རེབ་ཐོག་མདའ།
༡ དེང་གི་གྲྭ་རྒོད།
རྒྱབ་ཁུག་ནག་པོ་ཕྲག་ན་དཔྱངས་པའི།།
སྦྱིན་བདག་མང་བོས་མཐའ་ནས་བསྐོར་བའི།།
སྐུ་ཤ་རྒྱགས་པའི་དེང་གི་གྲྭ་བ།།
འཁོར་བའི་གྲོང་གི་ཚོང་དཔོན་ཆེན་པོ།།
ལག་གཡས་ལག་འཁྱེར་ཁ་པར་ཐོགས་པའི།།
མིག་ཟུང་མཛེས་མའི་གདོང་ལ་ཕྱོགས་ཀྱིན།།
སེམས་པའི་ནང་རོལ་རུལ་ལ་ཉེ་བའི།།
སྐྱ་་མིན་སེར་མིན་དེང་གི་གྲྭ་བ།།
སྲིང་ཆུང་ཟེར་བཞིན་ལག་ཟུང་བསྣོལ་ཏེ།།
ཕྱི་སྐད་སྦྱོང་བའི་ལས་ལ་བྲེལ་བཞིན།།
དབྱིན་ཇི་བུ་མོའི་ལུས་ལ་ཆགས་པའི།།
ཐུབ་པའི་རྐང་འདྲེན་དེང་གི་གྲྭ་བ།།
སྟོད་ལ་སྐྱ་བོའི་ལྭ་བ་གོན་བཞིན།།
ལུས་ལ་དྲི་ཞིམ་གཙང་ཆབ་གཏོར་ཏེ།།
ཉིན་མཚན་སྲང་དང་ཁྲོམ་ན་འཁྱམས་པའི།།
དམ་སྡོམ་ཉམས་པའི་གྲྭ་རྒོད་དེ་སུ།།
༢ དེང་གི་ཕོ་གསར།
སྐྲ་ལོ་སེར་པོ་གྱེན་དུ་བསླངས་ཤིང་།།|
རྣ་མཆོག་སྣེ་ལ་ཨ་ལུང་བཏགས་ནས།།|
ཐ་མག་ཆང་གི་བཟི་ཁའི་བར་ན།།
དྲུག་གསུམ་བཅོ་བརྒྱད་སྣང་བ་ཅན་པོ།།
ཕར་ཁའི་བུ་མོ་འཛུམ་ཀྱིས་བསུ་བཞིན།།
མར་ཁའི་མཛའ་མོ་རྫུན་ཀྱིས་བསླུ་བཞིན།།
མི་ཚེ་རིང་མོ་ལེ་ལོའི་བར་ན།།
དལ་གྱིས་རྫོགས་པའི་ངང་ཚུལ་ཅན་པོ།།
སྒོར་མོ་ཡོད་དུས་གྲོགས་པོ་བརྗེད་ཅིང་།།
མཛེས་མ་མཐོང་ན་མཛའ་མོ་གཡུག་པའི།།
དུས་རབས་འདི་ཡིས་སྣེ་ན་ལྷག་པའི།།
དེང་རབས་བོད་པའི་ཕོ་གསར་འདི་ཚོ།།
ནང་གི་ཕ་མ་རྫུན་ཀྱིས་བསླུས་ནས།།
སློབ་གྲྭའི་རྒན་ལ་དགོངས་པ་ཞུས་ཏེ།།
མགོ་སྟོང་གྲོགས་པོའི་རྗེས་ལ་བསྙེགས་ནས།།
དོན་མེད་ལས་ལ་ཞུགས་པའི་ན་གཞོན།།
༣ དེང་གི་བུ་མོ།
ཁ་ངོ་ཀུན་ལ་ཚོན་གྱིས་བྲིས་ནས།།
བརླ་ཤ་བྲང་ཤ་ཕྱི་ལ་སྟོན་བཞིན།།
ལྷམ་ཆུང་རྟིང་ཀ་མཐོན་པོའི་བར་ན།།
གོམ་ཁ་ཡངས་པའི་དེང་རབས་བུ་མོ།།
མིག་ཤེལ་ནག་པོའི་གདོང་བ་ཅན་པོ།།
རྒྱན་ཆ་འདྲ་མིན་ལུས་ལ་བཏགས་ནས།།
ར་མ་ལུག་གི་སྐད་གདངས་བར་ན།།
རང་གཤིས་བོར་བའི་དེང་རབས་བུ་མོ།།
སྐྲ་ལོ་ནག་པོ་རྒྱབ་ལ་དཔྱངས་ནས།།
བྲང་གི་མྱོས་བུམ་མདུན་དུ་འབུར་བའི།།
སྣ་འཛོམས་གྲོང་གི་ཁྲོམ་ན་དགོད་པའི།།
ཕྱི་མཛེས་ནང་སྟོང་དེང་རབས་བུ་མོ།།
སྦྲང་དཀར་རྩམ་པས་གསོས་པའི་བོད་མོ།།
དེང་རབས་ཁྲོམ་ན་རྒྱ་སྐད་འཆད་གི།
ལྷན་སྐྱེས་གངས་རིའི་ཨ་མའི་གཤིས་ཀ།།
གྲོང་ཁྱེར་ཆེན་པོ་གྲུ་ནས་བོར་ཐལ།།
༢༠༡༢ཟླ ༦ ཚེས ༡༤ཉིན་ལ་དཔེ་མཛོད་ནས།
དེང་གི་སྙུག་ཐོགས་པ་ཞེས་པ་ཞིག་ཁ་སྣོན་བྱས་ཚེ་རྦད་དེ་ཁ་ཚང་པོ་ཞིག་ཆགས་ས་རེད། བསམ་འཆར་ཙམ་ཡིན།
ངོ་མ་ཡག་པོ་བྲིས་འདུག
གནའ་མྱི་ཞིག་མིན་ནམ།
གྲ་ལོག་ཞིག་ཡིན་རྒྱུ་རེད།
ཚིག་སྦྱོར་ཡག་གི །གནའ་སྔ་མོའི་སྲོལ་རྒྱུན་དང་བསྡུར་ན་ནང་སྟོང་ཕྱི་རྫིག་ཅིག་ཡིན་ན་ཐང་མོད། སྤྱི་ཚོགས་རྙོག་འཛིང་གི་སྣེ་མོ་ན་ཅི་ཡང་འབྱུང་སྲིད། ཐུན་མོང་མ་ཡིན་པའི་བསམ་བློ་གཏོང་སྟངས་ཀྱི་སློབ་གསོ་དེ་འགལ་རྐྱེན་ཐམས་ཅད་ལས་རྣམ་པར་རྒྱལ་བའི་བློ་སྟོབས་ཡིན་ལ། དེ་བོད་གངས་ཅན་གྱི་གཅེས་ནོར་མཐའ་དག་གི་འབྱུང་ཁུངས་ཡང་ཡིན། གལ་ཏེ་འདི་མེད་སོང་ན་བོད་པ་ཟེར་བ་ཞིག་འཛམ་གླིང་འདིའི་སྒང་ནས་སྔ་ས་ནས་ཡལ་ཚར་བ་རེད། གང་དགའ་གང་སྐྱིད་ཀྱི་ཕྱོགས་སུ་འགྲོ་ངེས་རེད། དེ་ལྟར་སོང་ན་རང་གི་སྐད་ཡིག་དང་རང་གི་རིག་གཞུང་ཟེར་བ་ཞིག་གང་ན་ཡོད།
དམར་སེར་ན་བཟའ་སྐུ་ལ་མནབས་ཤིང་།
ཁས་བླངས་སྡོམ་པ་སྲོག་ལྟར་བརྩི་བ།
མདོ་སྔགས་གཞུང་ལུགས་དགོངས་པར་ཆུབ་ལ།
སྙིགས་དུས་སྐྱེ་བོར་ཞི་བདེའི་ལམ་སྟོན།
དེང་གི་དཔྱད་གཏམ་པ།
དེབ་ཉོག་མང་པོ་ནང་དུ་བརྩིགས་ནས།།
ཀློག་པའི་གོམས་གཤིས་གཏན་ནས་མེད་པར།།
གཞན་སྐྱོན་འཚོལ་བའི་རྒྱང་ཤེལ་ཐོགས་ཏེ།།
མཐོང་རྒྱ་ཆེ་ཞིང་བསམ་རྒྱུ་མང་བའི།།
རང་སྐྱོན་སྦེད་ལ་མིག་འཕྲུལ་མངའ་མཛད།།
གྲྭ་བཙུན་མཚན་ཉིད་གོ་རྟོགས་དབེན་པའི།།
དམར་སེར་ཀུན་ལ་གྲྭ་བཙུན་བརྩི་མཁན།།
ངང་བ་སེར་པོ་རབ་བྱུང་འཁྲུལ་ནས།།
ཉ་ཉུང་མཉམ་བསྲེའི་དཔྱད་བརྗོད་སྤེལ་མཁས།།
འཁོན་ལན་སློག་བྱེད་ཀུན་སློང་བཅངས་ཏེ།།
རང་རིགས་གཉའ་ནས་གནོན་པའི་མཁས་དབང་།།
རྒྱ་དམར་རྣ་བར་བསྟོད་ཚིག་འདྲེན་པོ།།
ལོ་རྒྱུས་རྫུན་བཟོར་ཡ་ལན་དབེན་པའི།།
གྲོད་སྤུ་ནང་དུ་ཟིང་བའི་སྨྱུག་ཐོགས།།
ཁ་བརྡའི་སྒྲུང་གཏམ་རྩོམ་སྒྲིག་འགན་འཁུར །
དེང་རབ་འཛམ་གླིང་དཔྱད་བརྗོད་གཙོ་འཛིན།།
དེང་གི་སྙན་ངག་པ།།
ཡིག་ནོར་ཕྲེང་བ་མཛུབ་མོས་སྤེལ་གྱིན།།
ཚིག་གི་སྡེབ་སྦྱོར་གོ་རིམ་སྤྲུགས་པའི།།
རྣར་སྙན་ཡིད་འཇེབས་ཡོན་ཏན་གཉིས་མེད།།
ཁ་སྐད་ཡུལ་སྐད་སྤྱི་སྐད་བསྲེ་དཔོན།།
གྲྭ་བ་ནི་བཙོན་པ་མ་རེད། གྲྭ་བ་བྱེད་པ་བདེ་སྐྱིད་ཀྱི་ཆེད་དུ་ལེགས་ན་བདེ་སྐྱིད་གང་དུ་ཡོད་ན་དེ་རུ་འགྲོ་རྒྱུ་གྲྭ་བའི་ལས་འགན་རེད། ཕྲག་དོག་གཙོ་བཟུང་རེད། གྲྭ་རྒོད་ཚོ། གཞན་གྱི་ངོ་ལ་ལྟ་མི་དགོས་བ་རང་ཉིད་ཀྱི་འཇོན་ཐང་ངོམས་དང་། དེ་ནི་ཡག་པོ་རེད། སྐྱ་མི་སེར་མི་ཅི་ལྟར་ཡིན་ཡང་རང་དོན་འགྲུབ་དུས་ཕོ་རྒོད་རེད། ཕོ་རྒོད་ཀྱི་ནུས་བ་བརྟེན་ནས་མཛེས་མ་འགུག་ན་འཇོན་ཐང་རེད། ཕྲག་དོག་ཅན་ཚོ་ཤི་ན་རང་ཉེས་རེད། འདུལ་བ་དུས་དང་སྟུན་དགོས།
༈ གྲྭ་ཟུགས་འཛིན་པའི་སྤྱི་ཚོགས།
གྲོང་པའི་ཕ་རྒན་འབྱོར་ལྡན་གྲྭ་ཟུགས་འཛིན།།
དྲན་འཕྲུལ་ཚོང་པའི་ཚོང་དཔོན་གྲྭ་ཟུགས་འཛིན།
མཛེས་མའི་འཁོར་གྱི་སྡེ་དཔོན་གྲྭ་ཟུགས་འཛིན།།
ཁྲིམས་རྒལ་ནག་ཚོང་བྱེད་པོ་གྲྭ་ཟུགས་འཛིན།།
ཕྱི་རྒྱལ་ཐོང་ཆེན་བཟོ་མི་གྲྭ་ཟུགས་འཛིན།།
ཕྱི་འགྲོ་མི་ཕལ་ཆེར་གྲྭ་ཟུགས་འཛིན།།
དེ་འདྲ་ཤཱཀྱའི་བསྟན་པའི་གྲྭ་ཟུགས་ནི།།
ང་མིན་ང་འདྲའི་བསྟན་པ་ཤིག་ཅེས་གསུངས།།
༈ ཚུལ་ལྡན་གྲྭ་བའི་དཀའ་ཐུབ།
ཐོས་བསམ་ཚུལ་ལྡན་བརྩོན་ལ་སྦྱིན་བདག་དབེན།།
སྒོམ་སྒྲུབ་རྣལ་མར་བརྩོན་ལ་སྒྲུབ་རྒྱགས་ཕོངས།།
སླབ་ལྡན་དགེ་མཐོང་ཚེ་ལྐུག་པར་བརྩི།།
གྲུབ་ཐོབ་རྣལ་འབྱོར་བྱོན་ཚེ་སྨྱོན་པར་བརྩི།།
རི་རྒྱལ་ཏི་སེ་ལགས་། ཕེབ་པ་ལ་དགའ་བསུ་ཡོད་་། ཡིག་ནོར་གི་མགོ་ནས་མཇུག་རྗོགས་པར་བྱས་སོ་ལོ་།
དུས་བབས་ནང་གི་བོད་ཀྱི་བུ་ཟེར་བ་དེ་དང་བསོད་ནམས་ཟེར་བ་འདི་གཉིས་ཀྱི་མཆན་གཅིག་པ་རེད་འདུག་ག ངའི་དྲ་གྲོགས་རྙིང་པ་བོད་ཀྱི་བུ་དེ་མིན་པར་ཤོག
དྲ་གྲོགས་ལགས། ཁྱེད་ཀྱིས་ང་གསལ་བསྒྲགས་མ་བྱེད་ན།
ཡཡ གྲོགས་པོ་ད་ངས་ཇུས་གཏོགས་མི་བྱེད དེ་ཙམ་ཡིན
ཚིག་དོན་གཉིས་ཀའི་ཐད་ནས་ཡག་པོ་འདུག སྤྱི་ཚོགས་ཀྱི་སྣང་བསྙན་ཚང་མ་སྟོན་མ་ཐུབ་ཀྱང་གང་ཞིག་བཤད་འདོད་པ་དེ་གསལ་པོར་གོ་བདེ་ལ་ཚིག་སྦྱོར་སྙན་པོའི་ཐོག་ནས་བྲིས་གནང་འདུག དེ་མིན་སྙན་ངག་ཡིན་ཟེར་ནས་ཚིག་རྙོག་གི་ཕུང་པོ་བརྩིགས་ནས་ཀློག་མཁན་དག་ལ་ཚོར་སྣང་མི་སྤྲོད་ན་སྙན་ངག་དེའི་དགོས་པ་ཆུང་།
སྐྱོན་ཡོན་གཉིས་ཀ་རྟོགས་ན་མཁས་པ་ཡིན། །གཟུར་གནས་དྲངས་པོར་སྨྲ་ན་བདེན་པ་ཡིན། །རང་སྐྱོན་རང་གིས་འགེབས་ན་ཁྲམ་པ་ཡིན། །གཞན་གྱི་ཡོན་ཏན་སྦས་ན་ལྐུག་པ་ཡིན། །ཆོས་སྲིད་ཟུང་འབྲེལ་སྐྱོང་བ་གྲྭ་པ་ཡིན། །ཕྱི་ནང་རིགས་གནས་མཁས་པ་ཕོ་གསར་ཡིན། །ཤེས་འཇོན་གཉིས་ཀ་ལྡན་པ་བུད་མེད་ཡིན། །ལྷག་བསམ་ལྷད་མེད་བྲིས་མཁན་ང་རང་ཡིན། །
རང་གི་རིགས་ལ་སྡང་སེམས་ཆེ་བའི་བུ།།
གཞན་གྱི་ནོར་ལ་ཧམ་སེམས་ཆེ་བའི་བུ།།
དྲ་ཡི་ཐོག་ལ་སྐྱོན་མཚང་འབྲུ་མཁན་བུ།།
ཞིབ་ཏུ་བསམ་ན་ཕན་ཐོག་མེད་པའི་བུ།།
མི་ལོ་དུ་མར་སྐྱོན་མཚང་བྲུས་པའི་བུ།།
མཐོ་དམའ་བར་གསུམ་ཐང་ལ་གཡུག་པའི་བུ།།
རང་ཉིད་མ་གཏོགས་ཅི་ཡང་མི་ལྷག་བུ།།
རང་ཉིད་གང་འདྲ་ཡིན་མིན་སུ་ཡིས་ཤེས།།
ཨ་ར་དཀར་པོ་ལགས། དེ་ལུགས་བོད་ཀྱི་དུས་བབ་ནང་གི་མཆན་འདེབས་མཁན་དྲ་འབུ་དེ་ང་བོད་ཀྱི་བུ་དངོས་མིན་པ་གསལ་བཤད་བྱས་ཟིན། ད་བྱས་དུས་དྲ་འབུ་དེ་འདིར་ཡོད་པའི་བསོད་ནམས་མིང་ཅན་ཁོ་རེད་འདུག་གཱ། དྲ་གྲོགས་ཨ་ར་དཀར་པོས་དྲ་འབུ་ཡག་པོ་བཟུང་འདུག དེ་ནས་བསོད་ནམས་ལ་ཞུ་རྒྱུར་གུས་པའི་དྲ་མིང་དེ་ཁྱོད་ཀྱིས་མ་སྤྱད་ན་འགྲིག་གི་མ་རེད་དམ་ཞུ་ཡག་ཡིན། གང་ཡིན་ཟེར་ན་དྲ་མིང་གཅིག་པའི་ཐོག་ནས་རྙོག་དྲ་མང་པོ་ལྷག་གི་འདུག་པས་ཡིན། དེ་ལུགས་དགོངས་འཇགས་འཚལ།
དྲ་གྲོགས་དག་ལ་གསལ་བཤད་བྱེད་རྒྱུ་ཞིག་ལ། ངའི་འཆད་ཀྱིན་པའི་གྲྭ་རྒོད་ནི་བསྟན་པ་སྐྱོང་མཁན་དག་མ་ཡིན་པར་དེ་ལས་ལྡོག་དེ་ཐུབ་བསྟན་རིག་གནས་ཡིན་དྲི་ཙམ་མེད་ལ་རང་སེམས་ཚང་མ་ཉོན་མོངས་གིས་ཚོས་ནས་ཡོད་པའི་གོང་ས་མཆོག་འམ་བོད་པའི་ནང་བསྟན་རིག་གནས་ལ་ཞབས་འདྲེན་བྱེད་ཀྱིན་པ་དག་ལ་སྨྲས་བ་ཡིན།
ཅུང་ཙམ་འཆུག་འདུག། ལུས་སེམས་ཀུན་ཉོན་མོངས་གིས་ཚོས་ནས་ཡོད་པའི་མི་བུ་ཐ་ཤལ་བ་། ག་དུས་ཡིན་ཡང་གོང་ས་མཆོག་གིས་མིང་ཁ་ལ་འཁྱེར་ནས་སངས་རྒྱས་བསྟན་པ་ལ་ཞབས་འདྲེན་བྱེད་བཞིན་པ་དག་ལ་སྨྲས་བ་ཡིན
གཅིག་བྱས་ན་བསོད་ནམས་ཁྱོད་ཀྱིས་རྨོག་བསྟན་ངེད་གཉིས་བར་ལ་རྙོག་དྲ་བཟོ་འདོད་མ་རེད་དམ། སོ་སོའི་དྲ་མིང་སྨྱུག་མིང་ལ་སོ་སོས་བདག་པོ་རྒྱག་པ་དང་འགན་ཁུར་རྒྱུ་གལ་ཆེན་པོ་རེད།
གཞན་ལ་བལྟ་བས་མིག་ཡོད་ན། རང་ལ་བལྟ་བས་མེ་ལོང་དགོས་ཟེར་ཅི་མ་བདེན་་་་་ཡང་སོ་སྐྱེས་ཞིག་གིས་བྲིས་འདུག་་་རེད་རེད་ད་ངས་ཧ་གོ་སོང་་་་་ཁྱོད་ཀྱི་བལྟས་ན་གཞན་ནག་པོ་་་་གཞན་གྱིས་བལྟས་ན་ཁྱོད་ནག་པོ་ཡིན་རྒྱུ་རེད་་་་་་