(ཁྲི་རལ་པ)
༡ད་ལྟའི་རྒྱ་གར་ནང་བོད་མི་གསར་འབྱོར་བའི་དཀའ་ཁག
ད་ཆ་གཞུང་འབྲེལ་ཡིན་མིན་ཚོགས་ཁག་མང་པོ་ཅིག་གིས་སྙན་ཐོ་ལྟར་ན་ འདས་པའི་མི་ལོ་མང་པོར་བཙན་བྱོལ་བོད་གཞུང་གི་གསར་འབྱོར་སྲིད་ཇུས་ནི།ལོ་ཁ་ཤས་རིང་རྒྱ་གར་ནང་སུ་ཇ་དང་གསོག་སྒར་སློབ་གྲྭ་སོགས་སུ་སློབ་སྦྱོང་གང་ཐུབ་སྤྲད་དེ་ཕྱིར་གང་མགྱོགས་བོད་ལ་གཏོང་ཐབས་གང་ཐུབ་བྱེད་ཀི་ཡོད་ཅིང་།དེ་ཚོ་ནི་ན་གཞོན་དར་མ་རྣམས་མ་གཏོགས་གསར་འབྱོར་བྱིས་པ་ ཁག་དེ་ནང་ཚུད་མེད་པ་རེད། འོན་ཀྱང་།གཞོན་སྐྱེས་ཚོ་ནི་གང་མགྱོགས་བོད་གཏོང་གི་སྲིད་ཇུས་ལ་བརྟེན་སློབ་གྲྭ་ནས་འཐོན་འཕྲལ་བོད་ནང་ལོག་མ་ཐུབ་པ་དང་ལོག་འདོད་མེད་པ་རྣམས་འགྲོ་ས་འདུག་བརྟེན་ཅི་གང་མེད་པར། མང་ཤོས་བཞུགས་སྒར་ཁུལ་དང་ལྡི་ལི་སོགས་སུ་ངོ་ཤེས་དང་ཕ་ཡུལ་གཅིག་པ་ལྟ་བུའི་ལྷན་གནས་སྐབས་ལྟོ་གོས་འགྲོ་ཐབས་གནང་གི་ཡོད་ནའང་།གསར་འབྱོར་ཚོའི་ལས་ཀ་ཟ་ཁང་མགྲོན་ཁང་ཁག་ཏུ་ཞ བས་ཞུ་ཙམ་དང་ལམ་འགྲམ་གྱི་ཚོང་ལས་ཙག་ཙིག་སོགས་ཡིན་པས།མང་ཤོས་ཀྱི་གླ་ཆ་ཟླ་རེར་ཧིན་སྒོར་སུམ་སྟོང་ནས་ལྔ་སྟོང་ཙམ་ཡིན་ཞིང་།དེང་སང་རྒྱ་གར་ནང་ཟ་ཆས་དང་ཁང་གླ་སོགས་ཉིན་རེ་བཞིན་འཕར་བཞིན་པ་དང་དམིགས་བསལ་རྡ་རམ་ས་ལ་ནི་འཛམ་གླིང་གི་མི་སྣ་ཚོགས་འཛོམས་ས་རྒྱ་གར་ཡུལ་བསྐོར་ཆུ་ལོག་བརྡོལ་བ་བཞིན་ཡོང་ས་ཅིག་ཡིན་དུས།ས་འདིའི་ཟས་གོས་ཁང་པ་དང་ཆུ་གློག་གི་རིན ་པ་ལ་ཕྱི་རྒྱལ་བ་ཚོའང་ཧང་སངས་འགྲོ་ཀི་འདུག དཔེར་ན།ཁང་ཆུང་ཐབ་ཚང་ཆ་འགྲིག་ཅིག་ལ་ཟླ་གཅིག་རིང་ཧིན་སྒོར་བཞི་སྟོང་ནས་དྲུག་སྟོང་དུ་གློ་བུར་འཕར་འགྲོ་ཀི་ཡོད་ཅིང་།དེ་འདྲ་ཁང་ཆུང་ཅིག་ལ་གློག་དང་ཆུ་རིན་ཟླ་གསུམ་རིང་ཧིན་སྒོར་གཅིག་སྟོང་ལྔ་བརྒྱ་ཉུང་མཐར་འགྲོ་ཀི་ཡོད་པ་རེད།
ཡིན་ནའང་།ཚུར་ཡོང་འབབ་ལ་དེ་སྔ་ལོ་བརྒྱད་དགུའི་སྔོན་ལྟར་མ་གཏོགས་འཕར་ཆ་གང་ཡང་འགྲོ་རྒྱུ་མེད་པ་དང་།གསར་འབྱོར་འདི་ཚོའི་མ་འོངས་པ་དང་གལ་ཏེ་ན་ཚ་འདྲ་བྱུང་ན་ངོ་ཤེས་གྲོགས་པོ་དང་ཕ་ཡུལ་གཅིག་པ་ཕྱི་རྒྱལ་དུ་ཡོད་པ་ཚོ་མ་གཏོགས་རེ་ས་དང་བརྟེན་ས་མེད་པ་མངོན་གསལ་ཡིན་རུང་།བོད་ནང་གི་མི་སྤྱིའི་གཤིས་ཀ་ལ་དཀའ་ངལ་ག་ཚོད་བྱུང་ན་ཉམས་མི་ཤོར་བར་སྤམ་འཛིན ་རྒྱུར་དགའ་བ་དེས་ཀྱང་དཀའ་ངལ་སྡུག་ཤོས་ཚོ་ཕྱི་ལ་མ་འཐོན་པར་རྐྱེན་བྱེད་ཀི་ཡོད།གང་ལྟར་མིའི་གཤིས་ཀ་ལ་དཀའ་སྡུག་སེལ་ཐབས་གང་ཐུབ་བྱེད་རྒྱུ་དེ་ཆོས་ཉིད་ཡིན་སྟབས།གཅིག་ནས་རྒྱ་གར་ནང་སྡོད་ཆོག་ལག་དེབ་ལ་གནས་བསྐོར་དང་སློབ་སྦྱོང་སོགས་བརྒྱབ་པ་ཁག་ལ་བསྐྱར་དུ་ཆོག་མཆན་མི་བཀོད་པ་དང་།གཉིས་ནས་ས་འདིར་མ་འོངས་པ་དང་མདུན་ལམ་ཆེད་ལས་སོགས་ཀྱི་ཐད་གཏད་སོ་གང་ ཡང་མེད་པ།གསུམ་ནས་ཡུལ་མིས་མཐོང་ཆུང་ཐུབ་ཚོད་མང་པོ་ཉོ་དགོས་པ།(དཔེར་ན།རྡ་སར་གསར་འབྱོར་བརྒྱ་ཆ་དགུ་བཅུ་རྒྱ་གར་ཁང་པའི་ནང་བསྡད་དེ་ཕྱི་རྒྱལ་ཡུལ་བསྐོར་པ་ཚོ་དང་གཅིག་མཚུངས་ཀྱི་ཁང་རིན་ཧ་ཅང་མཐོན་པོ་སྤྲད་དགོས་བྱུང་གི་ཡོད་ནའང་།ཕར་ཆུ་གློག་མཐུན་རྐྱེན་སོགས་ལ་དཀའ་ངལ་བྱུང་སྟེ་ཁང་བདག་ལ་རེ་བ་ཆུང་ངུ་ཙམ་ཡང་ཞུ་དབང་མེད་པར།ཚུར་ཚིག་ངན་གང་བྱུང་བཤད་པ་ད ང་ཐབས་སྡུག་ན་གྲོང་གསེབ་ཡོངས་རྫོགས་ལངས་ཏེ་རུབ་བརྡུང་གནང་གི་ཡོད་ཀྱང་།སྡིག་པ་མིག་བཙུམ་བྱས་ཏེ་བསྡད་རྒྱུ་མ་གཏོགས་ཕར་ཡ་ལན་བསློགས་ཚེ་གསར་འབྱོར་དེ་བོད་མི་རྙིང་འབྱོར་དང་རྒྱ་གར་ཡུལ་མི་ཀུན་གྱི་དགྲ་ཆགས་པ་རེད།)བཞི་ནས་རང་ལ་དབང་བ་ས་ཆ་ལག་མཐིལ་ཙམ་ཡང་མེད་པས་ལོ་རེར་ཁང་པ་ཚུན་ཆད་ཐེངས་མ་ལྔ་དྲུག་རེར་སྤར་དགོས་པ།ལྔ་འཕྲོད་བསྟེན་གྱི་ཆ་ནས་བོད་ནང་ཧ་ཅ ང་གཟུགས་ཐང་ལུས་འཕེར་གྱི་དར་མ་ཚོའང་འདིར་ས་ཆུ་མ་འཕྲོད་པ་དང་།ཟས་གོས།དེ་འབྲེལ་ལུས་སེམས་ཀྱི་དཀའ་ངལ་མང་པོ་ཅིག་གིས་བལྟ་བཟོ་མེད་པ་ཆགས་འགྲོ་གི་ཡོད་ཅིང་།དྲུག་ནས་ཁོང་ཚོ་ཐབས་ཟད་ན་མ་གཏོགས་སོ་སོའི་ཕྲུ་གུ་བོད་ཁྱིམ་སོགས་ལ་མི་གཏོང་ཐབས་གནང་གི་ཡོད།དེའི་རྒྱུ་མཚན་སློབ་གྲྭ་འདི་ཁག་ནས་འཐོན་པ་རྣམས་རྒྱུན་ཤེས་དང་བསམ་བློ་གཏོང་ནུས།དབྱིན་བོད་གང་གི་སྐ ད་ཡིག་ཆུ་ཚད།ཕ་མ་དང་དགེ་རྒན་སོགས་ལ་གུས་ཞབས་ལ་རྒྱ་ཧ་ཅང་ཞན་པོ་ཡིན་པ་མ་ཟད།ཕྲུ་གུ་ཆུང་ཆུང་སློབ་ཕྲུག་གི་སྐབས་ནས་ཉལ་ཐ་འཐེན་མཁན་དང་རྐུན་མ་བརྒྱབ་མཁན།ཐ་མ་སྤྱི་ཚོགས་ནང་སླེབས་དུས་རང་འགོ་ཙམ་མི་འཐོན་པར་སེམས་ཁམས་ཐང་ཐང་མེད་པ་དང་འགོས་ནད་སྣ་ཚོགས་ཀྱིས་བཟུང་སྟེ་མི་ཚེ་བསྐྱལ་མཁན་བརྒྱ་ཕྲག་མང་པོ་མཐོང་ལམ་དུ་ཡོད་པས།སློབ་གྲ་འདི་འདྲའི་ནང་སོ་སོའི་ཕྲ ུ་གུ་གཏོང་བར་འཛེམ་དོགས་ཆེན་པོ་གནང་གི་ཡོད་པ་རེད།དཀའ་ངལ་འདི་ཚོར་དེང་སང་གསར་འབྱོར་ཚོས་གདོང་ལེན་དང་དེ་ཚོར་བྱོལ་ཐབས་གནང་གི་ཡོད།
༢གསར་འབྱོར་ཚོའི་ལེགས་ཉེས་ཀྱི་གདམས་ཀ།
ང་རང་གི་ཚོད་དཔག་ནོར་མེད་ན་གསར་འབྱོར་ཚོར་དཀའ་ཁག་ཆེན་པོ་དང་དེར་བསྟུན་བོད་གཞུང་ལ་མཐོང་ཚུལ་ཚུན་ཆད་ཡོང་བཞིན་པ།རྒྱ་ནག་དམར་གཞུང་གིས་ཧ་ཅང་གསལ་བོ་ཤེས་ཡོད་པ་རེད་སྙམ།རྒྱ་ནག་གཞུང་ནི་དེང་འཛམ་གླིང་སྟེང་མགོ་བདེ་སྐབས་འཚོལ་བ་སྐད་གྲགས་ཡོད་པ་རྒྱལ་ཁབ་གཞན་ཚོས་དོགས་ཟོན་བྱེད་དགོས་པ་ཅིག་ཡིན་དུས།ལོ་སྔ་ཕྱི་འདི་དག་རིང་རྒྱ་ནག་གཞུང་གིས་གསར་འབྱོ ར་ཚོར་སྤུན་ཉེ་ཐུག་འཕྲད་དང་ཡུལ་བསྐོར།བོད་ནང་ཕྱིར་ལོག་གཏན་སྡོད་ཚུན་ཆད་ཆེད་ལག་ཁྱེར་གུ་ཡངས་སྒོས་སྤྲད་བཞིན་པ་འདི་ཡག་རྟགས་ཤིག་གཏན་ནས་མ་རེད་སྙམ།
དེང་སང་སོ་སོའི་མཐོང་སར་གསར་འབྱོར་མང་པོ་ཅིག་དཀའ་ངལ་འཕྲད་དེ་འུ་ཐུག་ཐབས་ཟད་ལྟ་བུའི་སྐབས་རྒྱ་ནག་གཞུང་ཚབ་ནས་ལག་ཁྱེར་ཞུས་ཏེ་བོད་ནང་ལོག་སོང་བས་མང་ཤོས་ཀྱི་དཀའ་ངལ་སེལ་གྱི་ཡོད་ནའང་།དེ་ནི་ང་ཚོའི་རང་དབང་འཐབ་རྩོད་ཁྲོད་ཕམ་ཁ་ཆེན་པོ་ཅིག་ཡིན།མི་ལོ་ལྔ་བཅུའི་རིང་བཙན་བྱོལ་དང་གཞིས་ལུས་བོད་མིའི་འབྲེལ་ཟམ་ཁོ་ན་ནི་གསར་འབྱོར་ཚོ་ཡིན་ལ།གསར་འབྱ ོར་ཚོའི་སེམས་ནང་བཙན་བྱོལ་ལ་མཐོང་ཚུལ་ཅིག་དང་བཅས་ཏེ་རྒྱ་ནག་གཞུང་གི་རོགས་རམ་འོག་མང་པོ་ཅིག་བོད་ནང་ལོག་བཞིན་པ་ཡག་རྟགས་ཤིག་མ་རེད།གསར་འབྱོར་དབུལ་ཕོངས་མང་པོ་ཅིག་ལ་དེ་ནི་གདམས་ཀ་ཟད་པའི་གདམས་ཀ་ཅིག་ཡིན་རུང་།ཕུགས་ཐག་རིང་པོར་དེ་ནི་བོད་དོན་གྱི་ཕམ་ཁ་དང་རྒྱ་དམར་གྱི་རྒྱལ་ཁ་ཅིག་རེད།ཡང་སྒོར་མོའི་མཐུན་རོགས་ཅུང་འཛོམས་མཁན་གསར་འབྱོར་མང་པོ་ཅིག་ད ་སྔ་བོད་གཞུང་འགོ་ཁྲིད་ཚོས་བཀག་འགོག་དང་དགག་བྱ་ལ་མ་ལྟོས་པར།རྒྱ་གར་དང་བལ་བོ་བརྒྱུད་དེ་ནུབ་ཕྱོགས་སུ་ཁྲིམས་འགལ་སྒོས་འགྲོ་ཀི་ཡོད་ནའང་།དེས་སོ་སོའི་ནང་མི་ལ་དཔལ་འབྱོར་གྱི་རོགས་ཕན་དང་སོ་སོ་ལའང་མི་སེར་ཐོབ་ཐང་སོགས་རག་སྟེ་བོད་ནང་འགྲུལ་བསྐྱོད་ཐུབ་པ།རང་གི་བུ་ཕྲུག་ལ་དེང་དུས་ཀྱི་ཤེས་ཡོན་སྤྲོད་ཐུབ་པ་སོགས་དགོས་པ་ཅུང་ཆེན་པོ་ཡོད་པས།དེ་ལ་དགག་ དགོས་ཀྱི་རྒྱུ་མཚན་ཆེན་པོ་མེད་པར་སྙམ།གཙོ་བོ་གསར་འབྱོར་གྱི་དཀའ་ངལ་རྣམས་རྒྱ་ནག་གཞུང་གི་བེད་སྤྱོད་འོག་ཤོར་མི་བཅུག་རྒྱུ་ནི་ཆབ་སྲིད་ཀྱི་དགོས་དོན་ཅིག་ཡིན་ལ།གསར་འབྱོར་ཚོའང་བོད་མི་ཡིན་པ་དང་སྐྱབས་བཅོལ་པ་ཡིན་པའི་ཆ་ནས་ཁོང་ཚོའི་དཀའ་ངལ་སེལ་རྒྱུར་བོད་གཞུང་ལ་བཟང་སྤྱོད་ཀྱི་འགན་འཁུར་ཡོད་པ་རེད།
༣གསར་འབྱོར་གྱི་དཀའ་ངལ་སེལ་ཐབས།
རྒྱ་གར་གྱི་བོད་མིའི་གཞིས་ཆགས་ཁག་མང་པོའི་ནང་དར་མ་ཚོ་ཕྱི་རྒྱལ་དུ་སོང་སྟེ་སློབ་གྲྭ་སྟོང་པ་དང་ས་ཞིང་འདེབས་མཁན་མེད་པ།གཞིས་གྲོང་ནང་རྒན་ཁོག་ཚོ་ལས་འདུག་མཁན་མེད་སྟབས།མཐའ་འཁོར་གྱི་རྒྱ་གར་ཡུལ་མི་ཚོ་ལའང་མཐོང་ཚུལ་ལྷག་སྟེ་ས་ཞིང་ཨེ་གར་མང་པོ་འཕྲོག་ཤོར་བཞིན་པ་རྒྱུན་ལྡན་གནས་ཚུལ་ཅིག་ཡིན་ནའང་།ཁྱད་མཚར་པོ་ཅིག་ལ་བཙན་བྱོལ་བོད་གཞུང་གིས་གཞིས ་གྲོང་ཁག་ནང་ལུས་པའི་བོད་མི་ཉུང་ཤས་དེར་ས་ཞིང་འདེབས་ལས་སྐུལ་མ་དང་།ཆུ་དང་གློག་འཐེན་རྒྱུ།སྨན་ཡོན་དང་ཕྲུ་གུ་སློབ་འཇུག ལག་ཤེས་སྦྱོང་བརྡར།དམིགས་བསལ་སྐྱོབས་གསོ་དང་ཞིང་ལ་ཆུ་འདྲེན་རྒྱུ།གླང་ཆེན་འགོག་ཐབས་ཆེད་དང་སུད་ཚོང་ཚུན་ཆད་ལ་ཧིན་སྒོར་ས་ཡ་མང་པོ་གཏོང་གི་ཡོད་ཅིང་།དཔེ་མཚོན་ཙམ་ཞུས་ན་སྐྱེ་ལྡན་ཞིང་ལས་ཆེད་ཀོ་ལི་གལ་གཅིག་པུར་ཧིན་སྒོར་འབ ུམ་སུམ་བརྒྱ་ལྷག་གིས་རོགས་སྐྱོར་དང་།བར་དེར་ཁོང་ཚོའི་ཐོན་འབྲུ་ཚོང་ལམ་འགྲོ་མ་བྱུང་བར་བོད་གཞུང་གིས་སྒོར་འབུམ་བརྒྱད་ཅུ་ཙམ་གྱིས་རོགས་འདེགས་བྱས་པ་སོགས་བཀའ་ཤག་སྔ་མའི་སྐབས་བྱུང་ཡོད་ཅིང་།འཆར་ཅན་སྤྱི་འཐུས་ཀྱི་སྔོན་རྩིས་སྐབས་ཧིན་སྒོར་ས་ཡ་མང་པོ་གཞིས་ཆགས་ཁག་ནང་གཏོང་དགོས་དཀའ་ངལ་སེལ་ཐབས་དང་གཞིས་ཆགས་བསྲ་བརྟན་སོགས་རྒྱུན་ལྡན་ཅིག་ཡིན་ནའང་།ད ་ལོ་བཀའ་ཁྲི་གསར་པ་གཞིས་ཆགས་ཁག་ནང་ཕྱོགས་བསྐྱོད་ཀྱི་བསྡོམས་ཚིག་ཏུ་ཉེ་ལམ་ས་གནས་འགོ་འཛིན་ཚོའི་འཚོགས་ཆེན་དུ་བཀའ་ཁྲི་མཆོག་གིས།གཞིས་ཆགས་ཁག་ཧ་ལམ་ཚང་མར་ད་ལྟའི་བར་རོགས་སྐྱོར་དེ་ཙམ་ཞིག་འཐོབ་ཡོད་ནའང་།ཚང་མས་ཚུར་ཉམ་ཐག་ཡིན་རབས་དང་རོགས་སྐྱོར་དགོས་ལུགས་ཀྱི་མིག་ཆུ་བཏོན་ཡོང་གི་འདུག་པ་ནི་གཞན་བརྟེན་གྱི་བསམ་བློ་དེ་དོར་མ་ཐུབ་པས་རེད་ཅེས་གསུངས་ཡ ོད་ཅིང་།ནང་སྲིད་དང་སྤྱི་འཐུས་གང་གི་འཚོགས་དུས་སུའང་གཞིས་ཆགས་ཁག་སྟོང་བ་དང་ས་ཆ་རྒྱ་གར་ལ་ཤོར་བའི་དཀའ་ངལ་ཡོད་བཞིན་པ་རེད།
འོན་ཀྱང་།ཡ་མཚན་པོ་ཅིག་ལ་བཙན་བྱོལ་གྱི་འཛིན་སྐྱོང་ལས་སྣེ་མང་ཤོས་གསར་འབྱོར་མིན་པས་གསར་འབྱོར་གྱི་བདེ་སྡུག་ལ་ཐུགས་རྒྱུས་མེད་པ་ཡིན་ནམ།བསམ་བཞིན་དང་ཤེས་བཞིན་དུ་རི་བོང་རྡོ་བརྫུས་བྱས་པ་ཡིན་གང་ལྟར་ཀྱང་།སྤྱི་འཐུས་ནང་RCསྐོར་ཙམ་གླེང་སློང་ལས་འཕྲོས་ཏེ་ད་ལོ་ནང་སྲིད་ཀྱི་ས་འགོ་འཚོགས་ཆེན་སྐབས་གཞིས་ཆགས་ཁག་ནང་གསར་འབྱོར་གཏོང་ཐབས་ལ་བལྟ་རྒྱུའ ི་དགོངས་ཚུལ་སླེབས་བཞིན་པ་ཙམ་ལས།རྒྱ་གར་ནང་གསར་འབྱོར་ཚོའི་མདུན་ལམ་དང་ལས་དབང་ནག་ཁུངས་ཡིན་པ་གཞུང་སྒེར་གཉིས་ཀའི་གྱོང་གུད་རེད་བསམ།
ད་གྱོང་དེ་གསབ་རྒྱུའི་ལམ་ཁ་ཡག་ཤོས་ནི།གཅིག་ནས་བཙན་བྱོལ་ནང་བོད་ཁྱིམ་ཚུད་པའི་སློབ་གྲྭ་ཀུན་གྱི་དེ་སྔའི་ཤེས་ཡོན་སྲིད་ཇུས་ལ་བསྐྱར་ཞིབ་བསྣོན་འཕྲི་དང་།དགེ་རྒན་ཁག་དག་སྒྲིག་དོ་ནན་གྱིས་གནས་ཚད་ཡར་རྒྱས་དང་གླ་ཕོགས་སྤར་ཆ་དགོས་པ།སློབ་ཕྲུག་སྒེར་གྱི་འཇོན་ཐང་དང་བསམ་བློའི་ནུས་པ་གོང་སྤེལ་གཏོང་ཐབས་འཚོལ་བ།(དེ་རིགས་ཀྱིས་ཕྲུ་གུའི་ཕ་མ་ཚོར་རེ་བ ་བརྒྱབ་ས་ཅིག་ཡོད)
གཉིས།འཕྲོད་བསྟེན་ཐོག་གསར་རྙིང་བོད་མི་སུ་ཡིན་ན་བོད་གཞུང་གི་འཕྲོད་བསྟེན་ཉེན་སྲུང་སྲིད་ཇུས་གསར་པའི་ནང་ཞུགས་རྒྱུར་སྐུལ་མ་ནན་གཏོང་དང་།རྒྱ་གར་ནང་ན་ཚ་མང་པོ་དང་ཁྱད་པར་འགོས་ནད་རིགས་འཛམ་གླིང་ནང་ཨང་གཉིས་པ་ལྟ་བུར་སླེབས་ཡོད་པ་ཉེན་ཚབ་ཀྱི་རང་བཞིན།བོད་མིའི་ཁྲོད་གོ་རྟོགས་ནན་ཏན་རྒྱ་ཁྱབ་ཏུ་སྤེལ་དགོས་པ།
གསུམ་པ།གསར་འབྱོར་ཚོར་RCཐོག་དཀའ་རྙོག་མེད་པ་ཅིག་ངེས་པར་བཟོ་དགོས་པ་དང་།
ICསོགས་ཡིག་ཆ་མངགས་སྒྲུབ་སྐབས་རྒྱ་གར་ལས་སྣེ་རྣམ་པས་དོན་མེད་ནར་འགྱངས་དང་ཀ་ཀོར་སྣ་ཚོགས་ཀྱིས་འུ་ཐུག་སྟེ་ལྐོག་བརྔན་མི་སྤྲོད་ཐབས་མེད་ཀྱི་ཐབས་སྡུག་གནས་ཚུལ་མང་པོ་བྱུང་བཞིན་པར།གཞུང་ཕན་ཚུན་བཀའ་མོལ་གསེད་དཀྲོལ་བྱེད་དགོས་པ།
བཞི།ལག་ཤེས་དང་ཆེད་ལས་ཀྱི་སྦྱོང་བརྡར་སྣ་མང་སྤྲོད་རྒྱུ་དང་དེར་བསྟུན་སློབ་གྲྭར་གཏོང་རྒྱུའི་མཐུན་རྐྱེན་སྦྱོར་བ།ཉམ་ཐག་ཚོར་འཚོ་གོས་རོགས་སྐྱོར་ཙམ་མིན་པར་ཕྱིས་རང་འགོ་ཐོན་པར་ལམ་སྟོན་ནུས་སྟོབས་སྤེལ་བ།
ལྔ།གཞིས་ཆགས་ཁག་གི་ས་ཁང་སྟོང་པ་བདག་པོ་ཕྱི་རྒྱལ་ཁག་ཏུ་ཕྱིན་ཚར་ཀྱང་ཧམ་པས་ཁ་བདག་ཙམ་བྱས་བསྡད་རིགས་ལ་དག་སྒྲིག་བྱས་ཏེ།གསར་འབྱོར་གང་ཐུབ་ཆེད་གཏོང་གིས་བདེན་མཐའ་མ་གསལ་བར་གཞིས་ཆགས་བསྲ་བརྟན་གཏོང་དགོས་པ།
དྲུག རྡ་རམ་ས་ལ་ལྟ་བུ་བོད་མི་མང་པོ་འདུས་སྡོད་སར་ཁང་པ་དང་ཆུ་གློག་གི་དཀའ་ངལ་ཚབ་ཆེན་ཡོད་པས།བོད་གཞུང་གིས་ས་ཆ་ཉོས་ཏེ་ཁང་བརྩེགས་ཆེན་པོ་བརྒྱབས་ནས་བོད་མི་ལ་གླ་ཆ་འོས་འཚམས་ཀྱིས་གཏོང་ཐུབ་ན།གཞུང་མང་གཉིས་ཕན་རེད།
བདུན།བོད་མི་རིགས་ཀྱི་བསམ་བློ་དང་རིག་གཞུང་གསོན་གནས་ཆེད་བོད་ཡིག་ཐོག་རིག་རྩལ་གྱི་རིགས་འདྲ་མིན་གསར་གཏོད་ཁྱབ་སྤེལ་དང་།དེང་རབས་གྲགས་རྩོམ་འདྲ་མིན་བོད་བསྒྱུར་གྱི་ལས་ཁུངས་ཚད་ལྡན་ཅིག་འཛུགས་རྒྱུ།
བརྒྱད།སློབ་ཕྲུག་ཚོ་ཙམ་མིན་པར་གསར་འབྱོར་དར་མ་མང་པོའང་སོ་སོའི་ནུས་འཇོན་ལ་དཔག་སྟེ་ཕྱི་རྒྱལ་ལ་ཆེད་སྦྱོང་དུ་གཏོང་ཐབས་དགོས་པ།
དགུ།ད་ལྟའི་སྣེ་ལེན་ཁང་དང་གསོག་སྒར་བཅས་སུ་ཕྱིའི་མཐུན་རྐྱེན་ཧ་ཅང་འཛོམས་པོ་འདུག་ནའང་།ནང་གི་བསམ་བློའི་སློབ་གསོ་དང་དགེ་རྒན་མཐུན་རྐྱེན།སློབ་སྦྱོང་འཁོར་ཡུག་ཧ་ཅང་སྐྱོ་བོ་འདུག་པར་ཡིད་ཟབ་བསྐྱར་ཞིབ་བྱས་ཏེ།བོད་ལ་ལོག་མཁན་ཚོར་དམིགས་བསལ་སྤྱི་ཚོགས་སྤྱི་ལ་ཕན་ཁྱད་འདོན་ཐུབ་ངེས་ཀྱི་སློབ་སྦྱོང་སྤྲོད་དགོས་འདུག
བཅུ།བཙན་བྱོལ་དུ་བོད་མིའི་རིགས་བརྒྱུད་མི་རིགས་གཞན་ལ་འདྲེས་ཚབ་ཆེན་པོར་དམིགས་ཏེ།གཞུང་ངོས་ནས་འཛམ་གླིང་ཤར་ནུབ་གང་སར་གནས་པའི་བོད་མི་ཕན་ཚུན་ཆང་ས་བརྒྱབ་སའི་ལས་ཁུངས་ནུས་འཐོན་ཅིག་འཛུགས་རྒྱུ་དང་།བོད་རིགས་གཙང་མའི་ཕྲུ་གུ་སྐྱེ་རྒྱུར་བློ་སྟོབས་སྤེལ་དགོས་པ་སོགས་ནི།གསར་འབྱོར་གྱི་དཀའ་ངལ་ལས་བརྒལ་ཏེ་བོད་མི་སྤྱིའི་བདེན་དོན་འཐབ་རྩོད་རྒྱུ ན་སྐྱོང་ལ་ཕན་ཁྱད་དམིགས་བསལ་འདྲེན་ཐུབ་པར་ཡིད་ཆེས་ཡོད།།
མང་པོ་ཞིག་བཤད་འདུག དེའི་ནང་གཞིས་ཆགས་ཁག་ལ་གསར་འབྱོར་བཏང་ཐབས་ཟེར་བ་དེ་སྐད་ཆ་རྙིང་པ་རེད། རྙིང་པ་ཡིན་དགོས་དོན་ནི་སྔར་མོ་ནས་དེའི་སྐོར་དགོས་པ་མཐོང་རུང་ལག་ལེན་བྱེད་མ་ཐུབ་ནས་ལུས་པས་སྐད་ཆ་རྙིང་པ་ཆགས་པརེད། གཙོ་བོར་ཐུག་ས་རྒྱ་གར་གཞུང་ལ་ཐུག་ཡོད་པ་འདྲ། ལྷག་པར་གཞིས་ཆགས་ཁག་ས་བགོས་རྒྱག་དུས་མང་ཆེ་བ་དུད་་ཚང་ལ་ཐད་ཀ་བགོ་ཤ་རྒྱག་པ་མ་གཏོགས། བོད་གཞུང་རྒྱུད་ནས་ས་བགོས་རྒྱག་པ་མིན་དུས་ཞིང་ས་ཚང་མ་སྒེར་གྱི་མིང་ཐོག་གནས་པ་ལས་བོད་གཞུང་གིས་ཕྱིར་ལེན་ནས་མི་གཞན་ལ་བགོ་ཤ་རྒྱག་ཆོག་ཆོག་ཞིག་མིན་པ་འདྲ། དཀའ་ངལ་སེལ་པའི་ཐབས་ལམ་གཞན་པ་ཚོ་ཐུག་ས་འགྲོ་སོང་ལ་ཐུག་ཡོད། གསར་འབྱོར་ལ་ཁང་པ་རྒྱག་རྒྱུ་ཕར་བཞག ལས་བྱེད་ཚོའི་ལག་ཤག་ཞིག་ཀྱང་མདངས་ངེས་མེད་པའི་དཀའ་ངལ་ཆེན་པོ་ཡོད་ཡོད་པ་རེད།
དུས་ཐོག་ཆར་པ་རེད།
ད་བར་གསར་འགྱོར་ཚོས་་གཞི་ཆགས་ཁག་ཏུ་ཐོག་ཐང་ཆ་ཚང་བ་ཞིག་རག་མེད། དཔེར་ན། ཉེ་ཆར་རྒྱ་གར་ལྷོ་ཕྱོགས་མོན་ཌ་གྷོཊི་ལ་མཉམ་འབྲེལ་ནས་ཁང་པ་གསར་པ་ཞིག་བརྒྱབ་ཡོད་རེད། དེ་ནི་བོད་མི་ཚོས་སོ་སོའི་ཚོང་ལས་ཆེད་འཚང་ཀ་ཤིག་ཤིག་བྱས་ནས་གླས་ཀྱིན་ཡོད་རེད། མི་གྲངས་མང་དྲག་པའི་རྐྱེན་གྱིས་རག་ཡག་ཁག་པོ་ཡོ་རེད། དེ་འདྲ་སོང་ཙང་་་ཆེས་ཡ་མཚན་ཞིག་ལ་་་་ཁང་པ་དེ་གཞི་ཆགས་ཚོ་མ་གཏོགས་བོད་ནས་གསར་འབྱོར་བ་ཚོར་གཡར་གྱི་མ་རེད་སེ་ལབ་པ་རེད། སོང་ཙང་བཙན་བྱོལ་བོད་མི་ཉུང་ཤས་གཅིག་ལས་མེད་པ་དེའི་ནང་དེ་འདྲ་དབྱེ་འབྱེད་བྱས་ཀྱི་ཡོད་པ་བརྡ་རམ་ས་ལའི་་་་་དཔོན་ངན་དེ་ཚོས་ཧ་གོ་ནའང་མ་གོ་མདོག་མདོག་བྱས་ནས་སྡོད་ཡོ་རེད། སོང་ཙང་གསར་འབྱོར་བ་ཚོས་གཟབ་ཟབ་བྱོས། རིག་པ་སྒྲིམས། མིག་ཡར་གདངས། མགོ་བོ་ཡར་སྐྱགས།།
བོད་ནས་གསར་འབྱོར་རྣམས་ལ་དགོས་ངེས་ཀྱི་རོགས་པ་བྱེད་རྒྱུ་ནི་བོད་གཞུང་གི་ལས་འགན་གལ་ཆེན་རེད།
གསར་འབྱོར་དེ་ཚོ་མེད་པ་བཟོ་བའི་ཆ་གཞི་བརྟེན་མཁན་ཟམ་གདོང་རིན་པོ་ཆེ་རེད
གསར་འབྱོར་ལ་བཀའ་ངལ་འཕར་མ་གཟོ་་མཁན་དེ་གནས་བསྐོར་ཞེས་བཀོད་པའི་ཨར་སེའི་དེ་རེད་
དེ་ད་ལྟ་ཡང་ཐག་གཅོད་མ་པར་ལུས་ཡོད་ས་རེད།
གསར་འབྱོར་ལ་བཀའ་ངལ་འཕར་མ་གཟོ་་མཁན་དེ་གནས་བསྐོར་ཞེས་བཀོད་པའི་ཨར་སེའི་དེ་རེད་
དེ་ད་ལྟ་ཡང་ཐག་གཅོད་མ་བྱས་པར་ལུས་ཡོད་ས་རེད།
གསར་འབྱོར་གཞིས་ཆགས་སུ་གཏོང་རྒྱུར་རྒྱ་གར་གཞུང་ཁ་གཡར་ས་ཙམ་ལ་ཡོད་པ་རེད་དེ།བཙན་བྱོལ་བོད་གཞུང་གིས་འབད་བརྩོན་བྱས་ན་ཐབས་ལམ་ཏན་ཏན་ཡོད་པ་རེད།དཔེར་ན་RCཡང་རྒྱ་གར་གྱི་ཁྲིམས་ཐོག་ནས་༥༩ལོའི་སྔ་ཕྱིར་རྒྱ་གར་དུ་འབྱོར་པ་རྣམས་མ་གཏོགས་དེ་རྗེས་སུ་འབྱོར་པ་ཚོར་RCསྤྲོད་སྲོལ་མེད་པ་རེད།
འོན་ཀྱང་།ཕྱིས་གསར་འབྱོར་ཚོར་དཀའ་ངལ་རིམ་འཕྲད་ལ་བརྟེན་རྒྱ་གར་གཞུང་དང་བོད་གཞུང་བཀའ་བསྡུར་བྱས་ཏེ་གཞུང་འབྲེལ་མ་ཡིན་པའི་བརྒྱུད་ལམ་སོགས་ནས་གསར་འབྱོར་ལ་RC སྤྲད་ལུགས། Tibet Justice Center2011ཟེར་བའི་stateless nationals ཅེས་པའི་ནང་བྲིས་འདུག།དབྱིན་ཡིག་ནང་འདི་འདྲ་བྲིས་འདུགIn the early 1990s, this informal arrangement came under increasing
strain because of both (i) the growth in the size of the Tibetan exile
community and (ii) periodic tension between local Indian and Tibetan
communities. As a result, the Indian government and the CTA began to
curtail the illegal but (until then) widespread practice of distributing
RCs to new arrivals through informal channels
གང་ལྟར་ངའི་རྩོམ་ཡིག་ནང་བཤད་འདོད་པ་དེ་ཁོ་ན་ཙམ་མིན་པར།གནད་འགག་གཙོ་བོ་བཅུ་ཐམ་པ་བཤད་ཡོད།
གསར་འབྱོར་བའི་དཀའ་ངལ་མཐོང་མཁན་ཞིག་བཙན་བྱོལ་གཞུང་ན་མེད། གསར་འབྱོར་བའི་ནང་ཕན་ཚུན་ཡོད་ནའང་ཐབས་ཤེས་ཅི།
གསར་འབྱོར་གྱི་བདེ་སྡུག་ལ་བལྟ་མཁན་མེད་ཅེས་བསྡད་བཞག་ན་གྱོང་རག་མཁན་གསར་འབྱོར་ཁོ་རང་ཡིན་པ་རེད།དེ་ལས་དཀའ་ངལ་སེལ་བར་སོ་སོའི་ངོས་ནས་ལམ་ཁ་ཐབས་འཚོལ་དང་གཞུང་གི་ལས་སྣེ་ཚོའང་བརྒྱུད་ལམ་འདྲ་མིན་ནས་ཚ་འདེད་གཏོང་དགོས་པ་རེད།
གཞུང་གི་ལས་བྱེད་པ་ཚོ་ནི་མི་མང་ལ་རོགས་ཕན་བྱེད་མཁན་རེད།
ང་རང་གསར་འབྱོར་བ་ཞིག་ཡིན་དུས། གསར་འབྱོར་བའི་དཀའ་ངལ་ངས་གསལ་པོ་གསལ་རྐྱང་ཤེས་ཀི་ཡོད། ཡིན་ཡང་བོད་གཞུང་གིས་ཤེས་ཀི་མེད། དེར་བརྟེན་བར་ལམ་ལོ་འདི་འགར་བོད་ནས་གསར་དུ་འབྱོར་བ་ཉུང་བའི་ཐོག་ཕྱིར་ལོག་མཁན་བརྡབ་འགའི་མང་བའི་གནད་དོན་ཡང་དེ་ལ་ཐུག་ཡོད། དྲང་མོ་བཤད་ན་བོད་ཕྱི་ནང་གཉིས་ཀྱི་འབྲེལ་དེ་གསར་འབྱོར་བ་ཚོ་ཡིན་ཡང་། བོད་གཞུང་གིས་དེ་ལ་བསམ་ཤེས་ཤིག་གང་ནས་ཡོད། དོན་དངོས་ཐོག་ནས་བསམ་བློ་བཏང་བ་ཡིན་ན། གསར་འབྱོར་བ་ཚོར་བོད་གཞུང་ལས་རྡ་སའི་ཉེ་འདབས་ནོར་བུ་གླིང་ག་བཀའ་དྲིན་ཆེན་པོ་ཡིན། དེར་བོད་ནས་འབྱོར་བའི་གསར་འབྱོར་བ་ག་ཚོད་ཅིག་ལ་ལས་ཀ་སྤྲད་ཡོད་པ་རེད། བོད་གཞུང་གིས་གསར་འབྱོར་བ་ཚོར་ནོར་གླིང་ལྟ་བུའི་ལྟ་རྟོགས་བྱེད་ཐུབ་ཀི་མེད། ད་དུང་རྒྱབ་གཉེར་དགོས་རིགས་ལ་བཀག་འགོག་བྱེད་པ་ལས་ཅི་གང་མེད། ད་བར་བོད་ནས་གསར་འབྱོར་བ་ཡོང་མཁན་ཉུང་ཉུང་རེད། ཡོང་རུང་དཀའ་ངལ་ལས་ཅི་ཡང་མེད། དེ་ལས་༸གོང་ས་མཆོག་ལ་མཇལ་ནས་ཁ་གཏུག་གིས་ཕྱིར་ལོག་ཕེབས་ན་དགའ་གི་རེད། འདི་དོན་དངོས་ཤིག་ཡིན།
ཁྱེད་ཚོར་དཀའ་ངལ་ཡོད་ནས་མ་ན་ཕྱིར་ལོག་ན་མི་འགྲིག་པ་ཅི་ཡོད། སྤྱིར་བོད་གཞུང་གིས་མ་མཁྱེན་པ་ཡིན་རྒྱུ་མ་རེད། གཞུང་ལ་མཛད་ཀ་ཡོད་མེད་ང་ཚོ་གསར་འབྱོར་ཚོས་ཤེས་ཀྱི་ཨེ་ཡོད་ན།
གོང་ས་མཆོག་ལ་མཇལ་ནས་ཁ་གཏུག་གིས་ཕྱིར་ལོག བྱེད་ས་ཡོད་ན་ཡག་པོ་རེད
གསར་འབྱོར་བ་ཚོའི་དཀའ་ངལ་བོད་གཞུང་ནས་མཐོང་གི་མི་འདུག གསར་འབྱོར་བ་ཕལ་མོ་ཆེར་ལས་ཀ་མེད་པ་མ་ཟད། ཁང་པ་གླས་ཏེ་སྡོད་དགོས་དུས་བོད་དུ་ཡོད་པའི་ཕ་མ་སྤུན་མཆེད་ཚོར་རེ་བ་རྒྱབ་སྟེ་མི་སྡོད་ཀ་མེད་ཆགས་ཡོད། དེར་བརྟེན་ཕ་སྤུན་རྣམས་སེམས་ཁྲལ་བྱེད་དགོས་ཆགས་འདུག
ཁ་བརྡ་དྲྭ་བའི་གཙོ་གཉེར་བ་དང་དྲྭ་གྲོགས་ལྷན་རྒྱས་ལ་ཆེད་ཞུ་བོད་ནང་གི་བོད་མི་རེ་ཟུང་གི་ཁ་བརྡ་དྲྭ་བར་ལྟ་འདོད་ཀྱི་རེ་འདུན་ཞུ་བཞིན་འདུག་པས་བོད་ནང་ནས་ལྟ་ཀློགས་ཐུབ་པའི་གཉེན་ཆས་སམ་བྱེད་ཐབས་རེ་ངོ་སྤྲོད་ཞུ་རྒྱུ་མཁྱེན། ཡང་ན་ཀུ་ཤུའི་ཁ་པར་ནང་ནས་ལྟ་ཐུབ་པའི་བྱེད་ཐབས་སོགས་ཡོད་མེད་ལམ་སྟོན་ཞིག་གནང་རོགས་ཞུ་ཞུ་choezing66@gmail.comའདིའི་ཐོག་སྐུར་རོགས།
ད་རང་མགོ་རང་ཐོན་ཆེད་ཕྱི་རྒྱལ་སོགས་ལ་ཨེ་ཐར་ལྟོས། དེ་་མིན་བཙན་བྱོལ་བོད་མིའི་སྒྲིག་འཛུག་ལ་རེ་བ་མི་འདུག
སློབ་གྲྭ་འདི་དག་གི་གནས་རིམ་ནི་འདི་ལྟར་ཡིན་ནམ་་་
ཛ་དྲག་གི་དུས་ལ་གསར་རྙིང་གི་ཐོབ་ཐང་དང་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་ཞེན་ལ་བློ་ཁ་ཕྱོགས་ཐབས་ཀྱི་རྩོམ་དང་མཆན་བུ་ནམ་ཡང་སྤེལ་མི་རུང་བ་ཞིག་རེད།
སྤྱིར་བཏང་ད་སྐབས་ང་ཚོས་གསར་རྙིང་གི་ཐོབ་ཐང་རྩོད་པའི་དུས་ཚོད་གཅིག་མིན་པ་ཤེས་ཀྱི་ཡོད་མོད། འོན་ཀྱང་གོང་དུ་བཀོད་པའི་རྩོམ་འདིའི་ནང་དུ་ང་ཚོས་ངེས་པར་དུ་བྱེད་དགོས་པ་ཞིག་ནི། གསར་འབྱོར་བ་ཚོས་གཞུང་ལ་ཞུ་གཏུགས་རྒྱག་མི་དགོས་པར་གཞུང་གི་ངོས་ནས་ཚུར་གསར་འབྱོར་བའི་བདེ་སྡུག་ལ་བསམ་བློ་བཏང་དགོས་པ་དེ་དངོས་ཡོད་གནས་ཚོད་རེད། དེ་མིན་དཔེར་ན་ཉེ་ཆར་རྡ་རམ་ས་ལར་གཞིས་ཆགས་ཁག་གི་གཞིས་འགོ་ཡོངས་རྫོགས་ཚོགས་འདུར་འདུས་ཏེ་གཞིས་ཆགས་སྲ་བརྟན་སྐོར་མ་གཏོགས་གསར་འབྱོར་བའི་སྐོར་ལ་སྐད་ཆ་ཚིག་གཅིག་ཀྱང་མི་འདུག་པ་དེས་ངོ་མ་སེམས་ལ་ན་ཚ་བཏང་གཞི་གཙོ་བོ་ཞིག་རེད། འདི་རྣམས་ད་རུང་བོད་ནང་གི་བོད་མི་ཚོས་ཤེས་ཀྱི་ཡོད་མ་རེད། ང་རང་ཉིད་ཡིན་ན་ཡང་དེའི་སྐོར་བོད་ནང་ནས་མ་ཤེས་ན་ཡག་པོ་རེད་བསམ་ནས་ད་བར་རང་ཉིད་ཀྱི་སེམས་སུ་ཉར་ནས་བསྡད་པ་ཡིན། ཡིན་ན་ཡང་དྲན་སྐུལ་འདི་དང་མཉམ་དུ་ངས་ཀྱང་འདི་ལྟར་བོད་གཞུང་ལ་དྲི་བ་ཞིག་རང་བཞིན་གྱིས་ཤར་འོང་གི་འདུག། དེ་ནི་༼བོད་གཞུང་ལ་གསར་འབྱོར་བའི་བོད་མི་རྣམས་དགོས་ཀྱི་ཡོད་དམ།༽ཅེས་པ་དེ་ཡིན། དགོས་ཀྱི་ཡོད་ན་སྔར་བཞིན་གཡུག་ནས་མ་བཞག་པར་བདག་པོ་རེ་རྒྱག་རོགས་གྱིས་ལྷག་པར་དུ་བོད་ནས་ཆབ་སྲིད་འདྲ་མིན་གྱི་སུན་བཙུར་དང་དྲག་གནོན་མ་བཟོད་པར་འདི་ཕྱོགས་སུ་ཕེབས་པ་རྣམས་ལའང་བདག་པོ་མེད་པར་ཨ་མདོའི་གྲོང་གསེབ་ནས་ཁང་པ་གླ་ནས་འདུག་དགོས་པ་ལྟ་བུ་སོགས་ཧ་ཅང་མང་བས་རྗེས་ནས་གོ་སྐབས་ནམ་ཡོད་ལ་འབྲི་རྒྱུ་ཡིན།
བཙན་བྱོལ་སྒྲིག་འཛུགས་ཀྱི་རྡོག་རྩ་གཅིག་སྒྲིལ་གྱི་སྲིད་ཇུས་དེའི་ཁོངས་སུ་གསར་འབྱོར་ཚོ་ཚུད་མེད་པ་ཚང་མས་ཤེས་ཀྱི་མརད་པ་འདྲ། ད་བཙན་བྱོལ་སྒྲིག་འཛུགས་འདི་གཞིས་ཆགས་སྒྲིག་འཛུགས་ཆགས་ཡོད་པ་འདྲ། དེ་བས་གསར་འབྱོར་ཕྱིར་རང་ཡུལ་དང་ནུབ་ཕྱོགས་རྒྱལ་ཁབ་གང་རུང་ཐར་ཐབས་བྱས་ན་ཡག་ཤོས་རེད།
ཛ་དྲག་གི་དུས་ཚོད་རེད་ཐོབ་ཐང་མ་རྩོད་མདོག་མདོག་བཤད་པར་རྒྱུ་མཚན་གང་ཡང་མི་འདུག ཛ་དྲག་དུས་སྐབས་སུའང་མི་རྣམས་ལ་ཁ་ཟ་རྒྱུའི་ལྟོ་དང་རྒྱབ་ལ་གོན་རྒྱུའི་གོས།དགོང་མོ་ཉལ་སའི་ཁང་པ་སོགས་དགོས་པ་རེད་ད།
ལར་ང་ཚོའི་སྤྱི་ཚོགས་ནང་གྲལ་རིམ་གྱི་དབྱེ་བ་འདྲ་བོ་བགར་ཏེ་དེ་སྔའི་སྐྱབས་བཅོལ་བོད་མི་ཚོར་ཐོབ་ཐང་མང་པོ་ཅིག་ཡོད་ཆོག་པ་དང་།ཕྱིས་འབྱོར་ཚོར་ཅི་གང་མི་དགོས་པ།གལ་ཏེ་སྐྱིད་སྡུག་ཅུང་ཡར་ཞུ་བྱས་ན་བོད་མིའི་ཆིག་སྒྲིལ་ལ་གནོད་མདོག་མདོག་དང་།རྒྱ་མིས་ཚུར་དངོས་ཤུགས་བརྒྱུད་དེ་བཙན་བྱོལ་སྤྱི་ཚོགས་གཏོར་ཐབས་རྩོམ་གྱི་ཡོད་པའི་ཆོ་འཕྲུལ་ཡིན་མདོག་སོགས་ནི།ང་ཚོས་འདི་ཕྱོགས་སུ་སྨྲ་བརྗོད་རང་དབང་འགོག་ཐབས་ཡག་ཤོས་རེད།
གོང་གི་བསམ་ཚུལ་དེ་ཚོ་བོད་རྩ་དོན་སྤྱི་ལ་ཕན་པ་དང་བོད་མིའི་སྒྲིག་འཛུགས་ཀྱིས་སྒྲུབ་ཐུབ་པ་ཅིག་རེད་འདུག་ག
གསར་འབྱོར་ཚོས་རྡ་སར་རེ་བ་བྱས་ན་ལྐུགས་པ་རེད། གསར་འབྱོར་བའི་དཀའ་ངལ་རྡ་སས་མ་མཐོང་པ་དང་། མ་ཤེས་པ་མ་རེད། རྡ་སར་གསར་འབྱོར་བ་ལྟོགས་ཤི་ཐེབས་བའི་ལོ་རྒྱུས་བྱུང་བ་རེད། སྒྲིག་འཛུགས་འདི་ལ་དགོས་པ་རྒྱུ་ནོར་ཡིན་པ་ལས། བོད་མི་དམངས་དང་། བོད་མི་རིགས་མིན་པ། འདི་ཚོས་ད་བར་བོད་མི་ས་ཡ་དྲུག་གི་ཐོབ་ཐང་ལེན་ནས་བཟས་པ་ལས། ལས་འགན་གང་ཡང་གྲུབ་མེད་པ། ཁ་ཡོད་ལག་ཡོད་ཀྱིས་བོད་མི་དམངས་ལ་ཕན་པའི་གསང་སྤྱོད་གཅིག་ཡང་མེད་པ་ང་ཚོ་ཚང་མས་ཤེས་ཀྱི་ཡོད་པ།།
དེ་ལས། གསར་འབྱོར་བ་ཚོ་དཀའ་ངལ་གྲངས་ནས་མ་སྡོད་པར། སྐབས་བབ་ཀྱི་ཐབས་ལམ་མ་བཙལ་ན་ལྟོགས་ཤི་ཐེབ་རྒྱུ་ལས་ལམ་ཁ་ཅི་ཡོད།
ངེད་ཚང་གི་བྱས་ན་སྐབས་བབ་ཀྱི་ཐབས་ལམ་གཉིས་མཐོང་།།
ཀ༽གསར་འབྱོར་ཚོས་དུས་རབས་ཉི་ཤུ་རྩ་གཅིག་པའི་བོད་མི་བཙན་བྱོལ་བའི་སྒྲིག་འཛུགས་ཞིག་འཛུགས་དགོས། འདིས་རང་གི་དཀའ་སྡུག་དངོས་འཛམ་གླིང་མི་དམངས་དང་དབུ་ཁྲིད་ལ་བསྒྲགས་ཐུབ།།
ཁ༽གསར་འབྱོར་བ་རྣམ་དུས་གཅིག་དུ་ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ལོག་རྒྱུ་རེད།།
གོང་གི་རྩོམ་ཡིག་འདི་དངོས་ཡོད་ཀྱི་གནས་ཚུལ་ཡིན་པ་དང་། ལྷག་བསམ་རྣམ་དག་གི་བསམ་ཚུལ་ཞིག་ཏུ་མཐོང་། དུས་རབས་འདིར་གསར་འབྱོར་བ་རྣམས་ཀྱིས་མྱོང་མི་དགོས་པའི་དཀའ་ངལ་ཞིག་མྱོང་བཞིན་འདུག ད་བར་གཞུང་འཛིན་རིམ་པས་གསར་འབྱོར་བར་ལྷག་བསམ་དག་པའི་ལྟ་རྟོགས་ཤིག་བྱས་མ་སོང་སྙམ་པའི་སེམས་ཚོར་ཤུགས་ཆེར་ཡོད། འོན་ཀྱང་བཙན་བྱོལ་ནང་གསར་འབྱོར་བས་བཀའ་དྲིན་བསམ་ཤེས་ཞུ་དགོས་པའི་མི་སྣ་གྲགས་ཅན་གཉིས་ཡོད་པ་ནི། སྐུ་གཤེགས་དམ་པ་རྡ་ས་རིག་སློབ་དབུ་དགེ་བློ་བཟང་རྒྱ་མཚོ་དང་། ནོར་གླིང་ངེས་སྟོན་པ་སྐལ་བཟང་ཡེ་ཤེས་ལགས་རྣམ་གཉིས་རེད། ངས་མི་ཚེའི་རིན་ཐང་ཐོག་ནས་གསར་འབྱོར་བ་རྣམས་ཀྱིས་བྱེད་དགོས་པའི་གནད་དོན་འགའ་གསལ་བཏོན་བྱེད་རྒྱུ་ཡིན།
༡། གསར་འབྱོར་བ་རྣམས་རང་ཡུལ་དུ་ལོག་རྒྱུའི་གོ་སྐབས་ཡོད་ཚེ་ངེས་པར་རང་ཡུལ་དུ་ལོག་དགོས། མ་མཐར་ཁྱོད་རང་གི་ཕ་མའམ་གཅེན་གཅུང་། སྤུན་ཟླ་རྣམས་ཀྱི་མདུན་དུ་མི་ཚེ་ཞིག་བསྐྱལ་ཐུབ་ན་ཁོང་ཚོས་ཁྱོད་རང་དགའ་དུས་སྐྱིད་གླུ་ལེན་རོགས་དང་སྡུག་དུས་མིག་ཆུ་གཏོང་རོགས་བྱེད།
༢།གལ་ཏེ་རྒྱ་གར་དུ་མི་སྡོད་ཀ་མེད་ཡིན་ཚེ་རྙིང་འབྱོར་ལ་གང་ཡོད་པའི་ཐོབ་ཐང་དེ་བོད་མི་སྤྱི་མཚུངས་ལྟར་རྩོད་ལེན་བྱེད་དགོས། དེ་ནི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྨྲ་བའི་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དང་མཐུན་པ་ཞིག་ཡིན།
༣། མི་རྙིང་པ་འགས་གསར་འབྱོར་བར་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་འཁོགས་བསླབས་ཏེ། ད་བར་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་འཁོགས་དངོས་གསལ་དོད་པོར་བྱེད་མཁན་མང་ཆེ་བ་གསར་འབྱོར་ཡིན་པས་འདི་ངེས་པར་སྤང་དགོས།
༤། ༸གོང་ས་མཆོག་གིས་འཛམ་གླིང་མི་མང་ལ་བོད་མི་རིགས་འདི་ཞི་བདེར་དགའ་བའི་མི་ཞིག་ཡིན་ཞེས་ཡང་ཡང་བསྒྲགས་གནང་ཡང་། ད་བར་ཕྱི་མིའི་མདུན་འཁྲུག་རྩོད་རིགས་བྱེད་མཁན་མང་ཆེ་བ་གསར་འབྱོར་བ་ཡིན་པས། སྤྱོད་ངན་འདི་ངེས་པར་སྤང་དགོས།
༥། བོད་མིའི་སྒྲིག་འཛུགས་ཀྱིས་གསར་འབྱོར་བར་དམིགས་བསལ་ལྟ་རྟོགས་བྱེད་རྒྱུའི་རྣམ་འགྱུར་གང་ཡང་མེད་པས། ཚུར་འགན་འཁུར་མེད་པའི་རང་དབང་ལག་དེབ་ཀྱི་དཔྱ་ཁྲལ་གང་གི་ཕྱིར་དུ་བསྡུ་བཞེས་གནང་གི་ཡོད་དམ།
གསར་འབྱོར་ལ་རྒྱལ་ཁ་མེད་པའི་རྒྱུ་རྐྱེན་གཙོ་བོ་ནི། གསར་འབྱོར་ལ་དམིགས་བསལ་སྤྱི་འཐུས་མེད་པ་དང་གཞུང་ཞབས་ས་མིག་མེད་པས་རེད།
གསར་འབྱོར་གོ་རྟོགས་སད་ན། ཕྱི་རྒྱལ་རོགས་སྐྱོར་མང་ནི་རེད། ད་བར་དུ་གསར་འབྱོར་ལ་ཁ་གཡར་ནས་རོགས་དངུལ་ཕོན་ཆེན་རག་ཀྱང་། གསར་འབྱོར་ལ་རྒྱ་ཆ་ག་ཚོད་ཅིག་རག་སོང་བ་ཚང་མས་ཤེས་གསལ་རེད། རྡ་སའི་གསར་འབྱོར་སྣེ་ལེན་ཁང་ལ་ལྟོས་དང་ཧ་གོ་འགྲོ།
གསར་འབྱོར་ཚང་མས་ཚང་མས་ཤུགས་རྒྱག་རན་རེད། སྔོན་མ་དང་འདྲ་ལེ་མ་རེད། གསར་འབྱོར་བའི་ནང་ན་དབྱིན་སྐད་ཀྱིས་རང་མགོ་ཐོན་པ་མང་པོ་འདུག ད་གསར་འབྱོར་སྤྱི་འཐུས་དང་གསར་འབྱོར་རོགས་སྐྱོབ་ཐེབས་རྩ་ཞིག་ངེས་པར་དུ་དགོས་ལེ་རེད་ད།
ཇོ་ཇོ་ལགས་ལ་ཁ་གསབ་ཏུ།
༦ བསྟན་འཛིན་སྒང་གཞིས་ཆགས་ནས་བུད་མེད་ཀྱི་སྣ་རྩེ་བཅད་ནས་གཅེར་བུར་ཁྲོམ་ལ་འདོན་པའི་ཀླ་ཀློའི་སྤྱོད་པ་དེ་ལྟ་བུ་དང་། གཞེས་ཆགས་ཐ་མག་ནག་པོ་འཐེན་པ་ལ་གསར་འབྱོར་བ་ཚོས་སློབ་སྦྱོང་བྱ་རྒྱུ་མི་འདུག སུའུ་ཅ་སློབ་གྲྭ་ནས་སློབ་མས་སློབ་མ་བསད་པ་གསར་འབྱོར་རེད། དེ་འདྲ་མ་གནང་རྒྱུ་གལ་ཆེན་པོ་རེད།
གཞིས་ཆགས་གསར་འབྱོར་གྱི་ཐོང་ཐང་གི་སྐད་ཆ་བཤད་ན་ཡག་རྟགས་མ་རེད་མོད། མ་བཤད་ཐུབ་མེད་ཀྱིས་ད་ཐེངས་རྩོམ་ཡིག་གཅིག་སླེབས་སོང་བ་དངོས་ནས་ཡག་པོ་འདུག གཙོ་བོ་དེ། ང་ཚོའི་སྤྱི་འཐུས་ལ་རག་ལས། དེང་་སྤྱི་བའི་འཐུས་མི་གསར་འབྱོར་མང་ལ། མང་དགོས་པའི་རྒྱུ་མཚན་ཡང་གསར་འབྱོར་མང་པོ་ཡོད་པས་རེད། ཁོ་ཚོས་གསར་འབྱོར་གྱི་འཚོ་བ་རོལ་སྟངས་བརྗེད་ནས་དེང་ཁོ་ཚོ༌སྤྱི་ཚོགས་འདིའི་ཁྲོད་མགོ་ནས་མར་བལྟ་སའི་མི་ཞྀག་ཆགས་པས་རེད་ལ། ཐོང་ཐང་སྐོར་ཚིག་གཅིག་ཀྱང་གྲོས་ཚོགས་ནང་བཤད་ཀི་མི་འདུག་པར་བློ་ཕམ་བྱུང།
གཞིས་ཆགས་ཀྱི་ཐོབ་ཐང་གཅིག་བཤད་ན་ཁོ་ཚོར་ཁང་པ་མེད་ན། ཉམ་ཐག་གི་ཁོངས་སུ་གཏོགས་པས། དེའི་ཐཽབ་ཐང་ཆ་ཚང་རེག་གི་ཡོད་པ་རེད། དེ་གཞིར་བཟུང་གིས་གསར་འབྱོར་གྱི་དཀའ་སྡུག་བཤད་ནས་ང་ཚོའི་སྣེ་ལེན་ཁང་ཆེན་པོ་ཞིག་བརྒྱབ་ཡོད་ལ། དེ་སྟོང་པ་ཆགས་ནས་ལོ་ངོ་ག་ཚོད་ཕྱིན་སོང་། འབྱུང་འགྱུར་ཡང་སྟོང་པ་རེད། དེ་ལས་གསར་འབྱོར་ཁང་རིན་སྤྲད་མི་ཐུབ་པ་སོགས་ལ་སྤྲད་ན་དགེ་མཚན་ཆེ་བསམ་གྱི་འདུག
གསར་འབྱོར་བ་ཚོེར་དཀའ་ངལ་ཡོད་པ་བདེན་པ་རེད་ལ་དེ་ལ་བོད་གཞུང་ནས་ཀྱང་བལྟ་སྟངས་ཤིག་མེད་གང་ཡིན་ཟེར་ན་བོད་གཞུང་གིས་བསྐོར་བ་བརྒྱབ་ས་དེ་གཞིས་ཆགས་ཚོ་རེད། གསར་འབྱོར་བ་ཚོ་གཞིས་ཆགས་ནང་ལ་མེད། བོད་གཞུང་ལས་བྱེད་ལ་ཡང་གསར་འབྱོར་ཚོར་རྐུབ་སྟེགས་ཐོབ་ཡག་ཁག་པོ་རེད་དེང་སྐབས་ཕྲན་བུ་ཡར་རྒྱས་ཕྱིན་པ་རེད། དེ་ནི་གསར་འབྱོར་བ་ཚོར་བོད་གཞུང་ནང་སླེབས་པའི་མི་རབས་ནས་བརྒྱུད་ཡོང་བའི་ལྕགས་སྐྱུའི་ཨ་ལོང་དེ་མེད་སོང་བས་རེད། གསར་འབྱོར་བ་འདི་ལ་སླེབས་པའི་དགོས་པ་ཅིག་མེད་ཞེས་་་ད་ཨ་ཕོ་རང་གིས་མ་འཇོན་ན། ཕ་ཡུལ་ལ་ཆུ་སྤགས་ཟ་བ་ལྷང་ལྷང་དྲན་སོང།།།།
རེད་ཡ་་་་གཞིས་ཆགས་ཁག་གི་བོད་མི་ཚོས་་་་གསར་འབྱོར་བ་ཟེར་དུས་གང་ཡང་མི་ཤེས་པ་དང་མི་འཇོན་པ་ཞིག་ལ་བརྩིས་ཀྱིན་ཡོད་་ད་དུང་་ཀར་ཀྱག་་་་སེ་རྒྱ་གར་སྐད་ཐོག་ལ་སྨད་ར་གཏོང་གི་ཡོད། མདོར་ན་གཞིས་ཆགས་ཁག་གི་བོད་མི་ཚོས་་་གསར་འབྱོར་བ་ཚོ་མི་རིགས་ཁག་ཁག་གཅིག་ལ་རྩིས་པ་མ་གཏོགས་་་་ཤ་རུས་གཅིག་པའི་སྤུན་ཟླར་ནམ་ཡང་རྩིས་མི་སྲིད། དེ་ནི་དངོས་སུ་གཞིས་ཆགས་ཁག་ནང་ཡོད་པའི་གསར་འབྱོར་བ་ཞིག་གིས་མ་གཏོགས་གསལ་པོ་ཤེས་མི་ཐུབ། བརྡ་སར་དཔོན་ངན་ཚོ་ནི་སོ་སོའི་རྐུབ་བཀྱག་སྲུང་སྐྱོབ་བྱེད་ཐུབ་ན་འགྲིག་གི་རེད། གཞན་བོད་མིའི་བདེ་སྡུག་དཀའ་ངལ་སེལ་ཡག་གི་བསམ་བློ་ཡོ་མ་རེད། སོང་ཙང་གསར་འབྱོར་བ་ཚོ་སོ་སོས་རིག་པ་སྒྲིམས་ཏེ་སློབ་སྦྱོང་ལ་ཧར་བརྩོན་གནོང་དང་སོ་སོའི་རྐང་པ་སྒང་ལ་སོ་སོ་ལངས་ཐུབ་ཀྱི་རེད། སེམས་ཤུགས་མ་ཆགས་པ་གནང་རོགས་ཞུ།།
མང་ཤོས་ཀྱིས་དྲ་ཐོག་འདིར་གསར་འབྱོར་ལ་དཀའ་ཁག་ཡོད་པ་ངོས་ལེན་གནང་གི་འདུག་ན།ཁོང་ཚོའི་དཀའ་ངལ་སེལ་བར་མཉམ་རུབ་ཀྱི་ནུས་པ་ག་རེ་འདོན་ཐུབ་ཀྱི་ཡོད་དམ།
ད་ལྟ་དུས་དྲ་རྒྱ་འདིའི་ནང་གསར་འབྱོར་རྐྱང་རྐྱང་ཡིན་པ་འདྲ། སྔོན་ཁམས་པས་བོད་གཞུང་གིས་ཁམས་པ་སྡུག་པོ་བཏང་པའི་ལོ་རྒྱུས་མང་པོ་བཤད་ནས་བོད་སོག་ལས་ཁང་གི་ཆུ་བཞི་སྒང་དྲུག་བྱུང་བ་རེད། འོང་ཀྱང་སྐབས་དེའི་བོད་གཞུག་གི་མཛད་གཙོ་སུ་རེད་ལྟས་ན་མང་ཆེ་བ་ཁམས་པ་ཤ་སྟག་རེད། དོན་དངོས་ཐོག་བོད་གཞུག་གིས་ཁམས་པ་ལ་སྡུག་པོ་དམིགས་གསལ་བཏང་མེད་རུང་སོ་སོའི་འདོད་པ་མ་གོང་དུས་ཁམས་པའི་ཞན་ཁོག་ཡིན་འདོག་འདོག་རེད། དེ་བཞིན་དྲ་རྒྱ་ནང་བོད་གཞུང་གིས་གསར་འབྱོར་སྡུག་པོ་བཏང་ཚུལ་མང་པོ་འདུག་རུང་། དོན་དངོས་ཐོག་བོད་མི་མང་སྤྱི་འཐུས་ཀྱི་སུམ་ཆ་གཅིག་ཙམ་གསར་འབྱོར་བ་ཡིན། བཙན་འབྱོར་བོད་མིའི་མི་འབོར་ཆ་ཚད་དང་སྡུས་ན་གསར་འབྱོར་བ་ལ་ཐོབ་ཐང་མང་བ་རག་ཡོད། དེ་བཞིན་གཞིས་ཆགས་ཚང་མ་སོ་སོས་ཚོང་ཙགཙིག་རྒྱག་ནས་འཚོ་བ་སྐྱེལ་བ་མ་གཏོགས། དྲྭ་རྒྱ་ནང་བཤད་པ་ནམ་བཞིན་བོད་གཞུང་གིས་གཞིས་ཆགས་སུ་ལ་ལས་ཀ་སྤྲད་འདུག བོད་གཞུང་གིས་ཕྱི་རྒྱལ་ལ་བཏང་པའི་གོ་སྐབས་གཅིག་ཁོ་ན་ཡོད་པ་ནི་ཨོ་སི་ཀྲི་ལི་ཡའི་གཞིས་ཆགས་རེད། གོ་སྐབས་དེ་ཚང་མ་གསར་འབྱོར་ལ་སྤྲད་ཡོད། འོང་ཀྱང་ད་ལྟའི་ཆ། ཕྱི་རྒྱལ་ཡོད་མཁན་བོད་མི་ནང་ནས་རང་བཙན་ལག་དེབ་སྤྲད་མཁན་བརྒྱ་ཆ་ཉུང་ཤོས་དེ་ཨོ་སི་ཀྲི་ལིས་ཡའི་གསར་འབྱོར་བ་ཆབ་སྲིད་བཙོན་པ་འདི་ཚོ་རེད། ཕྲུག་གུ་སློབ་གྲྭ་འཇུག་པ་ཡང་གསར་འབྱོར་གཞིས་ཆགས་བར་གནམ་སའི་ཁྱད་པ་ཡོད་པ་དེ། གསར་འབྱོར་ལ་ཐོབ་ཐང་ཆ་ཚང་དང་། གཞིས་ཆགས་ཕྲུག་གུ་ལ་སློབ་ཡོན་ཆ་ཚང་སྤྲད་དགོས། ཁ་ཤས་ཀྱིས་གཞིས་ཆགས་གིས་གསར་འབྱོར་བ་མིང་ཐོག་ཁེ་བཟང་ཟ་ཡོད་རེད་ཟེར། དེ་ལྟར་ཡིན་ན་ཁྱོད་ཚོས་ཀྱང་བོད་ནང་གི་དཔའ་བོ་དཔའ་མོ་དེ་ཚོའི་མིང་འཁུར་ནས་སོ་སོར་འདོད་པ་མ་གོང་པའི་སྡུག་སྐད་རྒྱག་གིན་ཡོད་པ་མ་རེད་དམ། བཤད་མ་དགོས་པར་སྐྱབས་བཅོལ་གྱི་མི་ཚེ་ལ་བདེ་སྐྱིད་མེད། འོང་ཀྱང་ང་ཚོ་སྐྱབས་བཅོལ་ཡོང་པའི་དམིགས་ཡུལ་ལྟོ་གོས་ཡག་པོའམ་རྩ་ཆུ་ཡག་ས་ཞིག་གི་ཆེད་དུ་ཡིན་ནམ། དེ་ལྟ་ཡིན་ན་ཡོང་ས་ནོར་བ་རེད། ག་སྲིད་བོད་མི་རིགས་ཀྱི་རང་དབང་ཆེད་དཀའ་ལས་རྒྱག་དགོས་བསམ་མཁན་ཡིན་ན་སྐྱབས་བཅོལ་ཡོང་བ་དེ་འགྲིག་པ་རེད། སྤྱི་འཐུས་ནང་གསར་འབྱོར་མང་པོ་སླེབས་པ་དེ་ཚོས་ནམ་རྒྱུན་མི་རིགས་རང་དབང་ཆེད་དཀའ་ལས་རྒྱག་མཁན་ཡིན་ཕྱིར་མི་མང་གིས་ཡིད་ཆེས་བྱས་ནས་བོད་མི་རིགས་ཀྱི་སྐུ་ཚབ་དང་རང་དབང་འཐབ་བརྩོད་ཀྱི་འགོ་ཁྲིད་མཁན་ཆགས་པ་མ་རེད་དམ། དེ་ལྟར་བོད་མི་རིགས་གི་རང་དབང་ཆེད་བཙན་བྱོལ་ཡོང་བ་ཡིན་ན་ཡོང་ས་ནོར་ཡོད་མ་རེད། དེ་ལྟ་ཡིན་ན་བོད་ནང་གི་དཔའ་བོ་དཔའ་མོ་ཚོའི་རེ་འདུན་ལྟར་མི་ཚེ་རིན་ཐང་ལྡན་པ་ཞིག་སྐྱེལ་ཆོག་ངེས། ག་སྲིད་དེ་ལྟ་མིན་པར་རང་གི་ལྟོ་གོས་ཆེད་དུ་རྩྭ་ཆུ་བཟང་ས་ཞིག་གི་ཆེད་དུ་ཡོང་བ་ཡིན་ན་བོད་གཞུང་དང་བོད་ནང་དཔའ་བོ་དཔའ་མོ་ཚོའི་སྐུ་དྲིན་ལས་ཁྱོད་ཕྱི་རྒྱལ་ཁབ་ག་བ་སླེབས་རུང་བོད་མི་ཡིན་པ་ར་འཕྲོད་པ་ཡིན་ན་ཕལ་ཆེད་ཁྱོད་རང་ངོ་མ་དགོས་པའི་སྐྱབས་བཅོལ་གི་྄ཐོབ་ཐང་དེ་རག་ངེས་ཡིན།
གོང་གི་ཟིན་བྲིས་པ་ཁོང་གི་སྐད་ཆ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། བདེན་པ་རེད།
ད་དུང་གནད་དོན་ཆེ་ཤོས་ཤིག་ནི་བོད་ནས་འབྱོར་བའི་བྱིས་པ་ལོ་ཆུང་ཚོར་ཚད་ལྡན་གྱི་སློབ་སྦྱོང་ཞིག་རག་གི་མེད་པ་མངོན་གསལ་དོད་པོར་མཐོང་ཐུབ། འཛིན་རིམ་བཅུ་གཉིས་ཐོན་མཁན་ཚང་མ་བོད་ཡིག་འབྲི་ཀློག་ཡག་པོ་མི་ཤེས་མཁན་དང་དབྱིན་ཡིག་ཀྱང་གཏོང་ཡིག་འབྲི་མི་ཤེས་ཤ་སྟག་རེད། རྒྱུ་རྐྱེན་གཙོ་བོ་ནི་སློབ་གྲ་དེ་དག་གི་དགེ་རྒན་རྣམས་ཡིག་ཚད་མ་ལོན་མཁན་རྣམས་ཟླ་ཤས་རིང་འོས་སྦྱོང་རེ་སྤྲོད་ནས་བཞག་པ་ཀྱང་ཀྱང་ཡིན་པ་མ་ཚད་ཕྱི་རྒྱལ་ལ་མ་ཐར་མཁན་ཚོས་ཟླ་ཤས་དང་ལོ་གཅིག་ཙམ་དགེ་རྒན་བྱེད་ནས་ཕྱི་རྒྱལ་ལ་ཐར་སོང་ན་འགྲོ་ཀྱང་བྱས་པ་དེ་དག་ལས་བྱུང་བ་ཞིག་དང་གཉིས་ནས་གནད་དོན་དེ་དག་ནི་གང་ཟག་སྒེར་དབང་གིས་སྐྱར་ཞིབ་བྱེད་ས་ཞིག་མེད་པའི་རྐྱེན་གྱིས་རེད།
ད་ལྟའི་གཞུང་གིས་མཐོ་རིམ་གྱི་ཆེད་ལས་མི་སྣ་རྣམས་ལ་ཐུགས་བསམ་བཞེས་པ་ལས་དམའ་རིམ་གྱི་གསར་འབྱོར་དང་སློབ་ཆུང་ཚོར་བསམ་བློ་གཏོང་རྒྱུ་ཁག་པོ་རེད། གཞུང་གིས་མི་བྱེད་ན་གསར་འབྱོར་བ་ཚོས་རང་ཉིད་ཀྱིས་བདེ་དོན་གྱི་ལས་ཁུང་ཞིག་གསར་འཛུགས་ཀྱིས་ཚོགས་པ་རང་གིས་གསར་འབྱོར་བ་ཚོའི་དཀའ་ངལ་སེལ་ཐབས་བྱེད་དགོས་གལ་ཆེ།
སྤྱི་བཏང་གཞིས་ཆགས་ཚང་མ་ལོ་ལྔ་བཅུ་ལྷག་རྒྱ་གར་བསྡོད་ནས་གཞིས་རྒྱུ་ནོར་དང་ས་རྒྱུས་ཡུལ་རྒྱུས་ཡོད་པས། ཆ་རྒྱུས་གང་ཡང་མེད་ཞིང་སྐད་བསྡ་ཙམ་ཡང་མི་འཕྲོད་པའི་གསར་འབྱོར་དང་སྡུས་ན་ཁོ་ཚོ་ལ་ཁེ་སང་ཡོད་ངེས་ནི་རང་བཞིན་རེད་མ་གཏོགས་བོད་གཞུང་གིས་རྐང་བཙུག་བཟོས་པ་མ་རེད། དཀའ་ངལ་དེ་སེལ་ཆེད་གསོག་སྒར་སློབ་གྲྭ་བཙུགས་པ་རེད། ལོ་ལྔ་ལ་སློབ་སྦྱང་བྱེད་པའི་གོ་སྐབས་རག་ཡོད། ལོ་ལྔ་རྗེས་ཟ་སྐད་བཏུང་སྐད་དང་ལག་རྩ་འདྲ་བོ་ཤེས་ནས་རང་གི་ལྟོ་གོས་རང་གིས་སྒྲུབ་ཐུབ་ངེན་ཡིན། རང་དབང་ལུང་པར་རང་གི་ལྟོ་གོས་རང་གིས་སྒྲུབ་དགོས་པ་མ་གཏོགས་བོད་གཞུང་གིས་སྤྲད་དགོས་ལབ་ན་ཧམ་པ་རེད། ད་རུང་མི་གཅིག་གིས་རང་བཙན་ལག་དེབ་ག་རེ་བྱེད་ནས་སྤྲད་དགོས་རེད་ཟེར། ག་སྲིད་ཁྱོད་རང་མི་རིགས་འཆི་གསོན་ཆགས་འཇིག་སྐབས་བོད་མིའི་འགན་ཆུང་ཆུང་ཞིག་དངས་ལེན་བྱས་ཡོད་བསམ་ནས་གཟི་བརྗིད་ཡིན་པའི་བསམ་བའལོ་མ་འཁོར་རུང་། ཧོན་སྒོར་༤༦གིས་བོད་མི་ཡིན་པའི་ལག་འཁྱེར་ཉོས་ནས་མ་འོངས་ཁྱོད་རང་ཕྱི་རྒྱལ་འགྲོ་དུས་ཆབ་སྲིད་ལས་ཀ་བྱས་པའི་སྒྲུང་རྫིན་མ་དང་མཉམ་དུ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན། བོད་མི་མིན་པ་དེ་ཚོས་ཧིན་སྒོར་འབུམ་སྤྲོད་རུང་ཉོ་མི་ཐུབ་པའི་ལག་འཁྱེར་དེ་ཡང་ཡུས་བཤད་ས་ཆགས་པ་ཡིན་ན། བོད་གཞུང་གིས་ངོ་མ་ཁྱོད་ཚོའི་འདོད་པ་ནམ་བཞིན་བྱས་ཐུབ་རུང་ཕན་མེད་ཡིན་རྒྱུ་རེད། ངས་དེ་ལྟར་བཤད་དགོས་པ་ནི་སྒྲུག་འཛུགས་ག་འདྲ་ཞིག་ཡིན་རུང་ནང་ཁུལ་གྲྭ་མ་འགྲིག་པ་ཡོང་སྲིད་རུང་། རྒྱུ་མཚན་དེ་ཙམ་ལ་བརྟན་ནས་རང་དབང་འཐབ་བརྩོད་ཀྱི་གཞུང་ལ་ཁ་བྲལ་དང་ནང་ཁུལ་དཀྲུག་ཤིན་རྒྱག་པའམ་དམའ་འབེབས་བྱེད་པ་ནི་མི་རུང་པ་ཞིག་རེད།
ངས་འཁྱམ་པོའི་སྐད་ཆ་ལ་བརྒྱ་ཆ་བརྒྱ་ཐམ་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན།
ང་ཚོ་གསར་འབྱོར་ཚོ་ལ་བོད་གཞུང་གིས་གཟིགས་རྟོག་ཧ་ཅང་ལེགས་པོ་གནང་ཡོད།
གསར་འབྱོར་གྱིས་ཀྱང་གོ་གནས་ངེས་ཅན་བཟུང་ཡོད།
ཐོབ་ཐང་ཡང་འདྲ་མཉམ་ཡིན།
ཁྱད་པར་གསར་འབྱོར་ལ་འགྲོ་སྡིགས་བྱེད་སའི་ཕ་ཡུལ་དང་ནང་མི་སོགས་ཡོད་རེད།
གཞིས་ཆགས་ཁ་ཤས་དངོས་གནས་དཀའ་ངལ་ཆེན་པོ་རེད།
ཁོང་ཚོ་དང་བོད་གཞུང་གི་བར་གྱི་མཐོ་དམན་གྱི་བར་ཐག་དེ་གསར་འབྱོར་ལས་ཧ་ཅང་ཆེ་བ་ཡོད། གསར་འབྱོར་ཚོས་སྐུ་ངོ་དེ་ཚོ་ལ་ཅང་རྩི་གི་མེད།
གསར་འབྱོར་མང་ཆེ་ཤོས་ཀྱིས་རྡ་ས་ལ་འབབ་ཚུགས་ཀྱི་འདུ་ཤེས་འཛིན་གྱིན་ཡོད།
གང་ལྟར་ང་ཚོས་མི་ལ་སྐྱོན་བརྗོད་བྱེད་པའི་དུས་མཚུངས་སུ་རང་ཉིད་ཀྱང་དྲན་དགོས།
གསར་འབྱོར་ཚོ་དཀའ་ངལ་ཡོད་རེད་དེ། ཡིན་ནའང་སློབ་གྲྭའི་མཐུན་རྐྱེན་དཔེར་ན་རྡ་སྟེང་བོད་ཁྱིམ་ལྟ་བུར་གསར་འབྱོར་ཚོར་ཚུད་སླ་བ་ཡོད། གང་ལྟར་རྒྱ་གར་དང་བལ་ཡུལ་གཉིས་ཆར་གསར་རྙིང་གཉིས་ཆར་དཀའ་ངལ་མི་ཉུང་བ་ཡོད། དེ་ལས་ཕྱི་རྒྱལ་ཡར་ཐོན་ལུང་པར་གང་མང་འགྲོ་ཐུབ་ན་ལེགས།
གསར་རྙིང་གཉིས་ཀར་ཞེས་བཅོས།
འཁྱམས་པོ་དང་ཚེ་བཀྲ་གཉིས་ནས་ལྡོག་ཕྱོགས་ཀྱི་བསམ་ཚུལ་སྤེལ་བར་གུས་ཞབས་ཡོད།རེད་དེ།གསར་འབྱོར་དང་གཞིས་ཆགས་གཉིས་ཀའི་ནང་འཇོན་པོ་དང་སྐྱོ་བོ་གཉིས་ཀ་ཡོད་རེད།འཇོན་པོ་ཚོས་གོ་སྐབས་དང་ཐོབ་ཐང་ཚང་མ་བླངས་འགྲོ་ཀི་ཡོད་རེད་མོད།སྐྱོ་བོ་ཚོར་གྱོང་མང་པོ་རག་གི་ཡོད་རེད།
གཞིས་ཆགས་ཁག་ནང་སྐྱོ་བོ་མང་པོ་ཡོད་པ་བདེན་པ་རེད།ང་རང་གཞིས་ཆགས་ཕལ་ཆེ་བའི་ནང་འགྲོ་མྱོང་ལ་དངོས་ཡོད་གནས་ཚུལ་དེ་ཚོ་མཐོང་བའི་སྒོ་ནས་བཤད་ཀི་ཡོད་མ་གཏོགས།ཁ་ལ་གང་ཡོང་ལབ་ཀི་མེད།ཡང་བོད་གཞུང་གིས་སྡུག་པོ་བཏང་སོང་ངོ་ལོག་བརྒྱབ་དགོས་རེད་དེ་འདྲ་ཚིག་ཟུར་ཙམ་ཡང་མེད་པས་བོད་སོག་ལས་ཁུངས་སོགས་དང་ཉ་དང་ཉུང་མ་བསྲེས་ན་ཆོ་མེད་རེད།
འོན་ཀྱང་།ད་ལྟའི་ཛ་དྲག་དཀའ་ངལ་ཆ་ནས་ངོ་མ་གསར་འབྱོར་ཚོ་ལ་དཀའ་ངལ་ཆེན་པོ་འདུག།དཔེ་ཆུང་ས་ནས་བཞག་ན་གཞིས་ཆགས་ཁག་ནང་ག་ཚོད་སྐྱོ་ན་སོ་སོ་ལ་དབང་བའི་ཁང་པ་དང་སློབ་གྲ་ཆུ་གློག།འཕྲོད་བསྟེན་ཁང་།ལམ་ཁ་དང་ས་ཆ་ཚུན་ཆད་འདུག་ག
གསར་འབྱོར་ཚོར་ཅི་གང་ཡོད་པ་མ་རེད་ད།ཐ་ན་རྒྱ་གར་ནང་བསྡད་ཆོག་གི་RCབཟོ་དགོས་ན་ཧིན་སྒོར་ཁྲི་བཞི་ལྔ་སྤྲད་དེ་བཟོ་ཀི་ཡོད་རེད་ད།མ་སྤྲད་ན་བཟོ་ཀི་མ་རེད།མ་བཟོས་ན་འཛྀན་བཟུང་བྱེད་ཀི་རེད།ད་སྔ་རྡ་ས་གཅིག་པུར་མང་པོ་འཛིན་བཟུང་བྱས་རེད་ད།
དྲང་མོ་བཤད་ན་ང་རང་རྒྱ་གར་ནང་གི་གཞིས་ཆགས་སྐྱོ་ཤོས་ཁག་ཅིག་ཏུ་སོང་བ་ཡིན་ཏེ་ང་ཚོས་བཤད་པ་ནང་བཞིན་གྱི་སྐྱོབས་གསོ་ཁོ་ནས་འཚོ་དགོས་པ་དེ་འདྲ་ཅིག་རེད་མི་འདུག་ད།འཁོར་ཡུག་རྒྱ་ཆེན་པོ་དང་གཙང་མ།དགོས་ངེས་ཀྱི་མཐུན་རྐྱེན་ཚང་མ་འཛོམས་པོ།མཐའ་འཁོར་རྒྱ་གར་ཡུལ་མི་དང་བསྡུར་ན་གནམ་སའི་ཁྱད་པར་འདུག།འོན་ཀྱང་།མིའི་འདོད་རྔམ་ལ་ཚད་མེད་དུས་མུ་མཐུད་སྐྱོབས་གསོ་སློང་གི་རེད།
ད་ལོ་བཀའ་ཁྲིས་ས་འགོའི་འཚོགས་ཆེན་སྟེང་གཙོ་བོ་གཞིས་ཆགས་ཁག་ནང་བོད་གཞུང་གིས་མཐུན་རྐྱེན་དང་སྐྱོབས་གསོ་མང་ཤོས་གཏོང་གི་ཡོད་ནའང་།ད་དུང་གཞིས་ཆགས་ཡག་རུ་ཡག་ཚད་ཁག་ལ་སྐྱོབས་གསོ་མི་དགོས་པ་མི་འདུག་པས།ད་ང་ཚོས་བཀའ་ཤག་གི་གཞི་རིམ་ལྟ་གྲུབ་རང་འགོ་རང་འཐོན་བྱེད་རན་རེད་ད་ཞེས་ནན་པོ་ག་ཚོད་གསུངས་སོང་།ནང་སྲིད་བཀའ་བློན་ནས་ཀྱང་དེ་བཞིན་གསུངས་སོང་ང་།
མདོ་རྩ་གཞིས་ཆགས་ཁག་ནང་མུ་མཐུད་དེ་སྔ་བཞིན་བྱེ་བ་མང་པོ་གཏོང་གི་རེད་ལ་དེར་བསམ་འཆར་གང་ཡང་མེད།
འོན་ཀྱང་།དེའི་ཆ་ཤས་ཙམ་རེ་དང་གསར་འབྱོར་ཚོའི་གཞི་རིམ་གྱི་དཀའ་ངལ་ཙམ་རེ་སེལ་ཐབས་བྱས་ན་ང་རང་ཚོའི་གཞུང་ལ་དོན་དངོས་སུ་ཕན་གྱི་རེད་སྙམ།དེ་མིན་སྣང་མེད་གཏོང་རྒྱུ་མང་དྲག་ན་རྒྱ་དམར་གྱིས་བེད་སྤྱོད་གཏོང་རྒྱུའི་ཉེན་ཁ་ཡོད་རེད།
གསར་འབྱོར་ལ་དཀའ་ངལ་ཆེ་བ་དངོས་ཡོད་གནས་ཚུལ་རེད། ང་ཡང་གསར་འབྱོར་གྱི་དཀའ་ངལ་ཤེས་མཁན་ཞིག་ཡིན། སྒོར་མོ་མིན་པའི་གསར་དུ་འབྱོར་བ་ཚང་མ་དཀའ་ངལ་ཆེ། ཆོས་བརྒྱུད་གསར་འབྱོར། བོད་མི་གསར་འབྱོར།
མིའི་འདོད་པ་ལ་ཚད་མེད་པ་རེད། གསར་འབྱོར་ཚོ་ལ་སྡོད་ཁང་དང་ས་ཆ་སྤྲོད་མི་ཐུབ་པ་དངོས་འབྲེལ་རེད་། ཡིན་ཡང་བོད་ནས་གསར་དུ་ཕེབས་པ་རྣམས་ལ་བོད་གཞུང་ངོས་ནས་གང་ཐུབ་ཅི་ཐུབ་བྱེད་ཀྱི་
འདུག་བསམ་པ་འདུག། གཞི་ཆགས་ཁག་གི་སློབ་གྲ་དང་བསྡུར་ན་བོད་ཁྱིམ་སློབ་གྲ་ཁག་གི་ཆ་རྐྱེན་ཧ་ཅང་ཡག་གི་རེད། བོད་ཁྱིམ་སློབ་གྲ་ཁག་ནས་ཐོན་པའི་སློབ་བ་མང་ཆེ་བ་ཧ་ལམ་བརྒྱ་ཆ་བརྒྱད་བཅུ་གྱ་ལྔ་སྣེ་ལེན་
ཁང་བརྒྱུད་ནས་ཕེབས་པའི་གསར་འབྱོར་རེད། འདི་ཚོའི་ནང་ནས་རིགས་གཅིག་དགག་པ་རྒྱག་སའི་
གངས་སྐྱིད་དང་དེའི་ཁྱབ་ཁོངས་སུ་ཡོད་པའི་ལས་ཁུངས་ཁག་ལ་ཕྱག་ལས་གནང་བཞིན་འདུག། ལས་བྱེདདང་གནས་རིམ་ཐོ་བ་དྲུང་ཆེ་དང་སྐུ་ཚབ་དོན་གཅོད་ཁག་དུ་འང་ཕྱག་ལས་གནང་བཞིན་འདུག། སྤྱི་འཐུས་སུ་འང་སྣེ་ལེན་ཁང་བརྒྱུད་ནས་ཕེབས་པའི་གསར་འབྱོར་གང་ཙམ་འདུག། གཞི་ཆགས་ཁག་དུ་སློབ་སྦྱོང་ཁུངས་མི་འཁྱོལ་བ་ཚོ་དམག་མི་དང་ཚོང་གཡོག་ལས་གཞན་གང་ཡང་མེད་པ་རེད། ཡིན་ཡང་བོད་ནས་ཕེབས་པའི་ཡི་གི་མཐོང་མ་མྱོང་བ་དང་ལོ་བཅོ་བརྒྱད་ནས་གསུམ་བཅུ་བར་བསམ་བློ་མཐོང་ནས་སློབ་སྦྱོང་བྱེད་ན་མཐུན་
རྐྱེན་འདུག། དེ་ལས་ཅུང་བོད་བསྟན་པ་ཆབ་སྲིད་ཐོག་ཕྱག་ལས་གནང་བ་རྣམས་ལ་ཕྱི་རྒྱལ་ཁག་དུ་ཕེབས་རྒྱུའི་གོ་སྐབས་འདུག། གཞི་ཆགས་ཁག་དུ་སྡུག་དཀའ་ལས་རྒྱབ་ནས་དགོན་སྡེ་བཞེངས་བ་ཁག་ལ་སློབ་སྦྱོང་གནང་འདོད་ཡོད་ན་ང་དང་ཁྱོད་ཟེར་ས་མིན་འདུག། དེ་མིན་ལྷག་མ་རྣམས་གཅིག་པ་རེད། ང་གསར་འབྱོར་དང་རྙིང་འབྱོར་ཟེར་ས་མེད། ཚང་མ་མིའི་ལུང་པར་དཀའ་ངལ་ཡོད་རེད། ངའི་མཐོང་ཚུལ་ལ་ང་ཚོ་ཚང་མིའི་སེམས་ལ་གོང་ས་མཆོག་དང་ང་ཚོ་ཚང་མ་བོད་པ་ཡིན་བསམ་པའི་འདུ་ཤེས་གཅིག་མཚུངས་ཡིན་འདུག།
གཞན་གནས་དོན་མང་པོ་ཞིག་རང་ཉིད་ཚར་ལོང་བྱུང་སའི་ཁོར་ཡུག་གི་རྐྱེན་ཡིན།
གཅིག་བརྗེད་འདུག།ད་སྔ་བོད་གཞུང་ལ་སྒོར་མོ་བོག་གཏོང་གི་དཀའ་ངལ་ཡོད་ས་མ་རེད།ཉེ་ཆར་ནང་སྲིད་དྲུང་ཆེས་ས་འགོ་ཚོར་བཀའ་སློབ་འདི་འདྲ་གནང་སོང་(དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་ནང་གཞིས་ཆགས་ཁག་ཡར་རྒྱས་བསྲ་བརྟན་དང་དམིགས་བསལ་ལས་གཞི་ཁག་འདྲ་མིན་ཆེད།ཧིན་སྒོར་ས་ཡ་གཅིག་སྟོང་བརྒྱད་རྒྱ་ཙམ་གཏོང་གི་ཡོད་ནའང་།དེང་སང་ལས་གཞི་ཁག་ཇེ་ཉུང་དུ་ཕྱིན་ཏེ་བོག་གཏོང་སྒོར་མོ་ས་ཡ་བརྒྱད་རྒྱ་ཙམ་ལ་མར་ཆགས་ཡོད་པས།ལས་གཞི་རྒྱ་བསྐྱེད་བྱེད་དགོས་པ)གསུངས་ཡོད་ཅིང་།
ཡང་ནང་སྲིད་དྲུང་ཆེས་(བོད་གཞུང་གིས་རོགས་སྐྱོར་ཆེན་པོ་བྱས་ཏེ་ད་ཆ་གཞིས་ཆགས་ཁག་སྔོན་དང་བསྡུར་ན་ཡར་རྒྱས་ཆེན་པོ་བྱུང་ཡོད་རུང་།གཞིས་ཆགས་ཁག་གིས་ད་དུང་ཆུ་གློག་འཐེན་རྒྱུ་དང་འཕྲོད་བསྟེན།ཕྲུ་གུ་སློབ་འཇུག་དང་སྐྱོབས་གསོ་དགོས་པ་སོགས་གཞུང་ལ་རེ་ལྟོས་བྱེད་མཁན་ཤ་སྟག་ཡིན་པས།ད་ནི་གཞིས་ཆགས་ཁག་གིས་གཞུང་ཁོ་ན་ལ་རེ་ལྟོས་མི་བྱེད་པར་རང་ཁ་རང་གསོ་བྱེད་རྒྱུའི་དུས་ལ་བབ་ཡོད་)ཅེས་དང་།
ཡང་ཁོང་གིས་གཞིས་ཆགས་ཁག་གི་ས་ཁང་སྐོར་ལ་བཀའ་འདི་འདྲ་གནང་འདུག(ངེས་པར་གཞིས་ཆགས་ཁག་གི་ས་ཆ་ལ་བདག་ཡག་པོ་བརྒྱབ་དགོས་རེད་མ་གཏོགས།དེང་སང་གཞིས་ཆགས་ཁག་ནང་ས་ཆ་གཞི་རྒྱ་ཆེན་པོ་རྒྱ་གར་ཡུལ་མི་ཤོར་ཏེ་རྒྱ་གར་པས་བོད་མིའི་ས་ཐོག་ཏུ་ཞིང་རྨོ་བ་དང་ཁང་བརྩེགས་བརྒྱབ་ཡོང་དུས།གཞིས་མི་ཚོས་ཕར་དེ་འདྲ་མ་བྱེད་ཟེར་མི་ཐུབ་པར་གཞུང་དང་གཞུང་གིས་ཕན་ཚུན་སྐད་ཆ་བཤད་རོགས་ཞེས་བོད་གཞུང་ལ་ནམ་རྒྱུན་རེ་བ་བརྒྱབས་ཡོང་བ་ཐབས་སྐྱོ་རེད་)ཅེས་བཀའ་ཕེབས་སོང་།དེ་ཚོ་ཡོངས་གྲགས་བོད་གཞུང་དྲ་བརྙན་སྟེང་དང་བརྙན་འཕྲིན་སྟེང་བསྟན་གྱི་འདུག་
གོང་དུ་གསར་འབྱོར་གྱི་བདེ་སྡུག་ལ་བོད་གཞུང་གིས་དོ་སྣང་བྱེད་འོས་ཤེས་པར་སྤུན་ཟླ་ཚོས་རང་ཉིད་ཀྱི་བསམ་ཚུལ་སྣ་ཚཽགས་ཤིག་བརྗོད་འདུག་་་་་སྤྱིར་ངས་ཀྱང་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཡིན་པ་ཡིན་ན་བོད་གཞུང་གིས་ཅིག་ནས་དོ་སྣང་མ་བྱེད་པ་མ་རེད་བསམ་གྱི་འདུག་དྲང་པོར་ཞུ་པ་ཡིན་ན་ང་རང་ཡང་བོད་ནས་སླེབས་མྱོང་བའི་བོད་ཆུང་ཞིག་ཡིན་ཡིན་ཡང་སྐབས་རེར་གནས་ཚུལ་གང་འདྲ་ཡོང་མེད་ངས་མི་ཤེས་་་་་་་་་་་་་་་་་་་་་་་་་་་་གང་ལྟར་གསར་འབྱོར་དང་རྙིང་འབྱོར་ཅེས་བཤད་ནས་སྡོད་རྒྱུའི་དུས་ཚོད་རེད་མི་འདུག་སྐབས་རེར་གནས་ཚུལ་ཆུང་རིམ་བྱུང་ཡང་གཙོ་བོ་བོད་མི་རིགས་ཀྱི་འབྱུང་འགྱུར་ལ་བསམ་བློ་གཏོང་གིན་རྡོ་རྩ་གཅིག་བསྒྲིལ་བྱེད་ཡས་ནི་མེད་དུ་མི་རུང་བ་ཞིག་རེད་་་་་་་དྲང་པོ་ཞུ་བ་ཡིན་ང་ཚོའི་བོད་པའི་སྤྱི་ཚོགས་དེའི་ནང་ད་དུང་ལྟ་བ་རྙིང་པ་འཁྱེར་མཁན་གང་མང་འདུག་བསམ་གྱིན་་་་་དོངས་གནས་ཐབས་སྐྱོ་བོ་རེད་་་་་མཚམས་རེར་ཡིད་རེ་སྐྱོ་་་་་བསམ་བློ་གཏོང་ཕྱོགས་ཤིན་ཏུ་ནས་སྐྱོ་པོ་འདུག་་་་་་་་་་་
ཡོན་ཏན་ཆུང་བས་རྐྱོན་གྱིས་ང་ཚོའི་རང་དབང་ཤོར་བ་རེད་ད་དུང་ཡང་ཕྱིར་འབྲི་ཀློག་གི་སློབ་སྦྱོངས་ཅུང་ཡོད་ཀྱང་ནང་གི་བསམ་བློའི་སློབ་སྦྱོངས་དང་རྟག་དཔྱོད་ཤིན་ཏུ་སྐྱོ་པོ་ཡོད་པར་ངས་ཤེས་སོང་སོང་ཙང་སྐད་ཆ་གཅིག་བཤད་ཀྱང་དེར་བསམ་བློ་ལེགས་གཏིང་གཏོང་རོགས་མ་གཏོགས་ནམ་ཞིག་འགྱོད་པ་སྐྱེ་ན་ཕྱི་དྲགས་ཀྱི་རེད་ནང་ཁུལ་ཕན་མ་ཐོགས་ན་དཀྲུགས་ཤིག་ཅིག་ནས་མ་རྒྱབ་་་་་་་་་་་་་་་་་་་་་གལ་སྲིད་ཁྱེད་བོད་ཡིན་ངོ་མ་ཡིན་ན་་་་་་་་་་་་་་་་་་་་་་་་་་་་་་་བོད་ནམ་ཡང་གནས་ཀྱི་རེད་་་་་་་་་་་་་་་་སྤུན་ཟླ་ཚོ་ལངས་ཤོག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ང་ཚོ་ནམ་ཡང་ཡོད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བདེ་མོ་བྱོས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སྤྱིར་གཞིས་ཆགས་དང་གསར་འབྱོར་གཉིས་ཀྱི་ནང་ནས་གསར་འབྱོར་དང་། སྒོས་ཆོལ་ཁ་གསུམ་གྱི་ནང་ནས་ཨ་མདོ་ཚོ་ག་དུས་ཡིན་ཡང་གྱོང་འཁུར་དགོས་པ་སྔོན་ལས་ཞིག་ཡིན་ནམ།
གང་ལྟར་བོད་གཞུང་ནས་གནས་བཀོར་འཁོད་པའི་ཨར་སེ་དེ་ལ་ངེས་པར་དུ་འགན་འཁུར་དགོས་
དེ་ནི་གསར་འབྱོར་དེ་ཚོས་བཟོས་པ་མ་ཡིན་པར་བལ་ཡུལ་ནས་སྐད་འགྱུར་གི་བཟོས་པ་ཞིག་རེད།
འཁྱམ་པོ་ལགས་དང་བསམ་ཚུལ་བརྗེ་འདོད་བྱུང་།
༡། ང་ཚོས་གསར་འབྱོར་བར་རྙིང་འབྱོར་བཞིན་དུ་ཐོབ་ཐང་ཐོབ་ཀྱི་མེད། ཅེས་པ་དེ་མང་གཙོའི་སྤྱི་ཚོགས་ཀྱི་ཁྱད་ཆོས་གཞིར་བཟུང་སྨྲ་བརྗོད་རང་དབང་གིས་སྨྲས་པ་ལས། ཆུ་བཞི་སྒང་དྲུག་དང་བོད་སོག་ལས་ཁུངས་ཀྱི་སྐྱུག་བྲོ་བའི་བྱ་སྤྱོད་དང་མཚུངས་བསྡུར་གྱིས་ཆབ་སྲིད་ཀྱི་ངན་ཁག་དཀྲི་ཐབས་མ་བྱོས།
༢། བོད་མིའི་སྒྲིག་གིས་གསར་འབྱོར་བར་སྡུག་པོ་བཏང་བའི་གནས་ཚུལ་སུ་གཅིག་གི་མཆན་ནང་བཀོད་མི་འདུག ཡག་པོ་གཟིགས་དགོས།
༣། སྤྱི་འཐུས་ཀྱི་གསུམ་ཆ་གཅིག་ཙམ་གསར་འབྱོར་ཡིན་རུང་མིན་རུང་། རྩོམ་འདི་དང་མཆན་བརྒྱ་ཆ་གོ་དགུས་སྤྱིར་བཏང་གི་ཐོབ་ཐང་རྩོད་པ་ལས། སྤྱི་འཐུས་རྩོད་ཀྱི་མི་འདུག
༤། བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་ཆགས་སྲ་བརྟན་ཡོང་བའི་ལས་ཀ་རབ་དང་རིམ་པ་བྱས་ཡོད་པ་ནས་གསར་འབྱོར་བར་ཁེ་ཕན་གང་ཞིག་ཐོབ་ཡོད་དམ།
༥། ཕྱི་རྒྱལ་ཡོད་མཁན་བོད་མི་ནང་ནས་རང་བཙན་ལག་དེབ་སྤྲད་མཁན་བརྒྱ་ཆ་ཉུང་ཤོས་དེ་ཨོ་སི་ཀྲི་ལིས་ཡའི་གསར་འབྱོར་བ་ཆབ་སྲིད་བཙོན་པ་འདི་ཚོ་རེད། གསུངས་པ་དངོས་བདེན་ཡིན་མིན་ཆ་མ་འཚལ་ཡང་། ཨོ་སི་ཀྲོ་ལི་ཡར་ཆབ་སྲིད་ཀྱི་ཚབས་ཆེའི་གནས་ཚུལ་ཡོད་པ་དངོས་ཡོད་རེད།
༦། ཕྲུག་གུ་སློབ་གྲྭ་འཇུག་པ་ཡང་གསར་འབྱོར་གཞིས་ཆགས་བར་གནམ་སའི་ཁྱད་པ་ཡོད་པ་དེ་ཡང་རེད།
༧། ཁ་ཤས་ཀྱིས་གཞིས་ཆགས་གིས་གསར་འབྱོར་བ་མིང་ཐོག་ཁེ་བཟང་ཟ་ཡོད་རེད་ཟེར། དེ་ལྟར་ཡིན་ན་ཁྱོད་ཚོས་ཀྱང་བོད་ནང་གི་དཔའ་བོ་དཔའ་མོ་དེ་ཚོའི་མིང་འཁུར་ནས་སོ་སོར་འདོད་པ་མ་གོང་པའི་སྡུག་སྐད་རྒྱག་གིན་ཡོད་པ་མ་རེད་དམ།འདིར་གནས་སྐབས་ལན་འདེབས་མི་དགོས་པར་བྱས་ཡོད།
༨། འོང་ཀྱང་ང་ཚོ་སྐྱབས་བཅོལ་ཡོང་པའི་དམིགས་ཡུལ་ལྟོ་གོས་ཡག་པོའམ་རྩ་ཆུ་ཡག་ས་ཞིག་གི་ཆེད་དུ་ཡིན་ནམ། དེ་ལྟ་ཡིན་ན་ཡོང་ས་ནོར་བ་རེད། ག་སྲིད་བོད་མི་རིགས་ཀྱི་རང་དབང་ཆེད་དཀའ་ལས་རྒྱག་དགོས་བསམ་མཁན་ཡིན་ན་སྐྱབས་བཅོལ་ཡོང་བ་དེ་འགྲིག་པ་རེད། ཅེས་པར། རང་ཉིད་ལ་ལྟོ་གོས་ལེགས་ས་ཞིག་ཐོབ་པའི་འབད་བརྩོན་ཉིན་མཚན་དུས་དྲུག་བྱེད་མཁན་རྣམས་ཀྱིས། ཁ་སྟབས་སྐྱོ་བའི་མི་ལ་དེ་འདྲ་གསུངས་སྟངས་འདི་བཙན་འཛུལ་བ་རྣམས་ཀྱིས་བཅིངས་འགྲོལ་གཏོང་བར་ཡོང་ཚུལ་བཤད་པ་དང་གཅིག་མཚུངས་རེད།
༩། གཞིས་ཆགས་ཁག་རྣམས་མི་ལོ་ལྔ་བཅུ་ལྷག་གསོས་ཀྱང་ད་དུང་མགོ་ཐོན་མེད་པར་གསོག་སྒར་སློབ་གྲྭའི་ལོ་ལྔའི་དུས་ཡུན་གྱིས་མི་མགོ་ཇི་ལྟར་ཐོན་ནམ།
༡༠། ད་རུང་མི་གཅིག་གིས་རང་བཙན་ལག་དེབ་ག་རེ་བྱེད་ནས་སྤྲད་དགོས་རེད་ཟེར། ཞེས་པར། ངས་བཏབ་པའི་མཆན་འདི་ཡིན། བོད་མིའི་སྒྲིག་འཛུགས་ཀྱིས་གསར་འབྱོར་བར་དམིགས་བསལ་ལྟ་རྟོགས་བྱེད་རྒྱུའི་རྣམ་འགྱུར་གང་ཡང་མེད་པས། ཚུར་འགན་འཁུར་མེད་པའི་རང་དབང་ལག་དེབ་ཀྱི་དཔྱ་ཁྲལ་གང་གི་ཕྱིར་དུ་བསྡུ་བཞེས་གནང་གི་ཡོད་དམ། ཞེས་པ་འདི་ལེགས་པར་གཟིགས་དང་། མི་མང་གིས་གཞུང་ལ་དཔྱ་ཁྲལ་འཇལ་བའི་དོན་གནད་གཙོ་བོ་དེ་གཞུང་གིས་མི་མང་ལ་འགན་འཁུར་བླངས་དགོས་པ་རེད། གནད་དོན་འདི་ངས་གསལ་བཤད་བྱས་པ་ལས། དཔྱ་ཁྲལ་འཇལ་རྒྱུ་མིན། ཞེས་བཤད་མེད། ད་དུང་། ཧོན་སྒོར་༤༦གིས་བོད་མི་ཡིན་པའི་ལག་འཁྱེར་ཉོས་ནས་མ་འོངས་ཁྱོད་རང་ཕྱི་རྒྱལ་འགྲོ་དུས་ཆབ་སྲིད་ལས་ཀ་བྱས་པའི་སྒྲུང་རྫིན་མ་དང་མཉམ་དུ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན། བོད་མི་མིན་པ་དེ་ཚོས་ཧིན་སྒོར་འབུམ་སྤྲོད་རུང་ཉོ་མི་ཐུབ་པའི་ལག་འཁྱེར་དེ་ཡང་ཡུས་བཤད་ས་ཆགས་པ་ཡིན་ན། བོད་གཞུང་གིས་ངོ་མ་ཁྱོད་ཚོའི་འདོད་པ་ནམ་བཞིན་བྱས་ཐུབ་རུང་ཕན་མེད་ཡིན་རྒྱུ་རེད། ཅེས་པས་ཁྱོད་ཀྱིས་བྱ་སྤྱོད་ངན་པ་དྲིས་ནས་མ་བཤད་སྒུག་ནས་བཤད། ཅེས་པ་ལྟར་གསལ་སྟོན་བྱས་འདུག རང་དབང་ལག་དེབ་དེ་ཕྱི་རྒྱལ་དུ་སྐྱབས་བཅོལ་ཆེད་བཟོས་པ་དང་། བོད་མི་མ་ཡིན་པ་རྣམས་ལ་ཧིན་སྒོར་འབུམ་བྱས་ནས་བཙོང་རབས་གྲགས་པ་དེ་ཁྱོད་ཡིན་ངེས་འདུག
༡༡།རྫ་ཚེ་རིང་བཀྲ་ཤིས་ཁྱོད་རང་གྲྭ་པའི་སྐད་ཆ་མ་བཤད་པར་འཇིག་རྟེན་མི་སྐྱ་བོའི་སྐྱིད་སྡུག་ལ་བརྟག་ཞིབ་བྱས་ཏེ་ཤོད།
༡༢། རྩོམ་འདི་དང་མཆན་འདི་རྣམས་གསར་འབྱོར་བ་དང་རྙིང་འབྱོར་གྱི་འཐབ་འཁྲུག་ཆེད་དཀྲུགས་ཤིང་ཡིན་ཚུལ་ཤོད་པོ་རྣམས་ནི། དོན་དངོས་ཀྱི་མང་གཙོའི་གོ་རྟོགས་མེད་ཅིང་། ཤེས་རྒྱ་གང་ཡང་མེད་པའི་བློ་སྦུག་དོག་པའི་མི་སྣ་ཤ་སྟག་ཡིན།
ཇོ་ཇོ་ལགས་ནས་གནད་འགག་ཅན་གྱི་བཀའ་མོལ་ཅིག་ཕེབས་འདུག དགའ་བསུ་ཆེན་པོ་ཡོད།
ང་རང་བསམ་པར་གསར་འབྱོར་ནང་རྐུན་ཇག་དང་མི་གསོད་སོགས་མང་པོ་ཅིག་རྒྱ་གར་ནང་སླེབས་ཡོད་པ་ཕུད།གསར་འབྱོར་བརྒྱ་ཆ་དགུ་ཅུ་རང་བདེ་དོན་གཉེར་གྱིས་རྩ་ཡག་ས་དང་ཆུ་བཟང་སར་རྒྱ་གར་དུ་ཡོང་བསྡད་པ་ཅིག་ཏན་ཏན་མ་རེད།སོ་སོ་བོད་ནང་ཡོད་དུས་ནས་རྒྱ་གར་ནང་འཚོ་བ་སྐྱོ་བོ་ཡིན་པ་ཤེས་ཀྱི་ཡོད།
གལ་ཏེ་གསར་འབྱོར་ཚོས་རྒྱ་གར་ནང་བོད་ལས་འཚོ་བ་ཡག་པོ་རེད་བསམ་ན་ནོར་འཁྲུལ་རེད།དཔལ་འབྱོར་གྱི་ཆ་ནས་རྒྱ་གར་ནག་གཉིས་ལ་ཁྱད་པར་ཆེན་པོ་འདུག་ག།དྲང་མོ་བཤད་ན་ང་ཚོའི་འདི་གར་བོད་གཞུང་གི་ལས་བྱེད་མཐོ་ཤོས་གྲས་ལ་གླ་ཆ་བོད་ནང་མི་ཚང་དཀྱུས་མ་ཅིག་གི་དབྱར་རྩ་དགུན་འབུའི་ཡོང་འབབ་ཙམ་ཡོད་པ་མ་རེད་ད།
དེ་འདྲ་སོང་གསར་འབྱོར་ཚོ་རྒྱ་གར་ལ་ཟ་རྒྱུ་འཐུང་རྒྱུའི་ཆེད་ཡོང་རེད་ཅེས་ན་ནོར་པ་རེད།ཐུབ་རུང་མ་ཐུབ་ཀྱང་འཇོན་ན་མ་འཇོན་ན་བོད་དོན་དང་༧གོང་ས་སྙིང་ལ་བཅིངས་ཏེ་རྒྱ་མིར་ཁ་གཏད་ལངས་ནས་ཡོང་རེད།
གོང་གི་མཆན་བུ་སོགས་ཀྱི་ནང་བདེན་རྫུན་གཉིས་ཀ་འདུག་མོད། ཡིན་ན་ཡང་མང་པོ་ཞིག་རང་གི་བདེ་སྡུག་དང་ཆགས་སྡང་སོགས་ཡིན་བགྱི་རེད་སྙམ། དྲང་པོ་བཤད་ན་བོད་གཞུང་གིས་གསར་འབྱོར་བར་བལྟ་རྟོགས་མ་བྱས་པ་དང་། གོང་བཤད་བཞིན་གཟིགས་སྟངས་ངན་པ་དེ་འདྲ་རང་ཡོད་རྒྱུ་མ་རེད་སྙམ། འོན་ཀྱང་ཡག་པོ་ཞེ་དྲག་བྱས་སོང་ཞེས་ལབ་ཐུབ་པ་མི་འདུག དཔེར་ན། གཞིས་ཆགས་ཁག་ལ་ལོ་ལྟར་འགྲོ་སོང་ཕོན་ཆེན་དེ་འདྲ་བཏང་རུང་གསར་འབྱོར་བ་ཚོར་སྡོད་ཁང་གཅིག་ཀྱང་བརྒྱབ་ཡོད་མ་རེད། དེ་ནས་གྲོས་ཚོགས་ནང་དང་ས་འགོ་ཚོགས་འདུའི་སྐབས་གསར་འབྱོར་བའི་བདེ་སྡུག་སྐོར་གྲོས་ཆོད་ཅིག་ཀྱང་མ་བཞག་པ་ནི་ཧ་ཅང་བློ་ཕམ་དགོས་པ་ཞིག་རེད་འདུག དེ་བརྟེན་བཙན་བྱོལ་སྤྱི་ཚོགས་དང་བོད་མིའི་འཐབ་རྩོད་འདི་རྒྱུན་གནས་ཐུབ་དགོས་ན་བོད་གཞུང་གཞིས་ཆགས་ཁོ་ནར་མགོ་མ་འཁོར་བར་གསར་འབྱོར་བ་ཚོ་ལ་ཡང་གཟིགས་རྟོགས་ལེགས་པོ་གནང་དགོས་པ་ནི་ཧ་ཅང་གལ་ཆེར་མཐོང་།
གསར་འབྱོར་ཆོ༹འི་དཀའ་ངལ་དག་གསལ་བོ་ཞིག་བྲིས་འདུག།
སྐད་ཆ་འདི་དག་གསར་བ་ཅང་མ་རེད།སྔོན་ཆད་ནས་གླེང་བཞིན་ཡོད་པ་རེད།
ཡིན་ནའང་།སྐད་ཆ་འདི་དག་བཤད་ཤེས་མཁན་ཡོད་པ་མ་གཏོགས་ལག་ལེན་ཏུ་སྟེར་མཁན་ཧ་ཅང་མྱུང་བ་རེད།
ཇོ་ཇོ་ལ་ལན།
སྤྱི་ང་རང་ཡང་གསར་འབྱོར་ཡིན། ངས་བཤད་པ་དེ་ཚོ་ཁུངས་མེད་བཤད་པ་མིན་བསམ། རེ་རེ་བཞིན་གསལ་བཤད་དུ།
༡། ང་ཚོས་གསར་འབྱོར་བར་རྙིང་འབྱོར་བཞིན་དུ་ཐོབ་ཐང་ཐོབ་ཀྱི་མེད། ཅེས་པ་དེ་མང་གཙོའི་སྤྱི་ཚོགས་ཀྱི་ཁྱད་ཆོས་གཞིར་བཟུང་སྨྲ་བརྗོད་རང་དབང་གིས་སྨྲས་པ་ལས། ཆུ་བཞི་སྒང་དྲུག་དང་བོད་སོག་ལས་ཁུངས་ཀྱི་སྐྱུག་བྲོ་བའི་བྱ་སྤྱོད་དང་མཚུངས་བསྡུར་གྱིས་ཆབ་སྲིད་ཀྱི་ངན་ཁག་དཀྲི་ཐབས་མ་བྱོས།
དེའི་ལན། ཐོབ་ཐང་བརྩོད་པ་ནི་འབངས་མིའི་མང་གཙོ་ཐོབ་ཐང་ཡིན། དགོས་ངེས་ཞིག་རེད། བརྩོད་མ་ཐུབ་ན་རང་གི་ལས་འགན་མ་འགྲུབ་པ་རེད་བཅས་བཤད་རུང་མ་ཆོག་པ་མེད། དེ་བཞིན་རྒྱལ་ཁབ་ལ་ལྷག་བསམ་དགོས་པ་ཡང་འབངས་མིའི་མེད་དུ་མུ་རུང་པའི་འོས་འགན་ཡིན། དེ་སྔོན་ཆུ་བཞི་སྒང་དྲུག་གིས་ཀྱང་རྒྱུ་མཚན་འདྲ་མིན་བཤད་ནས་བོད་རྒྱལ་ཁབ་དང་མི་རིགས་ལ་ངོ་ལོག་པ་དེ་འདྲ་ཆགས་པོ་བཟོ་ཐབས་དང་མི་མང་ཚོ་རྗེས་སུ་བཀུག་ཐབས་བྱེད་ཀྱི་ཡོད། ཇོ་ཇོ་ལགས་ཀྱིས་ཐོབ་ཐང་བརྩོད་པ་ཡིན་ཟེར་པའི་མཆན་ནང་བོད་བཞུང་ཡོད་བཞིན་དུ་། གསར་འབྱོར་ཚོས་དུས་རབས་ཉི་ཤུ་རྩ་གཅིག་པའི་བོད་མི་བཙན་བྱོལ་བའི་སྒྲིག་འཛུགས་ཞིག་འཛུགས་དགོས།ཟེར་བ་དང། གསར་འབྱོར་བ་རྣམ་དུས་གཅིག་དུ་ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ལོག་རྒྱུ་བཅས་གཞུང་གསར་བཙུགས་དང་རྒྱལ་ཁབ་ངོ་ལོག་གི་སྐུལ་སློང་ངམ་ཐོབ་ཐང་ཟེར་བ་དེ་བརྩོད་པ་མ་ཚད། དེ་ལས་ཡ་མཚན་པ་ཞིག་ལ། མཆན་འབྲི་མཁན་བོད་མི་ཚང་མས་དེ་འདྲའི་སྐད་ཆ་ལ་སྣང་མེད་ཡ་རབ་བྱེད་ནས་བཞག་པ་དང་བསྟུན། དམངས་གཙོའི་བོད་གཞུང་ལ་བརྡ་སར་དཔོན་ངན་ཚོ་ཟེར་་བ་དང་། གསར་འབྱོར་ཚོས་རྡ་སར་རེ་བ་བྱས་ན་ལྐུགས་པ་རེད། གསར་འབྱོར་བའི་དཀའ་ངལ་རྡ་སས་མ་མཐོང་པ་དང་། མ་ཤེས་པ་མ་རེད། རྡ་སར་གསར་འབྱོར་བ་ལྟོགས་ཤི་ཐེབས་བའི་ལོ་རྒྱུས་བྱུང་བ་རེད། སྒྲིག་འཛུགས་འདི་ལ་དགོས་པ་རྒྱུ་ནོར་ཡིན་པ་ལས། བོད་མི་དམངས་དང་། བོད་མི་རིགས་མིན་པ། འདི་ཚོས་ད་བར་བོད་མི་ས་ཡ་དྲུག་གི་ཐོབ་ཐང་ལེན་ནས་བཟས་པ་ལས། ལས་འགན་གང་ཡང་གྲུབ་མེད་པ། ཁ་ཡོད་ལག་ཡོད་ཀྱིས་བོད་མི་དམངས་ལ་ཕན་པའི་གསང་སྤྱོད་གཅིག་ཡང་མེད་པ་ང་ཚོ་ཚང་མས་ཤེས་ཀྱི་ཡོད་བཅས་བོད་གཞུང་དམངས་བར་དཀྲུག་ཤིན་རྒྱག་པ་དང་། གསར་འབྱོར་དེ་ཚོ་མེད་པ་བཟོ་བའི་ཆ་གཞི་བརྟེན་མཁན་ཟམ་གདོང་རིན་པོ་ཆེ་རེད་བཅས་མང་གཙོ་ལམ་ནས་བྱུང་པའི་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་དངོས་གསལ་དོད་པོ་དམའ་འབེབས་དང་དཀྲུག་ཤིན་རྒྱག་པ་དེ་ཚོ་ཞི་བདེ་བབག་ཕེབས་ཀྱི་སྐབས་སྣང་་མེད་བྱས་ན་འགྲིག་མིན་མི་ཤེས་ཏེ། བོད་མི་རིགས་འཆི་གསོན་ཆགས་འཇིག་གི་སྐབས་འདིར། ཐོབ་ཐང་དང་འབྲེལ་བ་མེད་ཞིང་བོད་མི་རིགས་རྡོག་རྩ་ཆིག་སྒྲིལ་ལ་ཕུག་དཀྲུག་མདའ་དཀྲུག་བཟོ་མཁན་དེ་ཚོ་སྣང་ཆུང་བྱེད་ཡ་མེད་པའམ་ལེན་འདེབས་མེད་པ་སྤྱི་ཚོགས་ནང་ཤུགས་རྐྱེན་ཐེབ་བཅུག་ན་འགན་མ་འཁུར་པའི་བྱ་སྤྱོད་ཞིག་ཡིན་ནམ། ཆུ་བཞི་སྒང་དྲུག་གི་བྱ་སྤྱོད་དམ་བྱེད་སྟངས་བར་ཁྱད་པ་ག་རེ་འདུག་གམ།
༢། བོད་མིའི་སྒྲིག་གིས་གསར་འབྱོར་བར་སྡུག་པོ་བཏང་བའི་གནས་ཚུལ་སུ་གཅིག་གི་མཆན་ནང་བཀོད་མི་འདུག ཡག་པོ་གཟིགས་དགོས།
ལན། སྡུག་པོ་བཏང་ཟེར་བའི་ཚིག་དེ་མེད་པ་མ་གཏོགས་གོང་ནས་བརྗོད་པའི་ཚིག་གི་གོ་དོན་དེ་མིན་ནམ།
༣། སྤྱི་འཐུས་ཀྱི་གསུམ་ཆ་གཅིག་ཙམ་གསར་འབྱོར་ཡིན་རུང་མིན་རུང་། རྩོམ་འདི་དང་མཆན་བརྒྱ་ཆ་གོ་དགུས་སྤྱིར་བཏང་གི་ཐོབ་ཐང་རྩོད་པ་ལས། སྤྱི་འཐུས་རྩོད་ཀྱི་མི་འདུག
ལན། ཁྱེད་ཀྱིས་གསུང་པ་བཞིན། ང་ཚོ་ནི་དམངས་གཙོའི་གཞུང་ཞིག་རེད། ཐོབ་ཐང་བརྩོད་དུས་ཁྲིམས་དང་བསྟུན་ནས་འགྲོ་དགོས་པས། ་སྤྱི་འཐུས་ཀྱིས་ཁྲིམས་མ་བཟོས་ན་དྲྭ་ཐོག་ནས་དཔོན་ངན་བཅས་བརྗོད་པའི་བོད་གཞུང་གི་ལས་བྱེད་ཚོས་རང་དགའ་ཡིས་ཐག་གཅོད་བྱེད་པའི་དབང་ཆ་དང་ཐོབ་ཐང་མེད་པ་མི་ཤེས་སམ།
༤། བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་ཆགས་སྲ་བརྟན་ཡོང་བའི་ལས་ཀ་རབ་དང་རིམ་པ་བྱས་ཡོད་པ་ནས་གསར་འབྱོར་བར་ཁེ་ཕན་གང་ཞིག་ཐོབ་ཡོད་དམ།
ལན། གཞིས་ཆགས་ནི་བཙན་བྱོལ་བོད་གཞུང་ཡུན་གནས་ཀྱི་གཞི་བརྟན་ཡིན། གཞིས་ཆགས་མེད་ན་བོད་གཞུང་དེ་ག་འདྲ་ཆགས་རྒྱུ་ཡིན་པ་ཤེས་ཚོད་རེད། གསར་འབྱོར་ནི་ཁྲིམས་ཐོག་ནས་གཞིས་ཆགས་མེད་པའི་ཁ་ཐོར་བ་དང་འདྲ་བོ་ཡིན་པས། ད་ལྟ་ཡིན་རུང་༡༩༥༩ལོར་ཡོང་པའི་གཞིས་ཆགས་ཁག་གཅིག་ཁ་ཐོར་གྱི་གནས་འབབ་གནས་ནས་གཞིས་ཆགས་ཀྱི་ཐོབ་ཐོང་རག་མེད་པ་དེ་ཚོ་དང་གཅིག་མཚུངས་ལྟ་བུ་རེད། ཁ་ཐོར་ལ་སྐྱོབས་གསོ་འདྲ་བོ་མ་གཏོགས་བསྲ་བརྟན་ཟེར་པའི་གཞི་མེད་ལ། རྒྱ་གར་གྱི་ཁྲིམས་ཐོག་ནས་རང་སྐྱོང་གི་ལམ་ལུགས་གཞི་བཟུང་བོད་གཞུང་གཞིས་ཆགས་ཁོངས་སུ་མ་གཏོགས་འཁྱབ་ཁོངས་སུ་ཚུད་ཐབས་མེད། དཔེ་ན་གཞིས་ཆགས་དུ་ལམ་བཟོ་ཁང་པ་འགེབས་པ་སོགས་གཞུང་ནས་གང་མཚམས་ཐག་གཅོད་ཆོག་རུང་། ཁ་ཐོར་གནས་ཡུལ་ལ་དེ་འདྲ་མིན། དེ་ལྟར་གཙོ་བོར་གཞི་ཆགས་སོགས་བརྟན་གཞི་མེད་པར་སྲ་བརྟན་ཟེར་པའི་གཞི་འཛིན་ས་མེད། ལྷག་པར་གཞི་ཆགས་སྲ་བརྟན་ནི་བོད་གཞུང་ཡུན་གནས་དང་དོན་དམ་གྱི་འགན་དབང་ལག་ལེན་བྱེད་པའི་གཞི་རྩ་ཡིན་པས། གཞིས་ཆགས་སྲ་བརྟན་སོང་ན་གཞུང་བརྟན་པོ་ཆགས་ངེས་ཡིན་ཞིང་། གཞུང་དང་དམངས་གི་ཆ་ལག་ཡང་ཚང་བས་གཞུང་ཟེར་དུས་མིང་ཙམ་མིན་པར་དོན་དམ་གྱི་གཞུང་ཆགས་ངེས། དེ་ལྟར་བྱུང་ན་གསར་འབྱོར་ཙམ་མིན་པར། བོད་མིའི་རྩ་དོན་དང་བོད་མི་རིགས་རང་དབང་འཐབ་བརྩོད་ལ་ཁེ་ཕན་ཆེན་པོ་ཡོད་པ་ཤེས་སླར། བྱས་ཙམ་གཞིས་ཆགས་སྲ་བརྟན་ཆགས་ན་བོད་མི་རིགས་ཡངས་ལ་ཕན་ཐོག་ཡོད་བཅས་ཞུ་རྒྱུ་ཡིན།
༨། འོང་ཀྱང་ང་ཚོ་སྐྱབས་བཅོལ་ཡོང་པའི་དམིགས་ཡུལ་ལྟོ་གོས་ཡག་པོའམ་རྩ་ཆུ་ཡག་ས་ཞིག་གི་ཆེད་དུ་ཡིན་ནམ། དེ་ལྟ་ཡིན་ན་ཡོང་ས་ནོར་བ་རེད། ག་སྲིད་བོད་མི་རིགས་ཀྱི་རང་དབང་ཆེད་དཀའ་ལས་རྒྱག་དགོས་བསམ་མཁན་ཡིན་ན་སྐྱབས་བཅོལ་ཡོང་བ་དེ་འགྲིག་པ་རེད། ཅེས་པར། རང་ཉིད་ལ་ལྟོ་གོས་ལེགས་ས་ཞིག་ཐོབ་པའི་འབད་བརྩོན་ཉིན་མཚན་དུས་དྲུག་བྱེད་མཁན་རྣམས་ཀྱིས། ཁ་སྟབས་སྐྱོ་བའི་མི་ལ་དེ་འདྲ་གསུངས་སྟངས་འདི་བཙན་འཛུལ་བ་རྣམས་ཀྱིས་བཅིངས་འགྲོལ་གཏོང་བར་ཡོང་ཚུལ་བཤད་པ་དང་གཅིག་མཚུངས་རེད།
ལན། དེ་འདྲ་རང་མ་རེད། ང་ཡང་གསར་འབྱོར་ཡིན། ལོ་གཉིས་གསུམ་སྔོན་ལ་རྡ་ཤོད་གཟའ་ཉི་མའི་ཁྲམ་གྱི་དོ་ལོག་རྙིང་པ་རེད་མ་གཏོགས་ལོ་མང་པོར་གོས་གསར་པ་ཉོ་མ་མྱོང་། ངས་ག་དུས་ཡིན་རུང་རྡ་ས་ནི་བོད་མི་རིགས་ཀྱི་འཐབ་བརྩོད་བྱེད་མཁན་དང་ཆོས་ངོ་མ་ཉམས་ལེན་བྱེད་མཁན་གྱི་བསྡོས་ས་མ་གཏོགས་ལྟོ་གོས་འཚ་ེ་ས་ཡག་པོ་ཞིག་ཡིན་པ་ངོས་འཛིན་མེད། གོང་ནས་མཆན་འབྲི་མཁན་ཚོས་བཤད་པ་ནམ་བཞིན་ལྟོ་གོས་ཆེད་ཡིན་ན་ཕྱི་རྒྱལ་ལ་རྒྱུག་པའམ་ཕ་ཡུལ་ལོག་ན་ཡག དེ་བཞིན་ལོ་མང་རིང་གི་མཐོང་ཐོས་ལ་གསར་འབྱོར་མང་ཆེ་བས་(གཞིས་ཆགས་ཡང་གཅིག་མཚུངསཡིན)རྡ་ས་ནི་ཕྱི་རྒྱལ་འགྲོ་མ་ཐུབ་པའི་སྔོན་ལ་གནས་སྐབས་ཀྱི་བསྡོད་གནས་མ་གཏོགས་བོད་གཞུང་ལ་ཞབས་ཞུ་བྱེད་ནས་བསྡོད་མཁན་ཉུང་ཉུང་རེད། དེ་འདྲ་ཡིན་དུས་བོད་གཞུང་གིས་ནུས་པས་འདངས་ན་རོགས་ཕན་བྱེད་དགོས་ངེས་ཡིན་རུང་། ཐོབ་ཐང་ཡིན་འདོག་འདོག་བྱེད་དུས་ཏད་ཙན་ཡ་མཚན་འདུག་བཅས་ཞུ་རྒྱུ་ཡིན། དེ་ང་རང་སྒེར་གྱི་བསམ་ཚུལ་རེད།
༩། གཞིས་ཆགས་ཁག་རྣམས་མི་ལོ་ལྔ་བཅུ་ལྷག་གསོས་ཀྱང་ད་དུང་མགོ་ཐོན་མེད་པར་གསོག་སྒར་སློབ་གྲྭའི་ལོ་ལྔའི་དུས་ཡུན་གྱིས་མི་མགོ་ཇི་ལྟར་ཐོན་ནམ།
ལན། ལོ་ལྔར་རིན་མེད་ཐོག་ཟས་གོས་ཚང་མ་བཏང་ནས་སློབ་སྦྱང་སྤྲད་པ་་ད་རུང་མ་འགྲིག་ན་ག་རེ་བྱེད་དགོས་རེད།
དོན་ཚན་༡༠པའི་ལན། དམངས་གཙོ་རྒྱལ་ཁབ་ག་རེ་ལ་ཧིན་སྒོར་༤༦སྤྲད་ནས་གོང་གི་ཐོབ་ཐང་དེ་ཚོ་རག་གིན་འདུག མ་ཚད་ང་ཚོ་ནི་རང་བཙན་ཤོར་པའི་མི་རིགས་ཞིག་ཡིན་པས། རང་དབང་དངས་བླངས་དཔྱད་ཁྲ་དེ་མི་རིགས་རྩ་དོན་བརྩོད་ཆེད་ཞབས་འདེབས་འདྲ་བོ་ཡིན་མ་གཏོགས་ཁྲལ་ཟེར་བ་དེ་འདྲ་མ་རེད། བོད་གཞུང་གིས་གསར་འབྱོར་ལ་དམིགས་གསལ་མེད་པ་རྩ་བ་ནས་མ་རེད། འདོད་པ་གོང་བ་ཞིག་བྱུང་མེད་པ་ཡང་བདེན་པ་རེད། འོང་ཀྱང་འདོད་པ་གང་བ་ཞིག་ཡང་བ་ཁག་པོ་རེད། སྐྱབས་བཅོལ་ཡིན་པ་མ་ཚད། དེ་ལས་སྷག་པར་རང་དབང་བརྩོད་ལེན་གྱི་འགན་ཆེན་པོ་ཡོད་དུས། མ་རྩ་འདྲ་བོ་ཡོད་རུང་གཙོ་བོར་ཆབ་སྲིད་འཐབ་བརྩོད་ལ་བཏང་དགོས་ངེས་ཡིན་པ་ནི་སྨོན་མེད་ཀྱི་ཤེས་བྱ་ཞིག་ཡིན།
༡༡།རྫ་ཚེ་རིང་བཀྲ་ཤིས་ཁྱོད་རང་གྲྭ་པའི་སྐད་ཆ་མ་བཤད་པར་འཇིག་རྟེན་མི་སྐྱ་བོའི་སྐྱིད་སྡུག་ལ་བརྟག་ཞིབ་བྱས་ཏེ་ཤོད།
ལན། དེ་བཞིན་སྐྱ་བོ་ཚོ་ཡང་མི་རིགས་སྤྱིའི་གནས་སྟངས་ལ་བསམ་ཞིབ་བྱས་ནས་སྐད་ཆ་བཤད་ན་ལེགས།
དོན་ཚན་གཞན་ཚོ་ལན་རྒྱག་དགོས་མ་མཐོང་།
གོང་གི་མཚན་ཁ་ཤས་ནང་གསར་འབྱོར་རྐུན་ཇག་དང་མི་གསོད་སྐོར་གསུངས་འདུག དེའི་སྐོར་ཕྲན་གྱི་རྒྱུས་ང་ཕྲན་ཙམ་ཞུས་ན།། ཡོངས་གྲག་གི་རྐུ་མ་ཁ་ཤས་བོད་གཞུང་བདེ་སྲུང་ལས་ཁུང་རྒྱུས་རྒྱ་དཀར་དམག་སྒར་ཨང་ ༢༢་ནང་བཏང་འདུག ཡོངས་གྲག་གི་མི་གསོད་མཁན་ཡང་། བོད་གཞུང་བདེ་སྲུང་ལས་ཁུང་རྒྱུས་ Australia ཁ་ཤས་བཏང་འདུག ཁ་ཤས་ཚོང་གི་མ་རྩ་གནང་ནས་རྒྱ་དཀར་དང་བལ་ཡུལ་ནང་ཚོང་ཁང་དང་། ཟ་ཁང་གི་ཚོང་ལས་གནང་མུས་རེད། ཇག་པ་ཟེར་བ་དེ་སྔོན་གྱི་སྐད་ཆ་མིན་འགྲོ གསར་འབྱོར་ནང་གོ་མ་མྱོང་།།
འཁྱམ་པོ་ལགས་བཀྲིས་བདེ་ལེགས། ཁྱེད་ཀྱི་མང་པོ་ཞིག་གསུང་འདུག་ཡང་དེའི་ནང་ནས་དོན་འདི་གཉིས་ལ་དྲི་ལན་ཐུང་ཙམ་ཞུ།
༡༽༼གསོག་སྒར་སློབ་གྲྭའི་ལོ་ལྔའི་དུས་ཡུན་གྱིས་མི་མགོ་ཇི་ལྟར་ཐོན་ནམ།
ལན། ལོ་ལྔར་རིན་མེད་ཐོག་ཟས་གོས་ཚང་མ་བཏང་ནས་སློབ་སྦྱང་སྤྲད་པ་་ད་རུང་མ་འགྲིག་ན་ག་རེ་བྱེད་དགོས་རེད།༽ བོད་གཞུང་སྣེ་ལེན་ཁྱབ་ཁུང་དང་གསོག་སྒར་སློབ་གྲའི་འགྲོ་སོང་བཏང་མཁན་ནི། ཨ་རིའི་དམངས་གཙོ་ཚོགས་པ་ཡིན་པ་ལས་བོད་གཞུང་མ་རེད་ལགས། ཨ་རིའི་དམངས་གཙོ་ཚོགས་པས་ལོ་རེར་ཨ་རིའི་སྒོར་མོ་ས་ཡ་གཅིག་དང་བཞི་སྟོང་། གསར་འབྱོར་རང་ལ་དམིགས་ནས་བཏང་བ་ཡོངས་གྲག་རེད་ལགས། དེའི་ནང་ནས། བཀའ་ཤག་དང་། ནང་སྲིད། བདེ་སྲུང་། ལས་ཁུང་གསུམ་གྱི་རྒྱ་ཆ་༦༠་ཙམ་ཟ་ཞིན་པ་དེ་ཡང་ཁྱོད་ཀྱི་མ་ཤེས། དེར་འཁྱམ་པོ་ཁྱོད་ཀྱིས་རའི་རིལ་མ་ལ་ལུག་གི་ངོ་སོ་རང་རེད་ལགས། ཁྱོད་ཚེ་རིང་ལོ་བརྒྱ་ལོ།
༢༽༼གཞིས་ཆགས་སྲ་བརྟན་ཆགས་ན་བོད་མི་རིགས་ཡངས་ལ་ཕན་ཐོག་ཡོད་བཅས་ཞུ་རྒྱུ་ཡིན།༽
རྒྱ་དཀར་གྱི་ཁྲིམས་ལུག་ནས་བྱས་ན། བོད་མིར་ས་ཞིང་བདག་དབང་དེ་ལོ་༩༩་ཡིན་པ་ཡོད། ཡིན་ཡང་ལོ་ངོ་༦༠་ནང་གཞིས་ཆགས་ས་བརྟན་མ་བྱུང་བར། ད་ལོ་ག་ཚོད་ནང་གཞིས་ཆགས་ས་བརྟན་ཡོང་གི་རས།།
རྩོམ་མང་ཆེ་བར་རྒྱབ་སྐྱོར་ཡོད། དེ་ནི་ངས་འཇིག་རྟེན་སྤྱི་ལུགས་དང་བསྟུན་པ་ཞིག་ལགས།
ཡག་པོ་བྲིས་འདུག་ མུ་མཐུད་དུ་འབད་རོགས
སྐྱིད་ཆུ་ཚང་ལ།
བོད་གཞུང་གིས་བཏང་པའི་དངུལ་ཆ་ཚང་བཀོས་དང་ཞབས་འདེབས་ཤ་སྟགས་རེད་མ་གཏོགས་བོད་གཞུང་རང་གིས་བཟོས་པའི་དངུལ་མ་རེད། ཁྱོད་རང་གིས་བཤད་སྟངས་ལྟར་ན་བོད་གཞུང་གིས་གཞིས་ཆགས་སྲ་བརྟན་གྱི་དངུལ་ཡང་འཛམ་གླིང་ཐོག་གི་སྦྱིན་བདག་ག་གེ་མོ་ཞིག་གིས་གནང་བ་རེད་མ་གཏོགས་བོད་གཞུང་གིས་མ་རེད། ཤེས་དགོས་པ་ཞིག་ལ། ཨ་རི་སྐྱོབས་གསོ་ལས་ཁང་མ་རེད། བོད་གཞུང་ལ་སྤྲད་པའི་དངུལ་དེ་གསར་འབྱོར་བའི་མིང་ཐོག་གམ་ཆོས་་དང་རིག་གཞུང་གི་མིང་ཐོག་སོགས་མིང་ག་རེ་བཏགས་རུང་། ཨ་རིས་གཞུང་གིས་༧གོང་ས་མཆོག་དང་བོད་་གཞུང་གི་གདོང་ལ་ལྟས་ནས་རོགས་བྱེད་པ་རེད་མ་གཏོགས་གསར་འབྱོར་འདུག་ཟེར་ནས་རོགས་བྱས་པ་མ་རེད། ཕ་མས་ཕྲུག་གུ་ཁྲིད་ནས་སྲང་ལམ་འགྲོ་དུས་ཕ་མའི་གྲོགས་པོས་ཕྲུག་གུ་ལ་རྔན་པ་ཉོ་བྱེད་ཡིན་ཟེར་ནས་སྒོར་རེ་གཉིས་སྤྲད་པ་ནམ་བཞིན། ཕྲུག་གུ་དང་ཁྱོད་རང་གིས་དེ་ང་རང་གི་འབྱོན་པོ་དང་ནུས་པ་ལ་བརྟན་ནས་རག་པ་ཡིན་པ་ངོས་འཛིན་བྱེད་པ་རེད། དོན་དངོས་ཐོག་སྲང་ལམ་ལ་སྤྲང་ཕྲུག་གང་མང་ཡོད་རུང་སུས་དངུལ་སྤྲད་གི་རེད། ཕ་མའི་གྲོགས་པོས་རྔན་པ་ཉོ་བྱེད་ཡིན་ཟེར་རུང་། དོན་དངོས་ཐོག་དངུལ་སྤྲད་པ་དེ་ཕ་མ་གདོང་ལ་ལྟ་ནས་སྤྲད་པ་ལས་ཕྲུག་གུའི་རྔན་པ་ཉོ་བའི་ཆེད་དུ་སྤྲད་པ་ཞིག་མ་རེད། འཛམ་གླིང་ཐོག་བོད་པ་ལས་སྐྱོ་བའི་སྐྱབས་བཅོལ་བ་ཁྲི་ཁྲི་འབུམ་འབུམ་ཡོད་རེད་རུང་། ཨ་རི་གཞུང་གིས་དངུལ་སྤྲད་པ་ག་ཚོད་འདུག དེ་ནམ་བཞིན་གལ་སྲིད་༧གོང་ས་མཆོག་དང་བོད་གཞུང་གིས་དཀའ་ལས་མ་རྒྱག་ན། གསར་འབྱོར་ཁྲི་འབུམ་མུག་གེ་ཤི་རུང་ཨ་རིས་གཞུང་གིས་ཕྱི་ལྟས་བྱེད་པ་དཀོན། གསར་འགྱུར་གཟིགསདང་། ད་ལྟའི་འཛམ་གླིང་ཐོག་སྐྱབས་བཅོལ་བ་ཁྲི་འབུམ་མང་པོ་ལྟོག་ཤི་ཐད་ཉེན་བྱས་ནས་ཡོད་རུང་། ཨ་རི་མཐོང་ཡ་འདུག་གམ།
དོན་ཚན་གཉིས་པ་དེ། བོད་རང་དབང་མ་བྱུང་བར་དུ་གཞིས་ཆགས་སྲ་བརྟན་གྱི་ལས་གཞི་རྫོགས་མི་སྲིད། དེ་ལས་ཁ་གསལ་རུ་བཏང་ན། བཙན་བྱོལ་བོད་གཞུང་མུ་མཐུད་གནས་དགོས་ན། གཞིས་ཆགས་སྲ་བརྟན་གྱི་ལས་གཞི་འཇུག་རྫོགས་པའི་དུས་ཞིག་མེད། གལ་སྲིད་བོད་རང་དབང་བྱུང་ན་བཙན་བྱོལ་བོད་གཞུང་དགོས་པ་མེད་པས་གཞིས་ཆགས་སྲ་བརྟན་གྱི་ལས་གཞི་ད་འཇུག་རྫོགས་ངེས། འདི་ནས་ཡང་གོ་བ་ལོག་པ་ཡོང་ངེས། བཙན་བྱོལ་བོད་གཞུང་ཟེར་དུས་རྡ་རམ་ས་ལའི་མི་ཁ་ཤད་དེ་ལ་གོ་མི་ཉན། བཙན་བྱོལ་བོད་གཞུང་གིས་ཚབ་བྱས་པའི་བོད་མི་རིགས་ཀྱི་རང་དབང་ལས་འགུལ་རིག་གཞུང་སྲུང་སྐྱོབ་སོགས་ཆ་ཚང་ལ་གོ་དགོས།
ད་རུང་ཁ་གསར་རུ་བཤད་ན། གཞིས་ཆགས་སྲ་བརྟན་གྱི་ལས་གཞི་དེ་དུས་དུས་སུ་ནང་དོན་འགྱུར་བ་འགྲོ་སྲིད་རུང་སྲ་བརྟན་བྱེད་དགོས་པའི་རང་བཞིན་དེ་འགྱུར་བ་འགྲོ་མི་སྲིད།
སྐྱིད་ཆུ་ཚང་། བྲིས་པ་དང་བཏང་པ་ཡིན། བཏང་ཚར་ནས་ཡང་སྐྱར་ ལྟ་དུས་ཚིག་བརྗོད་བྱ་གུས་ཞབས་མེད་པ་ཁག་གཅིག་འདུག ་པས། དགོངས་དགས་ཞུ་རྒྱུ་ཡིན།
འཁྱམ་པོའི་སྐད་ཆ་ལ་རྒྱབ་སྐྱོར་ཡོད། དེང་སྐབས་ང་ཚོ་རང་གི་གཞུང་དང་དབུ་ཁྲིད་ལ་སྐྱོན་བརྗོད་བྱེད་རྒྱུ་ལས་ཅི་ཡང་མི་ཤེས་པ་ལྟ་བུ་ཆགས་འདུག དངོས་གནས་ཐབ་སྐྱོ་པོ་རེད། བོད་ནང་གི་དཔའ་བོ་དཔའ་མོ་ཚོ་རང་ལུས་མེར་བསྲེགས་བཏངས་དང་གཏོང་བཞིན་པ་འདི་སུའི་ཆེད་དུ་རེད། སུ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། ང་ཚོས་ཁོང་ཚོ་ལ་གདུང་སེམས་མཉམ་སྐྱེད་བྱེད་སྟངས་འདི་འདྲ་རེད་དམ། བོད་གཞུང་འདི་ཡག་རུང་ཉེས་རུང་རང་ཉིད་ཀྱི་གཞུང་རེད་ལ། གསར་འབྱོར་ཚོ་ལ་ཡང་ནུས་ཚོད་ཀྱི་རོག་ཕན་གནང་ཡོད། ང་ཚོ་གསར་འབྱོར་ཚོས་བསམ་བློ་ཐོང་དང་བོད་ནང་སྡོད་སྐབས་རྒྱ་གཞུང་གིས་རོག་རམ་ཇི་ཙམ་བྱེད་མྱོང་ཡོད། གཞན་ཕར་ཞོག་གསར་དུ་འབྱོར་བའི་སློབ་ཕྲུག་དང་དགེ་འདུན་པ་རྣམས་ལ་བོད་གཞུང་ནས། ཟླ་བ་རེ་རེ་བཞིན་ཧིན་སྒོར་༢༠༠ རེ་གནང་བཞིན་ཡོད་པ་འདི་གཅིག་པུ་ལ་བསམ་ན་ཡང་འདི་འདྲ་བཤད་འོས་པ་ཞིག་མ་རེད། ང་ཚོས་རང་གཞུང་ལ་ཡར་ཞབས་འདེག་རེ་ཞུ་མ་ཐུབ་ཀྱང་། མར་ཟ་རྒྱུ་ཀྱང་ཀྱང་ལ་བསམ་བློ་བཏང་སྡད་ན་ག་ལ་འགྲིག རང་ཉིད་ལ་མཚོན་ན་གཞུང་ལ་ཞབས་འདེག་སྒྲུབ་ཐུབ་པའི་ནུས་པ་གང་ཡང་མེད་ཀྱང་། ད་བར་དུ་རྒྱ་གར་ལ་སླེབས་ནས་ལོ་བདུན་རྒྱད་སོང་རིང་སློབ་ཡོན་ཟླ་བ་རེར་སྒ྄ོར་༢༠༠ ཡོད་པ་དེ་གཏན་ནས་ལེན་མ་མྱོང་། འདིས་རང་གཞུང་ལ་ཕན་གནོད་གང་ཡང་མེད་ཀྱང་རང་ཉིད་ཀྱི་ལྷག་བསམ་མཚོན་བྱེད་ཙམ་ཡིན། སྐུ་མཁྱེན་དྲ་གྲོགས་ཚོ་ད་ལྟ་ནི་ནང་ཁུལ་སྐྱོན་བརྗོད་བྱེད་པའི་དུས་གཏན་ནས་མ་རེད། བསམ་བློ་བཏང་རོགས། གཅིག་བསྒྲིལ་བྱེད་རོགས། དགྲ་གཉེན་གཉིས་མ་ནོར་བ་ཞིག་གནང་རོགས།
འཁྱམས་པོ་ལགས་དང་སླར་ཡང་མོལ་བ།
༡། ཁྱེད་རང་གསར་འབྱོར་ཡིན་མིན་གནད་འགག་མ་རེད་ལ་དྲི་རྒྱུ་ཡང་མ་བྱུང་། གནད་འགག་གཙོ་བོ་དེ་ཁྱེད་ཀྱི་མཆན་དེ་དྲང་བདེན་ཡིན་མིན་རེད།
༢། མཆན་འགའ་རེའི་ནང་སེམས་ཚོར་གཅིག་པུའི་དབང་དུ་སོང་བ་མིན་ནམ་སྙམ་པ་འགའ་ཤས་འདུག་ཀྱང་། སྣ་འཐེན་ནས་ཁ་ལ་སྦྱོར་མི་ཐུབ་པ་ལྟར། ད་དུང་ཁྱོད་ཀྱིས་བོད་སོག་ལས་ཁུངས་དང་ཐད་ཀར་ཇུས་ངན་བཏིངས་པའི་ཆུ་བཞི་སྒང་དྲུག་དང་མཚུངས་བསྡུར་བྱེད་འདོད་འདུག་ན། ཁྱོད་རང་ཡང་། ལྐོག་ངན་གྱིས་འཚོ་བའི་དྲྭ་རྒྱའི་ཉུལ་མ་ཞིག་རེད། ཅེ་ན་ཇི་ལྟར་སྨྲ།
༣། སྡུག་པོ་བཏང་ཟེར་བའི་ཚིག་དེ་མེད་པ་མ་གཏོགས་གོང་ནས་བརྗོད་པའི་ཚིག་གི་གོ་དོན་དེ་མིན་ནམ། ཟེར་བར། སྡུག་པོ་བཏང་དང་། ཐོབ་ཐང་འདྲ་མཉམ་མི་འདུག ཅེས་པ་ གཉིས་གོ་དོན་གཅིག་མིན་པ་ཤེས་པར་གྱིས།
༤། སྤྱི་འཐུས་ཀྱི་གསུམ་ཆ་གཅིག་ཙམ་གསར་འབྱོར་ཡིན་རུང་མིན་རུང་། རྩོམ་འདི་དང་མཆན་བརྒྱ་ཆ་གོ་དགུས་སྤྱིར་བཏང་གི་ཐོབ་ཐང་རྩོད་པ་ལས། སྤྱི་འཐུས་རྩོད་ཀྱི་མི་འདུག
ལན། ཁྱེད་ཀྱིས་གསུང་པ་བཞིན། ང་ཚོ་ནི་དམངས་གཙོའི་གཞུང་ཞིག་རེད། ཐོབ་ཐང་བརྩོད་དུས་ཁྲིམས་དང་བསྟུན་ནས་འགྲོ་དགོས་པས། ་སྤྱི་འཐུས་ཀྱིས་ཁྲིམས་མ་བཟོས་ན་དྲྭ་ཐོག་ནས་དཔོན་ངན་བཅས་བརྗོད་པའི་བོད་གཞུང་གི་ལས་བྱེད་ཚོས་རང་དགའ་ཡིས་ཐག་གཅོད་བྱེད་པའི་དབང་ཆ་དང་ཐོབ་ཐང་མེད་པ་མི་ཤེས་སམ། ཞེས་པ། འདྲེ་ཤར་སྒོ་དང་གླུད་ནུབ་སྒོ་རང་རེད། ངས་ཤོད་རྒྱུར་གསར་འབྱོར་བའི་སྐུ་ཚབ་སྤྱི་འཐུས་རྩོད་ཀྱི་མེད། ཅེས་པར། ཁྲིམས་སྤྱི་འཐུས་ནས་བཟོ་གི་ཡོད་ཚུལ་གྱི་ལན་བཏབ་པ་ཆང་གིས་བཟི་བའི་སྨྱོ་ལབ་རེད།
༥། གསར་འབྱོར་བ་ཁ་ཐོར་བ་ཡིན་པའི་གཏན་འབེབས་སུས་བཟོས་སམ། འོ་ན། ཁྱོད་ཀྱིས་བཤད་པའི་ཁ་ཐོར་བའི་སྐྱོབ་གསོ་གསར་འབྱོར་བར་ཐོབ་ཀྱི་ཡོད་དམ། གཞིས་ཁྱིམ་སྟོང་པ་རྣམས་སུ་གསར་འབྱོར་གཏང་རྒྱུ་དང་། གསར་འབྱོར་བའི་ཆེད་གཞིས་ཆགས་གསར་པ་བཙུགས་རྒྱུ་བཅས་བྱེད་འོས་པ་དང་བྱེད་ཐུབ་པ་རྒྱུས་ཅན་ཚང་མས་ཤེས་ཀྱི་རེད། བཀའ་ཁྲིའི་འོས་བསྡུའི་སྐབས་སྐད་གསེང་མཐོན་པོས་གསར་འབྱོར་བར་འཚོ་བའི་རྟེན་གཞི་བསྐྲུན་རྒྱུ་ཡིན་ཞེས་བསྒྲགས་པ་ཁྱོད་ཀྱི་ཐོས་ཨེ་སོང་།
༦། ཁྱོད་ཀྱི་མཆན་ནང་། བོད་གཞུང་གིས་གསར་འབྱོར་ལ་དམིགས་གསལ་མེད་པ་རྩ་བ་ནས་མ་རེད། འདོད་པ་གོང་བ་ཞིག་བྱུང་མེད་པ་ཡང་བདེན་པ་རེད།ཅེས་གསུངས་པའི་འདོད་པ་མ་ཁེངས་པ་གང་དང་གང་རེད་གསུངས་རོགས།
ཇོ་ཇོ་ལ་ལན། དང་པོ་དང་གཉིས་པ་། གསུམ་པ་ལ་ལེན་མེད། བཞི་བའི་ལན། བོད་གཞུང་གིས་གསར་འབྱོར་ལ་བདག་པོ་རྒྱག་གི་མི་འདུག་ཟེར་དུས། བདག་པོ་རྒྱག་མི་རྒྱག་དང་། བདག་པོ་ག་འདྲ་བྱེད་ནས་རྒྱག་དགོས་པ་སོགས་ཚང་མ་སྤྱི་འཐུས་ནས་ཐག་གཅོད་དགོས་པ་ལས། སྤྱི་འཐུས་ཀྱིས་ཐག་གཅོད་དང་སྔོན་རྩིས་མེད་པ་བོད་གཞུང་ལས་བྱེད་ཀྱིས་བྱེད་དབང་མེད་ལ་བྱ་ཐབས་ཡང་མེད། བྱས་རུང་ཁྲིམས་འགལ་ཡིན། སྨྱོ་ལབ་སི་རེད་དེ་ནས་ལྟོས། ལྔ་བ་ལ་ཡང་ལན་རྒྱག་ཡ་ཅི་མི་འདུག གསར་འབྱོར་གཞིས་ཆགས་མེད་པར་ཁ་ཐོར་མིན་ན་ག་རེ་རེད། རྒྱ་གར་གཞུང་གིས་གཞིས་ཆགས་ཀྱི་ལས་གཞི་སྔར་ནས་སྒོ་རྒྱག་ཟིང་པས། གཞིས་ཆགས་གསར་པ་རྒྱག་ཟེར་བ་ཡོང་མི་སྲིད་པ་དང་བྱེད་མི་ཐུབ་པ་ཞིག་རེད། འོང་ཀྱང་དེ་ཚོ་མང་པོ་འགྲེལ་བཤད་རྒྱག་ཚོད་མི་འདུག འདོད་པ་མ་གང་ བ་ང་ལ་ཡང་མང་པོ་ཡོད། འདི་ནས་བཤད་དགོས་དོན་མེད། བུང་གུའི་རྒྱུ་མ་ཁྲམ་ལ་བཀོད་ན་དགྲ་བོས་འཕྱ་སྨོད་ཀྱི་རྒྱུར་ཆགས་པ་ལས་དོན་སྨོན་ལ་ཕན་ཆུང་། ངས་དགྲ་བོ་ལ་གོ་སྐབས་དེ་སྤྲད་འདོད་མེད། མ་ཚད་བཙན་བྱོལ་བོད་གཞུང་ལ་བརྩོད་པའི་ལམ་ཁ་ཡོད་པས་དེ་སྔོན་ཡིན་རུང་དེ་བརྒྱུད་བརྩོད་པ་ཡིན། མ་འོངས་ཡང་དེ་ལྟར་བརྩོད་རྒྱུ་ཡིན།
ཁྲིམས་བཟོ་ལྷན་འཚོགས་སྤྱི་འཐུས་ཚོ་ཡིན་ནའང་།གཞུང་གི་ལས་གཞི་ཚང་མ་སྤྱི་འཐུས་ཀྱི་ལམ་སྟོན་ཁོ་ན་ལྟར་སྒྲུབ་དགོས་པ་མེད།འཛིན་སྐྱོང་ལ་དམིགས་བསལ་དབང་ཚད་དང་ལས་གཞི་བྱེ་བྲག་མང་པོ་འཛིན་སྐྱོང་གི་འདོད་བློ་ལྟར་འགྲོ་ཐུབ་ཀི་ཡོད་པ་རེད།
ལས་གཞི་ག་རེ་ཡིན་རུང་འགྲོ་སོང་དགོས་རིགས་ལ་སྤྱི་འཐུས་བཀའ་འཁྲོལ་མེད་པ་འགྲོ་ས་མེད། དེ་ལྟར་སོང་ན་ཁྲིམས་འགལ་ཡིན། སྤྱི་འཐུས་ཀྱི་བཀའ་འཁྲོལ་མ་འགྲུབ་ན་འཛིན་སྐྱོང་ལས་འགན་མ་འགྲུབ་རེད།