གླིང་ཚ་ཚེ་བརྟན་རྡོ་རྗེ།
སྙིང་ནས་བརྩེ་བའི་མཛའ་མོ་ཡལ་ལགས། ཁྱོད་དང་བུ་ཕྲུག་གཉིས་ཁྱེད་ཅག་སྔར་བཞིན་བདེ་མོ་ཡིན་པར་ཡིད་ཆེས་དང་བཅས། དེ་རིང་ནས་རྩིས་པའི་ཟླ་ངོ་གསུམ་དང་ཉིན་མ་བཅུ་གཉིས་ཀྱི་རིང་ལ་ངས་ཁྱེད་ཅག་གི་ག་རེ་བྱེད་ཀྱི་ཡོད་མེད་དང་འཚོ་བ་ག་འདྲ་ཞིག་བསྐྱེལ་གྱི་ཡོད་མེད་ཀྱི་གནས་ཚུལ་གང་ཡང་གོ་མེད་པ་དང་། ངས་འདི་ནས་ཞིབ་དུ་བསམ་བློ་ཞིག་བཏང་བ་ཡིན་ན་ད་ལྟའང་ཁྱེད་ཅག་ཁྱེད་རང་གི་དྲིན་ཆེན་མ་ལོའི་ནང་དུ་བསྡད་ཡོད་ངེས་རེད་ལ། ཁྱེད་རང་གི་དྲིན་ཆེན་མ་ལོའི་གཙོ་བའི་ཁྱེད་རང་གི་ཉེ་མི་ཡོངས་ལ་ང་རང་གི་དངོས་ནས་དགོངས་དག་དང་འབྲེལ་ཁྱེད་རང་ལ་བལྟ་སྐྱོང་གནང་བཞིན་པར་ཡིད་ཆེས་དང་བཅས་ཁོང་ཚོ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ། དམིགས་སུ་བཀར་ནས་བརྩེ་བའི་མཛའ་མོ་ཁྱེད་ལ་སེམས་ཁོང་རུས་པའི་གཏིང་ནས་སྐྱེ་བ་འདི་ལ་དགོངས་དག་ཞུ་རྒྱུ་ཡིན། ད་རེབས་ཀྱི་ཡི་གེ་འདི་ནི་གཅིག་བྱས་ན་ཁྱེད་རང་ལ་ཡི་གེ་བྲིས་པ་ཐ་མ་དེ་ཡང་ཆགས་སྲིད་པ་ཡིན།
ད་ལྟ་ང་རང་བལ་ཡུལ་བཀག་བསྐྱིལ་ཁང་དུ་ཚུད་དེ་ཉིན་ཉེར་གསུམ་འགྲོ་བཞིན་ཡོད། མི་རིང་བར་བལ་ཡུལ་གྱི་ཁྲིམས་ཐོག་ནས་ང་རང་ལ་ཁྲིམས་ཐག་ཏན་ཏན་གཅོད་ངེས་ཡིན། གཅིག་བྱས་ན་བཙོན་ཁང་དུ་ཡུན་རིང་བསྡོད་དགོས་ཀྱང་ཐུག་སྲིད་པ་ཡིན། རྒྱུ་མཚན་ནི་བལ་ཡུལ་སྲིད་གཞུང་གི་ལོངས་ཕྱོགས་ནི་རྒྱ་ནག་སྲིད་གཞུང་དང་བསྟུན་ནས་ཡོད་དུས་བོད་མི་ཚོས་བོད་མི་རིགས་ཀྱི་ཆེད་དུ་བདེན་དོན་རྩོད་ལེན་བྱེད་པར་འགག་བྱ་ཡོད་པས་ཡིན། ད་དེ་ཡི་སྐོར་ནས་རེ་ཞིག་བཞག་ཆོག
ཟླ་ངོ་གསུམ་ལྷག་གི་འཚོ་བ་དེ་དག་ནི་ཁྱོད་དང་བུ་མོ་གཉིས་ལ་མཚོན་ན་ཆེས་དཀའ་ཚེགས་ཆེ་ཤོས་དང་སྡུག་བསྔལ་ཆེ་ཤོས། དྲན་གདུང་ཆེ་ཤོས་ཀྱི་དུས་ཚོད་ཅིག་ཆགས་ཡོད་པ་བདག་གིས་ཤེས་ཀྱི་ཡོད་ཀྱང་། ང་རང་བོད་ལ་སྐྱེ་བ་དང་བོད་མི་རིགས་ཀྱི་རིག་གཞུང་གིས་བཙོས་ཚར་བའི་མི་ཞིག་ཡིན་དུས། བོད་མི་རིགས་ཀྱི་བདེ་སྡུག་ནི་ང་རང་གི་སེམས་དང་སྲོག་ལ་ཞུགས་ནས་ཡོད། དེ་ཡིན་དུས་བོད་མི་རིགས་ཀྱི་སྐྱིད་སྡུག་ནི་ང་རང་གི་ཚེ་སྲོག་དང་འབྲེལ་ནས་ཡོད་པ་ཡིན་ཞེས་བཤད་ན་འགྲིག་གི་ཡོད། བོད་མི་རིགས་འདི་ལ་རང་དབང་ཡོད་པ། ཞི་བདེ་ཡོད་པ་ཞིག་ཡིན་རྒྱུ་ན། ངས་རང་གི་ཤ་ལས་མཆེད་པའི་བུ་ཕྲག་དང་ང་ལ་སྙིང་ནས་བརྩེ་བའི་མཛའ་མོ་ཁྱེད་རང་སྐྱུར་ནས་འགྲོ་མི་སྲིད་པ་ཡིན། ལྷག་དོན་དུ་ཁྱེད་དང་འུ་གཉིས་སྐད་རིགས་མི་གཅིག་པ་དང་གོམ་གཤིས་མི་གཅིག་པའི་སྟབས་ཀྱི་མཉམ་བསྡོད་ཀྱི་སྐབས་སུ་བསམ་བློ་གཏོང་ཕྱོགས་ལ་ཕྲན་པུ་ཁྱད་པར་ཡོད་ཀྱང་། འུ་གཉིས་ཀྱིས་འགྲོ་བ་མི་ལ་བཅིངས་པའི་འདྲ་མཉམ་གྱི་ལྟ་ཚུལ། སེམས་ནང་གི་འགྲོ་བ་མིའི་རང་བྱུང་གི་ཚོར་བའི་བདེ་སྡུག་ནི་འདྲ་མཉམ་ཡོད་པ་དེས་འུ་གཉིས་ཀྱི་བརྩེ་དུང་མཚོན་པ་ཡིན་དུས། ཁྱོད་ཀྱིས་ང་རང་གི་ཆེད་དུ་གང་ཡོད་ཅི་ཡོད་ཁྱོད་རང་གིས་གང་འཇོན་པ་ཡོད་ཚད་བྱས་པ་དེ་དག་ང་རང་གིས་ནམ་ཡང་བརྗེད་མེད། ཐ་ན་ང་རང་གི་རྐང་བའི་སྟེང་གི་སེན་མོ་ནས་ཁ་ནང་གི་སོ་ཚུན་ཆད་ལ་ཁྱེད་རང་གི་བདག་པོ་བརྒྱབས་པ་དེ་འདྲ་ཞིག་ད་ལྟའི་བར་དུ་ང་ལ་བུད་མེད་སུས་ཀྱང་བྱེད་མྱོང་མེད།
ཁྱོད་ཀྱིས་སེམས་ཁོང་གི་བརྩེ་བ་དང་ཁྱོད་ཀྱི་དྲི་མེད་ཀྱི་སེམས་པ་དཀར་པོའི་བརྩེ་བ་དེ་དག་གི་དྲིན་ལན་ནི་ངས་མི་ཚེ་འདིའི་ནང་དུ་འཇལ་ཐུབ་མེད་ཀྱང་། ང་རང་སྐྱེ་སའི་མི་རིགས་འདིའི་སྐྱེ་བ་སྔ་ཕྱི་ཁས་ལེན་གྱི་ཡོད་པ་ཁྱེད་རང་གི་ཤེས་གསལ་ཡིན་དུས། སྐྱེ་བ་རྗེས་མ་ཞིག་ལ་ཁྱེད་རང་ལ་ངས་དྲིན་ལན་འཇལ་ཁོ་ཐག་ཡིན། སྐད་ཆ་འདི་ལྟར་གོ་དུས་ཁྱེད་རང་གིས་ང་ལ་དགོས་པ་ནི་སྐྱེ་བ་ད་རེབས་དང་སྐྱེ་བ་འདིའི་ཐོག་གི་ངའི་བུ་ཕྲུག་གཉིས་ལ་ཕ་ངོ་མ་ཞིག་དགོས་པ་དེ་ལས་གཞན་མེད་ཅེས་ཟེར་ན་འདོད་ངེས་ཡིན་པ་ངས་ཀྱང་ཤེས། རེད་དེ། ད་རེབས་ང་རང་གིས་བསམ་བློ་གཏོང་ཕྱོགས་ནོར་མེད་པ་ཡིན་ན། ངས་ད་ལྟའི་ཆེས་ཉེན་ཁ་ཆེ་བའི་དུས་ཚོད་འདི་ལ་བོད་མི་རིགས་ཀྱི་སྐྱིད་སྡུག་མཉམ་མྱོང་བྱེད་པ་ལ་འདི་འདྲའི་བློས་གཏོང་ཆེན་པོ་ཞིག་མ་བྱས་པ་ཡིན་ཚེ། རྗེས་རབས་བོད་མི་དང་ད་ལྟའི་བོད་མི་དག་ལ་ཕན་ཐོག་རྒྱུ་ཕར་ཞོག དམིགས་དཔེ་ཙམ་ཡང་འཇོག་ཐུབ་མེད་པ་བཙན་བྱོལ་ལོ་རྒྱུས་ཁྲོད་ནས་ཁ་གྲགས་ཀྱི་ཡོད་སྟབས། ངས་ལམ་ཁ་འདི་ལས་གཞན་གང་ཡང་འདེམས་ཐུབ་མ་སོང་བ་དེ་ཁྱེད་ཀྱིས་སེམས་ལ་འཛིན་རོགས་ཞུ།
ཁྱེད་རང་ལ་ཆེས་དཀའ་ཚེགས་ཆེ་བའི་ལོ་ཟླ་ཞིག་གི་སྔོན་ན་བལྟས་དེ་བསྡད་ཡོད་པ་བདག་གིས་གསལ་བོ་ཤེས་ན་ཡང་། ཁྱོེད་རང་ནི་བྱམས་བརྩེ་ལྡན་པའི་དྲིན་ཆེན་ཨ་མ་ཞིག་ཡིན་སྟབས། ངས་ཁྱོད་ཀྱིས་འུ་གཉིས་ཀྱི་བུ་ཕྲུག་གཉིས་ཀྱི་འཚར་ལོངས་ཁྲོད་དུ་དཀའ་ངལ་ཡོད་ཚད་གདོང་ལེན་བྱེད་ཐུབ་པར་ཡང་ང་རང་ཁྱོད་ལ་ཡིད་ཆེས་ཡོད་པ་མ་ཟད། ཁྱོད་ཀྱིས་འུ་གཉིས་ཀྱི་བུ་ཕྲུག་གཉིས་ལ། ཕ་རྒན་གྱིས་ཁྱེད་ཅག་ལ་གཏན་ནས་བརྩེ་བ་མེད་པ་དང་སྙིང་རྗེ་མེད་པ། གཏན་ནས་མ་དགའ་བར་སྐྱུར་ནས་སོང་བ་མིན་པར། དངོས་ནས་ཇི་ལྟར་འགྲོ་དགོས་བྱུང་མིན་སྐོར། ཁོ་གཉིས་ག་ལེར་ཆེན་པོ་ཆགས་ནས་སྐད་ཆ་དྲིས་ནས་འོང་དུས། བདེན་པ་བདེན་དྲང་ཞིག་བཤད་རྒྱུུ་དེ་ནི་བདག་གིས་ཁྱེད་ལ་ཡིད་ཆེས་ཡོད། ད་དུང་། ངས་ཁྱོད་རང་ང་ལ་བརྩེ་བ་ཟབ་མོ་ཡོད་པ་དེ་ནམ་ཡང་ངས་བརྗེད་མེད།
ཁྱོད་ཀྱིས་ཕྱོགས་ངོས་མང་བོ་ཞིག་ལ་བསམ་བློ་གཏོང་མི་ཐུབ་ཀྱང་ཁྱོད་ཀྱིས་རང་གི་མི་རིགས་ཀྱི་ལོ་ངོ་ཉིས་སྟོང་ལྷག་ལ་མྱོང་བའི་དཀས་སྡུག་དང་ད་ལྟ་ཁྱོད་རང་ཡང་རང་གི་མི་རིགས་ལ་དེ་འདྲའི་ཤ་ཞེན་ཡོད་པ། དགའ་ཞེན་ཡོད་པ། རང་གི་མི་རིགས་ཀྱི་བདེ་སྡུག་ལ་ནམ་རྒྱུན་དུ་རྣ་བ་གཏད་ནས་ཡོད་པའི་སྐོར་ནས་བསམ་བློ་རེ་འཁོར་ཐུབ་པ་ཡིན་ན། མི་རིགས་ཤིག་ལ་མི་རིགས་གཞན་ཞིག་གིས་དྲང་བདེན་མིན་པའི་མནར་གཅོད་ཁྲོད་ཤི་བཞིན་ཡོད་ཚེ། མི་རིགས་དེས་མི་མང་གིས་བལྟས་དེ་བསྡོད་པ་གཏན་ནས་མི་འོས་པ་ཞིག་ཡིན་པ་ཁྱོད་རང་གིས་ཀྱང་ཤེས་ངེས་རེད།
སྐད་ཆ་ཆེས་མང་བོ་ཞིག་ཡོད་ཀྱང་། འདིར་བྲིས་པ་དེ་ཡི་ནང་དུ་ཕལ་ཆེར་དོན་དག་རྡོག་རྡོག་དེ་ཚུད་ཡོད་པར་སྙམ་ནས་འབྲི་མཚམས་བཞག་པ་ཡིན། མཐའ་དོན་བརྩེ་བའི་མཛའ་མོ་ཁྱེད་དང་བུ་ཕྲུག་གཉིས་ཀྱི་མི་ཚེ་ལ་བདེ་སྐྱིད་ལྡན་པ་དང་དཀའ་ཚེགས་མི་ཡོང་བའི་སྨོན་འདུན་དང་བཅས། ཁྱེད་ཀྱི་དགའ་རོགས་དང་བུ་ཕྲུག་གཉིས་ཀྱི་ཕ། ཁྱེད་ཅག་ལ་སྙིང་ནས་བརྩེ་བའི་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་༡༢།༦།༡༢ལ་བལ་ཡུལ་བཀག་བསྐྱིལ་ཁང་ནས་བྲིས།
གླིང་ཚ་ལགས། ཁྱེད་ཀྱི་འཕྲིན་ཡིག་དེ་ཧ་ཅང་སྙན་བྱུང། མ་གཞི་ནས་ངད་དེ་སྔོན་ནས་ཁྱེད་ཀྱི་རྩོམ་དེབ་སེམས་འཕྲིན་དམར་པོ་དེ་མཇལ་མྱོང་།
གླིང་ཚའི་ཆོད་སེམས་ལ་ཡིད་ཆེས་དང་གུས་ཞབས་ཡོད། ཡིན་ནའང་ཆེས་མཐའ་མ་ཟེར་བ་དེ་འདྲའི་ཚིག་མ་གསུངས་ན་ལེགས་སྙམ།
གླིང་ཚ་གླིང་གི་དཔའ་རྟུལ་ཞིག་གི་སྐྱེ་བ་བླངས་བ་རེད།ཁྱེད་ཀྱི་ཆོད་སེམས་ཀྱིས་མི་སེམས་བསྒུལ་བྱུང།
གླིང་ཚ་ལགས་ཁྱེད་ཀྱིས་མི་རིགས་ལ་བཅངས་པའི་ལྷག་བསམ་དང་། སྙིང་སྟོབས། སྙིང་ནས་བརྩེ་བའི་མཛའ་མོ་དང་བུ་ཕྲུག་སོགས་བློས་བཏང་ནས་དཀའ་བ་བརྒྱ་ཕྲག་དུ་མ་ཁུར་དུ་བླངས་ནས་ཀྱག་ཀྱག་གི་འཕྲང་ལམ་འདི་འདྲ་ཞིག་བརྒྱུད་པ་ནི་མི་རིགས་ཤིག་གི་ལོ་རྒྱུས་ནང་གླེང་རིན་ཡོད་པ་ཞིག་ལོས་ཡིན།
གོ་ཐོས་ལྟར་ན་ད་སྐབས་ཁྱེད་བལ་ཡུལ་གྱི་ཕྱི་མི་ཞིབ་གཤེར་ཁང་ལ་བཀག་ཉལ་བྱས་ཡོད་ས་རེད། ཉེ་བའི་ཆར་བཀག་ཉལ་ཁང་གིས་ཁྱེད་ལ་དངུལ་གྱིས་ཉེས་ཆད་བཅད་ནས་ཕྱིར་རྒྱ་གར་ཕྱོགས་སུ་གཏོང་རྒྱུ་ཡིན་སྐོར་བརྗོད་སྐབས། བལ་ཡུལ་ནང་གནས་སྡོད་མདོ་སྨད་སྐྱིད་སྡུག་གི་ངོས་ནས་ཁྱེད་ཀྱི་དངུལ་གྱི་ཉེས་ཆད་སྤྲོད་རྒྱུ་བྱས་ཀྱང་། ལན་དུ་ཁྱེད་ཀྱིས་ང་ལ་རྒྱབ་སྐྱོར་བྱེད་འདོད་ན་ཁྱེད་ཚོས་དངུལ་སྐར་མ་གཅིག་ཀྱང་སྤྲོད་མི་དགོས་ཚུལ་གསུངས་འདུག་ཟེར། དེ་བདེན་པ་རེད་དམ། ཡང་ཁྱེད་ཀྱིས་བཀག་ཉལ་ཁང་ལ་ཁྱེད་ཚོའི་ཁྲིམས་ལ་ནམ་ཡང་རྩི་སྲུང་བྱེད་རྒྱུ་ཡིན་གསུང་འདུག གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན་ཕྱི་མི་ཞིབ་གཤེར་ཁང་གིས་ཁྱེད་ལ་དངུལ་གྱི་ཉེས་ཆད་དགོས་ཟེར་པ་དེ་ནི་ཁྱེད་ལ་ལག་འཁྱེར་གང་ཡང་བསྟན་རྒྱུ་མེད་པར་བལ་ཡུལ་ནང་འཛུལ་བ་དེའི་ཉེས་ཆད་ཡིན་པར་ངེས། དེས་ན་ཁྱེད་ཀྱིས་ཁྲིམས་ཀྱི་ཉེས་ཆད་དེ་ཡང་དང་ལེན་བྱེད་ངེས་ཡིན་ནམ། གལ་ཏེ་ཡིན་ན་མདོ་སྨད་སྐྱིད་སྡུག་ལ་གསུང་བའི་གནས་ཚུལ་དེ་དང་མི་མཐུན་པས་དོན་དམ་ག་རེ་གསུང་གི་ཡོད་དྲ་ཐོག་ཏུ་གསལ་བཤད་ཅིག་གནང་རོགས་གནང་། དེ་ནས་ཕྱིར་རྒྱ་གར་དུ་བསྐྱར་ཚེ་སླད་མར་ག་རེ་གནང་རྩིས་ཡོད། དྲི་བ་འདི་ལ་ལན་མ་གནང་ནའང་འགྲིག
ལ་རྒྱ་དང་བརྩེ་དུང་གིས་བྲིས་པའི་སེམས་འཕྲིན་འདི་ལ་ལོ་རྒྱུས་ཀྱི་དོན་སྙིང་ཡོད་ཀི
ཁོས་བཤད་ན་ཁོ་བོའི་ནག་མོ་ལ་ཧ་ཅང་དགའ་ཚུལ་སོགས་རེད་། ཡིན་ནའང་ཁོ་ནག་མོ་མཉམ་དུ་ཡོད་དུས་ཁོའི་གནས་སྟངས་ནི་དེའི་ལྡོག་ཕྱོགས་རེད་།
ད་འགྱོད་པ་སྐྱེས་ནའང་ཕྱི་དྲག་པ་རེད། དེ་ལྟའི་དུས་ཡུན་རིང་པོ་སོང་ནའང་ན་མོའི་འཕྲིན་གཅིག་ཀྱང་འབྱོར་མེད་པ་ནི་མོས་ཁྱོད་ལ་གཏིང་ནས་ཞེ་ལོག་པའི་རྟག་མཚན་རེད། ད་ཚང་མ་ཚར་བ་རེད། ཆོ་མེད་བརྩེ་དུང་རྫུན་མའི་སྐད་ཅ་མང་པོ་བཤད་ནས་མ་སྡོད་ཅིག དེ་ལའས་བུ་ཕྲུག་གཉིས་བདེ་བའི་ཆེད་སྨོན་ལམ་འདེབས་བ་དང་། རང་ལུས་ལ་གཅེས་སྤྲད་དང་འཚོ་ལམ་གསར་པ་ཞིག་སྐྱེལ་ཐབས་ལ་འབད་ན་ཅུང་ཟད་སྙིང་པོ་ལྡན་པ་རེད།
གླིང་ཚའི་སྙིང་སྟོབས་ལ་གུས་འདུད་ཞུ།
ཁྱེད་ཀྱི་སྙིང་ནས་བརྩེ་བའི་མཛའ་མོ་ཡལ་ལགས་ནས་བོད་ཡིག་ཀློག་ཤེས་ཀྱི་ཡོད་དམ།
གླིང་ཚ་ཚེ་བརྟན་རྡོ་རྗེ་མཆོག་གི་གངས་ཅན་པའི་ལས་དབང་འདི་ལ་བཅངས་པའི་ལ་རྒྱའི་སྙིང་སྟོབས་དང་ཆོད་སེམས་ལ་རྒྱས་སུ་ཡིད་རང་ཡོད། གླིང་ཚ་ལགས་་་་་་ ཁྱེད་ཀྱི་སྔར་ནས་ཤེས་ཡོད་་་་་ འཇིག་རྟེན་ཆོས་ཉིད་དུའང་སྙིང་སྟོབས་དང་ཡིད་ཆེས་ཀྱི་སང་ཉིན་གྱི་རྒྱལ་ཁ་ལ་ནམ་ཡང་བསླུ་བྲལ་བྱེད་མྱོང་མེད་ཟེར་ཆོག ཡིན་ནའང་འུ་ཚང་གི་ལས་དབང་འདི་ལ་མཚོན་ན་ཁྱེད་དང་ཁྱེད་འདྲ་བའི་རྒྱལ་གཅེས་པ་སྙིང་སྟོབས་དང་ལ་རྒྱ་ཅན་་་་་་་ ད་དུང་བཙན་བྱོལ་ལུང་བར་ཉིན་སྐར་ལྟར་ཡིན་པས་་་་་ འདི་ལྟར་་་་ ནམ་ཞིག་་་་ ང་ཚོའི་ཕ་ཡུལ་ནས་རྒྱལ་གླུ་ལེན་ཐུབ་་་་་
སྔོན་མ་ཁྱེད་གསོག་སྒར་སློབ་སློབ་གྲྭ་ལ་སྡོད་སྐབས་བུ་མོ་ཞིག་ལ་ཡི་གེ་སུམ་ཅུ་སོ་དྲུག་ཙམ་ཞིག་བྲིས་པའི་ལོ་རྒྱུས་འདུག། ཡང་སྐྱར་ད་རེས་ཁྱེད་ཀྱི་མཛའ་མོ་ལ་ཡི་གེ་ཁ་ཤས་བྲིས་པ་མཐོང་སྐབས་ཕལ་ཆེར་བུ་མོ་ལ་ཡི་གེ་མང་པོ་གཏོང་ཡས་དེ་ཁྱེད་ཀྱི་གོམས་གཤིས་ཤིག་ཡིན་པར་བསམས།
འོ་རེད་གླིང་ཚ་ལགས་ཁྱོད་ཀྱིས་རང་གི་བཟའ་མི་བུ་ཕྲུག་ལ་བརྩེ་བ་དང་ཤ་ཞེན་ཡོད་ཤག་ཡིན་འང་ཁྱོད་ཀྱིས་བྲིས་པའི་འཕྲིན་ཡིག་དེའི་ཐོག་བོད་མི་རིགས་ལའང་དེ་བཞིན་ཤ་ཞེན་བརྩེ་བ་ཡོད་སྐད་བཤད་སོང་། ཡང་ཕྱོགས་གཅིག་ནས་ཁྱོད་ཀྱི་སྙིང་ནས་བརྩེ་བའི་མཛའ་མོ་དང་ཁྱོད་གཉིས་ཀྱི་བར་སྐད་རིགས་མི་གཅིག་པ་དང་གོམས་གཤིས་མི་གཅིག་པའི་དཀའ་ངལ་བཤད་ཚུལ་ལྟར་ན་ཕལ་ཆེར་ཁྱོད་ཀྱི་མཛའ་མོ་དེ་རྒྱ་བཟའ་མ་དང་ཡང་ན་ཕྱི་རྒྱལ་གཞན་ཞིག་གི་བུ་མོ་གང་རུང་ཡིན་པ་ཐག་ཆོད་དེ་ལྟར་ན་ཁྱོད་ཚིག་གོང་འོག་འགལ་འགྲོ་གི་འདུག་དེའི་རྐྱེན་གྱིས་གོང་དུ་བོད་ལ་ཤ་ཞེན་ཚུལ་ལུང་པ་གང་བགྲང་པ་དེ་ཚོ་ཆུར་གཡུག་པ་ཁྱད་མེད་མོད་གང་ཡིན་ཟེར་ན་དེ་ལྟར་བོད་ལ་ཤ་ཞེན་ཡོད་ན་ང་ཚོ་བོད་ཀྱི་བུ་མོ་དང་མི་འགྲོག་པར་གཞན་དང་འགྲོག་དགོས་དོན་མེད་མོད།
ད་དུང་ཞུ་རྒྱུ་གཅིག་ལ་ཁྱོད་ཀྱི་ཁ་ནས་ག་དུས་ཡིན་ན་ཚིག་གོང་འོག་ལྷུ་མ་ཐུག་པ་ཤ་སྟགས་བཤད་སྟབས་ཕལ་ཆེལ་མཛའ་མོས་ཁྱོད་ཀྱི་ཡིག་གེ་དེ་ཙམ་མེད་པ་འདྲ། གཟབ་གཟབ་བྱས་ན་མ་གཏོགས་དེ་ལས་ཡུས་ཆེ་བའི་སྡུག་བསྔལ་ཁུར་དགོས་འདོག་ཁ་པོ་རེད།
གླིང་ཚ་སེམས་གི་གཏིང་ནས་རྒྱབ་སྐྱོབ་ཡོད་སྔགས་བརྗོད་ཡོད། རྗེས་སུ་ཡིད་རིང་སྙིང་ཁོངས་རུས་བའི་སྟེང་ནས་ཡོད། ཡིན་ཡང་དེ་རིང་འདིར་ཚིག་ཁ་ཤས་ཤིག་མ་བཤད་རང་བཤད་ཆགས་སོང་། ངའི་ཁྱོད་ལ་བློ་ས་གཅིག་ཕུལ། ནང་མིའི་སྐོར་ཆབ་སྲིད་ནང་དུ་བསྲེས་ནས་མང་པ་མ་འབྲི། ཁྱོད་ཀྱིས་ཤེས་ནོ་དེ་རེད། གལ་སྲིད་མང་པོ་བྲིས་ན་ངེད་ཚང་གི་མི་བུ་འདི་དག་ཉོབས་འགྲོ་ནི་རེད། ཉོབས་སོང་དུས་ཁྱོད་ཀྱིས་རིང་ཐང་ཡང་བརླགས་འགྲོ་གི་རེད། ད་ལྟ་སྤྱི་ཚོགས་འདིའི་སྣེ་ན་ཁ་འདྲ་མི་འདྲ་འདུག།
གང་ལྟར་ཁྱོད་ལ་མནར་གཅོད་སྡུག་བསྔལ་མེད་པའི་སྨོན་ལམ་དང་བཅས་རྡ་ས་ནས།
ཁྱེད་ཚོས་ནོར་སོང་ཡ། འགྲོ་བ་མི་ཞིག་ལ་མཚོན་ན་ཕོ་མོའི་བརྩེ་དུང་དང་རང་གི་མི་ཚེའི་བྱ་བཞག་དོན་ཆེན་གཉིས་སོ་སོར་དབྱེ་ཤེས་ན་མཁས་པ་ཡིན་ནི་རེད། བྱ་བཞག་གི་དོན་དུ་བརྩེ་དུང་དོར་ཕོ་རབ་དང་བརྩེ་དུང་གི་དོན་དུ་བྱ་བཞག་དོར་ན་ཕོ་མཐའ་ཡིན་རེད། བྱས་ཙ་ན་གླིང་ཚ་ནི་སྐྱེས་ཕོ་རབ་ནང་གི་ཕོ་རབ་ཅིག་ཏུ་ཡིན་ངེས།
རེབ་ཐོག་མདས་བཤད་པ་དེ་བདེན་པ་རེད
གླིང་ཚ་ཚེ་རྟན་རྡོར་རྗེ་ལགས་ ཐོག་མར་གུས་པས་ཁྱེད་ལ་ཡིད་སྨོན་དང་སྔག་བརྗོད་ཐིང་མང་ཞུས་པ་པ་ཡིན་མོད། ད་ཟོད་ཁྱེད་ཀྱིས་རྩོམ་ལ་ལྟ་དུས་ཁྱེད་ནི་གཟའ་ཚང་ཆམ་མཐུན་མ་བྱུང་བར་ཐབ་ཟད་འུ་ཐུག་གིས་བོད་རིག་ཆེད་ཡིན་ཁུལ་གྱི་གཟའ་ཚང་ཁ་བྲལ་བས་ཐབ་ལམ་དེ་འདྲ་ཞིག་འདེམས་ཡོད་པ་མངོན་ཡོང་གི་འདུག་ལ་ ཡང་ཁྱེད་ཀྱིས་རྩོམས་ནང་གཟའ་ཟླ་བོད་རིགས་ཞིག་མིན་པ་གསལ་པོ་གསུང་འདུག་ ཕལ་ཕྱིར་བོད་ཡིག་ཀློག་ཤེས་ཚོད་མ་རེད་ དེས་ན་ཁྱེད་ཀྱིས་རང་མི་རིགས་མདུན་དུ་གཟའ་ཚང་ལ་བརྩེ་བ་ཟབ་མོ་ཡོད་ཚུལ་འཁྲབ་བཞིན་པ་མངོན་ཡོང་གི་འདུག་ ཁྱེད་ཀྱིས་ངོ་དེབ་གཟའ་ཟླའི་ཤེས་ཚོད་ལ་ཟླ་གསུམ་རིང་ཡིག་ལེན་ཙམ་ཡང་མེད་པ་སེམས་སྟེང་ནས་འཁོན་འབྲས་ཆག་པ་མངོན་གི་འདུག་ ད་དུང་ཁྱེད་རང་ལག་ཁྱིར་མེད་པ་བལ་ཡུལ་རྒྱལ་ཁོངས་འཛུལ་བ་ཁྲིམས་ལྟར་གྱིས་དངུལ་ཆད་ཁུར་དགོས་ངེས་ལ་དེ་ཡང་དང་ལེན་མ་བྱས་པ་དེ་བོད་མི་རིགས་ལ་ཕན་ཐོག་གང་ཞིག་ཡོད་དམ། དོན་དངོས་ཐོག་ཁྱེད་ནི་ཆབ་སྲིད་འཁྲབ་རྒྱུར་ཤིན་ཏུ་གོམ་ཞིང་བྱང་བ་ཞིག་ཡིན་པ་མངོན་ཡོང་གི་འདུག རྒྱུ་མཚན་གཉིས་ཏེ ཐོག་མར་ཁྱེད་རང་ཕྱི་རྒྱལ་བསྐྱོད་ཆེད་རང་མི་རིགས་ཀྱི་ལ་རྒྱ་ཡོང་སུ་དོར་ཏེ་ཕྱི་རྒྱལ་བུ་མོ་ཞིག་དང་འབྲིལ་བ་བྱས་ཏེ་བསྐྱོད་པ་དང་རིག་པ་སྤྱང་པས་མགོ་སེར་མགོ་བསྐོར་མ་ཐུབ་པར་མཐར་ཕྲུ་གུ་གཉིས་བྱུང་ཞིང་། ལྟ་བ་མི་མཐུན་ཞིང་ཐོག་མའི་ཆར་གཞི་དེ་ལྟར་མིན་སྟབས་འཚོ་བ་ལ་སྤྲོ་སྣང་མེད་པར་ཁ་བྲལ་རྒྱུས་ཐབ་ཤེས་བྱས་ནའང་བྲལ་མ་ཐུབ་པས་མཐར་ཐབ་ལམ་དེ་འདྲ་ཞིག་འདེམ་པ་གསལ་པོ་མངོན་ཡོང་གི་འདུག །།