ཕྱི་ལོ་༡༩༨༠་ལོ་ཨོ་ལིམ་པིག་དེ་སུའུ་ལེན་གྱི་མཱོ་སུ་ཁོའོ་(Moscow, Soviet Union)རུ་ཚོགས། སྐབས་འདི་ནི་ཨོ་ལིམ་པིག་གི་ལོ་རྒྱུས་ནང་དུ་
རྒྱལ་ཁབ་མང་བོས་ཐུན་མོང་གི་ངོ་རྒོལ་བྱས་ཏེ་རྩེད་འགྲན་ལ་མཉམ་ཞུགས་མ་བྱས་བ་ཆེ་ཤོས་དེ་རེད། རྒྱུ་མཚན་ནི། ཕྱི་ལོ་༡༩༧༩་ཟླ་བ་༡༢་ནང་སུའུ་ལེན་
དམར་ཕྱོགས་གཞུང་གིས་ཨ་ཧྥུ་གཱན་ནི་སུ་ཊཱན་(Afghanistan)ལ་དམག་འཁྲུག་རྒྱབ་ནས་བཙན་བཟུང་བྱས་བ་ལ། ཨ་རི་གཙོ་བྱས་རྒྱལ་ཁབ་༦༡་གིས་
ཨོ་ལིམ་པིག་རྩེད་འགྲན་ཕྱིེར་འཐེན་གྱིས་མཉམ་ཞུགས་ལ་འགོག་རྒོལ་བྱས།
ཐེངས་འདིའི་རྩེད་འགྲན་ལ་ལུས་རྩལ་མཁན་༥༠༠༠་ཙམ་དང་རྒྱལ་ཁབ་༨༡་འཐུས་ཚབ་འདུག
ཕྱི་ལོ་༡༩༨༤་ཨོ་ལིམ་པིག་རྩེད་འགྲན་དེ་ཨ་རིའི་ལོ་སུ་ཨན་ཇེ་ལེ་སུ་(Los Angeles, USA)རུ་ཚོགས། ཐེངས་སྔོན་མར་ཨ་མེ་རི་ཁ་ཡིས་ཨོ་ལིམ
་ཕི་ཁུ་རྩེད་འགྲན་ལ་མཉམ་ཞུགས་མ་བྱས་པར་ངོ་རྒོལ་གནང་སྟབས། དམར་ཕྱོགས་སུའུ་ལེན་དང་། ཤར་འཇར་མཱན་(East Germany)། ཁུའུ་བྷ་
(Cuba)་སོགས་རྒྱལ་ཁབ་༡༤་ནས་རྩེད་འགྲན་འདི་ལ་མཉམ་ཞུགས་མི་བྱེད་པར་ངོ་རྒོལ་བྱས་ཡོད།
སྐབས་འདི་ལ་མཉམ་ཞུགས་བྱེད་མཁན་རྒྱལ་ཁབ་གསར་བ་ཞིག་ཡོད་པ་ནི་། རྒྱ་ནག་རེད། ཕྱི་ལོ་༡༩༨༤་ཨོ་ལིམ་པིག་རྩེད་འགྲན་ནི་རྒྱལ་ནག་
མཉམ་ཞུགས་བྱས་པ་ཐོག་མ་ཡིན། རྩེད་འགྲན་འདི་ནས་བཟུང་ཚོང་ལས་བཟོ་གྲྭ་མཉམ་རོགས་ཀྱིས་རྩེད་འགྲན་ལ་མ་དངུལ་བཏང་ཡོད། སྐབས་འདིར་
བཟོ་གྲྭ་༤༣་ནས་ཨོ་ལིམ་པིག་རྟགས་ཅན་གྱི་ཅ་དངོས་གསར་བསྐྲུན་གྱིས་ཚོང་བསྒྱུར་བྱས། ཐེངས་འདིའི་རྩེད་འགྲན་ལ་ལུས་རྩལ་མཁན་༦༠༠༠་ཙམ་དང་
རྒྱལ་ཁབ་༡༤༠་ནས་འཐུས་ཚབ་འདུག
ཕྱི་ལོ་༡༩༨༨་ལོ་ཨོ་ལིམ་པིག་རྩེད་འགྲན་ལྷོ་ཀོ་རི་ཡ་རྒྱལ་ཁབ་ཀྱི་སཱོལ་(Seoul, South Korea)ནང་ཚོགས། ཨེ་ཐི་ཨོ་ཕི་ཡ་(Ethiopia)དང་། ཁུའུ་བྷ་(Cuba)རྒྱལ་ཁབ་གཉིས་ཀྱིས་བྱང་ཀོ་རི་ཡ་(North Korea)ལ་ལག་འབྲེལ་བྱས་ནས་རྩེད་འགྲན་ལ་མཉམ་ཞུགས་མི་བྱེད་པར་ངོ་རྒོལ་བྱས་ཡོད། ཡིན་ནའང་། ཕྱི་ལོ་༡༩༨༨་ལོ་ཨོ་ལིམ་པིག་ནི་ཧ་ཅང་གཞི་རྒྱ་ཆེ་ལ་སྤྲོ་སེམས་ལྡན་པའི་དུས་སྟོན་ཞིག་ཏུ་གྱུར། ལུས་རྩལ་མཁན་ཁ་ཤས་ཀྱིས་སྟོབས་རྒྱས་
སྨན་རྫས་ཟོས་བའི་ཉེར་ལེན་གྱིས་ཨོ་ལིམ་པིག་རྩེད་འགྲན་ལས་ཕྱིར་འབུད་བཏང་། སྐབས་འདིར་ལུས་རྩལ་མཁན་ཕལ་ཆེར་༨༥༠༠་ཙམ་མཉམ་ཞུགས་དང་། རྒྱལ་ཁབ་༡༥༩་འཐུས་ཚབ་འདུག
ཕྱི་ལོ་༡༩༩༢་ལོ་ཨོ་ལིམ་པིག་རྩེད་འགྲན་སི་པཱིན་གྱི་བྷར་སེ་ལོ་ནཱ་(Barcelona, Spain)ནང་ཚོགས། འདས་བའི་ལོ་བཅུ་ཕྲག་གསུམ་ནང་ཨོ་ལིམ་
པིག་རྩེད་འགྲན་ལ་ཆབ་སྲིད་ཀྱི་གནས་སྟངས་དང་རྒྱལ་ཁབ་ཕན་ཚུན་འབྲེལ་བའི་དབང་གིས་མཉམ་ཞུགས་འགོག་རྒོལ་བྱུང་ཡོད་ལ་། འདི་ནི་འགོག་རྒོལ་
དང་ངོ་རྒོལ་ཅི་ཡང་མེད་པ་ཐོག་མ་དེ་རེད། དེ་སྔོན་གྱི་སུའུ་ལེན་རྒྱལ་ཁབ་ནས་རང་བཙན་ཐོབ་པའི་རྒྱལ་ཕྲན་གསར་བ་དག་གི་ལུས་རྩལ་མཁན་ཚོས་ཆིག་
སྒྲིལ་རུ་ཁག་ཅེས་འགྲན་བསྡུར་ལ་ཞུགས་པ་དང་། འཇར་མིན་ཡང་གཅིག་གྱུར་བྱུང་བའི་རྒྱལ་ཁབ་ལྟར་རྩེད་འགྲན་དུ་ཐོན་ཡོད། ད་དུང་ལྷོ་ཨ་ཧྥེ་རི་ཁ་
ཡང་ཨོ་ལིམ་པིག་རྩེད་འགྲན་འདི་ལ་མཉམ་ཞུགས་བྱས། སྐབས་འདིའི་རྩེད་འགྲན་ལ་ལུས་རྩལ་མཁན་༩༣༠༠་ཙམ་དང་། རྒྱལ་ཁབ་༡༦༩་འཐུས་ཚབ་འདུག
ཕྱི་ལོ་༡༩༩༦་ལོ་ཨོ་ལིམ་པིག་རྩེད་འགྲན་དེ་ཨ་མེ་རི་ཁའི་ཨ་ཊི་ལཱན་ཊཱ་(Atlanta, United States)ནང་དུ་ཚོགས། རྩེད་འགྲན་འདི་ནི་དེང་
རབས་ཨོ་ལིམ་པིག་འགོ་འཛུགས་བྱས་ནས་ལོ་འཁོར་བརྒྱ་ཏག་ཏག་ཕྱིན་ཡོད་སྟབས། མི་མང་གིས་བསམ་ཚུལ་ལ། ཨོ་ལིམ་པིག་འབྱུང་ཁུངས་སྒི་རེའི་སུ་རྒྱལ
་ཁབ་ཀྱི་ཨེ་ཐེན་སུ་(Athens, Greece)ནང་ཚོགས་འོས་བ་ཞིག་རེད་སྙམ། ཡིན་ནའང་ཨེ་ཐེན་སུ་ནི་ཕྱོགས་གང་ལ་ལྟོས་ཀྱང་རྩེད་འགྲན་གྱི་འགྲོན་བདག་
བྱེད་པའི་ཆ་རྐྱེན་མང་བོ་ཞིག་ཚང་མེད་སྟབས། རྒྱལ་སྤྱིའི་ཨོ་ལིམ་པིག་ལྷན་ཚོགས་ཀྱིས་ཨ་ཊི་ལཱན་ཊཱ་བདམས་ཡོད།
ཨ་ཊ་ལཱན་ཊཱ་གྲོང་ཁྱེར་གྱིས་རྩེད་འགྲན་འདི་ལ་གཞུང་གི་མ་དངུལ་གཅིག་ཀྱང་མ་བཏང་བར། འཛིན་བྱང་བཙོང་བའི་དངུལ་དང་། ཚོང་ལས་ཁྱབ་
སྤེལ། བཟོ་གྲྭའི་དྲིལ་བསྒྲགས། སྒེར་དངུལ་བེད་སྤྱད་བཏང་ནས་རྩེད་འགྲན་བཀོད་སྒྲིག་གནང་བས། འདི་ནི་སྲིད་གཞུང་གིས་རོགས་དངུལ་དང་རྒྱབ་སྐྱོར་
ཅི་ཡང་མེད་པར་ཨོ་ལིམ་པིག་རྩེད་འགྲན་ཚོགས་པ་དང་བོ་རེད། མི་ཁ་ཤས་ཀྱིས་བསམས་པར་ཚོང་ལས་དང་བཟོ་གྲྭ་ཡིས་ཚད་ལས་བརྒལ་བའི་དྲིལ་
བསྒྲགས་དང་ཁྱབ་སྤེལ་བཏང་བ་དེས། རྩེད་འགྲན་འདི་སྔོན་མ་ལས་ཚོར་ཤུགས་འཕེལ་བ་ཞིག་མིན་པར་འདོད།
སྐབས་འདིར་དོན་རྐྱེན་ངན་པ་ཞིག་བྱུང་བ་ནི་ཨ་ཊི་ལཱན་ཊཱ་གྲོང་ཁྱེར་ནང་ལྕགས་སྦུག་འབར་རྫས་གད་ནས་མི་གཅིག་བསད་པ་དང་། མི་གཅིག་
སྙིང་ནད་ལ་རྐྱེན་བྱས་ཤི་བ། མི་༡༡༡་ལ་རྨས་སྐྱོན་བྱུང་། དོགས་གཞི་ཅན་གྱི་མི་དང་ཚོགས་ཁག་། དམིགས་ཡུལ་ཅི་ཡིན་རྩ་བ་ནས་ཤེས་རྟོགས་བྱུང་མེད།
ཕྱི་ལོ་༡༩༩༦་ལོའི་རྩེད་འགྲན་འདི་ལ་ལུས་རྩལ་མཁན་༡༠༣༢༠་མཉམ་ཞུགས་དང་། རྒྱལ་ཁབ་༡༩༧་མི་སྣ་འཛོམས་འདུག
ཕྱི་ལོ་༢༠༠༠་ལོ་ཨོ་ལིམ་པིག་ཡང་ན་སྟོང་ལོ་གསར་བའི་རྩེད་འགྲན་འདི་ནི་ཨོ་སུ་ཊི་ལི་ཡའི་སུས་སྒྲི་ནེ་(Sydney, Australia)ནང་ཚོགས། སྲིད་
གཞུག་གིས་ལུས་རྩལ་རྩེད་ར་སོགས་ལ་འགྲོ་སོང་འབོར་ཆེན་བཏང་ནས་ལྟད་མོ་བ་མང་བོ་ཞིག་ཚུར་འགུག་བྱེད་སྙམ་མོད། འོན་ཀྱང་དེ་ལྟར་རེ་འདོད་
བཞིན་དཔལ་འབྱོར་གྱི་ཁེ་ཕན་མ་བྱུང་། སྒོ་འབྱེད་མཛད་སྒོ་ཡི་དུས་སྟོན་ལ་གླིང་ཆེན་འདིའི་ཐོག་གི་རིག་གཞུང་འགྲེན་སྟོན་དང་། གཞས་སྣ་ཞབས་བྲོ། ཡུལ་གྱི་བཀོད་པ་སོགས་གཟིགས་མོ་སྟོན་པ་བཅས་གྲ་རྒྱས་པོ་གནང་འདུག
ཨ་ཧྥི་གཱན་ནི་སུ་ཊཱིན་(Afghanistan)གྱི་ཊཱ་ལི་བྷན་(Taliban)གཞུང་གིས་ལུས་རྩལ་གྱི་རིགས་གང་རུང་ལ་བཀག་འགོག་དང་དམ་དྲག་བྱས་
སྟབས། ཨ་ཧྥི་གཱན་ནི་སུ་ཊིན་རྒྱལ་ཁབ་དེ་ཨོ་ལིམ་པིག་རྩེད་འགྲན་ལ་སྐབས་ཤིག་མཚམས་འཇོག་བྱས། རྩེད་འགྲན་འདིའི་སྐབས་སྤྱིར་བཏང་མིན་པའི་
གནས་ཚུལ་ཞིག་དེ། ནུབ་དང་ལྷོ་ཀོ་རི་ཡ་གཉིས་ལུས་རྩལ་རུ་ཁག་གཅིག་ལྟར་ཆིག་སྒྲིལ་གྱི་དར་ཆ་རྒྱབ་ལྗོངས་དཀར་བོའི་ངོས་སུ་ཀོ་རི་ཡའི་ས་ཁྲ་སྔོན་པོ་
ཅན་འདིའི་འོག་ཏུ་མཉམ་དུ་ཐོན་པ་དང་། རྒྱལ་ཁབ་གསར་བ་ཤར་ཊི་མོར་(East Timor)རང་ཉིད་ལ་རྒྱལ་ཁབ་ཀྱི་ཨོ་ལིིམ་པིག་ལྷན་ཚོགས་མེད་མོད།
ལུས་རྩལ་མཁན་བཞི་ཨོ་ལིམ་པིག་དར་ཆའི་འོག་ཁོ་ཚོ་འཛུལ་ཞུགས་བྱེད་དུ་བཅུག་ཡོད།
ཨོ་ལིམ་པིག་རྩེད་འགྲན་ནི་གསར་འགོད་བརྒྱུད་ལམ་ཆེ་ཤོས་སུ་གྱུར་བ་དང་། ཕྱི་ལོ་༢༠༠༠་ལོའི་སུས་སྒྲི་ནེ་ཨོ་ལིམ་པིག་ལ་གསར་འགོད་མཁན་
༡༦༠༠༠་འདུ་འཛོམས་ཀྱིས་འཛམ་གླིང་གང་སར་རྩེད་འགྲན་འདི་བརྙན་འཕྲིན་ཐོག་མཐོང་ཐུབ་ཡོད། སྐབས་འདིར་རྒྱལ་ཁབ་༡༩༩་མི་སྣ་དེ། སྐྱེས་བ་
༦༥༨༢་དང་བུད་མེད་༤༠༦༩་བཅས་ལུས་རྩལ་མཁན་༡༠༦༥༡་མཉམ་ཞུགས་གནང་།
ཕྱི་ལོ་༢༠༠༤་ལོ་ཨོ་ལིམ་པིག་སྒི་རེའེ་སུ་ཡི་ཨེ་ཐེན་སུ་(Athens, Greece)དུ་ཚོགས། རྩེད་འགྲན་འདིའི་ཆེད་དུ་སྒི་རེའེ་སུ་གཞུང་ནས་རྩེད་ར་
གསར་རྒྱག་སོགས་ལ་འགྲོ་སོང་འབོར་ཆེན་བཏང་བ་དང་། ད་དུང་འཇིགས་སྐུལ་བ་ལ་དོགས་ཟོན་དང་བདེ་འཇགས་སྲུང་སྐྱོབ་ཆེད་དུ་དངུལ་འཕར་མ་
མང་བོ་བཏང་ནས་ཉེན་རྟོག་པ་༧༠༠༠༠་ཙམ་རྩེད་འགྲན་སྐབས་མངགས་བཀོད་བྱས། ཕྱི་ལོ་༢༠༠༤་ཟླ་བ་གསུམ་པའི་ནང་ད་དུང་ཨོ་ལིམ་པིག་ཡི་ལས་
འཆར་ཁ་ཤས་དུས་བཅད་ལྟར་ལེགས་འགྲུབ་མ་བྱུང་བ་དང་། ལུས་རྩལ་ར་བ་གཙོ་བོ་དེ་ཡང་རྩེད་འགྲན་སྒོ་འབྱེད་ཀྱི་ཟླ་བ་གཉིས་སྔོན་ཙམ་ལ་ལེགས་
འགྲུབ་བྱུང་འདུག རྩེད་ར་གསར་བསྐྲུན་སྐབས་ལས་ཀ་བྱེད་མཁན་མི་༡༤་ཤི་བ་དང་། དེའི་ནང་མང་ཤོས་སྒི་རེའེ་སི་ཕྱི་ལོག་ནས་ཡོང་བ་རྐྱང་རེད། ད་དུང་རྩེད་འགྲན་སྔོན་ཏག་ཏག་ལ་སྒི་རེའེ་སུ་མགྲོན་ཁང་ལས་བྱེད་ཚོས་གླ་ཕོགས་ལ་རྩོག་རྙོག་བྱུང་ནས་ཉིན་གཅིག་ལ་ལས་ཀ་མཚམས་འཇོག་གི་ངོ་རྒོལ་གནང་། དེ་མིན་མྱུར་སྐྱོབ་མོ་ཊ་གཏོང་མཁན་དང་ཉེན་སྐྱོབ་སྨན་པ་ཚོས་དངུལ་འཕར་མ་སྤྲོད་དགོས་པའི་རེ་སྐུལ་གྱི་ངོ་རྒོལ་གནང་འདུག
སྐབས་འདིའི་ཨོ་ལིམ་པིག་རྩེད་འགྲན་དུ་རྒྱལ་ཁབ་༢༠༡་ནས་མི་སྣ་དང་། ལུས་རྩལ་མཁན་༡༠༦༢༥་མཉམ་ཞུགས་གནང་།