མ་དྷར་ཁྲེ་རི་ཟ།
མི་ཚེ་ནི་གོ་སྐབས་ཤིག་ཡིན། དེ་ལས་ཁེ་བཟང་ལོངས།
མི་ཚེ་ནི་མཛེས་བ་ཡིན། དེ་ལ་ཡིད་སྨོན་གྱིས།
མི་ཚེ་ནི་རྨི་ལམ་ཡིན། དེ་ངོས་ཟུངས།
མི་ཚེ་ནི་འགྲན་རྩོད་ཅིག་ཡིན། དེ་ལ་ཐུག
མི་ཚེ་ནི་འགན་ཞིག་ཡིན། དེ་རྫོགས་ཆུག
མི་ཚེ་ནི་རྩེད་མོ་ཞིག་ཡིན། དེ་ལ་རྩེས།
མི་ཚེ་ནི་དམ་བཅའ་ཞིག་ཡིན། དེ་འགྲུབ་པར་འཚལ།
མི་ཚེ་ནི་སྡུག་བསྔལ་ཞིག་ཡིན། དེ་ཕམ་པར་གནང་།
མི་ཚེ་ནི་གླུ་གཞས་ཤིག་ཡིན། དེ་ལོངས་ཤིག
མི་ཚེ་ནི་འཐབ་རྩོད་ཅིག་ཡིན། དེ་དང་དུ་ལོངས།
མི་ཚེ་ནི་ཆག་སྒོ་ཞིག་ཡིན། དེ་ལ་གདོང་ལེན་བྱོས།
མི་ཚེ་ནི་ཉེན་མཆོངས་ཅན་ཞིག་ཡིན། དེ་ལ་སྤོབས་པ་སྐྱེད།
མི་ཚེ་ནི་ལམ་འགྲོ་ཡིན། ལམ་ལྷོང་ཤོག
མི་ཚེ་ཤིན་ཏུ་ནས་རྩ་ཆེན་ཡིན། དེ་མེད་པར་མ་གཏོང་།
མི་ཚེ་མི་ཚེ་ཡིན། དེ་ལ་འཐོབ།
Life is an opportunity, benefit from it.
Life is beauty, admire it.
Life is a dream, realize it.
Life is a challenge, meet it.
Life is a duty, complete it.
Life is a game, play it.
Life is a promise, fulfill it.
Life is sorrow, overcome it.
Life is a song, sing it.
Life is a struggle, accept it.
Life is a tragedy, confront it.
Life is an adventure, dare it.
Life is luck, make it.
Life is too precious, do not destroy it.
Life is life, fight for it.
― Mother Teresa
མི་ཚེ་དང་མི་ལུས་གཉིས་ལ་ཁྱད་པར་འདྲ་ཡོད་མེད་མི་ཤེས།
མྱི་ལུས་ནི་་་་་་་་་་ཡིན་ན་་་་་་་་་་་ཤིག
སྙན་ཆ་ཞིག་མེད་འགྲོ་བསམ་པས་མ་ཚད་དོན་ལ་ཡང་འབབ་པོ་ཞིག་ཡོད་པར་འདོད།
དཔེར་ན།
མྱི་ལུས་ནི་ཆེ་རྩ་ཆེན་ཞིག་ཡིན་ན་མེད་རླག་དུ་མ་གཏོང་ཤིག
མྱི་ལུས་ནི་རྨི་ལམ་ཞིག་ཡིན་ན་ཡིན་པར་ཤེས་ཤིག
ལྟ་བུ་འོ།
ཡང་ན།
མྱི་ལུས་ནི་་་་་་་་་་ཡིན་པས་་་་་་་་་་་ཤིག
དཔེར་ན།
མྱི་ལུས་ནི་ཆེ་རྩ་ཆེན་ཞིག་ཡིན་པས་མེད་རླག་དུ་མ་གཏོང་ཤིག
མྱི་ལུས་ནི་རྨི་ལམ་ཞིག་ཡིན་པས་ཡིན་པར་ཤེས་ཤིག
མི་ཚེ་རང་གི་མི་ཚེ་ཡིན་པས་རང་ལ་ཕན་དགོས། །
མི་ཚེ་མི་ཡི་མི་ཚེ་ཡིན་པས་མི་ལ་ཕན་དགོས། །
མི་ལུས་དང་མི་ཚེ་གཉིས་ཁ་ཁ་རེད། མི་ལུས་ནི་གོ་སྐབས། འགན། འཐབ་རྩོད། རྩེད་མོ། དམ་བཅའ། རྨི་ལམ། ལམ་འགྲོ གླུ་གཞས། ཆག་སྒོ་སོགས་ཡིན་ས་མི་འགྲོ་བ་རེད། མི་ཚེ་ཁོ་ན་དེ་ལྟ་བུ་ཞིག་ཡིན་འོས།
མི་ལུས་མེད་ན་མི་ཚེ་མེད།།
མི་ལུས་ཐོབ་པའི་མི་ཚེ་འདིར།།
ཚེ་ལ་རིན་ཐང་འཇོག་པའི་ཕྱིར།།
རང་ཉིད་རང་ལ་ཡིད་ཆེས་གྱིས།།
མི་ལུས་རྩ་ཆེན་ཡིན་པ་ཡིས།།
མི་ཚེ་འདིའང་རྩ་ཆེན་ཡིན།།
མི་ལུས་རྩ་ཆེན་མིན་པ་ན།།
མི་ཚེ་རྩ་ཆེན་ཇི་ལྟར་ཆགས།།
མི་ལུས་མཐོང་ཆུང་བྱས་པ་ན།།
མི་ཚེར་མཐོང་ཆུང་བྱས་པ་ཡིན།།
མི་ལུས་ནོར་བུ་རིན་ཆེན་འདི།།
རིན་པོ་ཆེ་རུ་ངོས་བཟུང་ནས།།
མི་ཚེ་དོན་ལྡན་བྱེད་པར་རིགས།།
མི་ཚེར་འོད་སྣང་སྤྲོ་བར་རིགས།།
མི་ཡི་མི་ཚེ་ཚེ་ཡི་ཁྲལ་མ་ཡིན།།
མི་ཡི་མི་ཚེ་ཚེ་ཡི་རྔན་པ་ཡིན།།
ཚེ་ལ་རྔན་པ་བཟང་ངན་གང་སྤྲད་མིན།།
རང་ལ་ཡིད་ཆེས་ཡོད་མིན་དེ་ལ་ཐུག།
དགེ་ཆོས།
མི་ཡི་མི་ཚེ་ཚེ་ཡི་ཁྲལ་ཡིན་པས།།
ཁྲལ་བ་འཆི་བདག་དྲུང་དུ་མ་སླེབས་བར།།
སྐྱིད་དུས་རིང་དུ་གཏོང་རྒྱུ་མེད་གྱུར་ན།།
སྡུག་དུས་ཐུང་དུ་གཏོང་རྒྱུ་ག་ལ་ཡོད།།
མི་ཚེ་ཡིས་ཁྱེད་ལ་ངུ་འཆོར་བའི་དགོས་པའི་རྒྱུ་མཚན་བརྒྱ་ཕྲག་ཅིག་བགྲང་བ་ཡིན་ན། ཁྱེད་ལ་དགོད་དགོས་པའི་རྒྱ་མཚན་སྟོང་ཕྲག་ཅིག་ཡོད་པ་དེ་མི་ཚེ་ལ་སྟོན་པར་ཞུ། When life gives you a hundred reasons to cry, show life that you have a thousand reasons to smile
འདི་ནི་ནང་ཆོས་དགེ་རྒན་གྱིས་སྡུག་བསྔལ་གྱི་ཐོག་ལ་སྡུག་བསྔལ་མནན། སྡུག་བསྔལ་རྡབ་འགྱུར་གྱིས་ཆེ་རུ་བཟོས་ནས་མི་གསོན་པོའི་རེ་བ་བརླག་ཅིང་། འཚོ་བའི་བདེ་སྐྱིད་ལ་ཡིད་ཆེས་བརླག་འཇུག་པའི་སྐབས་སུ་ཉམས་སུ་ལེན་འཚལ། ང་ཚོའི་ནང་ཆོས་ནང་བཤད་པ་ལྟར། བདེ་སྐྱིད་དེ་འཕྲལ་སེལ་གྱི་བདེ་སྐྱིད་ཅིག་ལས་མིན་ན་སྡུག་བསྔལ་ཟེར་བ་དེའང་འཕྲལ་སེལ་གྱི་སྡུག་བསྔལ་ཞིག་ལས་མིན་པ་རེད། བདེ་སྡུག་གཉིས་ཀྱི་འགྲེལ་བཤད་དོ་མི་སྙོམས་པའི་གཞུང་ལུགས་དེ་འདྲ་བས་མིའི་མི་ཚེའང་དོ་མི་སྙོམས་པ་བཟོ་བ་རེད།
མི་ཚེ་ལ་སྡུག་རབས་བཅོ་བརྒྱད་བཤད་རྒྱུ་ཡོད་ན།
ང་ལ་དགའ་རབས་ཉིས་ཤུ་བསྟན་རྒྱུ་ཡོད། ཟེར་ན་དགའ་ས་རེད།
དེ་མིན།
ཁྱི་མོ་ལ་ཉལ་སྟངས་དགུ་ཡོད་ན།
བདག་པོ་ལ་སློང་སྟངས་བཅུ་ཡོད་ལྟ་བུ་མ་རེད་དམ།
མཛོ་མོ་ལ་ཉལ་སྟངས་དགུ་ཡོད་ན
སྦྱིན་བདག་ལ་སློང་སྟངས་བཅོ་བརྒྱད་ཡོད།
སོག་པོ་དགེ་བཤེས་ཆོས་ཀྱི་གྲགས་པ་ན་རེ།
སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར།།
ཤི་ཡང་ཕྱི་མིག་ལྟ་བའི་རེ་བ་ཡིས།།
སྐྱེ་བོ་ཐམས་ཅད་རང་གི་ལག་རྗེས་ཙམ།།
ཤུལ་དུ་ལུས་པའི་འབད་པ་ངང་གིས་བྱེད།།
རྒྱའི་སྙན་ངག་པ་གྲགས་ཅན་ལུའུ་ཤུན་གྱིས།
མིའི་མི་ཚེ་ནི་ཚད་ཅན་ཞིག་ཡིན། འོན་ཀྱང་།
མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཚད་ལས་འདས་སོ།།ཞེས་ཟེརོ།