོན་ཞིག་ནས་ལྤགས་རིགས་གོན་ན་ཡག་པོ་མེད་ཚུལ་དུས་དེབ་གང་ཞིག་ཏུ་བཀོད་ཡོད་ཚུལ་
བྲིས་འདུག། འོན་ཀྱང་དུས་དེབ་གང་དང་དུས་ཚོད་ནམ་ཞིག་ཡིན་གསལ་ཁ་མི་འདུག། གང་ལྟར་ཀྱང་རྒྱལ་དབང་དོན་གྱི་
བདག་པོ་༧སྐྱབས་མགོན་ཡིད་བཞིན་གྱི་ནོར་བུས་ཀྱང་དེ་བཞིན་དགོས་མེད་དུ་གཟིགས་ནས་བཀའ་སློབ་གཟབ་རྒྱས་ཤིག་
ཕེབས་ནས་དུས་ད་ལྟ་བོད་ནང་དུ་ཡོངས་སུ་མཚམས་ཆད་ནས་ཡོད་པ་རེད། འོན་ཀྱང་རེ་ཟུང་གིས་གོན་བཞིན་པ་ནི་ཁྲིམས་
ཀྱིས་བསྐུལ་བའི་བྱ་ཐབས་མེད་པ་རེད།།
མི་རིགས་ཀྱི་རྒྱན་གོས་མེ་ལ་བསྲེག་ནས་ཅང་ཕན་གི་མ་རེད།
དེ་ལས་ནང་གི་དུག་ལྔའི་གྲི་མདུང་རྒྱབ་སྟེ་ཁབ་སྐུད་པ་ཙམ་གྱི་གནད་དོན་མེད་པར་གསོད་རེས། ཕུ་ནུའི་ནང་འཁྲུག ཆོས་ལུགས་ནང་ཁུལ་འཕྲག་དོག ཆོལ་ཁའི་ཞེན་ཁོག ད་དུང་མང་པོ་འདུག གཙོ་བོ་དེ་ཚོ་སྤོང་དགོས་པ་རེད།
བོད་མི་རིགས་ནི་འབྲོག་པ་ཤས་ཆེ་བས་པགས་པ་མ་གོན་ན་རྒྱ་གོས་གོན་རྒྱུའི་ཐབས་ཤེས་ལས་མེད། དེ་ལྟར་ན་ད་ལྟ་རིགས་ཅིག་གིས་རྒྱ་ཡི་བཟའ་ཁང་ལ་འགྲོ་མི་ཉན། རྒྱ་རྫས་ལ་སྤྱོད་མི་ཉན། ཅེས་བཤད་ཀྱི་འདུག་ག དེ་འདྲ་ཡིན་ན་ད་གཅེར་བུར་འགྲོ་རྒྱུ་ལས་ཐབས་ཤེས་ཅང་མཐོང་གི་མི་འདུག
བྱུང་ན་བོད་བཞུགས་བླ་སྤྲུལ་དེ་ཚོས་ཐེར་གཟན་དང་བེར་གོས་རིགས་དེ་ཚོ་གོན་རྒྱུ་མཚམས་བཞག་ནས། ༸གོང་ས་༸་མཆོག་གི་སྐུ་ལ་གསོལ་བའི་ན་བཟའ་ལྟར་མཐའ་གཉིས་སུ་མ་ལྷུང་བ་ཞིག་གོན་དགོས་ཀྱི་འདུག
འཇིག་རྟེན་ཆོས་བརྒྱད་ཀྱི་སྟུ་སྐུ་རིན་པོ་ཆེས་མ་ཤེས་ཤེས་མདོག་ལུང་པ་གང་བྱས་འདུག།
སྟག་ གཟིགས་ གཙོས་ སྲམ་ ཝ་མོ་ ལུག་ ར་དང་ལུག་ཕྲུག་ཆུང་ཆུང་ཤ་ཚ་ལེ་དང་ཡ་ང་ལེ་དེ་ཚོས་ ཁོང་ཚོའི་ཚེ་སྲོག་བསྐྱོབས་པའི་རླབས་ཆེན་གྱི་ལས་མགུལ་འདིར་ ཡ་ང་སྙིང་རྗེ་དང་བྱང་སེམས་ཅན་གྱི་བོད་མི་རིགས་རྣམས་པར་ཐུགས་རྗེ་བཀའ་དྲིན་བླ་མེད་ཆེ་བ་ཞུ་ཞི་བདའོ་།
གོང་ས་མཆོག་གི་བཀའ་ལ་ལོག་འབྲེལ་མ་བྱས་ན་ཡག་གི་རེད། གོང་ས་མཆོག་ནས་པགས་རིགས་རྒྱན་གོས་གོན་མི་ཉན་པར་གསུང་པ་ཁས་ལེན་བཞིན་དུ། པགས་རིགས་རྒྱན་གོས་རྩ་མེད་བཟོ་དགོས་པ་གསུང་མེད་པས་ཉར་དགོས་ཞེས་བཤད་པ་ནི་ཁྱད་མཚར་རེད། པགས་རིགས་རྒྱན་གོས་གོན་མི་ཉན་ན་དེ་ཉར་སྡད་པས་ཕན་ཐོག་ཅི་ཡོད།གོང་ས་མཆོག་ནས་པགས་རིགས་རྒྱན་གོས་མེར་བསྲེགས་བཏང་བའི་ཐད་བསྔག་བརྗོད་ལན་མང་གནང་བ་ཁྱོད་ཚོས་མ་ཐོས་སམ། ་ འདོར་ན་མི་འདི་ཚོས་གོང་ས་མཆོག་ལ་དངོས་སུ་དགག་པ་ཞུ་མ་ནུས་པ་ཙམ་ལས་དོན་ལ་ཁོང་གི་བཀའ་དགོང་འགོག་བཞིན་ཡོད་པ་རེད། བོད་ཀྱི་གནའ་བོའི་རིག་གཞུང་ཞིག་ཡིན་པས་ཉར་དགོས་ཟེར་ན་དེ་ནི་མ་ངེས་པ་རེད། ད་དུང་པགས་རིགས་རྒྱན་གོས་ལ་བརྟེན་ནས་བོད་པའི་ཆེ་མཐོང་ཉམ་བཞིན་ཡོད་སྟེ། གོང་ས་མཆོག་ནས་བཀའ་སློབ་མ་གནང་བའི་སྔོན་ཙམ་ལ་རྒྱ་གར་གྱི་འཁོར་ཡུག་བློན་ཆེན་ནས་བོད་པ་ཚང་མ་རྔོན་པ་རེད་ཅེས་བཤད་པ་ཁྱོད་ཚོས་ཀྱང་ཐོས་ཡོད་རྒྱུ་རེད། ད་དུང་དྲ་འབུ་འགའ་རེས་བོད་པས་བོད་གོས་གོན་མི་དགོས་པར་བཤད་བཞིན་དུ་པགས་རིགས་རྒྱན་གོས་ཉར་དགོས་པ་བཤད་པ་ནི་གད་མོའི་གནས་རེད།
གོ་རྒྱུ་མེད་པའི་རྩོམ་ཞིག
༧ གོང་ས་མཆོག་གིས་མཛུབ་མོ་གང་བསྟན་ཤར་རེད་རང་གསུངས་མ་སོང་སྙམ། ལར་ནས་མི་རེའི་བསམ་ཚུལ་དང་རྣམ་དཔྱོད་པ་ཚད་བཀག་མ་བྱེད་རོགས། ཨོང་ཀོ
༧ གོང་ས་བླ་མས་དུས་དང་རྣམ་པར་ཀུན་ཏུ་སྟག་གཟིག་སྲམ་པཊ་གྱོན་མཁན་ང་ཚོར་བོད་ལ་མེད་ང་ཚོའི་མི་རིགས་འདི་བྱམས་དང་སྙིང་རྗེ་ཅན་གྱིས་མི་རིགས་ཞིག་ལས། ཁྲེལ་དང་ངོ་ཚ་མེད་པའི་མི་རིགས་མ་རེད་གསུངས་པ་དེ་ཚོ་གོ་མེད་པར་འདྲ། ད་དུང་དུད་འགྲོའི་ཚེ་སྲོག་ལ་གཅེས་འཛིན་བྱེད་དགོས་པའི་བཀའ་སློབ་བྱུང་དང་བྱུང་བཞིན་པ་འདི་ཚོའི་འགྲོས་ལ་བལྟས་ཀྱང། དུད་འགྲོ་བསད་ནས་པཊ་རིགས་ལུས་ལ་མ་འདོག་ནས་ཁྱིམ་དུ་ཉར་དགོས་པའི་བཀའ་སློབ་ཞིག་ནི་ག་དུས་ཡང་གོ་མ་བྱུང། ངས་སྤྲུལ་སྐུ་ཁྱེད་ལ་གཅིག་འདྲི། ༧གོང་ས་བླ་མས་པཊ་རིགས་མེ་སྲེག་མ་བྱེད་གསུང་པའི་བཀའ་སློབ་ཞིག་ཡོད་ཚོད་འདུག་པས། གང་དུ་གསུང་མིན་གསལ་བཤད་གནང་རོགས། དཔེར་ན་ལྷོ་ཕྱོཊ་ཨ་མ་ར་ཝ་ཏིས་དུས་དབང་གསུངས་སྐབས། ༧ གོང་ས་མཆོག་གིས་བཀའ་སློབ་ག་རེ་གནང་ཡོད་མེད་ཡག་པོ་གསན་དང་དངོས་ཤུགས་རྒྱུད་གསུམ་ལ་ག་རེ་གོ་དགོས་མིན་གསལ་པོ་ཧ་གོ་ངེས། གལ་སྲིད་༧གོང་ས་བླ་མས་པཊ་རིགས་བདག་པོ་བྱེད་དགོས་པའི་བཀའ་སློབ་ཞིག་སྟོན་རྒྱུ་མེད་ན། དགོངས་པ་གཞེས་དང་ཁྱེད་སུ་རེད་ཟེར་ཆོག་གི་འདུག། བཀའ་དགོངས་ལ་འགྲེལ་བཤད་གང་འདྲ་རྒྱབ་ཡོད། མ་ཚད་༧ གོང་ས་བླ་མའི་བཀའ་དགོངས་གཞིར་བཟུང་བྱེད་མཁན་ཞིག་ཡིན་མིན་ཡང་ཚོད་དཔག་བྱེད་ཐུབ།
རྒྱན་གོས་མེར་བསྲེག་ཐོངས་གསུང་ཡོད་ལེ་མ་རེད་་་་དོན་ངོ་མ་ཅི་ཛོ་རེ་ཟེར་ན་་་གཅན་གཟན་པགས་རིགས་མ་གྱོན་ཟེ་རེད་
གྱོན་པ་མིན་པའི་ཉར་བ་འདི། །ཅིའི་ཕྱིར་ཕན་དང་གང་ཕྱིར་ཕན། །ཕྱག་འཚལ་མཆོད་འབུལ་ཡུལ་ཡིན་ནམ། །ཡང་ན་དགོས་འདོད་ཀུན་འབྱུང་གི །ཡོན་ཏན་དེ་ལ་ཚང་ལགས་སམ། །དེ་མིན་ཉར་བས་ཅི་ལ་ཕན། །གནའ་རྫས་ཚུལ་གྱིས་བོད་མི་ཡི། །ཞབས་འདྲེན་སླར་ཡང་ཞུ་འདོད་དམ། །
སྲོག་ཆགས་ཀྱི་པགས་རིགས་མཚོན་ཆའི་རིགས་མེར་སྲེག་པ་ཡིན་པའི་དབང་དུ་གཏོང་། ༧གོང་ས་མཆོག་གིས་གསེར་དངུལ་གཡུ་བྱུར་སོགས་ཀྱི་རྒྱན་ཆ་ལུས་ལ་འདོགས་པ་དང་། གོས་ཆེན་གྱི་རིགས་ཀྱི་གྱོན་གོས་ཀྱང་མཉེས་ལོ་མེད་པ་མ་ཚད་དངོས་སུ་དེའི་ཉེས་སྐྱོན་གསུངས་པ་མང་བས། ཨ་མདོ་བག་ལེབ་ལྟར་ན་དེ་དག་ཀྱང་མེར་སྲེག་དགོས་སམ། འབུར་འཇོམས་མེད་པར་རང་གི་ཚིགས་བཅད་དེ་ཚོ་དང་ཡང་མི་འགལ་བ་ཞིག་གནང་རོགས།
མེ་ཏོག་དཀར་པོ་གསན་པར་གནང་། །གསེར་དངུལ་གཡུ་བྱུར་རྒྱན་ཆ་སོགས། །རྒྱལ་བས་བཀའ་ཡིས་བཀག་ཟིན་པས། །མེ་ལ་བསྲེག་གམ་ཆུ་ལ་བསྐྱུར། །རྡོ་ཡིན་བསྣུན་དང་གཞན་ལ་བཙོང་། །གང་བྱས་འགལ་བ་མེད་གྱུར་ཀྱང་། །དོན་གྱི་སྒོ་མོ་བོད་མི་ཡིས། །བཏགས་དང་ཉར་སོགས་བྱས་པ་ན། །འདི་ཕུང་ཕྱི་ཕུང་ངོ་མ་ལས། །གཉིས་ཕན་ལས་ཞིག་མི་ཡོངས་བ། །རིགས་པས་དཔྱོད་ལ་བློ་རྩེ་བཀོད། །
ཨམ་མདོ་བབ་ལབ་དགོངས་པ་ནི། །མཐོ་སྒང་ས་ཡ་དྲུག་པོ་འདི། །གྲྭ་པ་དང་ནི་ཨ་ནི་བཞིན། །མི་ཆོག་བརྒྱ་ཡི་ལམ་པོ་ཆེར། །མ་འདོད་བཞིན་དུ་འགྲོ་དགོས་འདྲ། །༧གོང་ས་མཆོག་གིས་བཀག་ཚད་ཀུན། །མེ་ལ་སྲེག་དང་ཆུ་ལ་སྐྱུར། །རྡོ་ཡིས་བཅོམ་སོགས་དགོས་ཞེས་པ། །གཅེས་ཕྲུག་རྒྱལ་ཁམས་མ་སྐོར་ཞིང་། །སྐྱིད་སྡུག་ཐོག་ཏུ་མ་བབས་པ། །ཨ་མའི་དྲོད་སྐྱིད་རུམ་ནང་ནས། །དཔའ་གཏམ་བཤད་དང་གཉིས་སུ་མེད། །དེ་སྐད་བག་ལེབ་ཐུགས་ལ་ཞོགས། །