ཚངས་དབྱངས་རྒྱ་མཚོས་བཏང་།
ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་མོའི་བགྲོ་གླེང་ཐེངས་བདུན་པ་དེ་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༡ ཉིན་མགོ་ལོག་ལྕམ་མདའ་དགོན་པའི་ནང་དབུ་འཛུགས་གནང་ཡོད་འདུག ཕྱི་ཚེས་ ༡༡ ཉིན་མགོ་ལོག་ལྕན་མདའ་དགོན་དུ་ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་མོའི་བགྲོ་གླེང་ཐེངས་བདུན་པ་དེ་དབུ་འཛུགས་གནང་ཡོད་འདུག་ལ། ཐེངས་འདིའི་བགྲོ་གླེང་ཐོག་རྒྱལ་བ་ཇོ་ནང་པའི་དགོན་ཆེན་ཤར་འཛམ་ཐང་བསམ་གྲུབ་ནོར་བུའི་གླིང་དང་། བསྭེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་། ལྕམ་མདའ་དགོན་ཐུབ་བསྟན་ངེས་དོན་ཆོས་འཁོར་གླིང་། ཡར་ཐང་དགོན་ངེས་དོན་བཤད་སྒྲུབ་གླིང་། ལུང་སྐྱ་དགོན་ངེས་དོན་མི་འགྱུར་བདེ་ཆེན་གླིང་། གཙང་བཀྲ་ཤིས་ཆོས་འཁོར་གླིང་སོགས་ཇོ་ནང་པའི་དགོན་སྡེ་ ༥༠ ལྷག་གི་དགེ་འདུན་པ་རྩེ་གྲས་ ༢༠༠༠ བརྒལ་བ་དང་། བླ་སྤྲུལ་མཁན་པོ་དགེ་བཤེས་སོགས་གནད་ཡོད་མི་སྣ་བརྒྱ་ཕྲག་ལྷག་མཉམ་ཞུགས་གནང་ཡོད་འདུག
བགྲོ་གླེང་ཉིན་དང་པོར་མདོ་སྔགས་སློབ་གླིང་གི་མཁན་ཆེན་བགྲོ་གླེང་གོ་སྒྲིག་པའི་ཚོགས་གཙོ་བློ་བཟང་ཆོས་འཕེལ་མཆོག་གིས་ཐེངས་འདིའི་བགྲོ་གླེང་གི་སྒྲིག་གཞི་དང་། ཀུན་སྤྱོད་ཁུར་སྟངས། བགྲོ་གླེང་ཚོགས་སྟངས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་བ་དང་། དེ་དང་ཆབ་གཅིག་ཆོས་ཁྲིམས་དང་གནད་ཡོད་མི་སྣ་མང་པོ་ཞིག་གིས་བགྲོ་གླེང་དེ་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནང་ཡོད་འདུག
ཉིན་གཉིས་པར་མགོ་ལོག་ལྕམ་མདའ་དགོན་པའི་མཁན་ཆེན་ཀུན་དགའ་གསལ་བྱེད་མཆོག་གིས་བགྲོ་གླེང་བ་ཡོངས་ལ་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ལམ་རིམ་བདུད་རྩིའི་སྙིང་ཁུ་བཀའ་ཁྲིད་ཀྱི་འགོ་བཙུགས་པ་དང་འབྲེལ་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་ཡོད་པ་དང་། དེ་ནས་མུ་མཐུད་དགོན་སྡེ་སོ་སོའི་བཤད་གྲྭ་བ་རྣམས་ཀྱིས་རྩོད་རྒྱུགས་དང་བློ་རྒྱུགས། འཆད་འཁྲིད་བཅས་ཀྱི་རྒྱུགས་སྤྲོད་དང་། གཞུང་ཆེན་བཀའ་བོད་ལྔའི་ཐོག་བགྲོ་གླེང་དང་རྩོད་པ་བྱེད་རྒྱུའི་འགོ་འཛུགས་གནང་ཡོད་འདུག་ལ། ཕྱི་ཚེས ༡༠ ནས་ ༢༥ བར་ཉིན་ ༡༥ ལ་འཚོགས་རྒྱུ་ཡིན་འདུག
ཨ་ཁ་ཁ། ང་ཡང་ས་གནས་དེར་ཡོད་ན་ངས་དབུ་མ་གཞན་སྟོང་གི་གྲུབ་མཐའ་སྨྲ་བ་ཚོར་གུས་ཞབས་ཀྱི་ཐོག་ནས་བརྒལ་བརྟགས་མཐར་ཕྱིན་པ་བྱེད་ནས་གཞན་སྟོང་གི་སྲོལ་ངན་དེ་ཡང་དག་རིགས་པའི་ལམ་ནས་ཚར་བཅད་དེ་ཡང་དག་བདེན་པའི་གནས་ལུགས་ཤིག་ཞལ་འདེབས་ཕུལ་ཐུབ་རྒྱུའི་རེད་དེ། ཆབ་སྲིད་ཀྱི་འགག་རྡོ་འདིས་རྐྱེན་པས་ད་བྱུང་མ་སོང་།
བོད་ནང་དེ་འདྲའི་ཡག་པ་ལ་ཨང་། བཙན་བྱོལ་བ་ནི་ཁ་གཏམ་འབྲུག་སྒྲགས་ཙམ་ལས་སྤྱི་དོན་ལས་སྒེར་དོན་གཉེར་རྒྱུ་དགའ་བ་ཡོད།
རྟག་མཐའ་ལ་དབུ་མར་སྨྲ་བའི་རིང་ལུགས་འདི་ཉིད་དར་ཞིང་རྒྱས་པའི་སྨོན་འདུན་ཞུ་རྒྱུ་ཡིན།
བོད་གངས་ཅན་ལྗོངས་ཀྱི་ཇོ་ནང་རྒྱལ་བ་མགོན་པོའི་རིང་ལུགས་མི་ཉམས་རྒྱུན་འཛིན་ཡོང་བ་དང་ཉམས་པ་སླར་གསོ་ཡོང་བར་སྨོན།
ཧ་ཅང་ལེགས་པོ་རེད་རང་སྐྱིད་གཞན་སྨོན་ཞིག་བྱུང་བར་སྨོན
ཆད་ལྟ་ལ་དབུ་མར་སྨྲ་བའི་ལུགས་དེ་གནམ་འོག་ནས་རྒྱུན་ཆད་པར་གྱུར་ཅིག
རབ་གནས་ཆུ་འབྲུག་ལོའི་བོད་ཟླ་༤་ཚེས་༢༥་དེ་ནི། ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱི་སྐྱེས་རབས་སུ་གཏོགས་པ། འབྲི་གུང་སྐྱོབ་པ་ཅེས་པ་དེའི་དགོངས་རྫོགས་དང་སྟབས་བསྟུན་པའམ་ཁེལ་བ་ཞིག་ཡིན་པར་སྙམ།
༧ས་སྐྱ་གོང་མ་ཐེ་ཝན་ཏུ་ཞབས་སོར་འཁོད་པ་དང་། རྡོ་རྗེ་འཆང་གཉིས་པ་ཟེར་བ་ཞིག་གིས་ཁོ་རང་༧ས་སྐྱ་གོང་མས་ངོས་འཛིན་བྱས་པ་དང་། སྐབས་ཤིག་ངོས་འཛིན་བདེན་པ་མིན་ཚུལ་བརྗོད་ནའང་། ད་རེས་ཡིན་མིན་ཐག་གཅོད་རྒྱུ་ཡིན་ཞེས་ཞི་རྒོལ་དང་། དགའ་བསུ་ཞེས་པའི་འབོད་ཚིག་སྐད་སེང་ཆེན་པོས་བརྗོད་པ་དང་། ཡང༧གོང་མ་ཚང་གིས་རྒྱབ་སྐྱོར་གྱི་ཡི་གེ་དང་གསུང་བཤད་མ་གནངཔ་ཡིན་ན་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཞེས་འཇིགས་བསྐུལ་བྱས་པའི་གནས་ཚུལ་ཐོན་འདུག དུས་དེར་བོད་རིགས་༥༠་ལྷག་དང་། བོད་བརྒྱུད་ནང་ཆོས་དོན་གཉེར་པ་༡༠༠། རྡོར་འཆང་གཉིས་པའི་ཕྱོགས་༣༠༠་ལྷག་འདུས་པ་དང་འཁྲུགས་རྩོད་ཡང་མི་ཉུང་བ་བྱུང་ཚུལ་གོ་ཐོས་བྱུང་།
རང་མཐོང་ང་རྒྱལ་ཅན་དང་ཆབ་སྲིད་ཁོ་ན་ལ་མགོ་འཁོར་བའི་གང་ཟག་ཞིག་ལ་དབུ་མ་གཞན་སྟོང་གི་ལྟ་གྲུབ་ལ་ཞུགས་ཐུབ་པ་ཕར་ཞོག་ཉན་པའི་བསོད་ནམ་ཙམ་ཡང་ཡོད་པ་མ་རེད།
ཟབ་ཅིང་རྒྱ་ཆེའི་ཆོས་འདི་སྐལ་བ་མཆོག །
བློ་ལྡན་འགའ་ཡིས་སྤྱོད་ཡུལ་ཁོ་ན་ལས། །
གྲུབ་པར་རློམ་དང་མཁས་པ་ཆེར་གྲགས་པ། །
མང་བོའི་བསོད་ནམས་སྐལ་བར་འདི་མ་ཤོང༌། །
དོན་དམ་རང་སྟོང་ལྟ་བས་ཤེར་ཕྱིན་མདོ། །
སྐྱེ་བར་སྦྱངས་པ་བས་ཀྱང་ཚུལ་འདི་ལ། །
མོས་པས་ལན་ཅིག་བཀླགས་པའང་ཆེས་མཆོག་ཉིད། །
མི་མཐུན་བགེགས་རྣམས་སེལ་བར་ཀུན་ཏུ་མཐོང༌། །
རང་སྟོང་མཁས་པའི་གཞུང་ལ་ཐོས་བསམ་སྒོམ། །
ལོ་བརྒྱར་འབད་ལས་བྱམས་པའི་གཞུང་ལུགས་ཀྱི། །
གླེགས་བམ་སྤྱི་བོར་བླངས་བའང་བྱང་ཆུབ་ཉེ། །
དེར་འབད་ངན་འགྲོའི་ལམ་ཡང་མ་ཁེགས་དང༌། །
འདིར་མོས་བརྩོན་པ་བྲལ་བའང་ལྷར་འགྲོ་བའི། །
མཚན་མ་མངོན་གྱུར་གྲགས་ཤིང་གྲུབ་ཕྱིར་ཏེ། །
བདེ་དང་ཕུན་ཚོགས་ཐར་བའང་དེ་དང་མཚུངས། །
སྐལ་བཟང་ཡོད་ན་ལམ་འདིར་འབད་པར་རིགས། །
དེ་སྐད་སྨྲ་བ་ཏཱ་ར་ནཱ་ཐ་སྟེ། །
བླུན་ཡང་མོས་པའི་དགེ་བ་ཕུན་ཚོགས་ཀྱིས། །
གྱ་ནོམ་ཐོབ་པས་ཆོས་ལ་དད་པ་དང༌། །
ཕན་སེམས་བརྩེ་བར་ལྡན་པའི་དབང་གིས་སོ། །
གློ་བ་ན་ན་གློ་བའི་སྨན་དེ་བྲིན།།
མཆིན་པ་ན་ཚེའང་དེ་ལ་དེ་བཞིན་ཏེ།།
གློ་སྨན་མཆིན་པར་དུག་ཏུ་འགྱུར་སྲིད་ལ།།
མཆིན་སྨན་གློ་བའི་གཤེད་དུའང་ཅི་སྟེ་མིན།།།
དེས་ན་གློ་བས་མཆིན་སྨན་སྨོད་པ་དང་།།
མཆིན་པས་གློ་སྨན་སྨོད་པ་རབ་སྤངས་སྟེ།།
རྟག་ཆད་ནད་ལས་ཐར་ན་དགོས་རྒྱུ་མཆོག།།
ཕུན་ཚོགས་སྡེ་བཞིའི་དཔལ་ལ་རོལ་ཅིག་གུ།།
ཇོ་ནང་བའི་སྦྱོར་དྲུག་སྒོམ་རྒྱུ་ཞིག་རེད། རྩོད་རྒྱུ་ཞིག་མ་རེད།
སྣྲོན་ངག་ཁྲི་གཙོ་བོར་གྱུར་པའི་དྲ་གྲོགས་རྣམ་པ་ཚོར་དགོས་གལ་དུ་ཞུ་རྒྱུར། ཕུན་ཚོགས་སྡེ་བཞིའི་དཔལ་ལ་རོལ་ཅིག་གུ །ཞེས་པའི་ཕུན་ཚོགས་སྡེ་བཞིའི་ཐ་སྙད་དེ་རྒྱ་གར་མཁས་པའི་བཀའ་བསྟན་ལ་ཁུངས་བཅོལ་ས་ཡོད་མེད་ཀྱི་ལན་འདེབས་ཤིག་ཅིས་ཀྱང་གནང་བར་ཞུ།།
གཞན་དབང་དུ་སོང་བའི་གཞིས་བཞུགས་རྒྱལ་བ་ཇོ་ནང་པའི་གདན་ས་རྣམས་ལྷན་ཅིག་ཚོགས་ཏེ་དབུ་མ་གཞན་སྟོང་ཐོག་སྒྲོ་གླེང་གནང་བཞིན་པར་ཡི་སྙིང་ནས་གུས་བཏུད་དང་ཡི་རངས་ཞུ། བཙན་བྱོལ་རང་དབང་ལུང་པར་གནས་པའི་རིག་པའི་རྡོ་རྗེའི་མིང་ཅན་དང་། ལོག་སྨྲ་ཚར་གཅོད་ཟེར་བའི་དྲ་འབུ་འགའ་ཡང་ཁྲག་དོག་གིས་སྨྱོ་ལ་ཁད་བྱེད་ཀྱིན་པ་ནི། རྒྱལ་བསྟན་རིས་མེད་ལ་དག་སྣང་གི་མིག་ལྡོངས་པ་སྙིང་རེ་རྗེ། སྔར་ཡང་ཕྱོགས་རིས་རྐྱང་རྐྱང་བྱས་ནས་ཆོལ་ཁ་དང་ཆོས་ལུགས་ནས་བོད་རྒྱལ་ཁབ་་་་་་་་་་་་རེད། ད་དུང་གང་དུ་་་་་་་་་་ཡིན་ནམ། ཁྱེད་གཉིས་རང་ལ་དབང་བའི་ཕོར་བ་ཙམ་ཡང་ཨེ་ཡོད།
ཇོ་ནང་པའི་སྦྱོར་དྲུག་དང་། བོན་རྙིང་གཉིས་ཀྱི་རྫོགས་ཆེན་སོགས་ལ་རྣལ་འབྱོར་བའི་སྒོམ་སྒྲུབ་ཀྱི་ཉམས་ལེན་ལས་འབྱུང་བའི་མཐར་ཐུག་གི་རྙེད་དོན་རེ་ཡོད་པ་ལས། དེ་མིན་རྟོག་གེ་བའི་རིགས་ལམ་སྐམ་པོའི་སྐྱ་བར་དུ་བརྡར་བརྡར་ཚེ། བདེན་གཉིས་གང་དུའང་ངོས་བཟུང་མེད་པའི་གནས་སུ་བསྐྱར་ཟེར།
ཇོ་ནང་པའི་སྦྱོར་དྲུག་སྒོམ་རྒྱུ་ལས། རྩོད་རྒྱུ་མ་ཡིན་ན། དགེ་ལྡན་པ་ཚང་གི་རིམ་ལྔ་དེ་ཡང༌། སྒོམ་རྒྱུ་ལས། རྩོད་རྒྱུ་མ་ཡིན་པར་ཐལ་ལོ།།
གོང་དུ་མངའ་རིས་ཕྲིན་ལས་ཞུ་བ་ཞིག་གིས་འཇིག་རྟེན་ཐ་ཤལ་པའི་རྩོད་པ་རང་རྒྱལ་གཞན་ཕམ་གྱིས་ཉོན་རྨོངས་འཕེལ་བའི་གྲོགས་སུ་གྱུར་པ་དེ་དང་རྒྱ་བོད་ཀྱི་པཎ་གྲུབ་ཚོས་ཡང་དག་བདེན་པའི་གནས་ལུགས་གསལ་པོར་རྟོགས་ཆེད་བགྲོ་གླེང་གི་རྩོད་པ་གཉིས་གཅིག་ཏུ་བཟུང་ནས་འཁྲུལ་འདུག་པས་དེ་གཉིས་དབྱེ་ཤེས་པར་མཛད་རོགས།
ངས་གོང་དུ་ཆོས་ལུགས་གཞན་དང་གྲུབ་མཐའ་སྨྲ་བ་གཞན་ལ་གུས་ཞབས་དང་བརྩི་མཐོང་གི་ཐོག་ནས་ཆོས་རྣམས་ཀྱི་དངོས་ཡོད་བདེན་པ་ཇི་ཡིན་ཤེས་པའི་ཐབས་ལམ་རྩོད་པ་རྒྱག་རྒྱུའི་གོ་སྐབས་ཤོར་སོང་ཞེས་བཤད་པ་ལས་དྲ་འབུ་འགན་མི་ཁྱེར་མཁན་ཞིག་དང་དཀྲུག་ཤིང་ནམ་ཡང་རྒྱག་གི་མེད། ཁྱེད་ལྟར་ན་དེང་སང་དགག་སྒྲུབ་ཀྱི་རྣམ་དབྱེ་གང་ཡང་བཤད་ས་མེད་པ་ཆགས་སོང་ན་གྲ་ས་ཁག་དང་བཤད་གྲ་ཁག་སྒོ་རྒྱབ་དགོས་པས་ཧ་ཅང་གི་བློ་གུ་དོག་དྲགས་པའི་སྐྱོན་ནོ། ཁྱེད་ཀྱིས་དེ་དག་ཤེས་འདོད་ན་ཇོ་ནང་པའི་ལུགས་ཀྱི་དུས་འཁོར་ཀྱི་སྦྱོར་བ་ཡན་ལག་དྲྲུག་དང་དགེ་ལྡན་པའི་ལུགས་ཀྱི་རྒྱུད་རྒྱལ་འདུས་པའི་རིམ་ལྔའི་སྒོམ་ཚུལ་ལ་ཁྱད་པ་དང་གཞིའི་ལྟ་བ་ལ་རང་སྟོང་དང་གཞན་སྟོང་གི་ཁྱད་པར་ཕྱེས་ནས་ནང་ཚཱུལ་ལ་མ་ཡིན་དགག་དང་མེད་དགག་གི་འགྲོ་ལུགས་རྣམས་ཁྱེར་ནས་ཤོག་དང་ང་གཉིས་དགག་བཞག་སྤོང་གསུམ་རྒྱས་པར་བྱེད་ཆོག དེ་མིན་ང་ལ་དྲ་འབུ་རེད་ཟེར་ན་ཅོལ་ཆུང་གི་གཏམ་རང་རེད། ངས་བཤད་པ་ཚང་མ་འགན་ཁྱེར་ནས་བཤད་ཡོད། ངའི་སྨྱུག་མིང་ལ་ལོག་སྨྲ་ཚར་གཅོད་དང་རང་མིང་ལ་འཇམ་དབྱངས་ནོར་བུ་ཟེར།
ལས་དང་པོ་པས་རྩོད་དགོས། རྩོད་པ་ནི་ཚིག་ཙམ་ལ་བརྟེན་པ་རེད། ཡིན་ཡང་དོན་དག་ལྷང་ལ་འབུད་རེ། བར་ཆད་མེད་ལམ་གྱི་དངོས་གཞལ་ལ་ཆོས་དབྱིངས་རོ་གཅིག་རེད། ཁྱད་པར་ཅང་མེད།
ཇོ་ནང་གི་རང་ལུགས་དྲི་མ་མེད་པ་འཛིན་སྐྱོང་བྱ་རྒྱུ་གལ་ཆེན་པོ་རེད་དྲན་གྱིན་ཡོད་གཞན་ཞིག་གི་གཡམ་ལ་རྒྱུག་ཏེ་རང་ལུགས་ཤོར་པ་ཡིན་ན་བློ་ཕམ་ཚད་མེད་རེད་འོན་ཀྱང་ཇོ་ནང་གི་རང་ལུགས་གཙང་མ་ཡལ་བར་འདོར་ཏེ་གཞན་གྱི་ཡིག་ཆ་ཙ་གི་ཙ་གེ་རེ་བཤད་ཁུལ་བྱས་ན་ཞབས་འདྲེན་རང་རེད་ཡིག་ཆ་གསར་རྩོམ་དགོས་ཞེས་ཁ་ཕོ་ལབ་ན་དེ་ལས་ཀྱང་ཞབས་འདྲེན་རང་རེད་འགའ་རེས་ལབ་ན་ཇོ་ནང་སང་གི་གཞན་གྱི་ཡིག་ཆ་ཙམ་རེ་ཁྲིད་ནས་ཉི་མ་ཕུད་ཐུབ་བྱས་ན་ཚར་པ་རེད་ལབ་ཀྱིན་འདུག་ཅུང་ཟད་བདེན་ཁ་འདུག་དྲན་སོང་།
༡༽ ལོག་སྨྲ་ཚར་གཅོད་ནས་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༣ གི་ཆུ་ཚོད་ ༢ སྐར་མ་ ༣༢
ཨ་ཁ་ཁ། ང་ཡང་ས་གནས་དེར་ཡོད་ན་ངས་དབུ་མ་གཞན་སྟོང་གི་གྲུབ་མཐའ་སྨྲ་བ་ཚོར་གུས་ཞབས་ཀྱི་ཐོག་ནས་བརྒལ་བརྟགས་མཐར་ཕྱིན་པ་བྱེད་ནས་གཞན་སྟོང་གི་སྲོལ་ངན་དེ་ཡང་དག་རིགས་པའི་ལམ་ནས་ཚར་བཅད་དེ་ཡང་དག་བདེན་པའི་གནས་ལུགས་ཤིག་ཞལ་འདེབས་ཕུལ་ཐུབ་རྒྱུའི་རེད་དེ། ཆབ་སྲིད་ཀྱི་འགག་རྡོ་འདིས་རྐྱེན་པས་ད་བྱུང་མ་སོང་།
ལོག་སྨྲ་ལགས། དེ་ལྟར་ཡིན་ན་བདེན་མོད་ཁྱོད་ཀྱི་གོང་གི་བསམ་ཚུལ་ལ་ལྟོས་དང་། སྔ་ཕྱི་འགལ་འདུག་གཞན་སྟོང་གི་སྲོལ་ངན་ཟེར་བ་དང། ཚར་བཅད་ཟེར་བ་ནི་དངོས་གནས་མིང་དོན་མཚུངས་པའི་ལོག་སྨྲ་རང་ཡིན་པ་གསལ་པོ་འདུག སྐུ་ཉིད་ལྟ་གྲུབ་བགྲོ་གླེང་གནང་མཁན་ཞིག་ཡིན་ཚེ་དང་ཐོག་གྲུབ་ལྟ་གཞན་སྨོད་ཚིག་དོར་དགོས་པ་མ་མཆིས། ཡ་རབས་དང་གུས་པའི་སྒོ་ནས་གཞན་ལུགས་བགག་ཅིང་། རང་ལུགས་འཐད་ལྡན་དུ་འཇོག་པ་ནི་གནད་མ་ཡིན་ནམ་དེ་མིན་དྲ་བུ་གྲལ་དུ་ཚུད་ཉན་ཆེའོ། །
མངའ་རིས་ཕྲིན་ལས་ཀྱི་གསུང་པ་བདེན་པ་རེད། ཡ་རབས་དང་བཟང་སྤྱོད་ལྡན་པའི་སྒོ་ནས་བགྲོ་གླེང་གནང་རྒྱུ་གལ་ཆེ་བར་མངོན། དེ་མིན་བོད་ཡིག་ཅུང་ཟད་འབྲི་ཤེས་པ་རྒྱུ་མཚན་དུ་བྱས་ཏེ་ཆོལ་ཁ་དང་ཆོས་ལུགས་འཐེན་ཁྱེར་གྱི་གཏམ་ཁོ་ན་སྨྲ་བ་ནི་དོན་གྱིས་དབེན་ནོ།