ཀཱི་ལུང་ཐུབ་བཟང་ནས།
དད་དམ་གྱི་རང་མདངས་གཅིག་ཏུ་གྱུར་བའི་ཆོས་གྲོགས་ཚོར་བསམ་ཚུལ་ཁ་ཤས་ཞུ་འདོད་བྱུང་། དུས་ཀྱི་གོམ་སྟབས་ནི་རི་ཟར་གྱི་འབབ་ཆུ་བཞིན་འགྲོ་བ་དང་ཆབས་ཅིག་དེར་གནས་པའི་འགྲོ་བ་མིའི་འདུ་ཤེས་ཀྱི་འཕེལ་རིམ་ལ་འགྱུར་བ་ཤུགས་ཆེན་བྱུང་ཏེ། སྔོན་ཞིག་རྟ་ལམ་ཉིན་གཅིག་ཙམ་གྱི་གནས་ཚུལ་གོ་རྟོགས་ལས་དེ་རིང་འཛམ་གླིང་ཤར་ནུབ་ཀྱི་འཕྲིན་གསར་གོ་སླ་ཞིང་རྟོགས་མྱུར་བའི་བརྡ་འཕྲིན་དུས་རབས་ཀྱིས་ས་ལྒང་ཆུང་དུ་བཏང་བའི་དུས་ཚོད་ཅིག་ལ་སླེབས་ཡོད་པ་མཁྱེན་གསལ་རེད། དུས་གཉན་འདི་འདྲ་བ་ཞིག་གི་སྐབས་ལ་སྤྱོད་ངན་ཐམས་ཅད་རྒྱ་ཡན་དུ་བཏང་སྟེ་མ་གོ་མ་ཐོས་ཟོལ་གྱི་འདུག་པ་ནི་འགན་འཁྲི་མེད་པའི་བྱ་སྤྱོད་དམ་རང་མགོ་རང་གཅོག་གི་ལས་རེད། འགན་འཁྲི་ནི་མི་རེ་ངོ་རེ་ནས་ཡོད་པ་ཡིན་དུས་འདིའི་སྐོར་བསམ་བློ་ཞིག་བཏང་རྒྱུ་བྱུང་། ཚོར་ཤུགས་རྣོ་བའི་གོ་ལའི་ཁྱིམ་ཚང་འདིའི་འགྲོ་བར་འབྲེལ་འདྲིས་བྱེད་དགོས་ན་དེ་དག་གི་འདུ་ཤེས་ལ་རྩི་བཀུར་དང་དགའ་ཕྱོགས་ལ་བསྟུན་མཁས་བྱེད་དགོས་པ་སྨོས་མེད་རེད། དངོས་པོའི་དཔལ་ཡོན་ཁོ་ནས་འགྲོ་བ་མིའི་ཚོར་སྙེགས་ཀྱི་རྨི་ལམ་དེ་མི་འགྲུབ་པར་དྲང་བདེན་དང་། ཞི་བདེ། ཆོག་ཤེས། བཟོད་སྒོམ་སོགས་ཀྱི་འབྱུང་ཁུང་ནང་སྟན་རིག་གཞུང་ལ་མཛུབ་མོ་བཙུགས་པར་ཡིད་ཆས་ཡོད་ན། བསྟན་པ་རྣམ་དག་འཛིན་སྐྱོང་ཁྱབ་སྤེལ་གྱིས་སེམས་ཅན་ཀུན་ལ་བླ་མེད་པའི་ཞབས་འདེགས་ཞུ་རྒྱུ་ནི་དེར་ཞུགས་པའི་སྐྱེ་བོ་རེ་རེ་བཞིན་དང་བླངས་ཀྱི་འགན་འཁྲི་ཆགས་ཡོད་པ་ཤེས་དགོས། དེ་ཡན་ནི་རྩོམ་ཡིག་འདིའི་གླེང་གཞི་ཡིན། མདོ་མེད་གྲྭ་རྐྱང་འཁྱམ་པོ་ཞིག་བསྟན་པ་གང་གི་གྲྭལ་མཐར་སྐྱེས་ས་དེ་གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་རྒྱུད་འདི་ཡིན་པས་དེར་འདུ་ཤེས་བཟང་བོའི་བསམ་འཆར་ནི། སྤྱིར་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་གནང་པའི་མཁན་སྤྲུལ་བླ་སློབ་དགེ་འདུན་སོགས་བསམ་གྱིས་མི་ཁྱབ་པ་མངོན་པར་སྟོད་པའི་གནས་སུ་ བཞུགས་ཡོད་པ་ནི་སྨོས་མ་དགོས་སོ། འོན་ཅིང་ཆོས་ཟབ་ས་ན་ནག་པོའི་བདུད་ཀྱང་ཟབ་ཟེར་བ་བཞིན་དེ་དང་མཉམ་དུ་བསྟན་པ་འཛིན་མཁན་ལས་བསྟན་བཤིག་མང་བའི་དུས་སྐབས་ཤིག་ལ་ཁེལ་ཡོད་པ་ནི་སུས་ཀྱང་སྙོན་དུ་མེད། མ་གཞི་བོད་རྒྱུད་ནང་བསྟན་ཆོས་བརྒྱུད་ཚོར་གཅིག་གྱུར་གྱི་སྒྲིག་གཞི་དེ་ཙམ་མེད་ལ། རྙིང་མ་པ་ནི་དེ་ལས་ཀྱང་སྒྲིགས་འཛུགས་ཀྱི་ཚད་གཞི་ཅུང་དམའ་བའི་ཆོས་བརྒྱུད་ཅིག་རེད། ང་རང་གི་རྨོངས་བློར་འཆར་སྣང་ལྟར་ན་ཆོས་རྒྱུད་འདིས་སྒྱུར་བཅོས་བྱེད་དགོས་པའི་གནད་དོན་མང་པོ་ཞིག་ཡོད་ལ་དེའི་ནང་ནས་ཁག་གཅིག་ཞུས་ན། ༡༽སྔ་འགྱུར་བའི་ཡང་སྲིད་ངོས་འཛིན་ལམ་ལུགས་ལ་སྒྱུར་བཅོས་བྱས་ནས་གཅིག་གྱུར་ངོས་འཛིན་ཁྲིར་འདོན་གྱི་ཐབས་ལམ་བཙལ་ཏེ་རང་ཉིད་ཀྱིས་རང་ཉིད་ངོས་འཛིན་དང་བླ་དཔོན་སྦྱིན་བདག་གི་འཛུམ་རིས་བརྒྱུད་དེ་ཡང་སྤྲུལ་ངོས་འཛིན་བྱེད་པ་ཡང་སྤྲུལ་ཡོད་བཞིན་ཡང་སྤྲུལ་གཞན་ངོས་འཛིན་པ་དེ་བཞིན་ཉེ་ཁོར་གྱི་རྩི་བཀུར་ཅུང་ཟད་ཡོད་པའི་མི་གྲོང་ཚད་ལ་ཡང་སྲིད་འཚོལ་བ་སོགས་ས ྲོལ་ངན་རིགས་སྟངས་འཛིན་བྱེད་ཐུབ་དགོས་ཀྱི་འདུག།
༢༽དགོན་པ་བདག་གཉེར་གྱི་རྩ་བའི་ཁ་ཕྱོགས་ལ་ཆོས་དང་མཐུན་པའི་འགྱུར་བ་བཏང་ནས་བསྟན་པའི་སྙིང་པོ་བཤད་སྒྲུབ་གཉིས་པོ་བྱས་ཏེ་དགོན་པ་འཛིན་སྐྱོང་ཚོང་ལས་སུ་སྒྱུར་བཞིན་པའི་རང་སྣང་གང་དྲན་གྱི་སྤྱོད་ངན་ཡ་ང་བ་ཁག་དང་ཆོས་ལུགས་ཀྱི་བྱེད་སྒོ་གོམ་སྲོལ་ཙམ་གྱི རྒྱུན་འཛིན་པར་བྱེད་པ་མཇུལ་སྒྲིལ་བྱ་རྒྱུ།། ༣༽རྒྱལ་ཡོངས་ཆོས་ཁྲིམས་ལྷན་ཚོགས་འཛུགས་ཐུབ་པ་བྱས་ནས་རྒྱལ་ཕྱི་ནང་གང་སར་ནས་དད་ལྡན་རྣམས་ཀྱི་སེམས་ཁམས་དཀྲུགས་པའི་ཁྱིམ་པ་སུན་འབྱིན་གྱི་ལས་འདྲ་མིན་གྱིས་བསྟན་པའི་ཞབས་འདྲེན་བྱེད་མཁན་རིགས་གཙང་སེལ་བྱེད་པ་དང་ཆེས་ཁ་ན་མ་ཐོ་བའི་ཁྱིམ་སུན་འབྱིན་པ་དག་ཐ་ན་རྒྱལ་ཡོངས་སྔ་འགྱུར་ཆོས་རྒྱུད་དེའི་སྒྲིགས་འཛུགས་ཁྱབ་ཁུངས་ལས་ཕྱིར་བཏོན་ཁྱབས་སྒྲགས་བྱེད་ར ྒྱུ།། ༤༽རྒྱལ་ཡོངས་སློབ་སྟོན་ལྷན་ཁང་འཛུགས་ཐུབ་བྱས་ནས་བསླབ་གཞི་གཅིག་གྱུར་དང་བསླབ་གཞི་དང་བསྟུན་པའི་མཚན་གནས་དང་མཚན་གནས་གང་ཞིག་ཕྱིར་བསྡུ་བྱེད་རྒྱུ་ཡོད་པ་དང་མེད་པའི་ཁྱད་པར་སོགས་གཅིག་གྱུར་གསལ་ཁ་ལྡན་པ་གཏན་འབེབས་བྱེད་དགོས་པ། ༥༽གྲྭ་བའི་སྡོམ་པ་ཉམ་ཚེ་སྔགས་པ་ཟེར་པའི་མིང་སྙན་པོ་དེ་བསྡུ་གསོག་རྒྱབ་སྟེ་ཁྱིམ་པ་སྔགས་པ་དང་ཁྱིམ་པ་ཕལ་བའི་དབྱེ་མཚམས་ཤེས་ཡོན་དང་ཀུན་སྤྱོད་གཉིས་ཀའི་སྒོ་ནས་ཁ་གསལ་བཟོ་པའི་མ་ཚད་རབ་བྱུང་རྣམས་ཀྱི་ནབས་བཟའ་ཞེས་ཕྱོགས་ལའང་ཅིག་གྱུར་གཏན་འབེབ་ཐད་ཐུགས་བསམ་ཞེས་དགོས་རྒྱུ།། ༦༽རྒྱལ་ཡོངས་རྙིང་མའི་དབུ་འཛིན་གྱི་འོས་ཆོས་དང་དབུ་འཛིན་དུ་ཕེབས་སྟངས། དེ་བཞིན་ཕྱགས་ལས་གནང་ཕྱོགས་དང་དབུ་འཛིན་ཁྲི་ཡུན་སོགས་གསལ་གཏན་འབེབས་གནང་རྒྱུ། ༧༽སྔ་འགྱུར་རྒྱལ་ཡོངས་གྲོས་ཚོགས་ཆེན་མོ་ཞེས་པའི་བསྟན་འཛིན་གྱི་ཚོགས་སྡེ་ཞིག་འཛུགས་ཐུབ་ན་གོང་འཁོད་གནད་དོན་འདི་དག་དང་འདི་ལས་གཞན་ཅི་ཡོད་ཐག་གཅོད་ཐུབ་པའི་གཞི་རྩའི་གོམ་པ་དང་པོ་ཡིན་པས་དུས་ཚོད་སྐར་ཆ་གཅིག་ཀྱང་ཕྱིར་འགྱངས་བྱ་མི་རུང་ལ་ཆེད་བརྗོད་འདིའི་བརྩམ་གཞི་གཙོ་བོ་ཡིན་ལ་ཞུ་བསྐུལ་གྱི་གཙོ་བོའང་ཡིན། འདི་ཆེན་པོའི་མཚན་འཆང་ག་གེ་མོས་གནང་སྦྱིན་གསོལ་རས་མི་སྩོལ་ལ་འབད་མེད་ལྷུན་གྲུབ་ཀྱིས་ནི་དེ་བས་ཀྱང་མི་འོང་། དེས་ན་ཤཀྱ་སེང་གེའི་བསྟན་པར་གོ་བ་རྙེད་ཀྱང་ལྷག་བསམ་ལྡན་པའི་དགེ་འདུན་པ་ཁག་གཅིག་གིས་རྩོད་ལེན་བྱེད་དགོས་པའི་དུས་ལ་བབས་ཡོད་པ་རེད།། ཆོས་གྲོགས་ཚོ་ང་ཚོའི་ཕྱིར་མིག་གི་ཁྲོད་ན་བོད་སིལ་བུའི་དུས་རབས་ནི་བོད་ཀྱི་ཆོས་སྲིད་ཐམས་ཅད་ཉམ་ཆག་ཐོར་ཞིག་ཏུ་སོང་བའི་དུས་རབས་ཤིག་ཡིན་པར་ངོས་ཟིན་པ་བཞིན། ད་ལྟ་སྔ་འགྱུར་རྙིང་མ་པའི་ཆོས་བརྒྱུད་འདི་ཆོས་རྒྱུད་སིལ་བུའི་དུས་རབས་ཤིག་ཡིན་པ་ངོ་ཤེས་དགོས་ལ་འདིའི་མཇུག་འབྲས་རྗེས་དཔོག་ཀྱང་བྱེད་ཐུབ་དགོས།། །། སྤྱི་ལོ༢༠༡༢།༠༦།༡༦ཉིན་ཐུབ་བསྟན་བཟང་པོས་བལ་ཡུལ་ཡང་ལེ་ཤོད་ནས་བྲིས།
ཡང་ལེ་ཤོད་ཀྱི་ཐུབ་བསྟན་བཟང་པོ་ལགས། གཅིག་འགྱུར། ཆིག་སྒྲིལ་ཟེར་བ་བྱུང་ན་ཡག་པོ་རེད་དེ་དཀའ་ལས་རེད། དེ་ལས་ཁ་ཏོག་དགེ་སྦྱོར་བྱོས།
ད་ཡང་སྤྲུལ་ཟེར་བའི་མཇུག་རྫོགས་ན་འགྲིག་འདུག་གསར་རྙིང་གི་ཁྱད་པར་ལ་དམིགས་ནས་གཉོམ་ཆུང་མིན་གྱི་སྐད་ཆ་མ་བཤད།བསོད་རྒྱལ་རིན་པོ་བཞིན་བུ་མོ་མཛེས་མོ་ཚོ་སྒྱོ་རྒྱབ་ན་ཡང་རིན་པོ་ཟེར་ནས་གུས་བཀུར་བྱེད་པ་འདི་བོད་ཉམས་པ་དང་བསྟན་པ་ཉམས་པའི་རྟགས་རེད།
ཐུབ་བསྟན་བཟང་པོས་བསམ་ཚུལ་ཡག་པོ་ཞིག་བྲིས་འདུག རྗེས་སུ་ཡི་རང་ཡོད། དེང་སང་ང་ཚོར་ཁྱེད་རང་ལྟ་བུའི་སྤྱི་ཚོགས་ལ་འགན་ཁུར་ཡོན་མཁན་གྱི་མི་བུ་མང་པོ་མཁོ་བའི་སྐབས་རེད། འདི་འདྲའི་སྒང་ལ་བསམ་ཚུལ་གསུང་མཁན་དང་ལག་ལེན་ལ་ལྟར་མཁན་རིན་པ་བཞིན་དུ་འོང་བའི་རེ་བ་ཡོད།
རང་ཉིད་རིས་མེད་ལ་དགའ་མཁན་ཞིག་ཡིན་ནའང་སྐབས་རེ་ཕ་མ་དང་སྔ་འགྱུར་རྙིང་མའི་ཁོར་ཡུག་གི་འོག་འཚར་ལོང་བྱུང་བ་ལ་བརྟེན་ནས་རང་བཞིན་གྱི་ཞེན་ཆགས་ཤིག་སླེབ་ཡོང་གི་འདུག ཡིན་ནའང་དེང་སྐབས་སྔ་འགྱུར་རྙིང་མའི་བླ་སྤྲུལ་མཁན་གསུམ་གྱི་བྱ་སྤྱོད་ལ་གཞིགས་ན་ཁྱེད་ཀྱི་རེ་བ་འགྲུབ་རྒྱུ་ཧ་ཅང་ཁག་པོ་ཞིག་ཆགས་ཡོད། གང་ཡིན་ཟེར་ན་ཚོགས་པ་དེ་འདྲ་ཞིག་སྒྲུབ་པར་བླ་སྤྲུལ་མཁན་གསུམ་མེད་པར་ཡོང་མི་སྲིད་པ་ཞིག་རེད། ཁོང་རྣམ་པ་ཡོད་ན་ཚོགས་པ་ཞིག་བསྐྲུན་ཐུབ་པ་གཏན་འཁེལ་རེད། འོན་ཀྱང་དེས་དེ་དག་གི་གསང་ཡུམ་དང། གསང་ཡུམ་བླང་རྒྱུ། རང་གི་བུ་ཕྲུག་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་རྒྱུ། མཁན་པོ་རྣམས་ཕྱི་རྒྱལ་ཁག་ཏུ་སྐྱིད་པོ་གཏོང་རྒྱུ་སོགས་ལ་རང་བཞིན་གྱི་འགོག་རྐྱེན་འཕྲད་རྒྱུ་ཡིན་སྟབས་ཚོགས་པ་འདིའི་ནང་ཁོང་རྣམ་པས་འཛུལ་ཞུགས་གནང་རྒྱུ་ཤིན་ཏུ་ནས་ཁག་པོ་རེད། ད་ལྟའི་ཆར་སྔ་འགྱུར་རྙིང་མའི་ནང་བླ་སྤྲུལ་གསང་ཡུམ་ཡོད་མེད་གཉིས་ཀྱི་བར་ལ་མི་འཆམ་པའི་གནས་ཚུལ་ཆེན་པོ་ཞིག་ཡོད་བཞིན་པ་རེད། དཔེར་ན། སྔ་འགྱུར་རྙིང་མའི་སྨོན་སྐབས་ལ་གཟིགས་ན་གསལ་པོ་ཤེས་ཐུབ། གང་ལྟར་ཁྱེད་ཀྱི་སེམས་འཁུར་གནང་བར་ཐུགས་རྗེ་ཆེ་ཞུ། །
ཐུབ་བསྟན་བཟང་པོ་ལགས་ཀྱིས་དགོངས་འཆར་ཡག་པོ་གསུངས་འདུག། ཁྱེད་ཀྱིས་གསུངས་པ་ལྟར་བྱུང་ན་བསྟན་པ་སྤྱི་ལ་འཕན་ཐོགས་ཡོང་ངེས་རེད།
རྗེས་སུ་ཡིད་རིང་ཡོད་རྫ་ཆུ་ཁའི་ཚེ་བཀྲ་ཟེར་པ་ཞིག་གིས་གཞན་གྱི་ཁ་ལ་ཉན་ནས་ཅི་ཡང་གོ་རྒྱུ་མེད་པ་རེ་ལབ་ཀྱིན་ཁྱེད་ཀྱི་གསུངས་སྟངས་དངོས་གནས་ཡག་པོ་འདུག་ད་དུང་་་་་་་་
སྤྱིར་བཏང་ཆ་ནས་འཇིག་རྟེན་སྤྱི་ཡོངས་ཀྱི་འགྲོ་ལུགས་ཤིག་ཆགས་ཟིན་པར་བརྗོད་ན་མི་ཆོག་རྒྱུ་མེད་པའི་སྲོལ་དེ་ནི། བླ་ཆེན་མི་ཆེན་ཕལ་ཆེ་བའི་གཤིས་ཀ་དེ། སྔར་གྱི་གཏམ་དཔེར། ལོ་གསུམ་སྲི་ཞུ་སྒྲུབ་པ་ལས། །ཞག་གསུམ་ངོ་བསྟོད་ཞུས་ན་མཉེས། །ཞེས་པ་ལྟར། ངམ་ངམ་ཤུགས་ཤུགས་ཀྱིས་མགོ་བདེ་ལྕེ་གཉིས་པའི་གཡོ་འོག་ཏུ་ཚུད་འགྲོ་བ་ནི། ལྷགས་པ་རྒྱུག་ཕྱོགས་དང༌། །ཤིང་སྡོང་འཁྱོགས་ཕྱོགས་ཚུངས་པ་དེ། མངོན་གསལ་དོད་ཤོས་ཤིག་རེད། ཤེས་འབྱོན་ལྷག་བསམ་དང་ལྡན་ཡང༌། འབྱོར་མེད་རྒྱབ་རྟེན་གྱི་ཕོངས་ཤིང༌། ཞབས་ཞུ་ཧུར་ངང་བརྩོན་པ་རྣམས་ལ་ནི། མ་བྱུང་མ་གྲུབ་པའི་ཉེས་མིང་བླུག་སའི་སླེལ་པོ་ཞིག་གི་འདང་ལས་མེད། དེས་ན་བོད་ཀྱི་ཆོས་སྲིད་སྟེང་ཆེན་པོར་གྲགས་པ་ཁ་ཅིག་གི་ངོར། མངོན་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་ཅན། །ཞེས་པའི་བསྟན་པ་རང་སྲོག་ལས་གཅེས་པར་འཛིན་པ་རྣམས་ལ། གཟིགས་ཕྱོགས་ཟུར་ཙམ་ཡང་གནང་ཁོམ་མེད་པ་ནི། བསྟན་པའི་གནས་ཚད་ཡོལ་བའི་སྔ་ལྟས་ཤིག་ཡིན་པར་སྙམ་ན་ཡང༌། འབྲི་ཁུང་པའི་དགོངས་གཅིག་ལས། དུས་ཀྱི་འཕེལ་སྒྲིབ་ད་ལྟར་བྱ་ཡོད་ཡིན། །ཅེས་པ་བཞིན། ཀཱ་ལུང་ཐུང་བཟང་གིས་བསམ་ཚུལ་ལྟར། བོད་བརྒྱུད་ནང་བསྟན་གྱི་ཆུ་མགོ་སྔ་འགྱུར་བའི་རིང་ལུགས་ནས་ལས་གཞི་དེ་ལྟ་བུ་ཞིག་སྤེལ་ཐུབ་ན་ཆེས་དགའ་འོས་པའི་དོན་ཆེན་དུ་རློམ་ཡང༌། ཁ་རྒྱུན་དུ། རྒྱལ་པོ་གླང་དར་མགོ་ལ། །གླང་གི་རྭ་ཅོ་སྐྱེས་འདུག །འདུག་སེ་ཤོད་ས་ཡོད་ཀྱང༌། །འདུག་སེ་ཞུ་ས་མི་འདུག །ཅེས་པ་ལྟར། ཁ་བརྡའི་དྲ་ཐོག་གི་དྲ་གྲོགས་ཚོས་གཟིགས་པ་ཙམ་ལས། གཡོ་འགུལ་ནུས་པའི་མི་ཆེན་རྣམ་པས་ནི། དགོངས་བཞེད་ཙམ་ཡང་གནང་རྒྱུ་ཕར་ཞོག ད་དུང་མ་རང་བའི་བཀའ་བཀྱོན་སོགས་ཀྱང་ཕེབས་ངེས་པར་དོགས་སོ།།
ད་ལྟའི་དུས་འདིར་བོད་མི་ས་ཡ་དྲུག་པོས་བློ་སེམས་དང་ཐབས་ལམ་གྱི་རིག་པ་གཅིག་ཏུ་བསྒྲིལ་ནས་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་ཆེད་ཤུགས་དང་ནུས་པ་གང་ཡོད་འདོན་གལ་ཆེ་བ་ལས་ ཚོགས་པ་འདྲ་མིན་ཆི་དགོས་ལེ་མ་རེད་།
ཁྱེད་ཀྱིས་ཁ་བརྡའི་དྲ་ཐོག་ནས་སྡུག་སྐད་ལན་མ་བརྒྱ་ཐམ་པ་བརྒྱབ་ཀྱང་ཆུ་ཕོར་གང་གི་ཕན་ཐོག་མེད་པ་ངས་ཐག་ཆོད། གལ་སྲིད་ལྷག་བསམ་དང་འཇོན་ཐང་ཡོད་ན་རྡོར་གདན་དུ་རྒྱལ་ཡོངས་སྔ་འགྱུར་སྨོན་ལམ་ཆེན་མོའི་སྐབས་རྒྱ་བལ་འབྲུག་གསུམ་གྱི་གཙོས་སྔ་འགྱུར་གྱི་དགོན་སྡེ་ཆེ་ཕྲ་ཐམས་ཅད་ཀྱི་སྐུ་ཚབ་རྣམས་ཀྱིས་ཚོགས་ཆེན་ལོ་རེ་བཞིན་ཚོགས་ཀྱི་ཡོད་པས་དེར་བསམ་འཆར་བཏོན་ཐུབ་ཚེ་བརྒྱ་ཆ་བརྒྱ་ཐམ་པ་ཕན་ཐོག་ཡོངས་ངེས་རེད། དེ་མིན་གང་བཤད་ན་བཤད་མཁན་ཁ་ན་རོག་དང་། ཉན་མཁན་རྣ་ཅོག་ཚ་རོག་རང་རེད།
མ་གཞི་ནས་དྲ་ཐོག་ཏུ་བསམ་འཆར་བཏོན་པ་དེ་ལ་ཕན་པ་མེད་ལ་ལྷག་བསམ་རྣམ་དག་གི་ལས་ཀ་ཞིག་ཀྱང་མ་མཐོང་ལགས། དེ་འདྲ་རེད་དམ་མ་རེད་དྲ་གྲོགས་ཚང་མས་ལན་ཞིག་གནང་དང་།
བོད་མི་ཡོངས་ཀྱི་གནམ་བསྟན་བཙན་བྱོལ་སྒྲིག་འཛུགས་འདི་ཡག་པོ་ཞིག་ཆགས་ན་དེ་ལས་ལྷག་དགོས་དོན་ཡོད་པ་མ་རེད། དེང་སང་ཆོས་རྒྱུད་རང་རང་གི་དགོན་པ་ག་ཚོད་ཅིག་འདུག །རང་རང་གི་ཆོས་རྒྱུད་གཙང་མ་སྐྱོང་ཐུབ་ཀྱི་ཡོད་དམ་མེད། འདི་ལ་ངེས་བར་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད། དགོན་པ་རྫིག་ཐག་ཆོད་ཅིག་བརྒྱབ་ནས་ནང་སྟོང་ཕྱི་རྫིག་ཅིག་ཆགས་སོང་ན་ཕན་ཐོགས་འདུག་མི་འདུག །དགོན་པ་གྲྭ་ཚང་ཁག་གིས་གཙོ་བོར་རང་རང་གི་བསླབ་པ་སློབ་གཉེར་སྒང་ལ་ཤུགས་བརྒྱབ། དེ་མིན་ཚོགས་པ་ཁག་གིས་ཤེས་ཡོན་དང་ཆབ་སྲིད་ཀྱི་ཐོག་ལ་ཤུགས་བརྒྱབ་ན་ཚང་མས་རེ་ལྟོས་འཆའ་ས་ཞིག་ཆགས་ཐུབ་ཀྱི་རེད།
ཁ་བ་འཚོ། རང་གི་སྤྲུལ་སྐུའི་ལམ་ལུགས་ཀྱི་བསམ་ཚུལ་དེ་ངའི་བསམ་ཚུལ་དང་ཐག་ཉེ་ཡིན། བུད་མེད་ལ་རྒྱོ་མཁན་རིན་པོ་ཆེ་ཡིན་མི་རུང་བའི་དན་རྟགས་དཔེ་བཅས་ཁ་གསལ་ཞིག་གསུང་རོགས། ཁྱེད་ཀྱིས་བཤད་པ་དེ་མིད་པ་ནས་མར་འཛུལ་ཐུབ་གི་མིན་འདུག
ནང་པ་གཞིར་བཞག་ན། ཉན་ཐོས་ནང་གནས་བརྟན་བཅུ་དྲུག བྱང་སེམས་ཐེག་པའི་ནང་སློབ་དཔོན་ཙན་དྲ་གོ་མི། གསང་སྔགས་ཐེག་པའི་ནང་གྲུབ་ཆེན་བརྒྱད་བཅུ་ཕལ་ཆེར། བོད་དུ་རྗེ་འབངས་ཉེར་ལྔའི་ནང་ནས་མང་ཆེ་བ། སྐ་ལྕོག་གཉིས་ཀྱིས་གཙོས་ལོ་ཙ་བ་མང་པོ། ཟུར་གནུབས་གསུམ། གཉགས། མར་པ། མི་ལ། མི་ལའི་དངོས་སློབ་མང་ཆེ་བ། ཐང་སྟོང་རྒྱལ་པོ། གཡུ་ཐོག་པ་གསར་རྙིང་། ས་སྐྱའི་དཀར་པོ་རྣམ་གསུམ། ས་སྐྱའི་གདུང་རབས་རིམ་བྱོན། ༧རྒྱལ་དབང་དྲུག་པ། དེང་རབས་ནང་པན་ཆེན། དུང་དཀར། དམུ་དགེ ༧གོང་མ་རིན་པོ་ཆེ་སོགས་འདི་དག་མོ་ལ་རྒྱོས་པས་རིན་པོ་ཆེ་མ་རེད་ཟེར་དགོས་རེད་དམ།
སྐུ་ཞབས་ཐུབ་བཟང་ལགས། ཁྱེད་ཀྱིས་ལྷག་བསམ་རྣམ་དག་གིས་གཞེན་སྐུལ་གནང་བ་བླ་ན་མེད་པ་རེད། ཡིན་ན་ཡང་རྙིང་མ་ཚང་ལ་དག་སྒྲིག་མཛད་དགོས་ན་ཐོག་མར་ཁྱིམ་ཚང་ཆེན་པོ་ཁ་ཤས་ཤིག་གི་ཁང་རྩ་ལ་འབར་རྫས་འཇོག་དགོས་ཐུག་ཚར་འདུག དེ་མིན་བཤད་ན་ནི་འདི་ཚོས་མི་ཉན། སྐྱེས་སྐྱེས་ཚང་མ་སྤྲུལ་སྐུ་རེད་ཟེར་ནས་གསེར་ཁྲིའི་སྒང་ལ་བཞག་ཡོང་གི་རེད།
འདི་ན་ཁ་ཤས་ཤིག་གིས་སྤྱིར་བོད་ལ་ཚོགས་པ་ཡོད་དགོས་པ་ལས་སྔ་འགྱུར་བ་ཚང་ལ་མི་དགོས་ཟེར་བ་དེའི་ནང་དོན་གང་ཡིན་ནམ། དགེ་ལྡན་ལུགས་བཟང་འཛིན་སྐྱོང་ཁང་ཟེར་བ་དང་། དགེ་ལྡན་སྤྲུལ་སྐུ་ལྷན་ཚོགས་སོགས་ཡོད་ཆོག་ས་ནས་སྔ་འགྱུར་གྲོས་ཚོགས་འཛུགས་མི་ཆོག་དོན་ག་རེ་ཡིན་ནམ།
མ་གཞི་བོད་ཀྱི་གྲྭ་རྐྱང་རང་རང་གི་ཆོས་བརྒྱུད་ལ་ཞེན་ཁོགས་བྱེད་མཁན་ཚོ་སྙིང་རྗེ་འོས་པ་རེད། ཁོ་རང་ཚོ་དོན་དུ་ཁྱིམ་ཚང་ངམ་བླ་བྲང་ཁ་ཤས་ཤིག་གི་ལྟོ་གོས་གཏམ་གསུམ་སྒྲུབ་བྱེད་ཀྱི་ལག་ཆ་རུ་གྱུར་ཡོད་པ་དེ་ཤེས་ཀྱིན་མི་འདུག
ཁ་བ་མཚོའི་ལོག་ལྟར་མེ་ཏོག་དཀར་པོས་ལན་གྱིས་འཐུས།
ཀརྨ་ཡེ་ཤེས་ལགས་ཡིག་ནོར་དོན་ནོར་བཅོས་རོགས་ཞུ།
རི་རྒྱལ་ཏི་སེ་དང་སྤོབ་པ་མཐའ་ཡས་གཉིས་ཀྱི་མཆན་སྣང་བར་འགྲོ་ཤོས་ཡིན།
གེ་གསར། པག་ལེབ། མིག་བརྒྱད་སོགས་ཀྱི་དགོངས་ཚུལ་ཡང་བཀླགས་ཟིན།
མཆན་ཁ་ཤས་ད་དུང་འགྲེལ་བཤད་རྒྱབ་ཤེས་མ་སོང་།
ངོ་ཤེས་པ་ནི་ཆོས་གྲོགས་སྨྱུག་འཛིན་པ་བསོད་ནམས་ཕུན་ཚོགས་ཁོ་ན་རེད།
མཆན་བུ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གོང་བཤད་ལྟར་ཆོས་རྒྱུད་གང་ཞིག་ཡིན་རུང་སྤྱི་ལ་ཁྱབ་པའི་སྒྲིག་འཛུགས་ཤིག་གི་འོག་ལ་ཕྱིན་ན་ཚགས་ཚུད་ཡོང་བ་སྨོས་མེད་རེད། འོན་ཀྱང་ཀླད་རྙིང་མཁྲེགས་འཛིན་ཅན་གང་མང་ཞིག་གི་བློ་ངོར་འགྲོ་རྒྱུ་ཁག་པོ་རེད། ཆོས་ཟེར་བ་དེ་མགོ་བླ་མ་ནས་ཁྱིམ་པ་ཕོ་མོའི་བར་སུས་བྱས་ཀྱང་ཆོག་མོད། དེའི་བྱེད་ལུགས་བྱེད་སྟངས་དེ་སྡེ་ཚན་སོ་སོ་དང་མཐུན་པ་ཞིག་བྱ་ཐུབ་ན་བསྟན་པའི་མཛེས་རྒྱན་དང་། རང་ཉིད་ཀྱང་དོན་ལྡན་དུ་གྱུར་བ་རེད། དེ་འདྲ་སོང་ཙང་སྡོམ་པ་མེད་ནའང་ཡོད་མདོག་དང་། བླ་མ་མིན་ན་ཡང་ཡིན་མདོག མངོན་ཤེས་མེད་ན་ཡང་ཡོད་མདོག་བྱེད་མཁན་དེ་ཚོ་རིགས་ཀྱིས་གཟབ་དགོས་པ་ཤིན་ཏུ་ནས་གལ་ཆེ་ལ། ལྷན་ཚོགས་ཤིག་ཡོད་ན་དེ་དག་གཙང་སེལ་བྱ་ཐུབ་ངེས།
མེ་ཏོག་དཀར་པོ་ལགས།དམུ་དགེ་མིང་ཅན་གྱི་དགེ་བཤེས་མཁས་པ་ཁ་ཤས་བྱུང་འདུག་མོད།ཚང་མ་དགེ་སློང་གི་རྟེན་ཅན་ལས་ནག་མོ་ཅན་མ་རེད་ལགས།དེ་ནས་དྲི་བ་གཅིག་ལ་མར་པ་མིད་ལ་དང་༧ས་སྐྱ་གོང་མ།པཎ་ཆེན་སོགས་ནས་ནག་པོ་ལ་རྒྱོ་བཞིན་དུ་གྲྭ་ཆས་གྱོན་མི་འདུག་ག དེང་སང་བླ་ཆེན་ང་ཡིན་ཁོ་ཡིན་ཟེར་མཁན་ཚོས་ནག་མོ་དང་ཕྲུ་གུ་གསུམ་བཞི་རེ་ཉར་ཏེ་གྲྭ་ཆས་མནབས་བསྡད་པ་དེ་ཐེག་པ་ཆེ་ཆུང་གང་གི་ལུགས་རེད།འདུལ་བའི་ནང་དེ་ལ་དམིགས་བསལ་འདྲ་ཡོད་རེད་དམ།
ཁྲི་རལ་པ་ལགས། དམུ་དགེའི་རྟེན་རབ་བྱུང་ཡིན་པ་ཤེས་མ་སོང་བས་དགོངས་དག་ཞུ། ཁྱེད་ཀྱི་དྲི་བའི་ལན་ད་ལན་ཞུ་གི་མིན། འོན་ཀྱང་ཁྱེད་ཀྱིས་ང་ལ་འགོ་མཚུངས་ཀྱི་གནོད་པ་གཏོང་ཁུལ་གནང་འདུག་མོད། ཡིན་ནའང་ངས་ཁ་བ་འཚོའི་མོ་ལ་རྒྱོས་མ་རིན་པོ་ཆེ་ཡིན་མི་ལོ་བ་འདྲ་ཞིག་བཤད་འདུག་པར་རིན་པོ་ཆེ་ཡིན་ལ་མོ་ལ་རྒྱོ་མཁན་ཁ་ཤས་ཤིག་གི་མིང་བགྲང་བ་ཡིན།
ཆོས་ཟེར་མཁན་དེ་བྱེད་དང་མི་བྱེད་ནི་སོ་སོའི་འདོད་མོས་ཡིན་ནི་རེད། གལ་སྲིད་ཆོས་དེ་བྱེད་པའི་དབང་དུ་བཏང་ན་ནི། དེ་དང་དེ་ལ་སྒྲིགས་ཁྲིམས་རེ་རེ་ཡོད་པར་སོང༌། ཉན་ཐོས་ཀྱི་ཆོས་དེ་ཉན་ཐོས་ཀྱི་ལུགས་སུ་སོང་བ་ཞིག་དང༌། བྱང་སེམས་ཀྱི་ཆོས་དེ་བྱང་སེམས་སུ་སོང་བ། གསང་སྔགས་ཀྱི་ཆོས་དེ་གསང་སྔགས་སུ་སོང་བ་ཞིག་དགོས་ཀྱི་རེད། ཅེས་༧རྒྱལ་དབང་དོན་གྱི་བདག་པོས་གསུངས་པ་ཞིག་དྲན། དེས་ན་བོད་བརྒྱུད་ནང་བསྟན་འདི་འཛིན་སྐྱོང་བྱེད་མཁན་གྱི་སྡེ་ཁག་ལ་གཉིས་ཡོད་དེ། དབུ་རྡུམ་ངུར་སྨྲིག་གི་སྡེ་དང༌། དགོས་དཀར་ལྕང་ལོ་ཅན་གྱི་སྡེ་གཉིས་རེད། དེང་སང་ནི་དེ་གཉིས་ལས་ལོགས་སུ་གྱུར་པའི་སེར་མིན་སྐྱ་མིན་མང་དུ་སྣང་བའི་ཆ་ལུགས་འདི་ལྟར་དུ་མཐོང་སྟེ། བླ་བྲང་མཁའ་འགྲོ་ཡི་སྐོར་ཞིང༌། རིགས་སྲས་སྤྲུལ་སྐུ་ཡི་བཟོ་གྲྭ་མངོན་སུམ་དུ་མངོན་ན་ཡང༌། སྔགས་འཆང་ལུགས་ཀྱི་གྲང་འབྱུང་དང༌། གཟན་ཁྲ་སོགས་དོར་ནས། སྐུ་སྨད་དུ་གཤམ་ཐབས་གྱོན་ཞིང༌། སྐུ་སྟོད་དུ་དགོས་ཆེན་ཕུ་ཐུང་ཅན་བནབས་ནས། གཟན་ལྟེབ་ཚིགས་མ་དེ་ཉིད་ཕྲག་པར་བཀལ་ཏེ་སྐྱོད་པ་དང༌། ལྷག་པར་དུ་ཆོས་འཆད་སྐབས་གཟན་གྱི་ཚབ་ཏུ་སར་སེར་པོ་གྱོན་པ་དང༌། ཡང་ན་ཆོས་དགོས་གྱོན་བཞིན་པ་ནི་གང་སར་མཐོང་རྒྱུ་ཡོད་པ་རྣམས་སོ།།
མ་གཞི་ལོ་རེ་བཞིན་རྙིང་མའི་གནད་ཡོད་ལྷན་འཛོམ་ཟེར་བ་ཞིག་ཡོད་ཀྱང་དེ་ནི་བླ་ཆེན་མིང་ཆེན་ཁ་ཤས་ཀྱིས་འཆར་ཅན་གྱི་ཚོགས་འདུ་ཙམ་རེད། དེར་བླ་ཆེན་ཁ་ཤས་བཀས་བཀོད་ལ་འགའ་ཞིག་གིས་དེ་དེ་བཞིན་ནོ་རིགས་ཀྱི་བུ་དེ་བཞིན་དེ་ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་པར་བྱའོ་ཞཻས་པ་ལྟ་བུ་རེད།
ངས་བཤད་པའི་སྔ་འགྱུར་རྒྱལ་ཡོངས་གྲོས་ཚོགས་ཟེར་བ་ནི་དེ་དང་གཏན་ནས་མི་འདྲ་བའི་མང་གཙོའི་ཁྱད་ཆོས་དང་སྒྲིགས་འཛུགས་ལྡན་པའི་གྲོས་ཚོགས་ཤིག་ཟེར་གྱི་ཡོད།
བཀྲ་ཤིས་ལགས་བརྗོད་གཞི་དང་འབྲེལ་མེད་ཀྱི་ཁ་ན་མ་ཐོ་བ་མ་བཤད་རོགས་ཞུ།
ཐུབ་བསྟན་ལགས། དེ་འདྲའི་གྲོས་ཚོགས་དེའི་གྲོས་མི་བསྡུ་སྟངས་སོགས་གཞི་རྩའི་བློའི་འཆར་སྒོ་གང་འདྲ་ཡོད་གསུངས་དང་། བལྟད་མོ་ཞིག་བལྟ།
ཐུབ་བསྟན་ཐུབ་བཟང་ལ་བཅོས་རོགས།
མེ་ཏོག་དཀར་པོ་ལགས། བསམ་ཚུལ་འདི་སྤྱིར་སྟང་གི་བསམ་ཚུལ་ཙམ་ལས་གྲོས་མི་བསྡུ་སྟངས་དང་ལས་གཞི་དབུ་འཛུགས་སོགས་ཀྱི་གྲ་སྒྲིགས་ཨང་གསར་གང་ཡང་མེད། འོན་ཅང་བསམ་ཚུལ་འདི་གང་འདྲ་འདུག་དང་དེ་ལ་ཡོ་སྲིང་དང་ཁ་སྣོན་སློབ་སྟོན་སོགས་དྲྭ་གྲོགས་ཚོའི་མཆན་བུ་ནས་གནང་རྒྱུར་རེ་བསྒུགས་བྱས་ནས་ཡོད།
དེ་ངས་ཤེས་ཡོད། ཡིན་ནའང་བློའི་འཆར་སྒོ་འམ་དོན་སྤྱི་གང་འདྲ་གང་འདྲ་ཞིག་ཡོད་དམ་ཞེས་དྲིས་པ་བམ་ཡིན།
དྲ་གྲོགས་ཀཱི་ལུང་ཐུབ་བཟང་ལགས། ཁྱེད་ཀྱི་བརྗོད་གཞི་གཙོ་བོ། རྒྱལ་ཡོངས་སྔ་འགྱུར་གྲོས་ཚོགས་ཞེས་པའི་༼གྲོས་ཚོགས་༽ཀྱི་གོ་དོན་ག་འདྲ་ཡིན་ནམ།
རི་རྒྱལ་ཏི་སེ་ལགས། ཚིགས་ཐག་ཐུང་ངུས་ཞུས་ན། གསང་ཆེན་སྔ་འགྱུར་བའི་ཆོས་བརྒྱུད་དུ་གཏོགས་སོ་ཅོག་ཀུན་སྟངས་འཛིན་བྱེད་ཐུབ་པའི་མང་གཙོའི་ཁྱད་ཆོས་ལྡན་པའི་ཁྲིམས་བཟོ་ལྷན་ཚོགས་ཞིག་ལ་ཟེར་གྱི་ཡོད།
སྤྱི་ཡོངས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་ལས་དོན་ཆེ་ཙམ་ཞིག་གཉེར་དགོས་ཚེ། རང་བཙན་ལག་དེབ་དང༌། རྒྱ་གར་གྱི་སྐྱབས་བཅོལ་ལག་ཁྱེར་མེད་དུ་མི་རུང་བ་ཞིག་ཡིན་ནའང༌། བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་འཛིན་བླ་ཆེན་ཕེབས་ཕྱོགས་ལ་དེ་རྣམས་མི་དགོས་པར་སྙམ་ཏེ། ད་ལྟའི་དགེ་ལྡན་པའི་བླ་ཆེན་ནི་ལ་དྭགས་ནས་ཡིན་པའི་ཕྱིར་ན། སྒྲིག་འཛུགས་དེའི་ཞབས་སུ་མི་གཏོགས་པའི་སྐྱེ་བོས་ཀྱང༌། ཆོས་བརྒྱུད་བྱེ་བྲག་པའི་བླ་ཆེན་དུ་བཞུགས་ཆོག་པ་བོད་མིའི་བཅའ་ཁྲིམས་དོན་ཚན་གང་གི་དགོངས་པ་ཡིན་མིན་ཤེས་འདོད་ཡོད་ན། དེ་ལུགས་ལན་འདེབས་གསལ་ཁ་དྲ་གྲོགས་རྣམས་པས་ལྷུག་སྩོལ་ཡོངས་པ་ཞུ།།
མཆན་འདེབས་པ་བློ་བཟང་ཟླ་བ་ལགས།
ཁྱེད་རང་ཁ་བརྡ་དྲ་བར་མཆན་འབྲི་བར་ཞུགས་པ་ལ་དགའ་བསུ་ཞུ་བ་དང་ཆབས་ཅིག ཁྱེད་རང་ནས་༼བློ་བཟང་ཟླ་བ། བློ་བཟང་། བསམ་བཟང་།༽མིང་འདྲ་མིན་བེད་སྤྱོད་གཏོང་བཞིན་པ་འདི་དག་ལས་གཅིག་རང་བེད་སྤྱོད་གནང་རྒྱུའི་རེ་སྐུལ་ཞུ་ཡི་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
—
Khabdha editor
http://www.khabdha.org
http://www.khabdha.com
khabdha@gmail.com