སྣ་ཚོགས་རང་གྲོལ།
ཆགས་སྡང་ལས་ཀྱིས་བསྐྲུན་པའི་འཇིག་རྟེན་ན།།
བདག་གཞན་རིས་སུ་གཅོད་པའི་བྱིས་པ་ཚོ།།
ཐོག་ཐ་བར་ནས་འཁྲབ་པའི་ཟློས་གར་དེ།།
ཁྱོད་ཀྱི་ཆེད་དུ་ཡིན་པ་མངེས་སམ།།
མཐོན་པོའི་གོ་ས་སྒོར་མོའི་ཆེད་དུ་རྩོད།།
ཆེན་པོའི་ལག་འཁྱེར་སྒོར་མོའི་ཆེད་ལེན།།
ནུབ་ཕྱོགས་ཞིང་དུ་སྒོར་མོའི་ཆེད་དུ་རྒྱུགས།།
གྲྭ་ཆས་དམར་པོ་སྒོར་མོའི་ཆེད་དུ་གོན།།
སྤྲུལ་སྐུ་རྫུན་མ་སྒོར་མོའི་ཆེད་དུ་བཟོས།།
གྲྭ་ཆས་རྫུན་མ་སྒོར་མོའི་ཆེད་དུ་གོན།།
བཀའ་ཆོས་རྫུན་མ་སྒོར་མོའི་ཆེད་དུ་བཤད།།
ལོ་རྒྱུས་རྫུན་མ་སྒོར་མོའི་ཆེད་དུ་བསྒྲིགས།།
ཆང་ས་རྫུན་མ་སྒོར་མོའི་ཆེད་དུ་རྒྱབ།།
དགེ་བཤེས་རྫུན་མ་སྒོར་མོའི་ཆེད་དུ་གཏོང་།།
མི་གསོད་ཁྲག་སྦྱོར་སྒོར་མོའི་ཆེད་དུ་བྱེད།།
ཆོས་ཀྱི་ནང་འཁྲུག་སྒོར་མོའི་ཆེད་དུ་རྒྱབ།།
སྲིད་ཀྱི་རྩོད་གླེང་སྒོར་མོའི་ཆེད་དུ་བྱེད།།
དྲིན་ཆེན་ཕ་མ་སྒོར་མོའི་ཆེད་དུ་གསོད།།
རྩ་བའི་བླ་མ་སྒོར་མོའི་ཆེད་དུ་བསླུ།།
རྨོངས་ཞེན་འཁོར་སློབ་སྒོར་མོའི་ཆེད་དུ་འདུ།།
རང་སྲོག་དམར་པོ་སྒོར་མོའི་ཆེད་དུ་བཙུགས།།
རང་ལུས་གཙང་མ་སྒོར་མོའི་ཆེད་དུ་བཙོང་།།
ལ་ལ་སྒོར་མོའི་ཆེད་དུ་གྲྭ་ཆས་ཕུད།།
ལ་ལ་སྒོར་མོའི་ཆེད་དུ་ནང་དམེ་རྒྱས།།
ལ་ལ་སྒོར་མོའི་ཆེད་དུ་མི་རིགས་བཙོང་།།
ལ་ལ་སྒོར་མོའི་ཆེད་དུ་རང་སྲོག་གཅོད།།
སྒོར་མོ་མེད་ན་འཁོར་བར་བདེ་སྐྱིད་མེད།།
སྒོར་མོ་མེད་ན་འཁོར་དང་སློབ་མ་མེད།།
སྒོར་མོ་མེད་ན་ཐོབ་དང་གོ་ས་མེད།།
སྒོར་མོ་མེད་ན་དགའ་ཉེ་སྤུན་མཆེད་མེད།།
སྒོར་མོ་མེད་ན་བརྩི་འཇོག་བྱེད་མཁན་མེད།།
སྒོར་མོ་མེད་ན་རྒྱབ་ནས་སྲུང་མཁན་མེད།།
སྒོར་མོ་མེད་ན་མདུན་ནས་འཁྲིད་མཁན་མེད།།
སྒོར་མོ་མེད་ན་ཟུར་ནས་སྐྱོར་མཁན་མེད།།
ཡ་གིའི་དཔོན་པོ་སྒོར་མོའི་ཆེད་དུ་བསྐུལ།།
མ་གིའི་སྤྲང་པོ་སྒོར་མོའི་ཆེད་དུ་རེ།།
བར་གི་མི་བུ་སྒོར་མོའི་ཆེད་དུ་རྒྱུགས།།
མདོར་ན་ཐམས་ཅད་སྒོར་མོའི་ཆེད་དུ་བརྩོན།།
སྨོན་པ་ཙམ་གྱི་དགོས་འདོད་ཀུན་བསྩོལ་བའི།།
བསམ་འཕེལ་དབང་གི་ཡིད་བཞིན་ནོར་བུ་གང་།།
སྒོར་མོ་ཁྱེད་ལས་གཞན་དུ་མ་མཆིས་ན།།
ཉིན་མཚན་ཀུན་ཏུ་ཁྱེད་ལ་གསོལ་བ་འདེབས།།
སྤྱིར་བཏང་གི་ཆ་ནས་ཡག་པོ་འདུག འོན་སྟངས་ད་དུང་ཁ་བསྣོན་དགོས་ཡག་ཞིག་ལ་་་་གཏམ་སྙན་གྲགས། ཟེར་ཡག་དེ་བེད་སྤྱོད་ན་དེ་བས་ལེགས།།
ཕོ་སར་ཡིན་དང་བླ་སར་ཡིན་མི་ཤེས། ཡིན་ན་ཡང་ཡག་པོ་བྲིས་འགི། དོན་དག་རྡོག་རྡོག་དེ་བྲིས་འགི། དེ་འདྲའི་བྲི་དགོས་རེད། བརྒྱབ་བསྐྱོར་ཡོད་ད་ཁོ་རེ།
ལ་ལས་སྒོར་མོ་སྤྲད་དེ་མཇེ་རྒོད་ཉོ།།
ལས་ལས་སྒོར་མོ་སྤྲད་དེ་སྟུ་ཆུང་ཉ།།
ལ་ལས་སྒོར་མོ་ཙམ་ལ་སྨད་ན་ཡང་། དོན་ལ་སྒོར་མོ་མེད་ན་སྨྱོན་པ་ཆག ལ་ལས་མཐོན་པའི་གོ་ས་འདོད་ན་ཡང་། མཐོན་པོ་འཛེགས་པའི་འཇོན་ཐང་དེ་ལ་མེད།
དགོས་པའི་དངུལ་ལོར་ཞོར་དུ། །
མི་དགོས་གཏམ་ངན་རག་འོང་། །
ཡོད་ཚད་སྒོར་མོར་བརྗེས་ན། །
སྒོར་མོས་ཚེ་གཡོག་བཟོས་ཡོང་། །
སྒོར་མོ་སྒོར་མོ་ཟེར་ཡང་།
རྒྱུད་ལ་ཆོག་ཤེས་མེད་ན།
སྐྱོན་དང་གོད་ཆག་ཚང་མ།
སྒོར་མོས་སྣ་ནས་འདྲེན་ཡོང་།
སྣ་ཚོགས་རང་གྲོལ་མི་ཚེ་རི་ལ་བསྐྱལ་རྗེས་ད་གཞི་ནས་རི་དགས་ངོ་ཤེས་པའི་བཟོ་འདུག འོན་ཀྱང། ངས་ཁྱོད་ལ་འདིར་སྒྲུང་ཞིག་བཤད་འདོད་བྱུང། དེ་ཡང་ཉིན་ཞིག ང་ཡིས་ན་མོ་ལ་ཁོ་བོས་གྲོགས་གཅིག་དང་སྒོམ་གྱི་ཉམས་རྟོགས་འགྲན་སྐབས་ངས་ཁོ་པ་སྐྱག་པར་མཐོང་བ་དང་ཁོ་པས་ང་སངས་རྒྱས་ལ་སྣང་འདུག་པས་མཐའ་མ་ངར་རྒྱལ་ཁ་ཐོབ་སོང་ཞེས་སྤོབས་པ་ཆེན་པོས་བཤད་དུས། མོས་སྐྱོ་སྣང་གིས་ང་ལ་ངའི་ཁྱོ་བོ་ཁྱོད་རྒྱལ་ཁ་ཐོབ་རྒྱུ་བཞག་ནས་ཕམ་ཉེས་བྱུང་འདུག ད་ཅི་བྱེད་ཅེས་བརྗོད་ཐལ། ངའི་མོས་བཤད་པའི་དོན་མ་ཤེས་པར་ང་ཕམ་དོན་ཅི་རེད་དམ་ཞེས་དྲིས་སྐབས། མོས་ཁྱོད་ཀྱིས་རང་གི་གྲོགས་པོ་ཉིད་སྐྱག་པར་མཐོང་དོན་ནི་ཁྱོད་ཀྱི་ཁོག་སྙིང་སྐྱག་པས་གང་བའི་དོན་གྱིས་དང་། ཁོས་ཁྱོད་རང་སངས་རྒྱས་སུ་མཐོང་བ་ནི་ཁོ་པའི་སེམས་སུ་སངས་རྒྱས་བཞུགས་པས་སོ་ཞེས་ལན་བཏབ་བྱུང་། མདོར་ན། མི་ཞིག་ལ་ལེགས་ཉེས་བཟང་ངན་དང་གཙོ་ཕལ་མང་ཉུང་དག་དབྱེ་འབྱེདགསལ་པོ་ཐུབ་པའི་བློ་རིག་ཅིག་དགོས་པ་ལས་ཡོད་ཚད་མཐའ་གཅིག་ཏུ་ལྷུང་ན་དེ་ནི་རང་རེའི་སྤྱི་ཚོགས་ནང་ཕུང་རྐྱེན་དབྱེན་དཀྲུག་གི་རྒྱུ་ལས་གཞན་ཅི་ཡང་མ་ཡིན་པས་སྐད་ཆ་དེའི་རིགས་ཁྱབ་བསྒྲགས་བྱ་དགོས་ཅི་ཡང་མ་མཆིས་སོ།།
ལེགས་བཤད་ལྟར་སྣང་སྙན་གྲགས་སླད་དུ་བྲིས།།
སྒོར་མོ་བྱུང་ན་མཐར་ཐུག་བདེ་ཆེན་རློམ།།
བྱས་ཚད་སྒོར་མོར་དམིགས་པ་ཁྱེད་ལྟར་མིན།།
མཐའ་དག་སྒོར་མོས་འགྲུབ་ནུས་མ་ཡིན་ལ།།
སྒོར་མོ་འཇིག་རྟེན་བྱེད་པོ་མ་ཡིན་པས།།
གཏམ་སྙན་འཚོལ་ཞོར་སྒོར་མོ་དོན་གཉེར་བར།།
དབང་དང་གོ་ས་ཕལ་པའི་ཚུལ་དུ་ལུས།།
ན་ཆུང་མཛེས་མའང་བག་ལ་ཉལ་ནས་གདའ།།
བསགས་པའི་སྒོར་མོ་སྟུ་ཡི་ཆེད་དུ་འཛད། །
སྲུང་བའི་སྡོམ་པ་དམར་ཆུང་སྟུ་ལ་ཤོར། །
དགོན་པའི་ཇ་དང་ཞོལ་་གྱི་ཐུག་པ་ཟུང་། །
གཉིས་མེད་གྲ་ལོག་དེ་རྣམས་སྙིང་རེ་རྗེ། །
གསང་བའི་རང་རྣམ་ཡག་པོ་འདུག
སྒོར་མོ་ཆེད་དུ་རྒྱུག་པ་ཙམ་གྱི་དགེ་སྐྱོན་དབྱེ་རྒྱུ་མེད། ཁམས་པའི་ཚོང་པ་ཆེན་པོ་ཨ་འབྲུག་སྦྱིན་བདག་ཡང་ཐོག་མ་སྒོར་མོ་གཉེར། གཉེར་པའི་སྒོར་མོ་བརྟན་ནས་བསྟན་སྲུང་ཕྱག་ལས་བྱེད། ཨ་མདོའི་འཁྱམ་པོ་སྦྱིན་པ་རྒྱ་མཚོ་ཡིས་ལོ་མང་སྒོར་མོ་ཆེད་དུ་དཀའ་ལས་རྒྱག དཀའ་ལས་ར྄ྱག་པའི་གྲུབ་འབྲས་ཏཱ་ཡང་བཏང་ནས་བསྟན་སྲུང་དམག་སྒར་གྱི་ཨ་མདོའི་དམག་ཤོག་བཙུག བླ་མ་དགེ་ཤེས་མཁན་པོ་མང་པོ་འཛམ་གླིང་ག་ས་རྒྱུག་ནས་སྒོར་མོ་འཚོ། སྒོར་མོ་དེ་ཚོས་དགོན་པ་དང་སློབ་གྲྭ་རྒྱག དེ་འདྲའི་སྒོར་མོ་འཚོ་ན་མི་རིགས་ཞབས་ཞུ་དང་གཟི་བརྗིད་ཡིན། སྒོར་མོ་ཆེད་དུ་དམ་ཆོས་ཙོང་། སྒོར་མོ་ཆེད་དུ་མི་རིགས་གཙོང་། སྒོར་མོ་ཆེད་དི་བླ་མའི་དབུ་སྐོར། དེ་ལྟར་ཡོང་པའི་འབྱུང་རྩ་མི་ཡི་་དམ་ཚིག་ཉམས་པའམ་བསམ་བློ་ཡིན་མ་གཏོགས་སྒོར་མོ་མིན། དེ་འདྲ་བྱས་ན་ཞབས་འདྲེན་ཡིན། གང་ལྟར་དགེ་ལས་དང་གཟི་བརྗིད་ཀྱི་ལས་ཀ་བྱེད་པ་སྒོར་མོ་དགོས། སྒོར་མོ་རང་ལ་ནག་ཉེས་མེད། སྐྱོན་དང་སྡིག་པའི་འབྱུང་ཡུལ་འདོད་རྔམ་དང་འདོད་ཆགས་ཡིན། མི་རིགས་ལ་རྒྱ་དང་དད་པའི་དམ་ཚིག་སྲུང་ཐུབ་ན་འདོད་ཆགས་ཀྱི་ཁ་མི་ཤོར།
ཁྱིམ་ཚང་གི་ཨ་ཕས་ཁྲག་གནག་གིས་བསག་པའི་སྒོཡ་་མོ་གཞོན་ཚོང་སྦྱར་ན་ལས་ངན་ཡིན།
དགོན་པའི་དགེ་འདུན་གྱིས་ཤི་གསོན་གྱི་རྒྱུ་ནོར་སྐྱེ་དམན་ལ་བཏང་ན་དམ་ཉམས་ཡིན།
ལས་ངན་དང་དམ་ཉམས་མི་དེ་ཚོ་རེད་མ་གཏོགས་སྒོར་མོ་ལ་ཉེས་པ་ག་རེ་ཡོད་དམ།
འཁྱམ་པོ་ང་སྒོར་མོ་ལ་དགའ། འོང་ཀྱང་རང་གི་སྲོག་དང་། མི་རིགས་ཀྱི་ལ་རྒྱ། དམ་ཆོས་ལ་དད་པ་ནི་སྒོར་མོ་ལས་ལྷག་པ་དགའ།
སྒོར་མོ་ནི་ང་ཚོའི་དགྲ་མ་རེད། དགྲ་ངོ་མ་ནི་འདོད་རྔམས་དང་ངོ་ཚ་མེད་པའི་བསམ་སྤྱོད་དེ་ཡིན།
ཁྱིམ་ཚང་གི་ཨ་ཕས་ཁྲག་གནག་གིས་བསག་པའི་སྒོར་མོ་དེ་གཞོན་ཚོང་སྦྱར་ན་ལས་ངན་ཡིན།
མཐོ་བཞུགས་གི་བླ་མས་་ཤི་གསོན་གྱི་རྒྱུ་ནོར་སྐྱེ་དམན་ལ་བཏང་ན་དམ་ཉམས་ཡིན།
ལས་ངན་དང་དམ་ཉམས་མི་དེ་ཚོ་རེད་མ་གཏོགས་སྒོར་མོ་ལ་ཉེས་པ་ག་རེ་ཡོད་དམ།
འཁྱམ་པོ་ང་སྒོར་མོ་ལ་དགའ། འོང་ཀྱང་རང་གི་སྲོག་དང་། མི་རིགས་ཀྱི་ལ་རྒྱ། དམ་ཆོས་ལ་དད་པ་ནི་སྒོར་མོ་ལས་ལྷག་པ་དགའ།
སྒོར་མོ་ནི་ང་ཚོའི་དགྲ་མ་རེད། དགྲ་ངོ་མ་ནི་འདོད་རྔམས་དང་ངོ་ཚ་མེད་པའི་བསམ་སྤྱོད་དེ་ཡིན།
འཁྱམ་པོ་གསུང་བདེ་ཤིན་ཏུ་བདེན་པར་མཐོང་ལགས་།
གྲྭ་ཆས་གྱོན་པའི་སྒོར་འཚོལ་མང་ནའང་།། གྲྭ་ཆས་གྱོན་ཚད་སྒོར་མོའི་ཆེད་དུ་མིན།།
ལེགས་ཉེས་འཐབ་འཇིགས་རྟེན་ཁྲ་ཁྲ་འདིར།། དབྱུག་པའི་ལེབ་བརྡུངས་བྱས་ན་འཛངས་པ་མིན།།
འཐབ་པའི་ལ་བཅོས་རོགས།
སྒོར་མོ་རང་གི་ངོ་བ་ལ་སྐྱོན་དང་ཡོན་ཏན་བཞག་ཐུབ་ཀྱི་མ་རེད། སྒོར་མོ་སྐྱོན་ཡིན་དང་ཡོན་ཏན་ཡིན་གཙོ་བོ་བེད་སྤྱོད་གཏོང་མཁན་ལ་རག་ལས་པ་རེད།