མེ་སྒྱོགས་རྒྱ་མཚོས།
—————————
མཁྱེན་ནོ་ཀརྨ་པ་མཁྱེན་ནོ༔
ཨོ་རྒྱན་ཡུལ་གྱི་ཤར་བྱང་མཚམས༔
གངས་རིའི་ཁྲོད་དུ་སྐུ་བལྟམས་པའི༔
ཨ་བུ་དགའ་དགའི་འཁྲུངས་སྐར་ལ༔
དད་པ་དང་བའི་མཚམས་འདྲི་ཞུ༔
མཁྱེན་ནོ་ཀརྨ་པ་མཁྱེན་ནོ༔
དགུང་ན་ཉེར་ལྔའི་ལང་ཚོ་རྫོགས༔
གསུངས་དབྱངས་འབྲུག་ལྟར་རྫིག་ཉམས་རྫོགས༔
ཐུགས་བརྩེ་གངས་རིའི་རྩེ་ལ་འགྱིངས༔
གསང་བའི་བསམ་དོན་འགྲུབ་གྱུར་ཅིག༔
མཁྱེན་ནོ་ཀརྨ་པ་མཁྱེན་ནོ༔
ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔
བརྩེ་བས་བདག་སོགས་ལམ་སྣ་དྲོངས༔
དགོངས་པས་བདག་ལ་དངོས་གྲུབ་སྩོལ༔
ནུས་པས་བདག་སོགས་བར་ཆད་སོལ༔
མཁྱེན་ནོ་ཀརྨ་པ་མཁྱེན་ནོ༔
ཕྱི་ཡི་བར་ཆད་ཕྱི་རུ་སོལ༔
ནང་གི་བར་ཆད་ནང་དུ་སོལ༔
གསང་བའི་བར་ཆད་དབྱིངས་སུ་སོལ༔
གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔
འཚམས་འདྲི་ཞུ།
སྔོན་ལས་བཙན་པོའི་་་མེ་་་ཤུགས་སྟོབས་ལས་ལུས་ཀྱི་་་སྒྱོགས་་་ཆུང་གཞན་ཡུལ་ན།།
དབང་མེད་འཕེན་ཚེ་རང་དབང་བྲལ་བའི་སྡུག་བསྔལ་་་རྒྱ་མཚོའི་་་ཀློང་དཀྱིལ་དུ།།
ལྡོག་མེད་བྱིངས་པའི་གདོང་དམར་གཅེས་ཕྲུག་སྒྲ་འཛིན་དབང་པོ་མ་གཡེངས་པར།།
དུང་བ་ཟབ་མོའི་བཞེན་སྐུལ་འདི་ལ་རྣ་བའི་དཔྱིད་དུ་ལེན་པར་འཚལ།།
ཚིགས་བདུན་གསོལ་འདེབས་ཁ་བསྒྱུར་བྱས་པའི་ངལ་བ་དང་དུ་བླང་བྱས་ཀྱང་།།
བཙན་གྱིས་བསྒྲིགས་པའི་རང་བཟོས་ཚིག་ལ་གཏེར་ཚག་རང་དགར་སྤྱད་ལུགས་དེས།།
རྣམ་དཔྱོད་སྒྱུ་རྩལ་རང་ལ་དབེན་པའི་རྒྱུ་མཚན་རྣམ་དག་འགོད་བཞིན་དུ།།
ལྐུགས་པའི་རང་ཚུགས་ལུག་དང་མཉམ་པའི་གསང་བའི་རང་རྣམ་ཁྱེད་ཀྱིས་བརྩམས།།
བར་ཆད་ལམ་སེལ་མཐའ་རྒྱན་བྱས་པའི་ར་མ་ལུག་གི་གསོལ་འདེབས་དེ།།
ཇི་ཙམ་གྱེར་ཀྱང་ཐུགས་རྗེའི་བྱིན་རླབས་ཁྱེད་ལ་འཇུག་པའི་སྐབས་བྲལ་གཤིས།།
བརྩེ་བས་ལམ་སྣ་ཡར་དྲངས་རུང་རང་ཁ་ཐུར་ལ་ལོག་པ་ཁྱེད།།
དགོངས་པའི་དངོས་གྲུབ་དམ་པར་མ་རེ་རེ་བས་ཕུང་བའི་རྒྱུ་རུ་འགྲོ།།
སྙིང་ལ་བརྣགས་པའི་གསང་བའི་རེ་དོན་ལྷག་མེད་ཡིད་བཞིན་འགྲུབ་པའི་ཆེད།།
ཕྱི་ནང་གསང་བའི་བར་ཆད་མ་ལུས་རང་སར་ཞི་བའི་ཆོ་ག་ལ།།
བརྩོན་པར་འདོད་ན་བྱེད་ལུགས་མ་མང་མ་ཧཱ་གུ་རུའི་ཞལ་སྔ་ནས།།
གསུངས་པའི་གསོལ་འདེབས་བྱིན་ལྡན་དེ་དག་ཡང་ཡང་སྐྱོར་ཅིག་གཅེས་པའི་བུ།།
ཡ་ཁོ་རེ་ཚོ། མཁྱེན་ནོ་ཀརྨ་པ་མཁྱེན་ནོ༔ ཞེས་པ་འདི་གཏེར་མ་ཡིན་ནམ། ཅི་ཕྱིར་གཏེར་ཚེགས་༔བཀོད་པ་ཡིན། གཏེར་རྟགས་འདིའི་༔ རྒྱུ་མཚན་ཁྱེད་ཚོས་ཤེས་སམ། ཨ་ཁ།
ཀརྨ་པ་རིག་པའི་རྡོ་རྗེས་བུམ་གཏེར་མང་པོ་ཞིག་ཕྱི་རྒྱལ་དུ་སྤེལ་སྐད་འདུག་པས་དེ་དང་འབྲེལ་བ་ཡོད་པ་ཞིག་མིན་ནམ།
དཔལ་དགྱེས་པ་རྡོ་རྗེ་ལགས།
ངས་གཏེར་ཚེགས་འདི་རུ་བྲིས་པར་ཁྱེད་རང་གིས་སེམས་འཁུར་ཆེན་པོ་བྱས་ནས་བློ་ཕམ་ཡང་སྐྱེས་ཡོད་བཟོ་འདུག་པས་ངས་འདི་ལ་དགོངས་དག་ཞུ།
དུས་དང་གནས་སྐབས་མང་པོ་ཞིག་འཛོམས་ནས་ངའི་འབྲི་སྟངས་དེ་བར་ཆད་ལམ་སེལ་དང་སྦྱར་ནས་བྲིས་ཤོར་སོང་། སྐབས་དེ་དུས་ངས་དྲ་ཚིགས་ཅིག་ཏུ་བར་ཆད་ལམ་སེལ་བཀླགས་པ་ཡིན། རྒྱལ་བ་ཀརྨ་པའི་འཁྲུངས་སྐར་ཡང་དེ་དུས་རེད་འདུག འདིའི་བརྗོད་བྱ་དང་བརྗོད་བྱེད་ནི་ངའི་མཐའ་གཅིག་ཏུ་འཐད་པའི་ལྟ་བ་མིན་པར་བགྲོ་གླེང་གི་ཆེད་བྲིས་པ་ཡིན།
ཟིན་བྲིས་ཡོངས་རྫོགས་སྐྱོན་མེད་ཡང་དག་ཡིན་ན་དེ་ལ་ཁ་བརྡ་བྱ་རྒྱུ་ཅང་འདུག་གམ། རང་ངོས་ལ་ཆ་མཚོན་ན་ཟིན་བྲིས་ལས་ཀྱང་མཆན་ལ་དོ་གལ་འཛིན་མཁན་ཞིག་ཡིན། དེ་ནི་ང་ཡིས་སྐྱེ་བོ་ཆེ་ཆུང་སུ་ཡིན་ནའང་དེའི་བསམ་བློ་ལ་དེའི་ཚད་ཀྱི་ཆ་འཇོག་བྱེད་ཀྱིན་ཡོད་པས་ཡིན། སྐབས་འདིར་ཁྱེད་རང་གིས་གཏེར་ཚེགས་ཀྱི་སྐོར་ལ་ཁུངས་ལུང་དང་བཅས་ང་ལ་བཀའ་ཀྱོན་གནང་ན་ངའི་ཐུགས་དེ་ཡིས་དགྱེས་པར་འདུག ཨ་་་ཧཧཧཧ་ཧ།
སྤོབས་པ་ལགས།
སྔོན་མ་གཏེར་སྟོན་པ་དེ་དག་ལ་ཤིང་དང་ལྕགས་ཀྱི་ཕུར་པ་མ་གཏོགས་ལག་ཆ་མེད་པས་གཏེར་ཡིག་མང་པོ་ཞིག་བྲག་ཁུངས་སུ་ད་དུང་གཟིམ་བཞུགས་འདུག་ཟེར། མེ་སྒྱོཊ་གཡུག་ཐེངས་རེར་གསང་བའི་ལས་ཁུངས་ལ་དགོས་པའི་གཏེར་ཡིག་མང་པོ་བརྙེད་རྒྱུ་འདུག་གོ
མ་གཞི་ཁྱེད་རང་གིས་ཀརྨ་རིག་པའི་རྡོ་རྗེས་ཕྱི་རྒྱལ་དུ་གཏེར་སྦལ་ཡོད་པ་གང་ནས་གོ་སོང་ངམ། ས་ཁྲ་འདྲ་ཡོད་ན་འཁྱེར་ཤོག་དང་ངེད་གཉིས་བསྔོག་པར་འགྲོ་འོ།
རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེ་ནི། བོད་ཀྱི་བླ་སྤྲུལ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་འགྱུར་བའི་བླ་མ་གཙང་མ་ཞིག་རེད། ཁོང་ནི་ཡེ་ཤེས་མངོན་གསུམ་མཁྱེན་མཁན་གྱི་བླ་མ་ཐམས་ཅད་མཁྱེན་པ་ཞིག་ཡིན་པས་ན། སྐུ་ཚེའི་སྔ་ཕྱི་བར་ལ་ནོར་འཁྲུལ་ཅི་ཡང་བྱུང་མེད། སྐུ་གོང་མ་དེས་དོལ་རྒྱལ་དེ་བདུད་ཀྱི་ཆོ་འཕྲུལ་ཡིན་པ་མཁྱེན་ནས་བཀའ་བརྒྱུད་པའི་ནང་དོལ་རྒྱལ་རྩ་བ་ནས་དར་ཐུབ་མེད། སྤྱིར་ཀརྨ་པ་འདི་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཀྱི་ཐོག་མ་དེ་ཡིན་ལ། སྐུ་འཕྲེང་རིམ་བྱོན་ནང་བཀའ་བརྒྱུད་པའི་བསྟན་པ་ལ་ཤིན་དུ་བཀའ་དྲིན་ཆེ་བའི་བླ་མ་རྩེ་ཕུད་པ་གཅིག་པོ་དེ་རེད། དེར་བརྟེན་ཀརྨ་པ་རིམ་བྱོན་ལ། རྒྱལ་དབང་ཀརྨ་པ་ཞུ་ཞིང་། རྒྱལ་བ་ཀརྨ་པ་འབོད་སྲོལ་མེད།
ཁོང་གི་ཆོས་ཀྱི་རྟོག་པ་ཡང་བོད་ཀྱི་བླ་ཆེན་གཞན་པས་དོ་ཟླ་འགྲན་མི་ཐུབ་ཞིག་ཡིན་སྟབས། འཛམ་གླིང་བཀའ་བརྒྱུད་ཀྱི་རྗེས་ཞུགས་པ་ཚོར་མཚོན་ན། ཁོང་རྒྱལ་བ་རིན་པོ་ཆེ་ལས་རྩ་བ་ཆེ་བ་ཡིན། ཁོང་ལ་རྒྱལ་དབང་ཀརྨ་པ་དང་གཅིག་ཤོས་ལ་རྒྱལ་བ་རིན་པོ་ཆེ་ཅེས་དབྱེ་བ་ཆེ་སྲོལ་ཡོད།
ཀརྨ་པ་མཁྱེན་ནོ། མྱུར་དུ་གདན་ས་རུམ་སྟེགས་ལ་བྱོན་ནས། བཀའ་བརྒྱུད་ཀྱི་ཉི་མ་དེ་འཛམ་གླིང་ཀུན་ལ་ཤར་བ་ཤོག
དང་པོ་མེ་སྒྱོགས་རྒྱ་མཚོ་ཁྱེད་སུ་ཡིན་མི་ཤེས་མོད། གང་ལྟར་གང་ཟག་མི་གཙོ་ཆོས་གཙོ་ཟེར་བ་ལྟར། ཆོས་དེ་ཡང་དག་མིན་པ་ཧ་གོ་ཡོད། མ་ཚད་ང་རང་གིས་བརྩམས་ཆོས་དང་མ་འགྲིགས་ནས་བྲིས་པ་ཡིན། དགོངས་དག་ངས་ཞུ་ཆོག བརྟག་དཔྱད་གལ་ཆེན་རེད། ངས་བྲིས་པའི་གསལ་བསྒྲགས་ནི།
༔གཏེར་རྫུན་དང་སྤྲུལ་རྫུན་བརྟག་ཐབས་གསལ་བསྒྲག །
ཨེ་མ་ཧོ།
ཆོས་ཉིད་དོན་དམ་དགོངས་པའི་བརྡ་རྟགས་དང་། །
ཆོས་ཅན་ཀུན་རྫོབ་མཁྱེན་པའི་བརྡ་རྟགས་དང་། །
དབྱེར་མེད་རྟོགས་པའི་རིག་འཛིན་བརྡ་རྟགས་སུ། །
མི་འགྱུར་གཡུང་དྲུང་གཏེར་རྟགས་འདི་ཁོ་ན་༔།
ཞེས་པ་ལྟར་དགོངས་པ་ཆོས་ཉིད་ཀྱི་དབྱིངས་ལས་རང་རྩལ་འགགས་མེད་དུ་མངོན་སུམ་དུ་ཟུང་འཇུག་དབྱེར་མེད་རིག་པ་དེ་ཁོ་ཉིད་ཀྱི་རྩལ་ལས་ཤར་བའི་བརྡ་འམ་རྟགས་སུ་འདི་༔ འབྲི་སྲོལ་རྒྱས་པར་རིན་ཆེན་གཏེར་མཛོད་དང་ཀུན་མཁྱེན་མི་ཕམ་གྱི་གཏེར་སྟོན་བརྟག་པ་ཆུ་དྭངས་ནོར་བུ་སོགས་ལས་གསལ་མོད། བརྗོད་དགོས་པ་ཞིག་ལ་འདིར། ཇི་སྐད་དུ། སྟོན་པ་འཇིག་རྟེན་མིག་ ནི་ཟུམ་གྱུར་ནས། །དབང་གྱུར་སྐྱེ་བོ་ཕལ་ཆེ་ཟད་པ་དང་། །དེ་ཉིད་མི་ཤེས་རང་གར་སྨྲ་བ་ཡི། ། ངན་རྟོགས་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། ཞེས་པ་ལྟར་བླ་མ་སྤྲུལ་སྐུ་དག་གཙང་རྣམས་དངོས་སུ་བྱོན་ཕེབས་ཡོད་ཀྱང་དེ་དང་མཉམ་དུ་དེང་དུས་རྫུན་མའང་ས་ཁྱབ་རྡོ་ཁྱབ་འགྱུར་བའི་རྒྱུ་ཅན་དངོས་དེ་དེ་ཉིད་མ་རྟོགས་རང་གར་སྒེར་དོན་སྨྲ་བ་ཡིས་ཞལ་གདམས་རྫུན་མ་དང་གཏེར་ཆོས་རྫུན་མ་དང་། རྟགས་ཡིག་རྫུན་མ་དག་ལ་བརྟེན་ནས་ཕ་མགོ་བུ་གཡོག་ལྟ་བུ་བྱུང་དང་འབྱུང་བཞིན་པ་གནད་འདི་རེད། བླ་སྤྲུལ་དངོས་མ་དང་། དག་གཙང་གི་བསྟན་འཛིན་སྐྱེས་བུ་ཚད་ལྡན་ཡོད་པ་དག་གི་ལོ་རྒྱུས་ལ་བརྟེན་ནས་རྫུན་མའི་མིང་གི་བེད་སྤྱོད་འདི་དག་བྱུང་བ་རེད། །དཔེར་ན་གཏེར་ཆོས་དག་མ་དངོས་སུ་མཆོག་གི་གཏེར་ཆེན་གླིང་པ་བརྒྱད་དང་གཏེར་སྟོན་བརྒྱ་རྩ་བྱུང་དང་འབྱུང་རྒྱུ་ཡོད་ཀྱང་། ཅ་ཀ་རྫུན་མ་ཚོང་བ་ནང་བཞིན་དེ་འདྲ་བར་མཉམ་དུ་ལྷ་ཐོད་དཀར་གྱི་རྒྱུད་ན་འདྲེ་ ཐོད་ནག་འབྱུང་བ་རེད། ཟེར་བ་ལྟར། སྟོན་པ་མཆོག་དང་ལྷས་བྱིན་ནང་བཞིན་བྱུང་བ་འབྱུང་བཞིན་རེད། དྲྭ་གྲོགས་ཚོས་ཤེས་འདོད་ན་ངས་བསྟན་པ་སྤྱི་ལ་བསམ་ནས་ས་དགེ་བཀའ་རྙིང་ཇོ་བོན་བཅས་ཀྱི་སྤྲུལ་སྐུའི་བཟོ་གྲྭ་རབ་འབྲིང་ཐ་གསུམ་གྱི་ཚོགས་གཙོའི་སྤར་དང་རྒྱུགས་ཁྱུ་ངོ་གཉིས་མ་ཚོ་བཅས་བསྒྲིགས་ཡོད། ང་རང་ལ་སྲོག་གི་ཉེན་ཁ་ཆེ་ཡང་བསྟན་པ་སྤྱི་ལ་དག་ཐེར་བསམ་ནས་སྤེལ་དགོས་སྙམ་ཡོད། ། འདི་དག་སངས་རྒྱས་བསྟན་པ་དང་བོད་བརྒྱུད་ནང་བསྟན་གྱི་སྤྱི་སྐྱོན་མིན་པ་དང་། གང་ཟག་སྒེར་སྐྱོན་གང་ཟག་གྲུབ་མཐའི་ཆགས་སྡང་ཡིན་པར་ཤིན་ཏུ་གསལ་བོ་མཐོང་ཐུབ་པའི་རྩོམ་ཆོས་ཞིག་ཡོད། །དཔེར་ན་གཏེར་མ་མིན་ཡང་གཏེར་རྟགས་བཀོད་པ་ནི། དཔེར་ན།
མཁྱེན་ནོ་ཀརྨ་པ་མཁྱེན་ནོ༔
ཨོ་རྒྱན་ཡུལ་གྱི་ཤར་བྱང་མཚམས༔
གངས་རིའི་ཁྲོད་དུ་སྐུ་བལྟམས་པའི༔
ཨ་བུ་དགའ་དགའི་འཁྲུངས་སྐར་ལ༔
དད་པ་དང་བའི་མཚམས་འདྲི་ཞུ༔
ནས་་་་
མཁྱེན་ནོ་ཀརྨ་པ་མཁྱེན་ནོ༔
ཕྱི་ཡི་བར་ཆད་ཕྱི་རུ་སོལ༔
ནང་གི་བར་ཆད་ནང་དུ་སོལ༔
གསང་བའི་བར་ཆད་དབྱིངས་སུ་སོལ༔
གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔
སོགས་གཞན་དག་རྒྱས་པ་ཞིག་ཡོད་མོད་འདི་དག་གསལ་སྒྲགས་ཙམ་ཡིན་ཤེས་འདོད་དང་གོ་འདོད་ཡོད་ན་མུ་འཐུད་བཀོད་ཆོག །དངོས་སུ་བླ་སྤྲུལ་དག་མ་ཞིག་ཡིན་ན་ཕོག་དོན་གཏན་ནས་མེད། ང་ཚོས་བླ་གྲྭ་སྤྲུལ་སྐུ་ཚོ་ལ་ངན་པ་མང་པོ་ཞིག་བརྗོད་པ་ཚང་མ་རྫུན་མ་དང་འཆོལ་སྤྱོད་མཁན་ལ་བརྗོད་པ་རེད། དག་མ་དག་ལ་སྐྱོན་དེ་དག་ལ་གཏན་ནས་མི་འགྲོའོ། རྫུན་མ་དེ་དག་ཡང་དག་མིན་རུང་ཡང་དག་ཚོ་ཡང་དེ་འདྲ་འཛིན་པ་ནི་ཤིན་ཏུ་འཁྲུལ་ལོ། དེང་དུས་ཀྱི་སྒྱུ་རྩལ་ཚན་རིག་ལ་བརྟེན་ནས་སྤྲུལ་སྐུ་མཚམས་འཇོག་མི་ནུས་ཀྱང་ སྤྲུལ་རྫུན་མཚམས་འཇོག་ནུས་ངེས་སོ། དམ་པའི་གཞུང་དང་བསྟུན་དང་ཧ་གོ་ངེས། གཏེར་ཆོས་མཚམས་འཇོག་མི་ནུས་ཀྱང་རྫུན་ཆོས་མཚམས་འཇོག་ནུས་སོ།
དྲྭ་གྲོགས་ཚོ་ཐུགས་དགྱེས་ན་ལན་གཏོང་དང་ག་ལེར་འགོད་ཆོག
༢༠༠༩ ༧ ༡ལ་སྨྱོན་པ་དཔལ་དགྱེས་པ་རྡོ་རྗེས་གུས་ཕུལ། །
ངའི་ “སྙན་རྩོམ་”འདིའི་ཕྱག་རོགས་ལ་བར་ཆད་ལམ་སེལ་གདན་འདྲེན་ཞུས་ཀྱང་ད་དུང་བར་ཆད་འདི་འདྲ་སླེབས་དགོས་དོན་གང་ཡིན་ནམ། ཨ་་ཧཧཧ།
ཁེ་མཚར། བནྡེ་རྒན་པོའི་མཆན་འདི་དེ་སྔོན་མཐོང་སོང་།
སྐུ་ཞབས་བནྡེ་རྒན་པོ་ལགས། ཁྱེད་རང་གིས་གནས་ལུགས་དང་མི་མཐུན་པའི་སྐྱོན་བརྗོད་ཅིག་བྱས་འདུག་སྙམ། གལ་སྲིད་ཁྱེད་རང་གིས་སྐྱོན་འདི་དང་དེ་ཞེས་མཛུབ་བསྟན་བྱ་རྒྱུ་ཡིན་ན་དགེ་མཚན་ཆེ་བ་མཐོང་། གཞན་ཁྱེད་རང་གི་མཆན་དེའི་ཚིག་འགྲོས་བསྒྲིགས་པ་ལས་བཙིར་ན་བརྗོད་བྱ་དང་འབྲེལ་པའི་དོན་དག་ཆེ་གོ་རྒྱུ་མིན་འདུག ཕྱོགས་གཅིག་ནས་བལྟས་དུས་ཁྱེད་རང་སེམས་པ་ཡག་པོ་ཡོད་མདོག་ཅིག་འདུག ཕྱོགས་གཞན་ཞིག་ནས་བལྟས་དུས་ཁྱེད་ཀྱི་སེམས་ཧ་ཅང་རགས་པའང་རྩུབ་པོ་ཡོད་བཟོ་འདུག དཔེར་ན་ཁྱེད་རང་གིས་ “བར་ཆད་ལམ་སེལ་མཐའ་རྒྱན་བྱས་པའི་ར་མ་ལུག་གི་གསོལ་འདེབས་དེ།། ཇི་ཙམ་གྱེར་ཀྱང་ཐུགས་རྗེའི་བྱིན་རླབས་ཁྱེད་ལ་འཇུག་པའི་སྐབས་བྲལ་གཤིས།། བརྩེ་བས་ལམ་སྣ་ཡར་དྲངས་རུང་རང་ཁ་ཐུར་ལ་ལོག་པ་ཁྱེད།། དགོངས་པའི་དངོས་གྲུབ་དམ་པར་མ་རེ་རེ་བས་ཕུང་བའི་རྒྱུ་རུ་འགྲོ།།” ཟེར་བའི་དོན་དག་གང་ཡིན་ནམ།
བནྡེ་རྒན་པོ་ལགས་ཀྱི་མཆན་འབྲི་སྟངས་དང་ངའི་ཀརྨ་པ་མཁྱེན་ནོ་གྱི་བརྩམས་ཆོས་གཉིས་བསྡུར་ན་ངའི་དེ་བར་ཆད་ལམ་སེལ་གྱི་བརྩམས་ཆོས་དང་ཐག་ཉེ་བར་འདུག སྐབས་བབས་ཀྱི་བརྗོད་བྱ་དང་སྦྱར་ནས་གསུངས་རོགས་ཞུ།
དཔལ་དགྱེས་པ་རྡོ་རྗེ་ལགས་སུ།
ཁྱེད་ཀྱིས་གཏེར་ཚེགས་ཀྱི་འགྲེལ་བཤད་དེ་ཕར་རིང་པོ་ཞེ་བོ་གཅིག་འཐེན་ནས་གོ་ཁག་པོ་བཟོས་འདུག རྡོག་རྡོག་བཤད་ན་སྟོང་ཉིད་པའི་གང་ཟག་ཅིག་གི་སེམས་ནས་ཤར་བའི་བརྡ་རྟགས་ཟེར་རྒྱུ་ཡིན་ནམ།
དེ་དང་ཁྱེད་རང་གིས་“དྲྭ་གྲོགས་ཚོས་ཤེས་འདོད་ན་ངས་བསྟན་པ་སྤྱི་ལ་བསམ་ནས་ས་དགེ་བཀའ་རྙིང་ཇོ་བོན་བཅས་ཀྱི་སྤྲུལ་སྐུའི་བཟོ་གྲྭ་རབ་འབྲིང་ཐ་གསུམ་གྱི་ཚོགས་གཙོའི་སྤར་དང་རྒྱུགས་ཁྱུ་ངོ་གཉིས་མ་ཚོ་བཅས་བསྒྲིགས་ཡོད། ང་རང་ལ་སྲོག་གི་ཉེན་ཁ་ཆེ་ཡང་བསྟན་པ་སྤྱི་ལ་དག་ཐེར་བསམ་ནས་སྤེལ་དགོས་སྙམ་ཡོད།” ཁྱེད་རང་གི་སྲོག་ལ་ཉེན་ཁ་ཡོད་ཟེར་བ་དེས་ང་ཞེད་བཅུག་སོང་། ཁྱེད་རང་གིས་ཐག་གཅོད་ཅིག
ངས་བསམ་བློ་ཅང་མ་བཏང་ནས་བར་ཆད་ལམ་སེལ་དང་མཉམ་སྦྱར་བྱས་པ་ལས་དེའི་རྒྱབ་ལོག་ལ་དམིགས་ཡུལ་ལམ་གསང་བ་ནི་ཅི་ཡང་མེད་དོ།
ཧྰུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔
པདྨ་གེ་སར་སྡོང་པོ་ལ༔
ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔
པདྨ་འབྱུང་གནས་ཞེས་སུ་གྲགས༔
འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔
ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔
བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔
གུ་རུ་པདྨ་སིདྡྷི་ཧྰུྃ༔
ཨོཾ་ཨྰཿཧྰུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧྰུྃཿ
གལ་སྲིད་སྐད་ཡིག་གཞན་དུ་གཏེར་ཡིག་བསྒྱུར་ན་གཏེར་ཚེགས་འཇོག་དགོས་སམ། གཏེར་ཡིག་གྱི་འགྱུར་མང་ཙམ་མཐོང་སོང་ཡང་གཏེར་ཚེགས་ཡོད་པ་ཞིག་མཐོང་མ་སོང་།
ཀུན་དགའ་ཁྱེད་ཀྱི་བསམ་དོན་འགྲུབ་པར་ཤོག ཡིན་ནའང་འདི་ལ་མཐོ་དམན་དང་ཆེ་ཆུང་ཤོད་ཀྱི་སྡོད་ན་བྱབ་ཆེ་པོ་མིན་འདུག སྐུ་གོང་མ་མཚན་སྙན་གྲགས་ཆེན་པོ་རེད། སྐུ་ཐོག་འདི་མཚན་སྙན་གྲགས་སྐུ་ཐོག་འདི་ཡིས་བསག་དགོས་རྒྱུ་རེད་སྙམ།
ཡི་གེ་འབྲི་བ་ལ་ཁྲིམས་མེད་ཨ་ཁུ་རྒྱུ་བསླུ་ཡིག་ཡིན་པ་རེད་འདུག ཕྱིའི་རྒྱལ་ཁབ་ལ་ཁྲིམས་ཡོད་མེད་ངས་མི་ཤེས། བོད་ལ་ཡིན་ན། གཏེར་ལ་གཏེར་ཤད། རྩོམ་ཚིག་བཅད་ལ་ཉིས་ཤད། ལྷུག་བྲིས་ལ་ཆིག་ཤད། རྫོགས་ཚིག་ཉིས་ཤད། སོགས་ཁྲིམས་ཡོད་པས། མེ་སྒྱོགས་རྒྱ་མཚོ་ཁྱོད་ལ་བོད་ཀྱི་ཆོས་ཡིག་ལ་མགོ་བསྐོར་རྒྱ་སྒོར་ཟ་འདྲེ་ཁ་ཆུང་མིག་ཆུང་ཞིག་གབ་ཡོད་ས་ཡིན། དེ་མིན་ཁྱོད་ཀྱི་བསྟོད་པ་དེ། མཁས་པ་ཐམས་ཅད་རྐུན་མ་ཡིན། ཟེར་བ་ཐད་པ་འདུག་པས་མཁས་པར་འོས་པ་འདུག ཡིན་ན་ཡང་། བསྟོད་པ་དེ་ནི། སྣང་ཚུལ་བསྟོད་པ་ཡིན་ན་ཡང་། དེ་ལ་སྨད་པ་ཡིན་འདུག གང་ཡིན་ཟེར་ན། ལུགས་མི་མཐུན་པར་མིན་པ་ལ་ཡིན་པ་ལྟར་སྐྱག་སྐྱག་དང་ཚོད་ལྟས་ཞིག་རེད་འདུག འདི་ནི་ཁྱོད་ཀརྨ་པ་ལ་དད་པ་ཆེ་དྲག་ནས་མིན་ནི་དེས་མཚོན་ཐུབ། དེ་མ་ཟད་ གུ་རུ་རིན་པོ་ཆེ་ལའང་ཁྱོད་དད་ལོག་ཅན་ཞིག་ཡིན་ནི་ཚོན་ཐུན། མདོར་ན། ཁྱོད་ནི་ཕྱོགས་གང་ནས་དཔྱད་ནའང་བོད་ཀྱི་རིགས་གཞུང་ལ་མི་དགའ་མཁན་ཞིག་དང་། མདུན་ལ་མཛུམ་བསྟན་རྒྱབ་ནས་གྲི་རྒྱབ་མཁན་དེ་རེད་འདུག