སྣ་ཚོགས་རང་གྲོལ།
མཐོན་པོར་རྙེགས་ན་རྒྱབ་ནས་གླེང་སློང་མང་།།
དམའ་ས་བཟུང་ན་གཞན་གྱིས་བརྙས་བཅོས་གཏོང་།།
མཐོ་དམན་ངོས་བཟུང་དཀའ་བའི་འཇིག་རྟེན་ནས།།
ཕན་ཚུན་འབྲེལ་ལམ་བྱེད་ཐབས་དཀའ་བ་ཞིག།
འཁྱོག་པོར་འགྲོ་ན་གཞན་གྱི་ཡིད་ཆེས་བརླག།
དྲང་པོར་སོང་ན་རང་ལ་ཁེ་ཕན་མེད།།
རྫུན་གྱི་འཁོར་ལོ་བསྐོར་བའི་འཇིག་རྟེན་ནས།།
ཞག་གསུམ་མི་འཚེ་འཁྱོལ་ཐབས་དཀའ་བ་ཞིག།
ཀུན་རྫོབ་བཤད་ན་སེར་མོའི་སྡེ་ལ་ཕོག།
དོན་དམ་བསྒྲོག་ན་རང་བཞིན་ཡུལ་དང་འགལ།།
བདེན་གཉིས་འགལ་འདུ་ལྟ་བའི་འཇིག་རྟེན་ནས།།
སྨྲ་བརྫོད་རང་དབང་སྤྱོད་པ་དཀའ་བ་ཞིག།
ཆོས་ལུགས་གླེང་ན་རྫུན་རྐུབ་བརྡོལ་ནས་འགྲོ།།
སྲིད་དོན་བཤད་ན་ཆོས་ཀྱི་ཁྲིམས་དང་འགལ།།
ཆོས་སྲིད་ཟུང་འབྲེལ་ལྟ་བའི་འཇིག་རྟེན་ནས།།
འཛིན་སྐྱོང་ལས་དོན་གཉེར་བ་དཀའ་བ་ཞིག།
གཟན་གཤམ་ཕུད་ན་འཕྱ་དམོད་ལུང་པ་ཁེངས།།
དགོན་པར་སྡད་ན་ཆོས་ཀྱི་ལུགས་དང་འགལ།།
ཅ་ཟིང་ཁྲིམས་ཀྱི་གུ་དོག་རྭ་བ་ནས།།
གྲྭ་ཆས་དམར་པོ་གྱོན་པ་དཀའ་བ་ཞིག།
རིག་གནས་སྦྱོང་ན་རྒན་གྱི་བཀའ་ཆད་ཕོག།
གཞུང་ཆེན་བརྩོན་ན་གླེན་པ་ལུག་འདྲ་ཆགས།།
རིག་གནས་དུག་ཏུ་བརྩི་བའི་འཇིག་རྟེན་ནས།། ༼སྐབས་འདིའི་རིག་གནས་ཟེར་བ་ནི་ཐུན་མོང་གི་རིག་གནས་ལ་གོ་དགོས༽
གསར་གཏོད་ལམ་བུར་བསྐྱོད་པ་དཀའ་བ་ཞིག།
ཁ་སང་ཟས་ཀྱིས་དེ་རིང་གོ་མི་ཆོད།།
སང་ཉིན་འབྱུང་བ་སུས་ཀྱང་ཐག་གཅོད་དཀའ།།
འབྱུང་འདས་གཉིས་ལ་རེ་བའི་འཇིག་རྟེན་ནས།།
དེ་རིང་ཐག་གཅོད་ཐུབ་པ་དཀའ་བ་ཞིག།
ཞུམ་ཞུམ་བྱེད་ན་བྱུས་ངན་བཏིང་བར་སྒྲོགས། །
སྒྱེད་སྒྱེད་བྱེད་ན་ང་རྒྱལ་ཆེ་འོ་ལོ། །
རང་འགར་སྡོད་ན་མི་ཚེ་ཆུད་ཟོས་འགྲོ །
ཆེ་མ་ཆུང་གི་སྤྱི་ཚོགས་སྡུག་སྣོན་ཞིག །
དངོས་ནས་རྩོམ་དེ་སྙན་མོ་ཞེ་དྲག་འདུག དེང་དུས་མཐུན་པའི་ལེགས་རྩོམ་ཞིག་རེད།
བདག་ནི་བསིམ་བཅན་ཐམ་ཅད་ལ།
དོན་མཆོག་སྒྲུབ་པའི་བསམ་པ་ཡི།
གྱོང་གུན་རང་གི་ལེན་པ་དང
རྒྱལ་ཁ་གཞན་ལ་འབུལ་བར་ཤོག
ཚིག་བཞི་དྲན་པའི་རྩོམ་ནུས་ཁྱོ་ལ་ཡོད།།
དེ་ལས་ལྷག་མ་ཐམ་ཅད་རིགས་བསྒྲེ་རེད།།
རིགས་བསྒྲེ་རིག་པའི་ལམ་ན་ཕུག་རོན་བཞིན།།
འཕུར་རྩལ་ཡ་མཚན་མེད་པ་དཀའ་བ་ཞིག།
ཆོས་བཞིན་བྱས་ན་ཚུལ་འཆོས་ཅན་དུ་བསྒྲགས།།
གང་དྲན་བྱས་ན་བསྟན་བཤིགས་དམ་ཉམས་ཟེར།།
ཅི་བྱས་སྐྱོན་དུ་མཐོང་བའི་འཇིག་རྟེན་འདིར།།
ལུས་ལ་གྲྭ་ཆས་གོན་པ་དཀའ་བ་ཞིག།
ཉལ་ནས་བསྡད་ན་འཇོན་སྟངས་མེད་ཅེས་སྙད།
ཡར་ལ་ལང་ན་ཀུན་གྱིས་སྔང་མིག་བགྲད།
ཅི་བྱས་མི་ཡིས་མིག་ལ་མི་འགྲོ་བས།
ས་སྒང་འདི་ན་མི་ཚེ་འཁྱོལ་བར་དཀའ།
ཨོའོ། ཨོའོ། ད་ཁྱེད་ཚོ་ཚང་མ་འཇིག་རྟེན་འདི་ན་འཚོ་བ་དཀའ་ནི་རེད། ད་ཁྱེད་ཚོ་ཅི་བྱས་ན་དྲག། མེར་སྲེག་གཏང་ན་གང་འདྲ་འདུག།
ལྷ་ལ་མཆོད་ན་བྱིན་རླབས་ཐོབ་པ་མེད་།
འདྲེ་བགེག་བསྤྲད་ཀྱང་བར་ཆད་སེལ་བ་མེད་།
རྣམ་རྟོགས་ལྷ་འདྲེའི་རྗེས་སུ་འབྲང་འབྲང་ནས་།
བདེན་པའི་རང་ཚུག་ཐུབ་པའི་གོ་སྐབ་དཀའ་།
རང་ལ་དགོས་པའི་ཤེས་ཡོན་མི་སློབ་པར།།
མི་དགོས་གཞན་སྐྱོན་འཚོལ་ལ་བྲེལ་བ་ཡི།།
དེང་དུས་སྐྱེས་པའི་བོད་ཕྲུག་ང་འདྲ་ཀུན།།
སྤྱི་ཚོགས་འདི་ལ་ཡོད་མེད་ཁྱད་པར་མེད།།
གཞན་ལ་གུས་ན་རང་ལ་ཆ་འཇོག་ཆེ།
ཀུན་ལ་བྱམས་ན་རང་ལ་བདེ་བ་ཐོབ།
གཞན་དོན་ཁོ་ན་བསམ་པའི་འབྲས་བུ་ལ།
རང་ལ་བདེ་བ་དཔག་མེད་ཅིས་མི་ཐོབ།
དེ་ན་འཇིག་རྟེན་འདི་ཡི་འཚོ་བ་འདི།
རང་གཞན་གཉིས་ཀར་བརྟེན་པ་མ་ལགས་སམ།
འཇིག་རྟེན་ཀུན་དང་མཐུན་པའི་གཞི།
རྩལ་ཀྱང་རྙེད་རྒྱུ་མི་འདུག་ན།
དེ་འདྲི་མཐུན་འཇུག་བསམ་པ་འདི།
རིང་ནས་རིང་དུ་དོར་ན་དགའ།
གོང་གི་༧སྔ་འགྱུར་པ་ལ་བསམ་འཆར་གསུང་བ་འདི་ལེགས།
དེ་དང་འབྲེལ་་་་་ ལོ་འཇུག་ཏུ་རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་མོའི་ཚོགས་འདུར་༧དབུ་འཛིན་རིན་པོ་ཆེའི་མཚན་
ཐོག་སྙན་ཞུ་ཞིག་འབུལ་ཐུབ་ན་ལེགས་སོ། །
དེང་གི་བོད་མིར་དཀའ་བ་རྣམ་བཞི་ནི།
མ་བྱས་བསྡད་ན་མི་ཚེ་ག་ནས་འཁྱོལ། །
བྱེད་དུ་སོང་ན་རྒྱ་མིའི་མིག་ལ་གཟན། །
སྒུར་སྒུར་བྱས་ན་རྒྱ་མིས་བརྙས་བཅོས་གཏོང་། །
སྒྱེད་སྒྱེད་བྱས་ན་རྒྱ་མིས་དྲག་གནོན་བྱེད། །
དཀའ་བ་བཞི་ལས་མྱུར་དུ་གྲོལ་འགྱུར་ཅིག །