སྐལ་བཟང་ཉི་མས་བསྒྱུར་།
ཨ་མའི་ཉིོན་མོའི་འགོ་ཁུངས་ནི་གནའ་རབས་གྷི་རིག་དང་རོ་མན་གྱི་དུས་རབས་ལ་ཐུག་འདུག་མོད། ཨ་མའི་ཉིན་མོའི་བྱུང་བའི་ཆ་ཤས་ཤིག་དབྱིན་ཡུལ་དུའང་ཡོད་འདུག་སྟེ། དབྱིན་ཡུལ་དུ་<<ཨ་མའི་དྲིན་གཟོའི་གཟའ་ཉི་མ་>>ཞེས་པ་ཨ་རིར་དུས་སྟོན་ཉིན་མོ་འདིའི་སྐྱ་རེངས་ཤར་བའི་སྔོན་ནས་སྲུང་བརྩི་བྱེད་པ་རེད། གང་ལྟར་ཡང་ད་ལྟའི་དུས་སྟོན་སྲུང་བརྩིའི་རྣམ་པ་འདི་ནི་ལོ་རྒན་བརྒྱ་ཙམ་ལས་ལོན་མེད་པའི་ཉེ་རབས་ཀྱི་སྣང་ཚུལ་ཞིག་ཡིན་ཞིང་། ཉིན་མོ་འདི་ལྟ་བུ་ཡོད་དུ་འཇུག་མཁན་ཀྱི་སྐྱེས་མ་ཇཱོ་ལེ་ཡ་ ཝར་ཌི་ ཧོ་བི་དང་འེ་ན་ཇཱར་བེ་སི་བཅས་སྔོན་བསྐྱོད་སྐྱེས་མ་རྣམ་པས་དུས་སྐབས་དེར་དཀའ་བ་བརྒྱ་ཕྲག་དང་དུ་བླངས་པར་ལེགས་གསོལ་ཞུ། དེང་སྐབས་ཨ་མའི་ཉིན་མོ་ཞེས་པའི་དུས་སྟོན་འདི་རྒྱལ་ཁབ་ཞེ་དྲུག་(ཟླ་ཚེས་འདྲ་མིན་ཞིག་འདུག) གིས་སྲུང་བརྩི་བྱེད་པའི་དམངས་ཁྲོད་ཀྱི་བྱེད་སྒོ་རྒྱ་ཆེན་པོ་ཞིག་ཡིན་ལ། སའི་གོ་ལའི་སྟེང་གི་མི་མང་ས་ཡ་མང་པོས་ཉིན་མོ་འདི་ནི་རང་རང་གི་ཡུམ་ཆེན་གྱིས་ཚེ་སྲོག་སྦྱིན་པ་དང་། གཅེས་སྐྱོང་གནང་བ་བཅས་ཀྱི་དྲིན་གཟོའི་གོ་སྐབས་ཤིག་ཏུ་བརྩི་བཞིན་ཡོད།
ཨ་མའི་ཉིན་མོའི་ཆེས་ཐོག་མའི་བྱུང་བ།
ཨ་མའི་ཉིན་མོའི་ཆེས་ཐོག་མའིོ་བྱུང་བ་ནི་གནའ་རབས་གྷི་རིག་གི་ཡུལ་མི་ཚོས་ལོ་ལྟར་མ་རྒྱུད་ཀྱི་ལྷ་མོ་གསོལ་བའི་དཔྱིད་ཀའི་དུས་སྟོན་དེར་ཐུག་ཡོད། གྷི་རིག་གི་ཡུལ་མི་ཚོས་ཁི་རོ་ན་སི་ཡི་བཙུན་མོ་དང་གྷི་རིག་གི་ལྷ་སྒྲུང་ནང་གི་ལྷ་དང་ལྷ་མོ་མང་པོའི་ཡུམ་ཆེན་རེ་ཧེ་གསོལ་བའི་བྱེད་སྒོ་ཞིག་ཏུ་སྲུང་བརྩི་བྱས།
གནའ་བོའི་རོམ་གྱི་ཡུལ་མི་ཚོས་ཀྱང་ལྷ་མོ་དག་གི་ཡུམ་ཆེན་སེ་བྷི་ལི་ཡི་ཆེད་དུ་ཧེ་ལེ་རི་ཡ་རུ་འབོད་པའི་དཔྱིད་ཀའི་དུས་སྟོན་ཞིག་སྲུང་བརྩི་བྱས་པ་དང་། ཟིན་ཐོར་བཀོད་པ་ལྟར་ན་སེ་བྷི་ལེ་ཡའི་དྲིན་གཟོའི་དུས་སྟོན་ཁག་ནི་སྟོན་པ་ཡི་ཤུ་མ་འཁྲུངས་སྔོན་གྱི་ལོ་ཉིས་རྒྱ་དང་ལྔ་བཅུ་ནས་འགོ་ཚུགས་པ་དང་། དུས་སྟོན་དེ་ནི་ཟླ་ལྔ་བའི་ཚེས་བཅོ་ལྔའི་ཉིན་ནས་སེ་བྷི་ལེའི་ལྷ་ཁང་ནང་ཉིན་གསུམ་གྱི་རིང་རྒྱས་ཤོམ་བྱེད་པ་དང་རྩེད་རིགས་རྩེ་བ། འཆམ་འཁྲབ་པ་བཅས་ཀྱི་མཆོད་འབུལ་བྱེད་པ་ཞིག་ཡིན་འདུག་ཅིང་། དུས་སྟོན་དེ་དག་ནི་སེ་བྷི་ལེའི་རྗེས་འགྲེང་བ་རྣམས་རོམ་ནས་སྤྱུགས་པར་ཀུན་ནས་གྲགས་པ་ཞིག་གོ།
ཨ་མའི་ཉིན་མོའམ་ཨ་མའི་དྲིན་གཟོའི་གཟའ་ཉི་མའི་བྱུང་བ།
ཨ་མའི་ཉིན་མོའི་ཉེ་རབས་ཀྱི་ལོ་རྒྱུས་ནི་དབྱིན་ཇིའི་ལུང་པར་སྤྱི་ལོ་༡༦༠༠ནང་བྱུང་བ་ཞིག་ཡིན། དེ་རུ་ལོ་ལྟར་ལེན་ཁྲི་(ཡི་ཤུ་བ་ཚོའི་ཉིན་བཞི་བཅུའི་རིང་གི་དུས་སྟོན་ཞིག)དུས་སྟོན་གྱི་བདུན་བཞི་བའི་གཟའ་ཉི་མར་ཨ་མའི་དྲིན་གཟོའི་གཟའ་ཉི་མ་ཞེས་མ་ཡུམ་རྣམ་ལ་ལེགས་སྐྱེས་འབུལ་བ་དང་། དེ་ཡང་ཆོས་ཁང་དུ་བེར་ཇིན མེ་རེ་ལགས་སུ་མཆོད་འབུལ་བྱས་རྗེས་བྱིས་པ་དག་གིས་མེ་ཏོག་དང་ལེགས་སྐྱེས་འཁྱེར་ནས་རང་རང་གི་ཡུམ་ཆེན་ལ་སྐྱེས་རྔན་འབུལ་བ་རེད།
དུས་སྟོན་དེའི་རིང་རང་གི་ཁྱིམ་དང་རྒྱང་ཐག་རིང་བོར་གནས་པའི་གཡོགས་པོ་དང་ལས་ཀ་བ། སློབ་གཉེར་བ་ཀུན་ལའང་སྦྱིན་བདག་དང་མགོ་ཁྲིད་དག་གིས་རང་རང་གི་ཁྱིམ་དུ་ཕྱིན་ཏེ་ཨ་མར་དྲིན་གཟོའི་སྐྱེས་རྔན་འབུལ་རྒྱུའི་སྐུལ་མ་གཏོང་བ་དང་། རྒྱུན་སྲོལ་ལྟར་ན་བྱིས་པ་དག་གིས་ལེགས་སྐྱེས་དང་ལྷག་པར་དུ་ཤིང་ཏོག་གི་འཁུར་ར་དམིགས་བསལ་བ་ཞིག་འཁྱེར་ཡོང་ཞིང་། ཡོ་གོ་སི་ལེ་ཝ་དང་རྒྱལ་ཁབ་གཞན་གྱི་མི་མང་ཚོས་ཀྱང་ཉིན་མོ་འདི་འདྲ་མཚུངས་སུ་སྲུང་བརྩི་བྱེད་པ་རེད།
ཨ་མའི་དྲིན་གཟོའི་གཟའ་ཉི་མ་སྲུང་བརྩིའི་ལམ་སྲོལ་དེ་དུས་རབས་བཅུ་དགུ་བའི་ནང་ཡོངས་སུ་ཉམས་རྒུད་དུ་གྱུར་བ་རེད་དེ། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ནས་སླར་ཡང་ཉི་མ་དེ་སྲུང་བརྩི་བྱས། དེ་ཡང་ཨ་རིའི་གཞུང་ཞབས་པ་ཚོས་ལམ་སྲོལ་དེ་བསྐྱར་གསོ་བྱས་པ་དང་ཚོང་ལས་ཁེ་གཉེར་བྱེད་མཁན་དག་གིས་ཚོང་ལས་དུས་སྟོན་ཞིག་ཏུ་བེད་སྤྱོད་བྱས་པ་རེད།
ཨ་མའི་ཉིན་མོའི་བྱུང་བ་ལས། ཇཱོ་ལི་ཡ ཝར་ཌི ཧོ་ཝེ(Julia Ward Howe)ཡི་སྐོར།
ཨ་རིའི་གཞུང་འབྲེལ་ཨ་མའི་ཉིན་མོའི་དུས་སྟོན་གྱི་བསམ་ཚུལ་ཐོག་མ་ནི་སྤྱི་ལོ་༡༨༧༢ལོར་ ཇཱོ་ལི་ཡ ཝར་ཌི ཧོ་ཝེ(Julia Ward Howe)ཡིས་བཏོན་པ་ཡིན་ལ། ལས་འགུལ་བ་དང་རྩོམ་པ་པོ། སྙན་ངག་པ་ཇཱོ་ལི་ཡ་མཆོག་ནི་ཁོ་མོའི་སྤྱི་དམངས་འཐབ་འཛིང་གི་གླུ་<<སྤྱི་མཐུན་རྒྱལ་ཁབ་ཀྱི་ལངས་གླུ་>>ཞེས་པས་སྙན་པ་ཡོངས་སུ་རྒྱས་བར་བྱས། ཇཱོ་ལི་ཡ ཝར་ཌི ཧོ་ཝེ(Julia Ward Howe)ཡིས་ལོ་རེའི་ཟླ་དྲུག་པའི་ཚེས་གཉིས་ཉིན་ནི་ཨ་མའི་ཉིན་མོར་སྲུང་བརྩི་བྱས་ཏེ་ཞི་བདེ་ལ་དམིགས་དགོས་པའི་དགོངས་ཚུལ་བཏོན་པ་དང་། ཁོ་མོས་སྤྱི་ལོ་༡༨༧༠ལོར་བྷོ་སུ་ཏྲོན་ཏུ་བྲིས་པའི་མོའི་གྲགས་ཅན་བརྩམས་ཆོས་<<ཨ་མའི་ཉིན་མོའི་བསྒྲགས་གཏམ་>>ཞེས་པའི་ནང་དུ་སྐྱེས་མ་རྣམས་དམག་འཁྲུག་ལ་རྒོལ་འཛིང་སླད་ཡར་ལངས་བྱེད་དགོས་པར་སྐུལ་བའི་སེམས་ཚོར་དྲག་པོ་ཅན་གྱི་སྙན་ཞུ་ཞིག་བྲིས་ཤིང་། མོས་ད་དུང་བྷོ་སི་ཏྲོན་དུ་ཨ་མའི་ཞི་བདེའི་ཉིན་མོ་ཞེས་པ་ཞིག་ཟླ་དྲུག་པའི་རེས་གཟའ་ཉི་མ་གཉིས་པར་སྲུང་བརྩི་བྱེད་རྒྱུ་མགོ་བཙུགས་པ་དང་ལོ་ཤས་རིང་ཚོགས་འདུ་ཡང་བསྡུས།། ཇཱོ་ལི་ཡཱ་ཡིས་སྐུ་ངལ་ལ་མ་འཛེམ་པར་ཨ་མའི་ཉིན་མོ་གཞུང་འབྲེལ་གྱིས་སྲུང་བརྩི་བྱེད་དགོས་པ་དང་ཉིན་མོ་དེར་གཞུང་འབྲེལ་གུང་གསེང་གི་བསྒྲགས་གཏམ་སྤེལ་དགོས་པའང་རྩོད་ལེན་གནང་ཡོད། ཁོ་མོའི་ལྟ་ཚུལ་འདི་ཁྱབ་སྤེལ་དུ་ཕྱིན་པ་དང་རྗེས་སུ་ཨ་མའི་ཉིན་མོའི་གུང་གསེང་བརྗེ་སྤོར་གྱིས་ད་ལྟ་ཟླ་ལྔ་བའི་ནང་སྲུང་བརྩི་བྱེད་བཞིན་པ་འདིའོ།།
ཨ་མའི་ཉིན་མོའི་བྱུང་བ་ལས། ཨེན་ན་ ཇཱར་བེ་སི་(Anna Jarvis)ཡི་སྐོར།
ན་ ཇཱར་བེ་སི་(Anna Jarvis)ནི་ཨ་རིའི་ཨ་མའིོ་ཉིན་མོའི་སྲོལ་འཛུགས་མཁན་དུ་ངོས་འཛིན་ཞུ་ཞིང་། ཨེན་ན ཇཱར་བེ་སི་མོ་རང་ཉིད་ཀྱིས་གཉེན་མ་སྒྲིག་ཅིང་བྱིས་པ་མ་སྐྱེས་མོད། ཁོ་མོར་ཨ་མའི་ཉིན་མོའི་ཡུམ་ཆེན་དུ་འབོད་ཅིང་། དེ་ནི་མ་ཡུམ་ཀུན་གྱི་རྩིས་ཐང་ལ་བརྩི་བཀུར་ཐོབ་ཆེད་དཀའ་བརྒྱ་ཕྲག་དང་དུ་བླངས་པའི་སྐྱེས་མ་ཞིག་ལ་ཐོབ་འོས་པའི་མིང་བྱང་ངོ་།།
ཨེན་ན་ ཇཱར་བེ་སི་ལ་ཨ་མའི་ཉིན་མོ་སྲུང་བརྩི་བྱེད་རྒྱུའི་སྙིང་སྟོབས་དེ་ནི་ཁོ་མོ་ཆུང་དུས་ནས་རང་གི་ཡུམ་ཆེན་ཨེན་ན མེ་རེ རེ་བེ་སི ཇཱར་བེ་སི་ཡིས་བསྐྱེད་པ་རེད། ལས་འགུལ་བ་དང་སྤྱི་ཚོགས་ཞབས་ཞུ་བ་ལྕམ་ཇཱར་བེ་སི་ལགས་ཀྱིས་ཉིན་ཞིག་སུ་དང་གང་གིས་ཀྱང་འདས་གསོན་གཉིས་ཀའི་མ་ཡུམ་ཀུན་གྱི་བླ་མེད་ཀྱི་མཛད་རྗེས་ལ་བརྩི་བཀུར་བྱེད་དགོས་པའིོ་མངོན་འདོད་ཤུགས་ཆེར་བསྟན་པ་དང་། ཁོ་མོའི་ཡིད་དུ་འོང་བའི་བུ་མོ་ཨེན་ན་ཡིས་ཨ་མ་སྤྱི་ལོ་༡༩༠༥ལོར་གྲོངས་སོང་ཡང་ཨ་མའི་སྐད་ཆ་རྣམས་མ་བརྗེད་ཅིང་། ཨ་མའི་ཉིན་མོ་ཞེས་པ་ཞིག་ཡོད་དུ་འཇུག་འདོད་ཀྱི་རེ་འདོད་དེ་ཡོངས་སུ་བསྒྲུབ་རྒྱུའི་དམ་བཅས་ལ། ཨ་རིའི་ན་གཞོན་རྣམས་རང་གི་ཨ་མར་སྣང་མེད་བྱེད་པའི་ལྟ་ཚུལ་ཞིག་གི་ཁྲོད་དུ་འཚར་གྱིན་པ་དང་ཁོ་མོར་ཨ་མར་དགའ་གུས་བྱེད་འདོད་ཆེ་བ་བཅས་ཀྱིས་ཁོ་མོའི་དམིགས་ཡུལ་ཡང་མཐོ་ནས་མཐོ་རུ་འཕར་དུ་བཅུག
ཐོག་མར་ཁོ་མོས་ལི་ཤི་འདྲ་བའི་མེ་ཏོག་ཅིག་རང་གི་ཨ་མར་གུས་བརྩི་མཚོན་ཆེད་བེར་ཇི་ནེ་ཡ་ནུབ་ཕྱོགས་ཀྱི་གྷི་རི་ཧྥོ་ཏྲོན་ཡི་ཤུའི་ལྷ་ཁང་ཁག་ཏུ་བསྐུར་བ་ནས་མགོ་བཙུགས་པ་དང་། མེ་ཏོག་དེ་དག་ནི་ཁོ་མོའི་ཡུམ་ཆེན་གྱི་མེ་ཏོག་དགའ་ཤོས་ཡིན་པས་ཨེ་ན་ཡིས་མེ་ཏོག་དེ་ཡིས་ཨ་མའི་དྭངས་གཙང་གི་བྱམས་བརྩེ་མཚོན་པར་འདོད་ལ། རྗེས་སུ་ཨེ་ན་དང་ཁོ་མོའི་རྒྱབ་སྐྱོར་བ་ཚོས་གྲོས་ཚོགས་ཀྱི་དབང་ཚད་མཐོན་པོ་ཡོད་པའི་མི་རྣམས་ལ་གཞུང་འབྲེལ་གྱིས་ཨ་མའི་ཉིན་མོ་སྲུང་བརྩི་བྱ་རྒྱུའི་གསལ་བསྒྲགས་བསྐྱང་དགོས་སྐོར་གྱི་ཞུ་སྙན་བྲིས། སྤྱི་ལོ་༡༩༡༡མངའ་སྡེ་ཕལ་ཆེ་བའི་ནང་མི་མང་འདུ་འཛོམས་ཀྱིས་ཨ་མའི་ཉིན་མོ་སྲུང་བརྩི་བྱས་ཤིང་།་སྤྲི་ལོ་༡༩༡༤ཟླ་༥བའི་ཚེས་༨ཉིན་སྲིད་འཛིན་བོ་སྒྲི་རོ་ བལ་སོན་གྱིས་ཟླ་ལྔ་བའི་རེས་གཟའ་ཉི་མ་གཉིས་པ་ཨ་མའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་མཉམ་སྦྲེལ་གྲོས་གཞི་འཆར་ཟིན་ལ་མཚན་རྟགས་བཀོད་པ་རེད།
ཨ་མའི་ཉིན་མོའི་བྱུང་བ་ལས། དེང་སྐབས་ཀྱི་དུས་སྟོན་བྱེད་སྒོའི་སྐོར།
དེང་སྐབས་ཨ་རི་དང་དབྱིན་ཇི། རྒྱ་གར། ཌན་མེག ཧྥིན་ལན་ཌི། ཨི་ཁྲ་ལི། ཁྲར་ཀི ཨོ་སི་ཁྲི་རེ་ལི་ཡ། མེ་སི་ཀོ ཁེ་ན་ཌ། རྒྱ་ནག ཉི་ཧོང་། བྷེལ་ཇཱམ་སོགས་ཚུད་པའི་རྒྱལ་ཁབ་མང་པོ་ཞིག་གིས་ཨ་མའི་ཉིན་མོ་སྲུང་བརྕི་བྱེད་ལ། མི་རྣམས་ཀྱིས་ཉིན་མོ་འདི་ནི་རང་གི་ཡུམ་ཆེན་མའི་མཐའ་མེད་པའི་བྱམས་སེམས་དང་རྒྱབ་སྐྱོར་གྱི་བཀའ་དྲིན་རྗེས་དྲན་བྱེད་པའི་གོ་སྐབས་ཤིག་ཏུ་བརྩི་བཞིན་པ་དང་། ཡུལ་ལུང་མང་པོ་ཞིག་གི་ནང་དུ་ཉི་མ་འདི་ལ་མི་མང་འདུ་འཛོམས་དང་འགྲུལ་བསྐྱོད་མང་དྲགས་ནས་ཁ་པར་གྱི་བརྡ་རྟགས་དང་གཞུང་ལམ་མི་རེག་པའི་གནས་ཚུལ་འབྱུང་ཞིང་། ཨ་མའི་ཉིན་མོར་རང་རང་གི་ཨ་མར་མེ་ཏོག་དང་ཤོག་བྱང་སོགས་སྐྱེས་རྔན་གཞན་དང་གཞན་སྣ་ཚོགས་འབུལ་བ་ནི་རྒྱུན་སྲོལ་ཞིག་ཏུ་གྱུར་ཡོད་དོ།།
ཨ་མའི་ཉིན་མོ་སྲུང་བརྩི་བྱེད་པའི་འཛམ་གླིང་གི་ཡུལ་གྲུ་མང་པོས་ཨ་མའི་བཀའ་དྲིན་ཆེད་དུ་དྲན་གསོ་གཏོང་བའི་ཉིན་མ་འདི་ནི་རྒྱ་ཆེ་ཙམ་ངང་འཛམ་གླིང་གཅིག་མཐུན་གྱི་རྒྱལ་སྤྱིའི་དུས་ཆེན་ཞིག་ཏུ་འགྱུར་ཐུབ་རྒྱུ་ན་ག་འདྲ་ཡག་པོ་མི་འདུག
ཞོར་དུ་སྐལ་བཟང་ཉི་མས་བསྒྱུར་འགོད་བྱེད་པར་ཐུགས་ཆེ།
ཨ་མ།
ངོ་མ་དགེ་རྒན་ཞིག་གི་སྒྱུར་བྱ་རེད་ཨ། ཧཧ།
ངོ་མ་དགེ་རྒན་ཞིག་གི་སྒྱུར་བྱ་རེད་ཨ། ཧཧ
སྐལ་བཟང་ཉི་མས་བསྒྱུར་ཁུལ་ལ་བསྔགས་བརྗོད་ཡོད། འོན་ཀྱང་། སེམས་པ་སྐྱོ་དགོས་པ་ཞིག་ལ་ཁོ་བོད་ཡིག་དགེ་རྒན་ཞིག་གིས་བསྒྱུར་ལ་བོད་ཀྱི་རྩོམ་ཉམས་བྱིས་པའི་བགྲོད་ལྟ་བུ་དེ་འདྲར་བློ་ཕམ། ཨ་ཨ། བཙན་བྱོལ་དུ་བོད་ཀྱི་སློབ་ཕྲུག་དག་ལ་བསོད་ནམས་མེད་ཀི་