ཤར་ཕྱོགས་ཁུག་རྟ།
ཟླ་བ་དྲུག་པ་འདིའི་ཚེས ༡༡ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱར། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཏུ་ཀོ་རི་ཡར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐེངས་༢༦ པར་ལྷན་ཞུགས་གནང་གི་ཡོད་པ་དང། སྐབས་དེར་རིན་པོ་ཆེ་མཆོག་ཆོས་ལུགས་འཐུས་མི་མང་པོར་མཇལ་འཕྲད་གནང་འཆར་ཡོད་པའི་གསར་འགྱུར་ཐོན་པ་རེད། རིན་པོ་ཆེ་མཆོག་བཀའ་ཁྲིའི་མཛད་ཁུར་འཁྱུར་ནས་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཏུ་བསྟུན་མར་འཛམ་གླིང་གང་སར་ཕེབས་བཞིན་པ་ནི་བོད་ཕྱི་ནང་གཉིས་སུ་༧རྒྱལ་བ་རིན་པོ་ཆེའི་བསྟན་ལ་རྒྱལ་བ་གཉིས་པ་ལྟ་བུར་ངོས་འཛིན་གནང་བཞིན་པ་དང། དངོས་ཡོད་དང་རིག་པ། རྒྱུ་མཚན་ཡང་དག་སོགས་ཕྱོགས་གང་ནས་བལྟས་ཀྱང་༧རྒྱལ་བ་རིན་པོ་ཆེར་ངོམས་སུ་རུང་བའི་མི་ཞིག་ཡོད་པ་ནི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མ་གཏོགས་སུ་ཞིག་ཡོད་ཨང།
དངོས་ཡོད་དེའི་དབང་གིས། ཕྱི་ཚེས ༡༣ ཉིན་རྒྱ་ནག་ནས་ཕེབས་པའི་ནང་པའི་ཆོས་ཚོགས་ཀྱི་སྐུ་ཚབ་ཚོ་རྒྱ་ནག་གཞུང་གི་རྒྱུ་མཚན་ལྟར་སྣང་ལ་བརྟེན་ནས་ཕྱིར་འཐེན་བྱས་པའི་གནས་ཚུལ་ཡང་རྒྱུད་ལམ་དེ་ག་རང་དུ་ཐོན་པ་རེད། མཁྱེན་ལྡན་ཀུན་གྱིས་དེ་མ་ཐག དེ་ནི་ཆབ་སྲིད་ཀྱི་གནད་དོན་གཅིག་པུ་མིན་པར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་གྲོས་རྭ་གཅིག་ཏུ་དབང་བ་ཡིན་ན། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཐད་དྲང་བདེན་མིན་པའི་སྲིད་བྱུས་ཉག་ཅིག་ལག་བསྟར་བྱེད་ཀྱི་ཡོད་པའི་པགས་པ་བཤུ་ངེས་པའི་རྒྱུ་མཚན་རིག་པའི་གཏན་ཚིགས་ལ་ཞེད་ནས་ཕྱིར་འཐེན་བྱས་པ་རེད་ཅེས་གླེང་སློང་ཚ་ཚ་འུར་འུར་གནང།
ཡིན་ནའང། ཡ་མཚན་པ་ཞིག་ལ་ཆོས་རིག་བཀའ་བློན་བགྲེས་སོང་པད་མ་ཆོས་འབྱོར་ལགས་ནས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་དེ་བཞིན་དུས་བབ་གསར་འགོད་པར། ཕལ་ཆེར་རིན་པོ་ཆེ་མཆོག་ཀོ་རི་ཡར་ཕེབས་ཡོད་མེད་ཀྱང་གསལ་བོ་མ་ཤེས་པ་ལྟ་བུའི་བཀའ་གནང་འདུག རྒྱུད་ལམ་ཁག་ཏུའང་དེའི་ཐད་གསལ་ཁ་མེད་པའི་གླེང་སློང་སྣ་མང་བྱེད་བཞིན་སྟབས། ཁོ་བོས་ཚོགས་ཆེན་དེའི་ཚོགས་གཙོ་དང་སྤྱི་ཁྱབ་དྲུང་ཆེས་བོད་མིའི་སྐུ་ཚབ་ཚོར་ཆེད་མངགས་སྣེ་ཤེན་པར་མངགས་པ་རྣམས་དང་འབྲེལ་བ་ཞུས་པ་ཡིན། སྐབས་དེར་ཆོས་ཚོགས་དེའི་ངོ་བོའི་གྲུབ་སྟངས་ནས་ཀོ་རི་ཡར་བྱུང་བའི་གནས་ཚུལ་རྣམས་ལ་རྒྱུས་མངའ་བྱུང།
དངོས་གནས་བྱས་ན། འཛམ་གླིང་ནང་པའི་ཆོས་ཚོགས་ནི་ནང་པའི་ཆོས་ཀྱི་སྒྲིག་འཛུགས་བྱེ་བྲག་པ་རྣམས་མཉམ་འདུས་ཀྱིས་གྲུབ་པ་ཞིག་དང། དེའི་ཚོགས་མིའི་ཁོངས་ཡུལ་ལུང་གཅིག་གི་ཆོས་ཚོགས་དུ་མ་མཉམ་ཞུགས་གནང་ཐུབ་འདུག་ལ། ད་དུང་སྤྱིའི་སྒྲིག་འཛུགས་ལ་རྩ་ཁྲིམས་ཀྱང་གཏན་འབེབས་གནང་འདུག ང་ཚོའི་ཆོས་རིག་ལས་ཁུངས་ཆོས་ཚོགས་ཤིག་གི་ངོ་བོའི་ཐོག ༡༩༦༧ ལོར་འཛུལ་ཞུགས་གནང་འདུག་པ་དང། དེའི་ཚོགས་མིའི་ཁོངས་ཚུད་རྗེས་ཚོགས་ཆེན་སྐབས་ཚོགས་ཞུགས་པ ༢ དང་ཟུར་ཉན་པ་ ༣ གྱི་ཐོབ་ཐང་ཡོད་པ་ཁྲིམས་ཐོག་ཁ་གསལ་བཟོས་འདུག རྒྱུ་མཚན་དེའི་ཆ་ནས་འཛམ་གླིང་ནང་པའི་ཆོས་ཚོགས་ཀྱི་གྲུབ་ཆར་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་མཚོན་པའི་ཚོགས་མི་མེད་པ་ཆོས་ཕྱོགས་ཀྱི་དགོས་དབང་གིས་དང་པོ་ནས་གསལ་བཟོ་ཟིན་འདུག ཡིན་ནའང། སྐབས་མཚམ་སོ་སོར་སྐུ་མགྲོན་དུ་སུ་ཞིག་གདན་འདྲེན་ཞུ་མིན་དང་དེའི་ལས་དོན་གནང་ཕྱོགས་གོ་སྒྲིག་ཚོགས་ཆུང་ནས་གཟིགས་རྒྱུ་ལས་ཁྲིམས་ཐོག་ལམ་སྟོན་མི་འདུག
རྒྱུ་མཚན་དེས་ཀོ་རི་ཡའི་ཆོས་ཚོགས་གོ་སྒྲིག་ཚོགས་ཆུང་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་སྐུ་མགྲོན་དུ་གདན་ཞུའི་མགྲོན་ཤོག་ཕུལ་བ་དང། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སྐུ་ཚབ་ཏུ་ཕེབས་ཀྱི་ཡོད་པའི་གནས་ཚུལ་ཀོ་རི་ཡར་འབྱོར་མཚམས། ཁོང་ཚོས་རིན་པོ་ཆེ་ཉིན་ཁ་ཤས་སྔོན་དུ་ཕེབས་ནས་གཙུག་ལག་སློབ་གཉེར་ཁང་སོགས་སུ་སྟབས་གཅིག་བཀའ་སློབ་གནང་རྒྱུར་རེ་བ་ཤིན་ཏུ་ཆེན་པོ་གནང་ཡང། མཐོང་ཆེན་འགོར་འགྱང་གིས་ཚོགས་ཆེན་གྱི་སྐབས་མཚམས་མ་གཏོགས་ཆིབས་བསྒྱུར་གནང་ཐུབ་མི་འདུག ལྡི་ལིར་ཡོད་པའི་ཕྲན་གྱི་གྲོགས་པོས་བརྗོད་ན། ལྡི་ལི་དོན་གཅོད་ནས་གནམ་ཐང་བར་རིན་པོ་ཆེ་དང་ཆོས་རིག་བཀའ་བློན་གཉིས་ཕེབས་གྲུ་གཅིག་པ་ཙམ་དུ་མ་ཟད་གནམ་གྲུའང་གཅིག་པ་ཡིན་འདུག
རིན་པོ་ཆེ་མཆོག་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཏུ་ཕེབས་ཀྱི་ཡོད་པའི་གནས་ཚུལ་ཀོ་རི་ཡར་ཐོན་རྗེས། ཀོ་རི་ཡའི་གསར་འགྱུར་རྒྱུད་ལམ་ཁག་སྤྱད་རྒྱ་གཞུང་གིས་དགག་པ་ཚ་མནན་རྒྱབ་འདུག་ཀྱང། རིན་པོ་མཆོག་ལ་མཐོང་ཆེན་སྤྲད་པ་ནི་བོད་ལ་རྒྱབ་སྐྱོར་ཚད་ལྡན་བྱས་པའི་རྣམ་འགྱུར་ཧ་ཅང་གསལ་བོ་ཞིག་རེད། རྒྱ་ནག་གཞུང་གིས་བོད་མིའི་ཆོས་ཚོགས་འཐུས་མི་དང། དེ་བཞིན་ཧི་མ་ཡའི་ཆོས་ཚོགས་འཐུས་མི་བཅས་ལ་ཚོགས་འདུར་བཅར་མི་ཆོག་པ་བཟོ་རྒྱུར་གོ་སྒྲིག་ཚོགས་ཆུང་ལ་གནོན་ཤུགས་སྤྲོད་སྐབས། ཆོས་ཚོགས་ཀྱི་རྩ་ཁྲིམས་སོགས་རྒྱུ་མཚན་འདྲེན་རྒྱུ་ཡོད་སྟབས་ཚོགས་ཐུན་ཁ་ཤས་མ་གཏོགས་རྙོག་དྲ་བཟོ་ཐུབ་མེད་ཀྱང། ཆོས་རིག་བཀའ་བློན་མཆོག་ལ་ཨ་རིར་གང་མགྱོགས་འགྲོ་དགོས་པའི་ལས་ཀ་ཞིག་ཀྱང་ཐོན་པ་འདྲ། གང་ལྟར་མི་རིགས་དང་རྒྱལ་ཁབ་ཀྱི་སྐུ་ཚབ་མེད་པ་འདི་ལས་ང་ཚོས་གསལ་བོ་ཤེས་ཐུབ་པ་ཞིག་ནི། ཆོས་ཚོགས་ཀྱི་ངོ་བོ་དང་དེའི་རྩ་ཁྲིམས་སོགས་ལ་ཆོས་རིག་བཀའ་བློན་སོགས་ཐུགས་རྒྱུས་མེད་དབང་གིས་ཅུང་ཙམ་མིན་ན་རྦད་དེ་ཆོས་ཚོགས་ནས་ཕྱིར་ཐོན་དགོས་ཆགས་འདུག
ཡིན་ནའང། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སྐུ་མགྲོན་གྱི་ངོ་བོར༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཏུ་ཕེབས་ཡོད་པ་དང། རྒྱ་གཞུང་གི་གནོན་ཤུགས་དང་གོ་སྒྲིག་ཚོགས་ཆུང་གི་བར་ལ་གླེང་རྙོག་རིམ་པར་བྱུང་རྗེས། མཐའ་མ་དེར་རིན་པོ་ཆེ་མཆོག་ཚོགས་ཆེན་དུ་ཕེབས་པ་ཡིན་ན། ཚོགས་ཆེན་གྱི་ཚོགས་གཙོ་དང་སྤྱི་ཁྱབ་དྲུང་ཆེ་རྣམ་གཉིས་ཚོགས་ཆེན་དུ་བཅར་མི་ཐུབ་རྒྱུའི་གནས་བབ་བཟོས་པ་དང། གལ་སྲིད་དེ་ལྟར་བྱུང་ན་ཚོགས་ཆེན་ཚོགས་མི་ཐུབ་པར་བརྟེན་རིན་པོ་ཆེ་ཕྱིར་འཐེན་གནང་འདུག འོན་ཀྱང་ཚོགས་འདུ་ཙམ་མ་གཏོགས། ཞལ་ལག་གི་སྐབས་དང་བར་གསེང་བཅས་སུ་ཧོང་ཀོང་དང་སིང་ག་པོའི་མིན་པའི་འཐུས་མི་མང་ཆེ་བ་རིན་པོ་ཆེའི་སར་ཆེད་བཅར་གྱིས་མཇལ་འཕྲད་ཞུས་འདུག
དངོས་ཡོད་རྒྱུ་མཚན་འདི་རྣམས་བོད་མི་རྣམས་ཀྱིས་གསལ་རྟོགས་འབྱུང་ཕྱིར་དང། ལྷག་དོན་བོད་ལ་ཆག་ཆེ་ཉམས་ང་རྦ་རླབས་བཞིན་བརྡོལ་བའི་སྐབས་འདིར་སྤྱི་མཐུན་བསོད་ནམས་གོང་མཐོར་གཏོང་རྒྱུ་ནི་གནད་ཀྱི་འགག་རྩ་ཡིན་གཤིས། བོད་ཀྱི་བསྟན་སྲིད་སྲི་ཞུར་༧རྒྱལ་བ་གཉིས་པ་ལྟར་བཀའ་དྲིན་བླ་ལྷག་ཏུ་མཐོ་བ་རིན་པོ་ཆེ་ལྟ་བུར་ཕྱོགས་ལྷུང་གཡོན་མའི་ངག་གིས་སྐུར་འདེབས་བྱེད་པ་ནི་ཆོས་དང་འཇིག་རྟེན། གཞི་རིམ་བཟང་སྤྱོད་དང་བཅས་པར་རྩ་འགལ་ཡིན་སྟབས་དོན་དངོས་ཀྱི་ཆ་ཅུང་ཙམ་མི་བརྗོད་ཐབས་མེད་དུ་གྱུར།།
༢༠༡༢། ༦། ༢༤། ཉིན།
གནས་ཚུལ་གསལ་བཟོ་གནང་བར་བཀའ་དྲིན་ཆེ།
ཁུག་རྟ་ནི་ཁུག་རྟ་རང་རེད་བསྟན་པ་འདི་ལ་སྟོན་པ་གཉིས་པ་ཟམ་གདོང་བླ་མ་ལྟ་བུ་ཆོས་ལུགས་ཕྱོགས་རིས་ཆེ་བའི་གང་ཟག་གཅིག་སྟོན་པ་གཉིས་པ་ཡིན་ཟེར་བ་ནི་ཁུག་རྟ་ཁྱོད་དབུ་མའི་མིང་ཐོག་ནས་འཚོ་བ་སྐྱལ་བཞིན་ཡོད་པ་ཡིན་ཙང་སྟོན་པ་གཉིས་པ་ཡིན་འགྲོ།
དེ་མིན་ཁྱོད་ཀྱིས་འུང་བསྟོད་ག་ཚོད་བྱས་ཀྱང་སྤྱི་ཚོགས་ནང་གསལ་ཐག་ཆོད་ཡོད། ཆོས་དོན་བཀའ་བློན་བགྲེས་སོང་པདྨ་ཆོས་འབྱོར་ཟེར་སྟངས་ལ་གཞིག་ཁྱོད་ཀྱིས་མི་རྗེ་ཆོས་རིགས་བཀའ་བློན་མཆོག་ལ་སྤྱི་སྒེར་གང་གི་ཐད་ནས་མི་དགའ་ཡོད་དམ།
༄༅། ། མ་ཧཱ་པཎྜི་ཏ་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་ཞབས་བརྟན་དད་ལྡན་ཁྱེའུའི་སྨོན་པ་ཞེས་བྱ་བ་བཞུགས་སོ།
གངས་ཅན་ལྗོངས་ལ་བཀའ་དྲིན་ཆེ་བའི་མགོན།།
གངས་ཅན་ལྗོངས་ཀྱི་ལྷ་མི་ཀུན་གྱི་མགོན།།
རྒྱལ་བ་དོན་གྱི་བདག་པོའི་སྲས་གཅིག་པུ།།
མ་ཧཱ་པཎ་ཆེན་ཟམ་གདོང་སྤྲུལ་སྐུར་འདུད།།
སྙིགས་མའི་རང་མདངས་ཆེས་ཆེར་བདོ་བའི་དུས།།
གངས་ཅན་ལྗོངས་ལ་༧རྒྱལ་བློན་ཚུལ་དུ་བྱོན།།
བསྟན་སྲིད་ཉག་ཕྲའི་སྲི་ཞུར་རླབས་ཆེན་པོ།།
སྒྲུབ་པའི་ཐོན་མི་གཉིས་པ་ཁྱེད་ལ་འདུད།།
རྒྱ་དམར་ཀླ་ཀློའི་དཔུང་གིས་བརྩེ་མེད་དུ།།
གངས་ལྗོངས་ཡོངས་རྫོགས་ཁྱུར་མུད་གཏོང་བའི་སྐབས།།
གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས།།
སྐུ་ཚེ་གང་བོར་དགུང་དུ་འདེགས་ལ་འདུད།།
ལྟ་ངན་མུན་པའི་ཚོགས་རྣམས་མཐར་བྱེད་ཅིང།།
ལོག་མཐོང་བྱིས་པའི་ཚོགས་རྣམས་སྐྲག་བྱེད་པ།།
བསམ་སྦྱོར་ངན་པར་བྱམས་བརྩེའི་ལམ་སྟོན་པ།།
རིག་པའི་དཔའ་བོ་ཟམ་གདོང་བླ་མར་འདུད།།
༧རྒྱལ་བ་དོན་གྱི་བདག་པོའི་ཕྱག་གཡས་བཞིན།།
བཙན་བྱོལ་གཞུང་མང་མང་གཙོའི་ལམ་དུ་བསྒྱུར།།
བསྒྱུར་བའི་གཞི་ལྡན་ཁྲིམས་ཀྱི་སྲོག་ཤིང་བཙུགས།།
དྲང་བདེན་རྣམ་པར་སྐྱོང་ལ་སྙིང་ནས་འདུད།།
བསྟན་པའི་གཞི་རྩ་འདུལ་བའི་བསླབ་ཁྲིམས་བཙུན།།
བཟང་པོའི་སྤྱོད་པའི་འདོད་ཆུང་ཆོག་ཤེས་བརྟན།།
དྲང་བདེན་ཐབས་ཀྱིས་སྐྱོང་བའི་མི་དབང་ཞེས།།
ས་གསུམ་དབང་དུ་བསྒྱུར་བ་ཁྱེད་ལ་འདུད།།
འཇིག་རྟེན་གཏམ་གྲགས་བདུད་ཀྱི་གཡབ་མོར་བརྩི།།
མི་རྣམས་དགའ་བའི་པེད་ཤག་བཙོག་པར་གཟིགས།།
གཞན་དོན་ཉམས་ལེན་མཐའ་འཁྱོངས་མཛད་པ་ཡི།།
མ་ཧཱ་མཁས་པའི་དབང་བོ་ཁྱེད་ལས་སུ།།
དེ་ལྟ་ནའང་རེ་ཤོས་ལོག་སྒྲིབ་ཀྱིས།།
མ་རིག་མུན་པའི་གཡང་དུ་འཆོང་འགྲོ་བ།།
བསམས་ཚེ་བོད་ཀྱི་བསོད་བདེ་སྐམ་པ་ལ།།
སྙིང་གི་སྐྱོ་བ་མ་ཁོག་ཤེད་ཀྱིས་བཞུར།།
ཡིན་ཡང་བདེན་པ་རིན་བྲལ་སྲོག་གི་ཀ།
ས་ཡི་གོ་ལའི་སྙིང་དུ་ཟུགས་ཡོད་པས།།
ནམ་ཞིག་མ་རིག་མུན་པའི་ཚོགས་རྣམས་ཀྱིས།།
དྲི་བྲལ་ཟེར་མ་མཐོང་བའི་སྨོན་ལམ་འདེབས།།
༧རྒྱལ་མཆོག་སྐུ་ཚེ་ཞལ་བཞེས་ལྟར་བརྟན་ཅིང།།
མ་ཧཱ་མཁས་མཆོག་རྡོ་རྗེ་ཁམས་སུ་བརྟན།།
དཀར་ཕྱོགས་གཟུགས་མེད་ཚོགས་ཀྱི་གྲོགས་དང་བཅས།།
གངས་ཅན་སྐྱེ་དགུའི་མགོན་དུ་བརྟན་བཞུགས་གསོལ།།
འདི་ཙམ་འབྲི་འདོད་ཡིད་ལ་འཆར་བ་དེས།།
སེམས་ཅན་རྒྱུད་ཀྱི་མ་རིག་རབ་གསལ་སྟེ།།
བདེན་པར་འབྲངས་པའི་རིག་པའི་རྣམ་དཔྱོད་ལ།།
རྟག་ཏུ་མ་ཉམས་སྤྱོད་པའི་སྨོན་ལམ་འདེབས།།
གསལ་བཤད་འདི་བཀླགས་འཕྲལ་ཡིད་སྐྱོ་བའི་མཆུ་མ་དང་བཅས་༧སློབ་དཔོན་རིན་པོ་ཆེ་བཀའ་དྲིན་དྲན་བཞིན་ཤར་མར་བྲིས།། ༢༠༡༢། ༦། ༢༥། དགུང་མོར་ནུབ་ཕྱོགས་ནས།།
མི་ཐབས་ཆག་འདིའི་རིགས་ཀྱིས་ཁ་གྲགས་པ་ནས་རང་གི་དགའ་ཕྱོགས་མ་གཏོགས་གཞན་དམད་རྐྱང་བྱེད་ཀྱི་འདུག ༧རྒྱལ་བ་རིན་པོ་ཆེར་ངོམས་སུ་རུང་བའི་མི་ཞིག་ཡོད་པ་ནི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མ་གཏོགས་སུ་ཞིག་ཡོད་ཨང་་་་ཧ་ཧ་ཧ་ ཏཱ་ལའི་བླ་མ་ཨུ་ཐུགས་མདོག་ཁ་བ་ལ་་་་་ཟམ་གདོང་རྒྱལ་བ་གཉིས་པས་མཚམས་རེར་དབྱིན་སྐད་ཐོགས་དྲི་བ་ལས་སླ་བོ་དེ་འདྲ་ཡང་མགོ་མ་འཚོས་པར་ངོ་ཚ་ཉོ་གི་ཡོད་པ་མཐོང་མྱོང་་་ཧ་ཧ་་ཧ་ཧ་་་་་་་་
རང་ཉིད་དགའ་ས་ལྷ་རྗེ་རེད། མི་དགའ་ས་འདྲེ་རེད། མི་ལ དེ་འདྲ་རིགས་མང་པ་ལ།
བོད་མི་མང་གི་སྐབས་གཉིས་མདེམས་ཐོན་བྱུང་བའི་མཁས་དབང་ཟམ་གདོང་རིན་པོ་ཆེའི་དཀའ་དྲིན་ནམ་རྗེད་མི་སྲིད།
བོད་ཀྱི་དུས་བབ་ཐོག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཀོ་རི་ཡའི་ནང་པའི་ཚོགས་ཆེན་སྐོར་གསལ་བཤད་གནང་བ་ཞིག་བཀོོད་འདུག་པ་འདིར་གཟིགས་དང་།
རིན་པོ་ཆེ་ནང་པའི་ཚོགས་འདུའི་ནང་ཕེབས་ཡོད་པ་མ་རེད་ཟེར།
འདོན་སྤེལ། ༢༠༡༢/༠༦/༢༠
ཉེ་ལམ་ལྷོ་ཀོ་རི་ཡར་ཚོགས་པའི་ནང་པའི་ཚོགས་ཆེན་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་མཆོག་དངོས་སུ་ཞུགས་ཡོད་པ་དང་། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་སྐབས་དེར་ཀོ་རི་ཡར་ཕེབས་ཡོད་ཀྱང་། ནང་པའི་ཚོགས་ཆེན་སྟེང་ཞུགས་མེད་སྐོར་གསལ་བཤད་གནང་འདུག
ཉེ་སྔོན་ལྷོ་ཀོ་རི་ཡར་ཚོགས་པའི་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་ཐོག ༧གོང་ས་མཆོག་གི་སྐུ་ཚབ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་བཅས་མཉམ་ཞུགས་གནང་ཡོད་སྐོར་དང་། རྒྱ་ནག་ནས་ཕེབས་པའི་སྐུ་ཚབ་ཚོས་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་ཚོགས་འདུ་ལས་ཕྱིར་ཐོན་ཡོད་སྐོར་སོགས་ཀྱི་གནས་ཚུལ་འབྱོར་འཕྲལ། འདི་གའི་གསར་འགོད་པས་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་དྲུང་ཆེ་མཆོག་ལ་བཀའ་འདྲི་ཞུས་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཛམ་གླིང་ནང་པའི་ཚོགས་ཆེན་ཐོག་ཆོས་རིག་བཀའ་བློན་མཆོག་གཅིག་པུ་ཕེབས་ཡོད་ལ། དེ་སྔོན་བཀའ་བློན་མཆོག་དང་ལྷན་དུ་མི་གཞན་ཞིག་ཕེབས་འཆར་གནང་ཡང་ཕེབས་མ་ཐུབ་པ་དང་། བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཐེངས་འདིར་གང་གི་ངོ་བོའི་ཐོག་ཕེབས་ཡོད་མེད་ཐད་ང་ཚོར་ཞུ་རྒྱུ་གང་མེད་སྐོར་བརྗོད་སོང་།
ཀོ་རི་ཡའི་ནང་པའི་ཚོགས་ཆེན་སྐོར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཁམས་སྐད་སྡེ་ཚན་གྱི་བཅར་འདྲིའི་ལན་དུ། “སྤྱིར་བཏང་ཟམ་གདོང་རིན་པོ་ཆེ་ལྷོ་ཀོ་རི་ཡའི་ཚོགས་འདུ་ཚོགས་ས་དེར་ཕེབས་ཡོད་པ་རེད། ཁོང་དེ་གར་བླ་ཆེན་དང་གཙུག་ལག་སློབ་གྲྭ་དེ་འདྲས་གདན་འདྲེན་ཞུས་ཏེ་བཅར་འདྲི་དང་བཀའ་སློབ་གནང་ཡོད་ས་རེད་མ་གཏོགས། ནང་པའི་ཚོགས་ཆེན་སྟེང་སྐུ་དངོས་སུ་ཕེབས་ཡོད་པ་མ་རེད། དེའི་ནང་ལ་བོད་པའི་སྐུ་ཚབ་ང་གཅིག་པུ་རེད། ” ཅེས་གསུངས་ཏེ། ཐེངས་འདིར་རིན་པོ་ཆེ་མཆོག་ངོ་བོ་ག་འདྲ་ཞིག་གི་ཐོག་ནས་ཕེབས་པ་ཡིན་མིན་གསལ་པོ་ཞུ་ཐུབ་ཀྱི་མེད་ཀྱང་། ཚོགས་འདི་དེ་དང་འབྲེལ་བ་ཡོད་པ་ཡིན་ན། ཚོགས་འདུའི་ནང་རྩ་བ་ཉིད་ནས་ཕེབས་མེད་སྐོར་དང་། བོད་གཞུང་དྲ་བརྙན་གྱིས་བདེན་པ་མིན་པའི་གནས་ཚུལ་བསྟན་ཡོད་ཚུལ་སོགས་ངོ་སྤྲོད་གནང་ཡོད།
ཆོས་རིག་བཀའ་བློན་མཆོག་གིས་ཚོགས་ཆེན་དབུ་འཛུགས་སྐབས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཕྱི་ཚེས་ ༡༢ ཉིན་གྱི་ཞོགས་པར་ཚོགས་བཅར་བ་རྣམས་མཉམ་དུ་འཛོམས་ཏེ་སོ་སོ་ངོ་སྤྲོད་གནང་སྟེ་ཚོགས་འདུ་མགོ་འཛུགས་སྐབས། རྒྱའི་སྐུ་ཚབ་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་ཚོགས་འདུའི་ནང་བསྡད་ཚེ། ཁོ་ཚོ་ཚོགས་བཅར་ཞུ་རྒྱུ་མིན་སྐོར་བརྗོད་དེ་རྙོག་དྲ་བཟོས་བར་བརྟེན། སྔ་རྗེས་ཐེངས་གསུམ་ལ་ཚོགས་འདུའི་འབྲེལ་ཡོད་འགན་འཁུར་བ་དང་དྲུང་ཆེ་ཡིས་བཀའ་བློན་པདྨ་ཆོས་འབྱོར་མཆོག་ལ། འཛམ་གླིང་ཞི་བདེ་ལ་སྨན་པའི་ཚོགས་འདུ་འདི་གྲ་སྒྲིག་པོ་ཞིག་ཡོང་ཆེད་ཁྱེད་རང་འཁྱུག་ཙམ་རིང་ཕྱི་ལོགས་སུ་ཕེབས་དགོས་ཚུལ་བརྗོད་པ་ལྟར། དུས་ཐུང་རིང་ཕྱི་ལོགས་སུ་ཕེབས་ཏེ་གསར་འགོད་པ་མང་པོ་ཞིག་ལ་གསལ་བཤད་ཀྱི་གོ་སྐབས་བྱུང་ཡོད་པ་དང་། དེའི་རྗེས་ཁོང་བསྐྱར་དུ་ཚོགས་འདུར་ཞུགས་སྐབས་རྒྱ་མིའི་སྐུ་ཚབ་ཚོ་སྡེབས་གཅིག་ཏུ་ཡར་ལངས་ཏེ་ཕྱི་རུ་ཐོན་འདུག་ལ། ཕྱི་ལོགས་ནས་ཁོ་ཚོ་ཚོགས་ཐུན་གཉིས་རིང་ལ་སྡོད་དགོས་བྱུང་འདུག
དེའི་རྗེས་མཛད་སྒོ་དངོས་གཞི་དེ་ཚོགས་ཁང་ཆེན་པོ་ཞིག་ནང་ཚོགས་ཡོད་པ་དང་། ལྷོ་ཀོ་རི་ཡའི་གཞུང་གི་ཕྱི་སྲིད་བློན་ཆེན་དང་། རིག་གཞུང་བློན་ཆེན། ཀོ་རི་ཡའི་བླ་ཆེན་མང་པོ་ཞིག་བཅས་ཕེབས་ཏེ་གཏམ་བཤད་དང་། རྒྱལ་ཁབ་འདྲ་མིན་ནས་ཡོང་བའི་འཁྲབ་སྟོན་པ་དག་གིས་རིག་གཞུང་འཁྲབ་སྟོན་སྐབས། རྒྱའི་སྐུ་ཚབ་ཚོ་ཡར་རྒྱུག་མར་རྒྱུག་ཀྱིས་ཀོ་རི་ཡའི་བླ་ཆེན་ལ། བོད་པའི་སྐུ་ཚབ་ཚོགས་འདུར་ཞུགས་ཚེ་ཁོ་ཚོ་ཕྱིར་འཐོན་རྒྱུ་ཡིན་སྐོར་བརྗོད་པར། བླ་ཆེན་གྱིས་ཁྱེད་ཚོ་འགྲོ་ན་འདུག་ན་ཁྱེད་རང་ཚོས་ཐག་གིས་ཆོད། ང་ཚོའི་ངོས་ནས་བོད་པའི་སྐུ་ཚབ་ཕྱིར་འབུད་རོགས་ལབ་རྒྱུ་མིན་ཞེས་གསུངས་འཕྲལ། རྒྱའི་སྐུ་ཚབ་ཚང་མ་ཚོགས་ཁང་ནས་ཐོན་ཡོད་པ་མ་ཟད། ཚོགས་ཁང་གི་ཕྱི་ལོགས་སུ་གོ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་མི་སྣ་ཚོ་དང་རྩོད་རྙོག་ཡུན་རིང་བྱས་མཐར། ཐེངས་འདིའི་ཚོགས་ཆེན་སྟེང་གི་རྒྱལ་ཁབ་ ༤༩ ཡོད་པ་ལས། ཧོང་ཀོང་དང་སིང་གྷ་པོར། ཐེ་ལན་ཌི་གསུམ་མ་གཏོགས། གཞན་པའི་སྐུ་ཚབ་ཚང་མས་བོད་མིར་རྒྱབ་སྐྱོར་གནང་ཡོད་སྟབས། ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོར་རྒྱ་ནག་གི་སྐུ་ཚབ་ཡོངས་ཕྱིར་ལོག་དགོས་བྱུང་ཡོད་འདུག
མཇུག་ཏུ་ཆོས་རིག་བཀའ་བློན་མཆོག་གིས། “ལྷོ་ཀོ་རི་ཡའི་མི་མང་དང་ཀོ་རི་ཡའི་བླ་ཆེན་རྣམ་པས། བློ་ཁོག་ཆེན་པོ་དང་ཐག་ཆོད་པའི་སྒོ་ནས་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་དེ་ནི། ཧ་ལས་པའི་རྒྱབ་སྐྱོར་ཚད་མཐོན་པོ་ཞིག་རེད་བསམ་པའི་ཚོར་སྣང་བྱུང་།” ཅེས་སོགས་གསུངས་ཡོད་པ་རེད།
གསར་འགོད་པ། ཚེ་རིང་རྒྱལ།
ཧཧཧཧ མགར་སྟོང་བཙན་གྱིས་བསྟོད་པ་འདིས། ཟམ་གདོང་བླ་མ་ཆབ་སྲིད་པ་ཡིན་ནམ་རྣལ་འབྱོར་བ་ཡིན་མི་ཤེས་པ་བཟོས་འདུག བཟང་གི་བཟང་གི་བསྟོད་ཤེས་ན་བསྟོད་པ་ཡག་པོ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཛམ་གླིང་ནང་པའི་ཚོགས་ཆེན་ཐོག་ཆོས་རིག་བཀའ་བློན་མཆོག་གཅིག་པུ་ཕེབས་ཡོད་ཞེས་དུས་
མཁས་དབང་ཟམ་གདོང་རིན་པོ་ཆེའི་ཚོགས་ཆེན་ཐོག་ཕེབས་ཡོད་མེད་ནི་ཁོང་སྒ྄ེར་གྱི་གནད་དོན་ལ་ཇུས་ཏོག་མི་འདུག།
ཚབ་གཏོང་དགོས་ཡས་ག་རེ་ཡོག་རེད། དེ་ལྟའི་རྒྱ་ནག་པོའི་སྒོ་འགྲམ་ནས་སྐད་འབོད་བྱེད་ཐུབ་རྒྱུའི་་གོ་སྐབས་ནི་རྩ་ཆེན་རེད། ཤིན་ཏུ་ནས་རག་དཀའ་བ་ཚང་མས་ཤེས་གསལ་རེད། འོན་ཀྱང་ཡང་བསྐྱར་དེ་ཆུ་ལ་བསྐྱུར་འདུག རྒྱལ་སྤྱིའི་ཆོས་གྲོགས་ཚོགས་ཐོག་ཞུགས་ནས་འགྲོ་ལ་ཕན་ཞིང་བོད་དོན་ལའང་སྨན་པ་སོགས་སྒྲུབ་རྒྱུ་དེ་ལས་ལྷག་ཅིང་གལ་ཆ་ེ་བའི་ལས་དོན་ག་རེ་ཡོད་ན་ངས་མ་ཤེས། ལར་ཨེ་ཤ་ཡའི་རྒྱལ་ཁབ་རྣམས་ནི་ཆུང་ཆུང་དང་རྒྱུ་སྟོབས་ཞན་པས་སྒེར་གྱི་སྙན་གྲགས་འཕེལ་རྒྱུ་དང་འབུལ་བ་རག་རྒྱུ་སོགས་ལ་དཀའ་ཙམ་ཡོད་ནའང་མ་འོངས་པར་བོད་དོན་ལ་ཕན་པ་ཆེན་པོ་ཡོང་མ་སྲིད་པ་མིན་པས་སྣང་ཆུང་གཏན་ནས་བྱ་མི་ཉན་ནོ།།
ང་ཚོ་བོད་ལ་༧རྒྱལ་བ་གཅིག་མ་གཏོགས་མེད། དེ་ནི་ཆོས་ཕྱོགས་ནས་བཤད་ན་བོད་མི་རིགས་ཀྱི་མགོན་སྐྱབས་ཀྱི་ལྷ་སྐལ་ཡིན་ལ། ཆབ་སྲིད་དང་ལོ་རྒྱུས་ཀྱི་ངོས་ནས་བཤད་ན། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་མགྲིན་དབྱངས་གཅིག་ཏུ་བགྱེར་བའི་ཆབ་སྲིད་རང་བཞིན་ལྡན་ལ་ལོ་རྒྱུས་རང་བཞིན་ལྡན་པའི་མི་སྣ་གལ་ཆེན་ཞིག་ཡིན། འོན་ཀྱང་། ཟམ་གདོང་བླ་མ་རྒྱལ་བ་གཉིས་པ་གང་འདྲ་སེ་ཆགས་པ་རེད། སུས་ངོས་འཛིན་བྱས་པ་རེད། ཆོས་ཕྱོགས་ནས་བཤད་ཀྱི་ཡོད་པ་རེད། ཡང་ན་ཆབ་སྲིད་ཀྱི་ངོས་ནས་བཤད་ཀྱི་ཡོད་པ་རེད། ཆོས་ཕྱོགས་ནས་བཤད་ན་ཟམ་གདོང་བླ་མ་དགེ་ལུགས་པའི་བླ་མ་ཞིག་ཡིན་ཙང་། ས་བཀའ་རྙིང་གསུམ་དང་ཇོ་ནང་པ་གཡུང་དྲུང་བོན་དང་བཅས་པས་ངོས་ལེན་ནམ་ཡང་ཡོད་རྒྱུ་མ་རེད་པ། ཆབ་སྲིད་ཀྱི་ངོས་ནས་བཤད་ན་ཁོང་གིས་གཡོན་ཐལ་ཅན་གྱི་སྲིད་ཇུས་ལ་བརྐྱོན་བརྗོད་དང་དགག་པ་ཇི་ཙམ་ཡོང་གི་འདུག། གསལ་པོ་ཤེས་ངེས་རེད་པ། འོ་ན་༧རྒྱལ་བའི་སྐུ་ཚབ་ལ་ཕེབས་ཙང་རྒྱལ་བ་གཉིས་པ་ཡིན་ལབ་ན། དེ་ལྟར་མ་ཡིན་ཏེས། རྒྱ་རི་ཚང་དང་སྐལ་བཟང་རྒྱལ་མཚན་ལ་སོགས་པའི་སྐུ་ཚབ་ཚོགས་པ་རྣམས་ཀྱང་རྒྱལ་བ་གསུམ་པ་བཞི་པར་ཡིན་དགོས་པས། རྒྱལ་བའི་སྐུ་ཚབ་ཡིན་པས་ཕྱིར། དེ་དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་རྒྱལ་བའི་མཚན་གནས་རྗེས་འབྲེལ་གྱི་སྐུ་ཚབ་དོན་གཅོད་རྣམས་ཀྱང་རྒྱལ་བ་བཞི་ལྔ་པ་སོགས་རྫོགས་མཐའ་མེད་པར་འགྱུར་བས། སྐད་ཆ་སོམས་ནས་བཤོད། རྩམ་པ་ལྡད་ནས་མིད་ན་ཡག་པོ་ཡོད་པ་རེད་ལ། སོ་སོའི་དད་པ་དང་ཡིད་ཆེད་དག་སྣང་ཙམ་གྱིས་རྗེས་སུ་འབྲངས་ནས་ཚང་མར་བཙན་གྱིས་དྲུད་ཡོང་ན་ཏག་ཏག་ཅིག་མ་རེད་དོ།
གསེར་འབྲུག་ལགས།
ང་ཚོ་ལ་རྒྱལ་བ་གཅིག་མ་གཏོགས་མེད་ཅེས་ག་བར་གསུངས་འདུག
ཁྱེད་རང་གི་ལྷག་བསམ་གྱིས་ཡིག་མང་བྲིས་འདུག་ཀྱང་དམིགས་འབེན་ལ་རྕ་བ་ནས་ཕོག་མི་འདུག
རིན་པོ་ཆེ་མཆོག་བོད་གངས་ཅན་པ་རྣམ་ལ་དངོས་ནས་བཀའ་དྲིན་ཆེན་པོ་རེད། ང་ཚོས་ནམ་ཡང་ཁོང་གི་བཀའ་དྲིན་བརྗེད་མི་སྲིད།
ད་སུ་བཀའ་དྲིན་ཆེ་མི་ཅེ་ཡི་སྐད་ཆ་བཤད་ནས་མ་སྡོད། སྙིང་པོ་གང་ཡང་མེད། བོན་རྙིང་ས་བཀའ་དགེ་ལྔ་དང་བཅས་པའི་བླ་མ་རྣམས་ཀྱིས་དབུས་པའི་གངས་ཅན་པ་ཡོངས་ལ་བཀའ་དྲིན་ཆེ་ཤོས་ནི་བོད་མི་རིགས་འདི་དང་དེའི་སྲོག་རྩ་བོད་ཀྱི་རིག་གནས་འབའ་ཞིག་ཡིན། ང་ཚོ་སོ་སྐྱེས་མཐོ་དམན་ཡོད་དོ་ཅོག་དེ་ཡི་དྲིན་ལས་ད་བར་འཚོ་ཐུབ་པ་བྱུང་ཡོད། བྱས་ཙང་དེ་ལས་ལྷག་པའི་བཀའ་དྲིན་ཅན་ཞིག་གནམ་འོག་ན་མེད་པས་ཚང་མས་དེ་ལ་བདག་པོ་ཡག་པོ་རྒྱོབ་ཐུབ་རང་གི་མི་ཚེ་ཉིད་དོན་དང་ལྡན་ཞིང་ང་ཚོའི་མི་རིགས་འདི་ཡང་མུ་མཐུད་གནས་ཐུབ། ད་ལྟའི་ཨ་རིའི་མི་ལྟར་མི་རིགས་གང་གི་ཁོངས་སུའང་མ་གཏོགས་པའི་འཛམ་གླིང་གི་སྤྱི་མི་ལྟ་བུ་ཞིག་བྱེད་འདོད་ན་གནས་ཚུལ་ལོགས་ཀར་རེད།
ཟམ་གདོང་བླ་རྒན་ཞེན་ཁོག་སྐྱལ་བ་རེད།། འོན་ཅིང་རྡ་སའི་རྒྱལ་བ་གཉིས་པ་རེད།། ཆོས་པ་ཕོ་མོ་བཞི་བརྒྱ་ཞུགས་པའི་སར།། རྒྱལ་བ་གཉིས་པས་ཞུགས་ཐབས་བྱུང་མེད་རེད།། འཛམ་གླིང་གོ་ལའི་ཆོས་ཀྱི་གླེང་སྟེགས་སུ།། སྐྱ་མིན་སེར་མིན་འཇམ་ཞད་རྒྱུག་ཁྱི་དང་། བཙན་གྱིས་བཀལ་བའི་པཎ་ཆེན་ཟོལ་མ་སོགས། བག་ཡངས་རྒྱུ་ལྷོད་པོར་རྒྱུ་བའི་གནས་དེ་ན།། རྒྱལ་བ་གཉིས་པའི་ངོ་ཚ་ང་སྐྱངས་ཉོས།།
མཁྱེན་ཡངས་སྐུ་ཞབས་ཤར་ཁུག་དང་མགར་སྟོང་བཙན་སོགས་ཀྱིས་དངོས་ཡོད་གནས་ཚུལ་ངོ་སྤྲོད་གསལ་ཐག་ཆོད་གནང་བ་དུས་ལ་བབ་འདུག་པས་ཐུགས་རྗེ་ཆེ་ཞུ་བ་དང་ཆབ་
གཅིག། སྐབས་འགར་དད་པས་ཀུན་ནས་བསླངས་ཏེ་དངོས་དོན་དང་མི་མཚུངས་པའི་འུད་སྒྲོག་ཀྱང་ཅུང་ཟད་ཤོར་འདུག་པ་དཔེར་ན་། མགར་སྟོང་པས། ས་གསུམ་དབང་དུ་བསྒྱུར་བ་ཁྱེད་ལ་འདུད།།ལྟ་བུ་དང་།།
ཤར་ཁུག་གི་༸རྒྱལ་བ་གཉིས་པ་ལྟ་བུ་ནི་ད་ལྟའི་ཆར་ཅུང་ཟད་ཐལ་ཆ་ཆེ་དྲགས་པ་མིན་ནམ་སྙམ་སྟེ་། ས་གསུམ་དབང་དུ་བསྒྱུར་ཟིན་ན་གཞན་དབང་དུ་བཙན་བྱོལ་ལ་གནས་པའི་མཚན་
ཐོག་ནས་ནང་པའི་ཚོགས་ཆེན་ཙམ་ལའང་དབང་བསྒྱུར་མ་ཐུབ་པ་དེ་གང་ཡིན་ནམ། གལ་སྲིད་དེ་ཡང་ཐབས་མཁས་ཐུགས་རྗེའི་མཛད་པ་ཙམ་ཡིན་གྱི། དབང་དུ་བསྒྱུར་ཐུབ་ཀྱང་མ་བསྒྱུར་བ་ཡིན་ཞེ་ན། བར་གྱི་རྙོགས་གླེང་འདི་དག་དབང་དུ་མ་བསྒྱུར་བ་གང་ཡིན་ནམ།
རབ་རྟོག་གི་རྒྱན་ཐལ་ཆེ་ན། ༸གོང་ས་མཆོག་གིས་གསུངས་པ་ལྟར།
སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་བཏང་ཞེས་པ་ལས་མ་འདས་སོ་སྙམ།
གསེར་འབྲུག་སྡེ་ལྔ་ལགས་ཀྱང་རྟག་ཆད་ཀྱི་མཐའ་སུ་ལྷུང་ཉེན་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་གནང་ཚོད་རན་པར་གྱིས་ཤིག་དང་། རང་གཞན་གཉིས་དང་གཞུང་མང་སྤྱི་ལ་ཕན་རླབས་བས་བག་ཡོད་པར་མཛོད་ཅིག །
བསྟོད་ན་བསྟོད་ཚོད་མ་ཟིན་མཐའ་ལ་ལྷུང་།།
སྨད་ནའང་སྨོད་ཚོད་མ་ཟིན་དེར་ཟད་པས།།
བསྟོད་སྨད་གཉིས་ཀྱི་བར་ན་རླབས་ཆེན་ཚིག །
དེ་ནི་དྲང་བདེན་ཞེས་བྱའི་དབུ་མར་ངེས།།
ལ་ལས་ཆོས་ལ་དད་ནས་འཇིག་རྟེན་བརྫིས།།
འགའ་ཞིག་འཇིག་རྟེན་གཙོར་འཛིན་ཆོས་པར་སྨོད།།
ཕལ་ཆེར་རང་ལྟ་མཆོག་འཛིན་རྗེས་བསྙེགས་ཏེ།།
ཆོས་ལུགས་ཆོལ་ཁས་རིས་སུ་གཅོད་པར་མངོན།།
མངའ་རིས་ཕྲིན་ལས་དང་། དབང་ཆེན་ཟེར་བ་རྣམས་ཀྱིས་ཟམ་གདོང་ཆོས་ལུགས་ཀྱི་ཞེན་ཁོག་ཆེ་ཚུལ་བཤད་འདུག དེ་དངོས་འགྲེལ་ཡིན་ཞེན་ཁོག་ཇི་ལྟར་བྱས་དང་མ་འོས་པ་ཅི་ཞིག་བྱས་སོགས་གསུང་རྒྱུ་ཡོད་ན་གསུང་། མེད་ན་སྐད་ཆ་ཆོ་མེད་དེ་འདྲ་བཤད་ཀྱི་མ་འདུག
མཁྱེན་ཡངས་དབང་ཆེན་མིང་ཅན་གཞི་མེད་བསྙོན་འཛུགས་པ་ལགས།།
ཝ་མོའི་གཡོ་ཟོལ་མིན་ན།
ཁྱེད་ཀྱིས་དེ་དག་རེ་རེ་བཞིན་ཁུངས་སྐྱེལ་ར་སྤྲོད་གསལ་པོ་ཟླ་ཚེས་དང་བཅས་ལ་གོ་རིམ་ཡོད་པ་ཞིག་གནང་དང་། ང་ཚོ་རང་གཞན་རོགས་གསུམ་ལ་ཕན་པ་རླབས་ཆེན་ཡོང་ངེས་ཡིན།།
དེ་ལྟར་མ་ཡིན་ན། གཞི་མེད་བསྙོན་འཛུགས་མ་གནང་ན་ནའང་ལྟོ་གོས་གཏམ་གསུམ་ཐོབ་བྱེད་ཀྱི་ཐབས་ལམ་མང་པོ་ཡོད་རེད་ཏཱ།།
འཇམ་དབྱངས་བཞད་པ་སྐུ་འཕྲེང་འདི་པ་སྔོན་མ་སྐུ་ཚེ་བསྟོད་ལ་རབ་བྱུང་ཡིན་པ་དང་དེ་
ནས་་ལུགས་མཐུན་གྱི་ཆང་ས་རྒྱབ་ཏེ་ད་ཆ་མི་སྐྱ་ཡིན་པ་ལས་སྐྱ་མིན་སེར་མིན་
གང་ཡང་མ་རེད། གཅིག་བྱས་ན་དོན་དངོས་ཐོག་བོད་མི་རིགས་དང་རྒྱལ་ཁབ་ལ་དུང་ཞེན་ཁྱེད་ལས་ཟབ་ཤས་ཆེ། བཙན་གྱིས་བཀལ་བའི་པཎ་ཆེན་ཟོལ་མ་བག་ཡངས་ངང་ཚོགས་རྭ་གང་དུ་ཞུད་དམ། བག་ཡངས་ངང་ཕྱིར་ལོག་གནང་བ་ཡིན་ནམ། གསལ་པོ་གསུངས་རོགས་གནང་།། རྒྱ་ནག་གི་འཐུས་མི་སུ་སུ་ཡོད་མིན་ཁྱེད་ཀྱིས་གསལ་པོ་མཁྱེན་གྱི་ཡོད་ས་རེད།
ང་ཚོར་ངོ་སྤྲོད་ཅིག་གནང་དང་།།
གོང་ས་མཆོག་ནི་བོད་ཀྱི་མགྲིན་ཚབ་ཡིན།།ཟམ་གདོང་བླ་མ་བོད་ཀྱི་སློབ་དཔོན་ཡིན། །
ལྷག་པར་རྩ་དོན་ཐད་ལ་འཛམ་གླིང་དུ།།མགོ་ནག་གངས་ཅན་པ་ཡི་ཉི་ཟླ་ཟུང་།།
འོ་འོ། ཁ་བྱང་མཐོང་བས་རིན་པོ་ཆེ་མཆོག་ཚོགས་ཆེན་དུ་ཕེབས་ཞེས་པའི་རིན་པོ་ཆེ་༧རྒྱལ་བ་རིན་པོ་ཆེ་ཡིན་ཤག་བྱས། དངོས་གཞི་ནང་ཁུགས་རྟ་ལགས་ཀྱི་རྩ་བའི་བླ་མ་ཡིན་ཟམ་གདོང་རིན་པོ་ཆེ་རེད་འདུག་ག སྒེར་ངོས་ནས་རིན་པོ་ཆེ་ལྟ་ཨ་ཅང་ཅང་སྟེ། སངས་རྒྱས་དངོས་ཡིན་དུ་ཆུག བོད་སྤྱི་པ་ལ་བསམ་ན་རིན་པོ་ཆེ་ཞེས་པ་༧གོང་ས་མཆོག་རང་ཡིན། དེ་ཟམ་གདོང་ལ་མི་གོ
རྒྱ་རི་ལ་མི་གོ ༧ས་སྐྱ་ལ་མི་གོ སྨན་རི་ཁྲི་པ་ལ་མི་གོ པད་ནོར་ལ་མི་གོ ཀརྨ་པ་ལ་མི་གོ ཡིན་ནའང་འདི་དག་ཚང་མ་སྡེ་ཚན་གཅིག་གི་ཡོད་ན་མེད་ན་༧ གོང་ས་མཆོག་ཕུད་པས་རྒྱལ་བ་དང་པོ་ཏག་ཏག་རེད།
དེས་རང་སྒེར་གྱི་བརྩི་བཀུར་གྱི་གོ་གནས་དེ་སྤྱི་པར་བཙན་དྲུད་བྱེད་མི་ཉན་ཡ།
ཁོང་སློབ་སྤྱི་ཟུར་པ། བཀའ་ཁྲི་ཟུར་པ། དགེ་སྦྱོང་བགྲེས་སོང་ཞིག་ལགས་པས་གུས་པ་ལོས་བྱེད། དད་པ་ནི་ཨོཾ་ཨཱ་ཧུཾ།
ཁུག་རྟའི་རྩོམ་གྱི་ཁ་བྱང་དང་ནང་དོན་གཉིས་ཏག་ཏག་སྡད་མི་འདུག ཁ་བྱང་ལ་བལྟས་ན་རིན་པོ་ཆེ་ཚོགས་ཆེན་ལ་ཕེབ་ཡོད་པ་གསལ་འདུག་ཀྱང་ནང་དོན་ལ་ཚོགས་འདུར་ཞུགས་ཐུབ་མེད་པ་གསལ་འདུག
བོད་པ་འདི་ཚང་་་་་་་་་་་་་་་ཨ་ཁ་ཁ་་་་་་་་་་་་་་་ཟབ་མདོ་རིན་པོ་ཆེ་ཡག་ན་པདྨ་ཆོས་འབྱོར་སྡུག་དགོས་པ་དང་་་་་་་་་་པདྨ་ཆོས་འབྱོར་བཟང་ན་ཟབ་མདོ་རིན་པོ་ཆེ་ངན་དགོས་པའི་སྒྲིགས་གཞི་འདི་འདྲ་སུས་བཟོས་པ་ཡིན་ནམ་་་་་་་་་་་་་ཡང་ན་གཉིས་ཀ་ངན་པ་དང་ཡང་ན་གཉིས་ཀ་བཟང་པོ་སྣིང་མི་ཆོག་པ་ཅི་ཡིན་ནམ་་་་་་་་ལྷག་པར་དུ་ཤར་ཕྱུགས་་་ཀུ་ཏ་་་་ཡིན་ན་ཁུག་རྟ་འདིས་ག་དུས་ཡིན་ན་ཁོང་རང་གི་སྡིག་ཉེས་ངོས་མ་ཟིན་པར་དགྲ་དགའ་གཉན་སྡུག་གི་ལས་ཀྱང་བྱེད་དགོས་མི་ཞིག་རེད་་་་་་་་་་་་་་་་་་་་་་་དངོས་གནས་སྐབས་རེད་འདི་ཤར་ཕྱོགས་རྒྱ་ནག་གི་ཀུ་ཏ་འམ་རྒྱུགས་ཁྱིན་མིན་ནམ་བསམ་གྱི་འདུག་་་་་་་་་་་་་་ཨ་ཁཁ་ཁ་ཤར་ཕྱོགས་ཀུ་ཏ་ཡ་་་་་་་་ཤར་ཕྱོགས་ཀུ་ཏ་ད་ཆོག་ནི་བྱོས།།།།།།།།།།།།།།།།
༧གངས་ཅན་ལྗོངས་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་༧སྟོན་མཆོག་རྒྱལ་བ་བསྟན་འཛིན་རྒྱ་མཚོའི་བསྟན་པ་ལ། རྒྱལ་བ་རང་ལྟར་བྱོན་པའི་སྲས་ཀྱི་ཐུ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལས་གཞན་མེད་པ་ཞེ་དྲག་གསལ་བོ་རེད། ངས་སེང་གེའི་ངར་སྐད་ལྟར་༧རྒྱལ་བ་རིན་པོ་ཆེར་ངོམ་ཆོག་ཆོག་ཅིག་ཡོད་པ་ནི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མ་གཏོགས་གཞན་ཡོད་ཨང་ཅེས་པ་འདི་ཉིད་དོན་ལ་གནས་པ་ཞིག་ཡིན། གལ་སྲིད་སུ་ཞིག་གིས་ཕྱོགས་གང་ནས་༧རྒྱལ་བ་རིན་པོ་ཆེར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལས་ལྷག་ཅིག་ཡོད་པའི་དཔང་རྟགས་རིག་པས་བསག་བཅད་བརྡར་སྟེ་ང་དང་མཉམ་དུ་བཤམས་ཐུབ་པ་ཡིན་ན། ཉིན་མོ་དེར་རྒྱ་ཆེའི་མི་མང་གི་མདུན་དུ་ང་དང་བགྲོ་གླེང་མཁན་དེའི་ཞབས་ལ་བདག་གི་མགོ་བོས་ལན་གསུམ་ཕྱག་འཚལ་ངེས་ཤིང། ད་བར་ངས་བཤད་པ་དང་བྲིས་པ་ཐམས་ཅད་རྫུན་མ་ཡིན་པའི་ཐ་ཚིག་ཀྱང་བསྒྲགས་ཐུབ་པ་ཡིན། དེ་མིན། ཕྱོགས་ལྷུང་གདོན་གྱིས་བློ་མིག་ཟོས་པ་དག་ལ་ཕན་དུ་རེ་བ་ཆེར་མེད་ཀྱང། བདེན་པ་རྣམ་པར་རྒྱལ་བ་འདི་བསྐལ་བ་འཇིག་ནའང་འགྱུར་མེད་དུ་གནས་པས་སྤོབས་པ་དང་བཅས་རྒྱལ་བ་གཉིས་པར་བཅད་པའི་ངེད་ཀྱི་བཞེད་ཕྱོགས་ལ་མི་མཐུན་པ་ཆེ་ཕྲ་ཡོངས་ལ་ཅོ་འདྲི་བ་ཡིན་ནོ།།
བོད་པ་འདི་ཚོས་བསམ་ཚུལ་རེ་བཤད་ཡོང་དུས་དངོས་གནས་བོད་ལ་རེ་བ་མི་འདུག་ཨང་བསམ་པ་རྐྱང་རྐྱང་རེད་ནས་འདུག ཅིས་ལན་པ་ཡིན་ནམ། བསམ་བློ་དང་རྒྱུ་སྤུས་མེད་པའི་མི་འདི་འདྲ་བ་ཏག་ཏག་སུ་ཞིག་གི་བཟོས་པ་ཡིན་ནམ། མི་ལོ་སྟོང་ཕྲག་འབོད་པའི་ཆོས་ལུགས་དེས་བཟོས་པ་མིན་ནམ། ཡང་ན་རྒྱ་གཞུང་གིས་ཟེར་བ་ལྟར་ཀླ་ཀློ་མཐའ་ཁོམ་གྱི་མིར་སྐྱེས་པས་ཡིན། དྲ་འབུ་ཚོར་ཟེར་གི་ཡོད།
ང་དང་མིང་འདྲ་བ་ལ་ཨང་།
རྣམ་པ་ཚོ་ད་དུང་གསལ་བོ་མ་ཆགས་པ་ཡོད་ན། དྲི་བ་གནང་རོགས། ཕྲན་ནས་མཚོ་སྣ་རིན་པོ་ཆེར་ཁ་པར་ལམ་ནས་བཅར་འདྲི་བྱས་པ་ཞིབ་ཚགས་ཤིག་ཡོད་པས་མ་གསལ་བ་ཡོད་ན་འདྲི་རྐྱང་གནང་རོགས། མཚོ་སྣ་རིན་པོ་ཆེ་དང་ཆོས་རིག་བཀའ་བློན་ཆོས་ཚོགས་ཀྱི་མཛད་སྒོའི་སྐབས་རྐུབ་སྟེགས་མཉམ་དུ་བསྡད་པ་དང། དེ་ནས་ཅང་མ་འགོར་བར་དྲུང་ཆེས་མཚོ་སྣ་རིན་པོ་ཆེ་ཁོང་གི་བསྡད་སར་མངགས། དེ་ནས་ཅུང་ཙམ་མ་འགོར་བར་ཆོས་རིག་བཀའ་བློན་ཕྱི་ལ་ཐོན་སོང་བ། དེ་བཞིན་མཚོ་སྣ་རིན་པོ་ཆེ་ལགས་ཀྱང་ཕྱི་ལ་ཐོན་དགོས་ཆགས་སྐབས། མཚོ་སྣ་རིན་པོ་ཆེ་དང། འབྲས་སྤུངས་རི་རྒྱ་རིན་པོ་ཆེ། སུའུ་ཌན་གྱི་མཚོ་སྣ་རིན་པོ་ཆེའི་གྲོགས་པོ་ཞིག ཆོས་རིག་བཀའ་བློན་བཅས་ཟམ་གདོང་རིན་པོ་ཆེའི་གཟིམ་ཤག་ཏུ་བཅར་ནས་རིན་པོ་ཆེ་ཉིད་ནས་༧རྒྱལ་བ་རིན་པོ་ཆེའི་གསུང་འཕྲིན་སྒྲོག་རྒྱང་གནང་རྒྱུའང་ཡོང་གི་མེད་ཁར། ང་ཚོའང་ཕྱི་ལ་ཐོན་དགོས་ཆགས་སོང་བས། ད་ཅི་ལྟར་བྱ་མིན་ཐད་བཀའ་འདྲི་གྲོས་བསྡུར་བྱས་སྐབས། རིན་པོ་ཆེས་ཁྱེད་རྣམས་ཆོས་ཚོགས་ཀྱི་ཐོ་འགོད་བྱས་པའི་ཁྲིམས་མཐུན་ཚོགས་མི་རེད། རྒྱ་མིའི་ག་རེ་ལབ་མིན་ལ་མ་བལྟས་པར་བཅར་དགོས་ཀྱི་རེད་ཅེས་གསུངས་བས་དེ་བཞིན་ཨུ་ཚུགས་རྒྱབ་འདུག མཚོ་སྣ་རིན་པོ་ཆེའི་སུའུ་ཌན་གྱི་གྲོགས་པོ་དེ་དང་རྒྱ་མིའི་ཆོས་ཚོགས་འཐུས་མིའི་བར་རྩོད་པ་ཞེ་དྲག་ཤོར་བ་སོགས་མང་པོ་འདུག །
(ཉེ་ལམ་རྙོག་གླེང་འདི་ཐོག་མར་བྱུང་སྐབས། དུས་བབ་རྩོམ་སྒྲིག་པས་ཚོད་དཔག་གི་མཆན་བུ་འདི་འདྲ་ཞིག་སྤེལ་འདུག)
དོན་འགྲུབ་བཀྲ་ཤིས།
༢༠༡༢/༠༦/༢༠ ཉིན་འདོན་སྤེལ་བྱས། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག དེ་བཞིན། མཚོ་སྣ་རིན་པོ་ཆེ་མཆོག་གསུམ་ཐེངས་འདིར་ལྷོ་ཀོ་རི་ཡར་ཕེབས་ཡོད་པ་དངོས་ཡོད་རེད། ཡིན་ནའང་ང་ཚོ་མགོ་ཉོག་ཐེབས་ས་དེ། ཁོང་ཅག་ཐེངས་འདིར་ཆེད་དུ་འཛམ་གླིང་ནང་པའི་ཚོགས་ཆེན་སྟེང་ཕེབས་པ་རེད་དམ་མ་རེད། གལ་སྲིད་ཡིན་ན་ཟམ་གདོང་རིན་པོ་ཆེ་ཅིའི་ཕྱིར་ཚོགས་འདིའི་ནང་མ་ཕེབས་པ་རེད། འདི་རེད།
ངས་ཚོད་དཔག་ཙམ་བྱས་ན། ཐེངས་འདིར་ཁོང་རྣམ་པ་འཛམ་གླིང་ནང་པའི་ཚོགས་ཆེན་ཐོག་ཆེད་དུ་ཕེབས་པ་གཅིག་མཚུངས་ཡིན་རྒྱུ་རེད། ཕར་ཕེབས་རྗེས་རྒྱ་ནག་གི་སྐུ་ཚབ་ཚོས་རྙོག་དྲ་བཟོས་པའི་དབང་གིས་ཚོགས་ཆེན་གོ་སྒྲིག་གནང་མཁན་ཚོས་བོད་མིའི་སྐུ་ཚབ་རྣམ་པ་ཚོགས་འདུར་མི་ཞུགས་རྒྱུའི་འབོད་སྐུལ་ཡང་ཡང་ཞུས་སྟབས། རིན་པོ་ཆེ་མཆོག་ནམ་རྒྱུན་རང་གཤིས་ཀྱི་ཐོག་ནས་ཀྱང་གནས་ཚུལ་གང་ལ་ཐུག་ཀྱང་ཧང་སང་མདོག་མི་གནང་མཁན་ཞིག་དང་། དོན་དག་ཆེ་ཆུང་གང་ཡིན་རུང་ཨུ་ནན་གྱིས་གནས་སྐབས་ཀྱི་རྒྱལ་ཁ་རྩོད་མཁན་ཞིག་མིན་སྟབས། ཐེངས་འདིར་ཡང་འཛམ་གླིང་ཞི་བདེ་ལ་སྨན་པའི་ནང་པའི་ཚོགས་ཆེན་ལམ་ལྷོངས་ཡོང་ཆེད་ཕྱིར་འཐེན་དང་ལེན་གནང་བ་ཞིག་མིན་ནམ་སྙམ།
ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཆགས་ཡོད་དུས། སྤྱིར་ཐེངས་འདིར་ཆོས་ཕྱོགས་ཀྱི་ཚོགས་འདུ་ཞིག་ཡིན་ཡང་། རྒྱལ་ཁབ་མང་པོ་ཞིག་གི་སྐུ་ཚབ་ཡོད་པ་དང་གསར་འགོད་པ་དང་ཁོར་ཡུག་གི་ཐད་ནས་ཆབ་སྲིད་ཀྱི་ཚོར་བ་ཤིན་ཏུ་རྣོ་བ། རྒྱ་ནག་གི་སྐུ་ཚབ་ཚོས་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཐབས་བྱས་ཏེ་རྣམ་འགྱུར་མི་ལེགས་པ་བསྟན་ཡོང་སྐབས། ཚུར་ཕྱོགས་ནས་ཀྱང་དེ་ལ་འབབ་པའི་ཆབ་སྲིད་ཀྱི་བརྡ་ལན་ཞིག་སྟོན་རྒྱུ་གནད་འགག་ཡིན་སྟབས། པདྨ་ཆོས་འབྱོར་མཆོ་གིས་གོ་སྒྲིག་པ་ཚོའི་རེ་སྐུལ་ངོས་བཞེས་མ་གནང་བར་ཨུ་ཚུགས་མཐར་སྐྱེལ་གྱིས་ཚོགས་འདུའི་ནང་ཕེབས་པ་ཞིག་ཡིན་སྲིད།
གང་ཡིན་ཞེ་ན། ད་ཐེངས་འདི་ཕྱོགས་ནས་ཕེབས་པའི་སྐུ་ཚབ་རྣམ་པ་གསུམ་གྱི་ངོ་ཚབ་མཚོན་སྟངས་མ་འདྲ་བ་ཆགས་ཡོད། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནི་དགའ་ལྡན་ཕོ་བྲང་གི་སློབ་སྟོན་པ་དང་༧གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་ཡིན་ལ། པདྨ་ཆོས་འབྱོར་མཆོག་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་གཞུང་འབྲེལ་སྐུ་ཚབ་ཆོས་རིག་བཀའ་བློན་རེད། དེ་བཞིན། མཚོ་སྣ་རིན་པོ་ཆེ་མཆོག་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་བསྟན་ཤེས་ཡོན་ལྷན་ཚོགས་ཀྱི་ཆེད་བཏང་སྐུ་ཚབ་ཆགས་ཡོད། ཡིན་ནའང་ཁ་སང་པདྨ་ཆོས་འབྱོར་མཆོག་གི་བཀའ་མོལ་གནང་སྟངས་ལ་ཉན་ན་འདིའི་བར་དུ་འགལ་བ་ཕྲན་བུ་ཞིག་ཀྱང་མེད་དམ་སྙམ།
གསར་འགྱུར་བརྒྱུད་ལམ་ཁག་གིས་༧གོང་ས་མཆོག་གི་སྐུ་ཚབ་ཟམ་གདོང་རིན་པོ་ཆེ་ཐེངས་འདིའི་ནང་པའི་ཚོགས་ཆེན་སྟེང་ཞུགས་ཏེ། རྒྱ་ནག་གི་སྐུ་ཚབ་ཚོ་ཚོགས་འདུ་ནས་ཐོན་ཏེ་ཕྱིར་རྒྱ་ནག་ལ་ལོག་པ་རེད་ཟེར་བ་དེ། རིན་པོ་ཆེ་ཚོགས་འདུར་ཞུགས་ཡོད་མེད་ལ་མ་ལྟོས་པར། བཙན་བྱོལ་བོད་མིའི་སྐུ་ཚབ་ཚོགས་འདུའི་ནང་ཕེབས་ཏེ་རྒྱ་ནག་གི་སྐུ་ཚབ་ཐོན་ཕྱིན་པ་དང་། ཟམ་གདོང་རིན་པོ་ཆེ་མཆོག་གིས་གསར་ལམ་ཁག་ཏུ་བཀའ་མོལ་གནང་བ་བཅས་ལ་བརྟེན་ཏེ། རྒྱ་ཕྱོགས་ནས་ཕམ་ཁ་ཉོས་པའི་ལྟ་འདྲ་བོ་ཡོད་སྟབས། འདི་ཕྱོགས་ནས་ཕེབས་པའི་སྐུ་ཚབ་རེ་རེའི་ངོ་ཚབ་བྱེ་བྲག་གིས་མ་གླེང་བའམ་མ་ཤེས་པར་སྤྱི་རྡོག་གིས་གནས་ཚུལ་དེ་ལྟར་གྱར་བ་མིན་འགྲོ་སྙམ།
འདི་དག་ངའི་རྣམ་རྟོག་དང་འོལ་ཚོད་ལྟར་ཐལ་བ་ལས་ཁུངས་ལུང་ཅི་གང་མེད།
སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལྟ་བུ་ཞིག་རྒྱལ་བ་རིན་པོ་ཆེ་ཕུད་གང་ན་ཡོད། ཤར་ཕྱོགས་པས་བཤདཔ་བདེན་པ་རེད། ཨ་མའི་བུ།
ཤར་ཕྱོགས་ཀུ་ཏ་ཡ་་་ཤར་ཕྱོགས་ཀུ་ཏ་་་་ད་ཆོག་ནི་བྱོས་་་་་་་་རྒྱ་ནག་པོས་ཕ་མ་བསད་་་་་་ཕ་ས་འཕྲོག་་་་་་་་་་ཁྱེད་རང་ཡུལ་ཡོད་ཀྱང་བསྡོད་ས་མེད་ནི་ཟི་བྱས་ཀྱང་་་་་ཁོང་མ་ཁྲོ་་་་་ཁོལ་མི་འཛིན་པར་་་་་་་་་་་་་བློ་སེང་གིས་ཁྲིམས་སྒྲིག་དགོངས་དོན་ལྟར་གནས་དབྱུང་བཏང་བ་ལ་འདི་ལྟར་་་་་་་་་་་་་་་་་འ་འ་འ་་་་་་་འཛིན་སྐྱོངས་དཀའ་བཤག་མ་འགྲིག་ན༸གོང་ས་མཆོག་གིས་ལོ་མང་སྐུ་ལས་གནང་བའི་གཙན་བྱོལ་བོད་གཞུང་མ་འགྲིག་པ་ལས་བློ་སེང་གཅིག་བུ་མ་འགྲིག་པ་ག་ལ་ཡིན་་་་་་་་་་་་་་་ཡང་གཅིག་བཤད་ན་བློ་སེང་ལ་དེ་འདྲ་ཁོང་ཁྲོ་ལངས་ན་ལོ་ལྔ་འམ་བཆུའི་རྗེས་ལ་་་་་་་་་་་་་་་་སྐྱེས་ཕོ་རབ་ཀྱི་དགྲ་ཤ་རྩོད་ན་ལོ་བཅུ་ཕྱིན་ཀྱང་ཕྱི་མེད་ཟེར་བ་རེད་་་་་་ཤར་ཕྱོགས་ཀུ་ཏ་ཡ་་་་་་ཀུ་ཏ་་
དྲ་སྐྱག་ཚོས་ཐན་བྱ་ཁུག་རྟ་ནི་བཀའ་ཁྲི་གཙོས་པའི་རང་གཞུང་ལ་དམའ་འབེབས་བྱེད་མཁན་ཞིག་དང་ཆིག་སྒྲིལ་གསར་གཏོད། རང་ཁ་རང་སོར་གནོད་གདོན་བྱ་ཞིག་ཡིན་པ་ཅི་ལ་མ་ངེས་པ་ཡིན་ནམ།
ླབློ་སེང་གིས་ཆོས་དང་འཇིག་རྟེན་གང་ཡང་མི་ཤེས་མཁན་མི་རྒན་ཞིག་ཆོས་དོན་བཀའ་བློན་དུ་བདམས་པས་ཡོང་རྒྱུ་དེ་ལས་ཡོག་མ་རེད། པདྨ་ཆོས་འབྱོར་ཁོས་སྐད་ཆ་ཟ་རེ་ཟོ་རེ་དེ་འདྲ་རང་བཤད་ནས་ལོ་ལྔ་དུས་ཚོད་སྐྱེལ་དགོས། དེ་མིན་ཁོང་གིས་ཆོས་ཀྱི་བགྲོ་གླེང་བྱེད་སྐབས་ལྐུགས་པ་ལྐུགས་ཀྱང་ཆགས་འགྲོ་རྒྱུ་ལས་དོན་ཕན་ལྡན་པ་ཞིག་གསུང་རྒྱུ་གང་ཡང་མེད། བློ་སེང་གིས་ཁོང་ཆོས་དོན་བཀའ་བློན་དུ་བསྐོས་པ་ནི་ཆོས་རིག་ལ་མཐོང་ཆུང་ཚད་མེད་བྱས་པ་ཞིག་ལོས་ཡིན། ཤར་ཁུག་ལགས། གསལ་པོར་བཟོས་པར་ཐུགས་རྗེ་ཆེ།
གལ་སྲིད་ཤར་ཁུགའམ་ཤར་ཕྱོགས་སྲིན་བྱ་འུག་པས་བཤད་པ་བདེན་ན་ཟམ་གདོང་རིན་པོ་ཆེ་འདི་གུང་ཁྲན་དང་འཕྲད་སྐབས་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་ནས་མི་ཚེ་སོ་ཕྱིར་མངོན་མ་མྱོང་བ་དེ་མངོན་ཡོང་མཁན་ཞིག་ཡིན་སྟབས་ད་ལན་ཀྱང་རྒྱ་མིས་སྐུ་ཚབ་ཚོགས་པའི་གནོན་ཤུགས་འཕྲད་མ་ཐག་འཛུམ་དང་བཅས་དབུ་ཅུང་ཟད་སྒུར་ཏེ་ཚོགས་འདུར་མི་བསྐྱར་རྒྱུ་ཁས་ལེན་བྱས་ཡོད་ཐག་ཆོད་རེད། དེ་ལྟར་སྐྱུག་བྲོ་བའི་གནས་ཚུལ་དེ་ཆོས་རིག་བཀའ་བློན་གྱིས་སྤྱི་ཚོགས་སུ་སྒྲོག་ཐབས་བྲལ་ཏེ་གནས་ཚུལ་གསལ་པོ་ཧ་མ་གོ་ཚུལ་བརྗོད་ཡོད་པ་ཡིན་བཟོ་རེད། ཟམ་གདོང་རིན་པོ་ཆེར་སྐུ་ཡོན་ཧ་ཅང་ཆེ་བ་སྨོས་མེད་ཡིན་ཀྱང་དེ་དང་དོ་མཉམ་པའམ་མཐོ་བའི་ཞེན་ཆའང་ཆེན་པོ་ཡོད། དེ་ནི་གཙོ་བོ་དྲིན་ལ་བསམ་ཤེས་མེད་པ་དང་རང་ཤུགས་ཡོད་རྒུ་སྤྱད་དེ་གཞན་གྱི་བསམ་ཚུལ་ངོས་ལེན་གཏན་ནས་མི་བྱེད་པ་གཉིས་ཡིན། དེ་ཡང་བོད་མི་འབུམ་ཕྲག་གི་ཚེ་སྲོག་གཅོམ་ཞིང་ཁྲིམས་འགལ་གྱི་ཐོག་ནས་སྣོད་བཅུད་ཡོང་བདག་བཟུང་བྱེད་མཁན་གྱི་གཞུང་སྡུག་རྩུབ་ཅན་འདིར་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཞེས་ཁ་གཡང་སྒྲོག་ཅིང་མི་ཚེ་ཕྱིར་སྟོན་མ་མྱོང་བའི་སོ་ཡི་ཕྲེང་བ་དག་ཀྱང་ཕྱིར་མངོན་ཡོང་ལ། གཞུང་སྒེར་གང་ལའང་རོགས་ཕན་ཆེ་ལ་ལྷག་པར་༧གོང་ས་མཆོག་གི་མཚན་སྙན་འཛམ་གླིང་འདིར་ཁྱབ་ཏུ་འཇུག་མཁན་ནི་ནུབ་ཕྱོགས་པའི་གཞུང་དང་ཚོགས་སྡེ་མི་སྒེར་སོགས་ཡིན་ལ་མི་སྒེར་ཟེར་བའང་གཙོ་བོ་ཆབ་སྲིད་པ་དང་ཚན་རིག་པ། དེ་བཞིན་ལོ་རྒྱུས་སྨྲ་བ་སོགས་ཡིན་ལ་དེ་དག་ལ་ནི་ཆེས་རྨོང་རབ་དང་ཆེས་རྗེས་ལུས་ལྟ་བུ་བརྗོད་དེ་སོ་ཕྲེང་དག་ཀྱང་ནང་དུ་བསྡུ་འགྲོ་བཞིན་ཡོད་པ་འདི་ནི་མཉེན་ལ་སྡང་ཞིང་དགྲ་ལ་ཞུམ་པའི་དཔེ་མཚོན་ཙམ་ཡིན། བདེན་པ་ཉིད་རྒྱལ་གྱུར་ཅིག་ཟེར་བ་དང་དབུས་བོད་མིའི་སྒྲིག་འཛུགས་ཟེར་བའི་ཚིག་ཕྲེང་གཉིས་ཀྱིས་ལོ་རྒྱུས་ཡུན་རིང་ལྡན་པའི་གངས་ཅན་པའི་རྡོ་རིང་རྨང་ནས་བཅོམ་ཟིན་པའི་བྱེད་གཏེ་སུ་རེད། འདི་ཚོ་ནི་སྡེ་ཚན་དང་པོའི་དཔེ་མཚོན་ཙམ་ཡིན། སྡེ་ཚན་གཉིས་པའི་སྐོར་མཁྱེན་འདོད་ཡོད་མཁན་ཡོད་ན་དྲ་འབུས་རྗེས་སུ་གསལ་བཤད་ཞུ་ཆོག
རེད་རེད། ཚང་མ་ཚ་ཚ་འུར་འུར་རེད། ཧཧཧཧཧ
བཀའ་ཟུར་ཟམ་གདོང་རིན་པོ་ཆེ་སྤྱིར་བཏང་བཀའ་དྲིན་ཆེན་པོ་དང། ཆེ་བ་བརྗོད་དགོས་པ་ཞིག་ཡིན་ནི་རེད། ཡིན་ན་ཡང་འདི་ལས་ལྷག་མེད་པ་ལྟ་བུ་ཞིག་ཏུ་རྩིས་ན་ནོར་འཁྲུལ་ཅུང་ཡོད་སྙམ། གང་ཡིན་ཟེར་ན་མི་ལོ་མང་པོ་གཅིག་ལ་བཙན་བྱོལ་བོད་གཞུང་གི་ཕྱག་ལས་མང་དག་གཅིག་གནང་བ་བདེན་པ་རེད་དེ་ཐ་མ་བཀའ་ཁྲིའི་དུས་ཡུན་རྫོགས་ཁ་སླ་མོར་ཁོས་བོད་མི་ས་ཡ་དྲུག་དང་། ལྷག་པར་དུ་དཀའ་ངལ་འཕྲད་བཞིན་པའི་དུས་ཚོད་འདི་འདྲ་ཞིག་ལ་༼ཁོས་ད་བར་དུ་ལས་ཀ་བྱས་པ་དེ་བོད་མི་རིགས་དང་། བསྟན་སྲིད་ཀྱི་ཆེད་དུ་མིན་པར་རང་གི་རྩ་བའི་བླ་མའི་བཀའ་སྒྲུབ་ཚུལ་༽གསུང་བ་དེས་བོད་མི་ས་ཡ་དྲུག་གི་སེམས་ངོར་བག་ཆགས་གང་འདྲ་ཞིག་བཞག་ཡོད་ས་རེད་སྙམ། དེ་གཅིག་ཡིན། དེ་མིན་མི་ལོ་མང་པོ་གཅིག་ལ་ཁོང་གིས་གྲོས་ཚོགས་ར་བའི་ནང་ནས་ཁོང་གི་ལས་རོགས་བཀའ་ཤག་ལྷན་རྒྱས་དང་། བོད་མི་མང་སྤྱི་འཐུས་རྣམ་པར་མཐོང་ཆུང་དང་ཁྱད་གསོད་རྐྱང་རྐྱང་གིས་བསྐྱལ་བ་ནི་མིག་ལོང་བ་མིན་ཚད་ཀྱིས་མཐོང་ཡོད་ཤག་རེད། དེས་ཕྱིར་ངས་ཞུ་རྒྱུ་དེ་བླ་ན་མེད་པའི་ཆེ་བ་བརྗོད་རྒྱུ་ལྷག་མེད་པར་སྙམ།
སྤྱི་འཐུས་རྣམ་པས་ཤེས་དང་མ་ཤེས་པའི་དྲི་བ་རྣམས་ལ་ལམ་སྟོན་ཚ་མནན་བྱས་པ་དེ་བོད་སྤྱི་ལ་ཕན་ཐོག་པ་ཞིག་མ་གཏོགས་གཞན་གང་ཡང་མ་རེད། བླ་མའི་བཀའ་སྲུང་སྒྲུབ་པ་ཡིན་གསུངས་བ་དེའི་རྒྱབ་ལྗོངས་དང་བཅས་པར་དཔྱད་པ་བྱས་ན་ད་གཟོད་ཤེས་རྟོགས་ཡོང་གི་རེད། དེ་མིན་ཚིག་སྣེ་ཙམ་འཇུས་ན་དོན་དག་གང་ཡང་མེད་པས། མདོ་སྨད་པ་བླུན་པོ་ཟེར་བ་དངོས་གནས་གླེན་ནག་ཅིག་ཡིན་ཐག་ཆོད་ཡིན་ས་རེད། ངས་བལྟས་ན་ཁྱེད་རང་མདོ་སྨད་པ་ཞིག་ཡིན་ཚོད་མ་རེད། མདོ་སྨད་ནང་དེ་འདྲའི་གླེན་པ་ཞིག་ཡོད་པར་ཡིད་ཆེས་ཁག་པོ་རེད། དེ་བས་ཉིད་ནས་མདོ་སྨད་པའི་མཚན་རིན་པོ་ཆེ་འཕྲོ་བརླག་ལ་མ་བཏང་ན་དགའ་གི་རེད།
སྐུ་མཁྱེན། ཁོང་ག་ཚད་བཀའ་དྲིན་ཆེ་ནའང་། རྒྱལ་བ་གཉིས་པ་ཟེར་བ་ལྟ་བུ། ཁོང་མེད་ན་ཅི་གང་མེད་པ་ལྟ་བུ་མ་བཤད་རོགས། ཡིན་རྒྱུ་དགེ་ལུགས་ཞེན་ཁོག་གིས་ནང་རུལ་སྡོད་མཁན། རྫིག་མདོག་མཁས་མདོག་བྱེད་མཁན་ཞིག་རེད། ཐུགས་རྗེ་གཟིགས། མར་མེ་ལ་ཉི་མ་རེད་མ་གསུངས་ཨེ་གོ
མེ་ཏོག་དཀར་པོ་ཁྱེད་སྙིང་རྗེ། ཁྱེད་ནས་ཟམ་གདོང་རིན་པོ་ཆེ་མཆོག་དགེ་ལུགས་ཀྱི་ཞེན་ཁོག་ཡོད་པའི་རྒྱུ་མཚན་འདྲེན་རྒྱུ་ཡོད་ན་སྟོན་དང། དོན་མེད་སྐུར་འདེབས་རང་ཉིད་སྒེར་ཙམ་མ་ཟད་བོད་སྤྱིའི་བསོད་ནམས་ལ་གནོད་ཀི་རེད་ཟེར་བ་དེ་བདེན་པ་རེད། གཟབ་གཟབ་བྱོས། བྱ་བ་ལམ་འགྲོ་ཡོང་གི་མ་རེད།
དམིགས་བསལ་ཞིག་དྲ་གྲོགས་མགར་སྟོང་བཙན་མཆོག་ལ་ཐུགས་རྗེ་ཆེ་ཞུ། ཁྱེད་ཀྱི་ཞབས་བརྟན་ཚིག་བཅད་དེ་བཀླགས་པས་སེམས་ལ་ཚོར་བ་ཞིག་བྱུང།
ཧ་ཧ། ངས་ཁྱོད་ལའང་སྙིང་རྗེ། ཝར་ཎ་སློབ་སྤྱི་འགན་ཁུར་སྐབས་རྒྱལ་བ་གཉིས་པ་འདིས་མཛད་པ་བཅུ་གཉིས་སྟོན་པ་མ་རེད་དམ།
ཏག་ཏག་ཁྱོད་ནི་བླ་མ། ཁྱོད་ནི་ཡི་དམ། སོགས་བསྟོད་ཚིག་རེ་བཀླག་ནས་ཚིམས་ནས་སྡོད་ལོ །
སྐུ་ཞབས་སྣྲོན་ངག་ཁྲི་ལགས།
ངས་སྒྲོ་འདོགས་དང་སྐུར་འདེབས་བྱས་ནས་ཅང་ཕན་ནི་མ་རེད། བྱས་ཙང་ཤར་ཁུག་ཀྱིས་ཁྲི་ཟུར་ཚང་བོད་ཕྱི་ནང་གཉིས་སུ་རྒྱལ་བ་གཉིས་པ་ཞེས་པ་དེ་སྒྲོ་འདོགས་མ་རེད་པས། དེས་ན་ངས་བོད་ཕྱི་ནང་གཉིས་ནས་ཆོས་སྲིད་གང་གི་ཆ་ནས་རྒྱལ་བ་གཅིག་མ་གཏོགས་རྒྱལ་བ་གཉིས་པ་ཞིག་མེད་པའི་རྒྱུ་མཚན་བཀོད་ཡོད། འོན་ཀྱང་ཤར་ཁུག་གིས་ཆོས་ལུགས་བྱེ་བྲག་པ་དང་གང་ཟག་བྱེ་བྲག་པར་བརྗོད་ཀྱིན་ཡོད་ན་ནི་རྒྱལ་བ་གཉིས་པ་མ་ཟད་རྒྱལ་བ་ཐུབ་པ་ལས་ལྷག་ཅིག་ཡོད་ཟེར་ན་ཡང་ང་ལ་ཇུས་ཏོག་སྤུ་ཙམ་ཡང་མེད། རེད་དེ་ད་རེས་ཀྱི་རྩོད་གཞི་དང་འབྲེལ་ནས་གཞུང་འབྲེལ་བོད་ཚབ་ལ་མཐོང་ཆུང་དང་། ཁོ་རང་གི་ཚད་མའི་སྐྱེས་བུ་བཙུན་པ་ཟམ་གདོང་ཚང་ནང་པའི་ཚོགས་ཆེན་ལ་བཞུགས་མེད་ཀྱང་། ཨུ་ཚུགས་ཀྱིས་ཚོགས་བཞུགས་གནང་བ་ལས་ལྷག་ཅིག་ནུས་རབས་དང་འཇོན་རབས་བཤད་པ་རེད། ད་རེས་ཀྱི་ཚོགས་ཆེན་འདི་དང་པོ་ཆོས་ལུགས་ཀྱི་ཚོགས་འདུ་ཞིག་ཡིན་ཡང་། མཐར་བོད་དང་རྒྱ་ཡི་ཆབ་སྲིད་ཀྱི་གནད་དོན་ལ་འགྱུར་བར་རྟེན་བཙན་བྱོལ་སྒྲིག་འཛུགས་གཞུང་གི་གཞུང་འབྲེལ་སྐུ་ཚབ་ཆོས་དོན་བཀའ་བློན་འདི་གནད་འགག་ཞིག་ཆགས་ཡོད་ཙང་། ཁུག་རྟས་མཐོང་ཆུང་ཁྱད་གསོད་བྱས་པ་འདི་བཙན་བྱོལ་སྒྲིག་འཛུགས་གཞུང་དང་མི་དམངས་ལ་བརྙས་བཅོས་བྱས་པ་མ་རེད་པས། ད་དུང་གཞུང་འབྲེལ་གྱི་སྡིང་ཆ་འདིའི་གང་ཟམ་གདོང་རིན་པོ་ཆེ་རྒྱལ་བ་གཉིས་པ་ཡིན་ཞེས་ཨུ་ཚུགས་ཀྱིས་དྲུད་ཡོང་བ་ནི་ཅི་འདྲའི་ཡ་མཚན་མ་རེད་པས། མ་གཞི་ནས་ཤར་ཁུག་གིས་ག་དུས་ཡིན་ཡང་ཁོ་རང་གི་ལྟོ་འཕོར་དང་འབྲེལ་ནས་དགའ་ལྡན་ཕོ་བྲང་སྲིད་གཞུང་སྐབས་ཀྱི་ཟམ་གདོང་བླ་མའི་བྱས་རྗེས་རྐྱང་རྐྱང་གླེང་ནས། གཞུང་གསར་པ་སེང་གེ་ཚང་གིས་ཁོ་པ་གནས་དབྱུངས་བཏང་ཙང་བཅོས་ཐབས་མེད་པའི་རྙིང་ནད་ཞིག་འཁུར་ནས། སེང་གེ་ཚང་གི་སྐྱོན་ཚང་ཆུང་ཆུང་ཡོད་ཚད་འདྲུ་རྒྱུ་ནི་ཁོ་པའི་རང་གཤིས་སུ་གྲུབ་འདུག། མ་གཞི་དགའ་ལྡན་ཕོ་བྲང་སྲིད་གཞུང་རྒྱལ་ཁའི་ངང་འཇུག་བསྒྲིབ་ཚར་བ་རེད་དེ། ཤར་ཁུག་གིས་ད་དུང་ཨུ་ཚུགས་ཀྱིས་དགའ་ལྡན་ཕོ་བྲང་སྲིད་གཞུང་སྐབས་ཡིན་ཤག་བྱེད་ཀྱིན་པ་འདི་ཁོ་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་འདྲ།
ཟམ་གདོང་བླ་མ་མིང་ཅན་་་དེའི་བྱས་རྗེས་ནི་བོད་མི་རྣམས་ཁ་བྲལ་དུ་བཏང་པ་དང་བོད་པའི་བླ་ཆེན་མི་ཆེན་གྲངས་ལས་འདས་པ་ཞིག་གི་ཚེ་སྲོག་འཕྲོག་པ་དེ་རེད། ད་དུང་བོད་པ་ཚོས་གུས་འདུས་བྱེད་པ་ནི་ལྐུགས་རྟགས་ཆེན་པོ་བསྟན་པའོ།།
ཁྱེད་ལྟ་བུའི་ངོར་རྒྱལ་བ་གཉིས་པ་ལོས་ཡིན། ཟླ་དགུའི་པོགས་ལོན་པའི་པྱིར། བླ་རྒན་དེ་བས་མེད་ན་བོད་པ་ཚང་རྫོགས་པ་རེད། ཨ་ཧ་ཧ
སྤྱིར་འཛམ་གླིང་སྤྱི་འགྲོས་ལྟར་བྱས་ན། དྲ་འབུའི་ལམ་ནས་རང་མིང་འདོན་མི་ཐུབ་མཁན་རྣམས་ནི་གད་སྙིགས་ཀྱི་གྲས་སུ་བརྩི་སྲོལ་ཡོད་པ་ལྟར། རྒྱ་ནག་དང་ཨ་རི་སོགས་སུ་དྲ་འབུའི་རིགས་འདི་གད་སྙིགས་སུ་འཕེན་པའི་གོམས་སྲོལ་ཆགས་ཟིན་པ་རེད། ཡིན་ནའང། བོད་དང་དེ་ལས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ན་དྲ་བའི་གླེང་སྟེགས་འདི་སྟོང་ལོ་གསར་པ་ཚེས་ནས་བྱུང་བ་ཡིན་སྟབས། དུས་ཡུན་ཅང་མ་འགོར་བར་ཁ་འཕང་ནས་ངས་ཀྱང་དྲ་འབུ་དག་ལ་ལན་ཅུང་ཙམ་བཟློ་ན་བསམས།།
༡ ངས་རིན་པོ་ཆེ་མཆོག་ཅིའི་ཕྱིར་ཀོ་རི་ཡའི་ཆོས་ཚོགས་སུ་ཕེབས་མ་ཐུབ་པ་དང། ངོ་བོ་ཅི་ཞིག་གི་ཐོག་ཕེབས་པ། དེ་དང་འབྲེལ་ནས་འཛམ་གླིང་ནང་པའི་ཆོས་ཚོགས་འདིའི་གྲུབ་སྟངས་ཚོགས་ལུགས་དང་བཅས་པ་རོབ་ཙམ་ངོ་སྤྲོད་བྱས་པ་འདིས་མི་རྣམས་ཀྱི་གཉིད་སད་པའི་རྟགས་མཚན་མངོན་གྱུར་ལ་སོང། བདེན་པ་བརྗོད་པའི་སྤོབས་པ་དེ་དེ་བས་ཀྱང་རི་བོ་རྡོ་ལ་རྡིར་གྱི་གངས་བྲག་བརྩེགས་མའི་རི་རྩེ་ནས་ཇོ་མོའི་གླང་མའི་རྩེ་རུ་སླེབས་སོང་ཞེས་ན་རྫུན་དུ་འགྲོ་ས་མ་རེད།
༢ སློབ་དཔོན་ཟམ་གདོང་རིན་པོ་ཆེས་བོད་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པའི་ཆགས་འཇིག་གི་སྐབས་མཚམས། སྟོན་མཆོག་༧རྒྱལ་བ་བསྟན་འཛིན་རྒྱ་མཚོའི་སྲས་ཀྱི་ཐུ་བོ་བདག་གིར་བཞེས་ནས། བསྟན་སྲིད་སྐྱོབ་པའི་མཛད་འཕྲིན་ནང་༧རྒྱལ་བ་རང་ལྟར་གྱི་མཛད་རྣམ་བསྐྱངས་དང་སྐྱོང་བཞིན་པ་ཉི་ཤར་སྤར་མོས་ཁེབས་ཐབས་བྲལ་གཤིས། ངེད་ལ་སེང་གེ་ངོ་མའི་ངར་སྐད་བསྒྲགས་པ་ལྟར་༧རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པ་ཞེས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཚིག་འགྲོས་འདིར་དྲངས་ཏེ་བློ་ཐག་ཆོད་པོས་བརྗོད་སྤོབས་སྐྱེ་བ་དེ་རེད།
༢ གནས་ཡུལ་རྒྱ་གར་གྱི་ས་ཐོག་ཏུ་འཁོད་པའི་སྐྱབས་བཅོལ་འཚོ་བའི་འགོ་ཚུགས་པ་ནས་བཟུང། བོད་ཀྱི་ཆོས་རིག ཤེས་ཡོན། རྩ་ཁྲིམས། འཛིན་སྐྱོང། བོད་རྒྱའི་འབྲེལ་ལམ་དང་བཅས་པར་བྱས་རྗེས་རླབས་ཆེན་བཞག་ཡོད་པས་མ་ཟད། འཇིག་རྟེན་ཡོངས་གྲགས་ཀྱི་ཆེ་རྒུ་རྣམས་ཀྱི་དབུས་སུ་གནད་དོན་གང་ཅིར་བགྲོ་ལ་ཅི་མི་སྙམ་པའི་མཁྱེན་དཔྱོད་གཟི་དཔལ་འབར་བ་ཞིག་ཡོད་སྟབས། དེང་གི་ནོ་ཝེ་ཞི་བདེའི་དེད་དཔོན་རྣམས་ནས་ཀྱང་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་མཁྱེན་དཔྱོད་གཟིགས་རྒྱང་ལ་ཤེས་ནས་མགོ་བོ་དབང་མེད་དུ་བཀུག་ནས་རབ་ཏུ་མཆོག་ཏུ་བརྩི་བཀུར་བྱེད་བཞིན་ཡོད། ཡིན་ནའང། སློབ་དཔོན་ཁོང་གི་མཛད་པ་གནང་སྟངས་ནི། ཁྱབ་བསྒྲགས་དང་གཏམ་གྲགས་ཁོ་ན་དོན་དུ་གཉེར་བའི་དེང་དུས་སྲིད་དོན་པར་གྲགས་པ་རྣམས་དང་ཡེ་ནས་འདྲ་བོ་མེད་སྟབས། འཇིག་རྟེན་འདིར་ཁོང་ལ་འབུལ་གཏན་འཁེལ་བའི་གཟེངས་རྟགས་དང་མཁས་པའི་དབང་པོའི་ཕྱག་ཁྱེར་སོགས་མང་པོ་ཞིག་དམིགས་མེད་དབྱིངས་སུ་བསྟིམས་ཡོད་པ་རྣམས་དྲ་འབུ་ཕྱོགས་ལྷུང་ཅན་རྣམས་ཕར་ཟད། བོད་མི་གཞན་རྣམས་ལའང་རྒྱུས་མངའ་མེད་ཤེས་ཆེ་བ་ནི་ཅི་འདྲའི་ཕང་སེམས་གཟུང་དུ་མེད་པ་ཞིག་མ་རེད་དམ།
༤ དབུས་བོད་མིའི་སྒྲིག་འཛུགས་ཁྲིམས་ཀྱིས་དབང་བསྒྱུར་བ་དང་མང་གཙོའི་ལམ་དུ་ཤར་བསྐྱོད་བྱས་པ། བོད་ཀྱི་ཆོས་བརྒྱུད་རྣམས་ཀྱི་སྒྲིག་འཛུགས་སྲ་བརྟན་ཡོང་ཆེད་བསྟན་པ་དེ་འཛིན་དང་བཅས་པར་གདམས་པའི་ལེགས་བཤད། ༧གོང་ས་མཆོག་གི་སྲིད་དབང་རྩིས་སྤྲོད་བདེ་ལེགས་ངང་འགྲུབ་བཞིན་པ། ༧གང་གི་ཡང་སྲིད་ཕྱི་མ་རྣམས་ཀྱི་ཕེབས་ཕྱོགས། བོད་རྒྱའི་འབྲེལ་མོལ་བརྒྱུད་དངོས་ཡོད་དང་མཐུན་ལ། རྒྱུ་མཚན་ཚད་ལྡན་གྱིས་བོད་མི་རྣམས་ཀྱི་མངོན་འདོད་ཅི་ཡོད་འཇིག་རྟེན་ཧྲིལ་བོར་མངོན་སུམ་མཛད་པ་བཅས་ཀྱི་འཕྲིན་ལས་ཀྱི་ཆ་ཕྲ་མོ་ཙམ་ཞིག་ཡིད་ལ་ཤར་སྒོམ་བྱས་པས་ཀྱང། ༧རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པ་ལྟར་བྱོན་པ་རིག་པའི་སྒྲུབ་བྱེད་རྦབ་ཆུ་བཞིན་འབབ་པ་འདི་ནི་བདེན་པ་རྣམ་པར་རྒྱལ་བའི་གཟི་མདངས་དངོས་དེ་རེད།
༥ ལར་ནས་ཡུན་རིང་ཁོ་བོས་རིགས་གཅིག་རྐང་འཛིན་ལྟ་བུའི་ལམ་ནས་བཙན་བྱོལ་བོད་མིའི་མི་ལོ་ ༥༠ ལྷག་གི་བྱུང་རབས་ཀྱི་ནང་སྙིང་བསློགས་དང་སློག་བཞིན་པ་དེའི་ཆ་ནས་བཤད་ཀྱང། ཅི་ལྟར་༧ཀུན་གཟིགས་བཅུ་པ་ཆེན་པོར་བོད་ནང་ཕྱོགས་དང་ཕྱོགས་སུ་ཀ་ཆེན་ཁ་ཤས་ཡོད་པ་ལྟར། ༧རྒྱལ་བ་རིན་པ་ཆེ་ལའང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལས་ལྷག་གི་ཀ་ཆེན་ཞིག་མེད་པ་ད་ལྟའི་ཆར་ཚིག་ཐག་བཅད་ནས་སྨྲ་ཐུབ་པ་ཞིག་རེད།
༦ ཁོ་བོ་གང་དུ་རིག་པ་དང་བཅས་པའི་གནས་ལུགས་ཡོད་ན། དེའི་རྗེས་སུ་འབྲངས་རྒྱུ་ནི་མི་རུ་སྐྱེ་བ་དང་མི་རུ་གསོས་པ་གཉིས་ཀའི་དམ་ཚིག་ཡིན་པས་ན། ཕྱོགས་ལྷུང་དང་ང་དང་ཁྱེད་ཀྱི་ཀུན་སློང་ལྟགས་རྒྱབ་དུ་བཞག་ནས་སྐད་ཆ་འདི་དག་བཤད་པ་མིན་ལ། དེ་ནི་བདེན་པ་རྣམ་པར་རྒྱལ་བའི་བོད་མི་རིགས་ཀྱི་མཚོན་དོན་དེ་ཉག་ཅིག་གི་ཆེད་དུའང་ཡིན་ནོ་ཞེས་ཞར་བྱུང་དུ་སྨྲས་པ་ལགས་སོ།། སརྦ་མངྒ་ལམ།
ཁ་བརྡའི་གླེང་སྟེགས་འདི་ནི་སོ་སོའི་གང་བཤད་ཐམས་ཅད་ལ་འགན་འཁུར་ཐུབ་པའི་བཟང་སྤྱོད་ཅིག་གི་སྟེང་ནས་བེད་སྤྱོད་གཏོང་དགོས་པ་ལས་ཐོལ་བྱུང་གི་བསམ་པས་སྣ་དྲངས་ཏེ་ཉེ་རང་ཆགས་སྡང་གི་གཏམ་ངན་བརྗོད་ཡུལ་ཞིག་མ་རེད་སྙམ། དེའི་ཕྱིར་རྣམ་པ་ཚོས་གང་ཞིག་བཤད་འདོད་པ་དེའང་བཟང་སྤྱོད་དང་ཁུངས་བཙུན་ཞིག་ནས་བརྗོད་གལ་ཤིན་ཏུ་ཆེའོ།། དེ་མིན་རེ་ཟུང་གི་ཚིག་སྦྱོར་ལ་བལྟས་ན་མིག་ཟུང་ཆེས་ཆེར་གདངས་ཤིང་གཡས་ལག་ནམ་མཁར་བསྒྲེངས་ཏེ་འཐབ་འཛིང་བྱེད་པར་སྒུག་ནས་བསྡད་ཡོད་པ་འདྲ་ལ། ཕ་རོལ་བོ་དེའི་གང་བཤད་ཐམས་ཅད་བདེན་མིན་ལ་མི་དཔྱོད་པར་ཉེ་རང་ཆགས་སྡང་གི་གཏམ་འབའ་ཞིག་བརྗོད་ཀྱིན་ཡོད་པའི་བཟོ་འདྲ་བོ་ཞིག་འདུག
རྩོམ་པ་པོ་ཤར་ཁུག་ནི་དྲྭ་རྒྱ་འདི་ནང་གི་རྩོམ་པ་པོ་ཚད་ལྡན་ཞིག་ཏུ་བརྩི་ན་མི་ཆོག་རྒྱུ་གང་ཡང་མེད་པ་ལྟ་བུ་ཞིག་རེད་འདུག ཅིའི་ཕྱིར་ཞེ་ན། ཁོང་ནི་གནད་དོན་གང་གི་ཐོག་ལ་ཡིན་ནའང་ཞིབ་འཇུག་བྱེད་སྟངས་ལ་མཁས་པ། བརྗོད་བྱ་རྣམས་ལ་གོ་རྒྱུ་ཆེ་ལ་རྒྱུ་མཚན་ལྡན་པ། ལེགས་ཉེས་འབྱེད་པའི་ཤེས་རབ་ཡོད་པ། གཟུར་བོ་གནས་ཤིང་ཐད་ཀ་ཐད་ཀར་གསུངས་ཕོད་པ། ཚིག་སྦྱོར་དང་སྙན་ཆ་ལྡན་པ་བཅས་ཀྱི་ཁྱད་ཆོས་དུ་མ་ལྡན་པའི་མི་བུ་ཞིག་རེད་འདུག བུ་འདི་འདྲ་བ་བོད་པའི་སྤྱི་ཚོགས་ནང་ཁྲི་དང་འབུམ་ཡོད་ནའང་ཉུང་དྲགས་པ་རེད། སློབ་དཔོན་ཟམ་གདོང་མཆོག་ནི་ཏྭ་ལ་གཉིས་པ་ཞེས་བོད་ཕྱི་ནང་ཙམ་དུ་མ་ཚད་ས་ཆེན་པོ་འདི་ལ་ཡོངས་སུ་གྲགས་ཟིན་པ་རེད། ཁོང་ལ་བསྟོད་ན་བསྟོད་རིན་ཡོད་པ་ཞིག་རེད། ན་གཞོན་ཀླད་མེད་རྣམས་ཀྱིས་བློ་སེང་ལ་བསྟོད་པ་དང་རྩ་ནས་མི་འདྲ། བློ་སེང་ལྟ་བུ་འབུམ་འགྱུར་དགུ་སྡོམ་བྱས་ཀྱང་གནའ་དེང་གང་གི་ཤེས་ཡོན་གྱི་ཆ་ནས་སློབ་དཔོན་ཆེན་པོ་ཟམ་གདོང་གི་བ་སྤུའི་བུ་ག་གཅིག་ཙམ་གྱི་ཚད་དུ་སླེབས་མི་ཐུབ་པ་འཛམ་གླིང་ཤར་ནུབ་ཀྱི་མཁས་པ་ཀུན་གྱིས་ཤེས།
ཟམ་གདོང་ལ་བསྟོད་དེ། བློ་སེང་ལ་མ་དགའ་བའི་ཕྱིར།
ཟམ་གདོང་ལ་ངོ་བསྟོད། ཤར་ཁུག་གི་རྐུབ་འདགས། སེང་གེ་ཚང་ལ་ཕྲག་དོག་ཟ། ཧ་ཧ།
རྡོག་རྡོག་བཤད་ན་ཤར་ཁུག་གིས་ཟམ་གདོང་བླ་མར་དད་པ་དང་དག་སྣང་སྦྱོངས་དགོས་ཟེར་གྱི་ཡོད་པ་འདྲ། ཨེ་རེད། འོན་ཀྱང་ངས་ཟམ་གདོང་བླ་མར་དད་པ་མེད་ཀྱང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཞིག་ཡིན་པའི་ཆ་ནས་གུས་བརྩི་ཡོད། མ་ཟད་ཁོང་ནང་དོན་རིག་པར་མཁས་པ་དང་སྲོལ་རྒྱུན་རིག་གནས་ལ་མཁས་པ་ཞིག་ཡིན་པ་ངོས་འཛིན་ཐོག། བཙན་བྱོལ་ནང་ལོ་མང་ཤེས་ཡོན་ཐད་མཛད་རྗེས་ཆེན་པོ་བཞག་པ་དང་། སྤྱི་ཚོགས་འགན་འཁུར་གནང་བར་རྗེས་སུ་ཡིད་རངས་ཡོད། རེད་དེ་ཆབ་སྲིད་ཐད་བོད་རྒྱའི་དཀའ་གནད་ཏིལ་འབྲུ་ཙམ་ཡང་སེལ་ཐུབ་མེད་ལ། གཡོན་ཐལ་ཅན་གྱི་སྲིད་ཇུས་བཟུངས་ནས་ཡོད་ཚད་རྒྱར་བསྟུན་དང་། མགོ་འབུལ་ལུས་འབུལ་གྱིས་རང་སྐྱོང་མངོན་འདོད་རྒྱ་ཡི་བཅའ་ཁྲིམས་འབྲུ་འདོན་བསམ་འཆར་ཡིག་ཆ་ཞིག། གྲོས་ཚོགས་ལ་མ་བསྟན་པར་ཐད་ཀར་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་སྤྲད་ཡོད་ཀྱང་། དོན་འབྲས་ལྟ་ཅི་མཐའ་འཁྱོངས་དང་མི་ཆོག་པའི་ཆ་རྐྱེན་དང་བཅས་མིང་འདྲ་མིན་གྱི་ན་བཟའ་བཀླུབས་སྟེས་ཕྱིར་ལོག་ཕེབས་པ་རེད་པ། ཡིད་མི་ཆེས་ན་སྐུ་ཚབ་རྣམ་གཉིས་ལ་དྲིས་དང་གསལ་གསལ་ཐིང་ཐིང་གསུང་གི་རེད། ད་ཆ་སྐུ་ཚབ་གྲེས་གཞོན་གཉིས་ཀྱང་འུ་ཐུག་ཐབས་ཟད་ཀྱིས་སྐྱོན་ཡོད་ཚད་རྒྱ་མགོར་གཡུགས་ནས་སེང་གེའི་སྒྲིག་འཛུགས་གཞུང་ལ་འཕྱར་གྲུ་མཉམ་འདེགས་མེད་མཁར་རྐུབ་བརྡབ་བརྡབ་བྱས་ནས་ཕྱིན་སོང་། བོད་ཀྱི་རྩ་དོན་ནི་མུག་ཤི་ཐེབས་གྲབས་རེད་ལ་བོད་ནང་གི་གནས་སྟངས་ནི་ཉིན་རེ་ནས་ཉིན་རེ་ཛ་དྲག་ཇེ་ཆེ་དང་ཇེ་ཞན་ཇེ་སྡུག་རེད། འགྱེལ་བའི་སྒང་ལ་རྡོག་རྫིས་ལབ་པ་ནང་བཞིན། ཟམ་གདོང་བླ་མ་ལམ་དབུ་མའི་སྲིད་ཁྲི་ནས་ཕེབས་མཁར་དགའ་ལྡན་ཕོ་བྲང་བསྡུ་གསོག་བརྒྱབ་པ་ཆབས་ཅིག། ལོ་རྒྱུས་རང་བཞིན་ལྡན་པའི་བོད་གཞུང་དེ་སྒྲིག་འཛུགས་ལ་བསྒྱུར་ཏེས། བདེན་པ་ཉིད་རྒྱལ་གྱུར་ཅིག། ཞེས་སྨོན་ཚིག་འདྲ་ལ་བརྗོད་མི་བདེ་བའི་མིང་ཞིག་བཏགས་ནས་སེང་གེ་ཚང་ལ་རྩིས་སྤྲད་པ་རེད། དེ་ནི་སེང་གེ་ཚང་ལ་མཚོན་ན་བོད་ཀྱི་རྩ་དོན་བརྩོད་རྒྱུའི་ནུས་པ་ཇེ་ཞན་དུ་བཏང་བ་ལས་གཞན་གང་ཡང་མ་རེད། མ་གཞི་དེང་དུས་ཤེས་ཡོན་གྱི་གཡུ་རལ་རྒྱས་པའི་གངས་སེང་དཀར་པོ་འདི་ཡང་ལས་དང་པོ་བ་སོང་ཙང་། ཟུར་དང་སུལ་ཚང་མ་ནས་སློབ་སྟོན་པ་མང་དྲག་ནས་ཆེས་དང་ཐོག་གི་ངར་སྒྲ་གསུམ་དེ་ཡང་ལམ་ལྷོངས་ཡོང་རྒྱུ་ཁག་པོ་བྱས་པ་རེད།
ཟན་གདོང་བླ་མ་ནི་མིག་སྔའི་བོད་མིའི་སྤྱི་ཚོགས་ནང་ཁྱད་དུ་འཕགས་པའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པ་སུས་ཀྱང་ཧ་ལམ་རྟོགས་ངེས་རེད། ཁོང་ལ་དམིགས་བསལ་གྱི་ཁྱད་ཆོས་འགའ་ཡོད་པ་ནི་དྲང་བདེན། བློ་སྟོབས། རང་ཚུགས་སོགས་མདོར་ན་ཕུལ་བྱུང་གི་མི་སྣ་ཞིག་ལ་ཡོད་པའི་ཁྱད་ཆོས་རྣམས་ལྡན་ཡོད། གོང་གི་ཁྱད་ཆོས་དེ་དག་ནི་གོང་གི་ཁོང་ལ་བསྟོད་སྨད་ཅི་རིགས་བྱེད་མཁན་རྣམས་ཀྱིས་ཁས་ལེན་ཀྱང་རུང་མི་ལེན་ཀྱང་རུང་གང་ལྟར་ས་རིས་ཐང་གསལ་རེད།
དེ་ནས་པདྨ་ཆོས་འབྱོར་དེ་ཡང་སྐད་ཆ་གོ་བརྡ་འཕྲོད་པ་ཞིག་བརྗོད་མཁན་གྱི་མི་སྣ་ཞིག་ཡིན་ས་མ་རེད། མ་འོངས་པར་སྐད་ཆ་གང་ཡིན་ཀྱང་སྤྱི་ཚོགས་ལ་གསལ་ཁ་དོད་པའི་སྐད་ཆ་བཤད་ན་ཡག་གི་རེད། དེ་མིན་རང་རེའི་སྤྱི་ཚོགས་ལ་མི་དགོས་པའི་ཉོག་གཏམ་དེ་དག་གིས་གང་ཡང་ཕན་གྱི་མ་རེད།
ཤར་ཕྱོགས་ཁུག་རྟ་ཟེར་བའི་མི་འདི་ཡི་ག་དུས་ཡིན་ན་བོད་པའི་སྤྱི་ཚོགས་ནང་དུ་རྙོག་ཁྲ་བཟོ་གང་ཐོབ་བྱེད་དང་བྱེད་བཞིན་པ་རེད་འདུག་་གོང་གི་གསར་འགྱུར་འབྲི་སྟང་འདི་ལ་ལྟོས་དང་རང་གི་དགའ་ཕྱོགས་མ་གཏོགས་གཞན་ལ་དམད་ཀྱང་བྱེད་ཀྱི་འདུག་བ། ཤར་ཁུག་གིས་སྔོན་མ་ལས་ཀ་ག་རེ་བྱས་ཡོད་མིན་སོགས་ལ་དྲ་བུ་ཚོའི་ལྟ་དཔྱད་བྱེད་དགོས་ཀྱི་ཡོད་།་་་ཤར་ཁུག་གྱི་གླ་ཆ་སུ་སྤྲོད་ཀྱི་ཡོད་རེད་། ང་ཚོའི་གཟིབ་གཟིབ་གནང་དགོས་ཀྱི་ཡོད། དེ་སང་བོད་པའི་སྤྱི་ཚོགས་ནང་དུ་ཚོགས་པ་དང་ཚགས་པར་སོགས་ཀྱི་མིང་འདྲ་མིན་མིང་རྟགས་ཏེ་བོད་དོན་ཆེད་དང་བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་པའི་རྣ་པ་སྟོན་སྟེ་བོད་མི་ནང་ཁུལ་ལ་འགལ་འདུ་བཟོ་ཡི་ཡོད་པ་དངོས་གསལ་རེད་འདུག་ག། ཚགས་པར་དང་ཚོགས་པ་ཁག་ཁ་ཤས་ཀྱི་འགྲོ་སོང་དེ་དག་གང་ནས་ཡོང་གི་ཡོད་པ་རྟགས་དཔྱད་བྱེད་དགོས་ཀྱི་ཡོད།་་དྲ་བུ་ཚོ།
མཁྱེན་ཡངས་སྐུ་ཞབས་ལོག་སྨྲ་ཚར་གཅོད་ཀྱི་མཚན་སྙན་ཙམ་འཛིན་པ་ལགས།
ཁྱེད་ཀྱི་མཆན་སྔོན་མ་དེ་རྣམས་མང་ཆེ་བ་དོན་ལ་གནས་པ་ལྟ་བུར་མཐོང་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། འོན་ཀྱང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེར་ཏཱ་ལ་གཉིས་པ་ཞེས་འཛམ་གླིང་གི་གཟུར་
གནས་ཤེས་ལྡན་ཀུན་ལ་ཡོངས་གྲགས་ཡིན་པ་ག་ནས་གོ་བྱུང་ངམ།
ཁྱེད་ལ་ལྷའི་རྣ་བའི་མངོན་ཤེས་ཡིད་དམ། ཡང་ན་གཞན་སེམས་ཤེས་པའི་མངོན་ཤེས་ཡོད། གསར་འགྱུར་བརྒྱུད་ལམ་ཁག་དང་། བོད་གཞིས་བྱེས་གཉིས་ཀྱི་ནམ་རྒྱུན་གྱི་འཚོ་བའི་ཁོར་ཡུག་གི་སྤྱི་ཚོགས་ཁྲོད་དེ་་ལྟ་བུའི་ཐ་སྙད་གཅིག་ཀྱང་གོ་རྒྱུ་མེད་པ་དེ་ངའི་རྣ་བའི་བུ་ག་ཁྱེད་རྣམ་པའི་འུད་སྒྲོག་གི་
འབྲུག་སྒྲས་འོན་སོང་བ་ཡིན་ནམ།
ཡང་ན་ལྷ་ཡུལ་ལྟ་བུའི་འཇིག་རྟེན་གཞན་དང་སྐར་མ་གཞན་ཞིག་ཏུ་གྲགས་པ་
ཡིན་ནམ། སྐད་ཡིག་གོ་མྱོང་མེད་པ་ཞིག་གི་ཐོག་བསྒྲགས་པ་ཡིན་གསལ་པོ་ཞིག་ངོ་སྤྲོད་གནང་རོགས་གནང་།
༢༽མཞན་ཞབས་པ་འགའ་ཞིག་གིས་ཤར་ཁུག་ལ་སྡང་ཟུག་བྱེད་པ་ནི་ཅུང་ཐལ་དྲགས་པར་སེམས་ཏེ། གནས་ཚུལ་འདིའི་ཐོག་མའི་རྙོག་དྲྭ་ནི་དཔལ་ལྡན་ཆོས་རིག་བཀའ་བློན་གྱི་མིག་སྔའི་བཀའ་ལན་ཟ་རི་ཟི་རི་དག་ལས་ཕྲོས་ཡོང་བ་ཡིན་པས། དེ་ནི་དངོས་དོན་དང་མ་འཚམས་པའི་གླེང་སློང་ཆེན་པོ་བྱུང་བ་དྲྭ་གྲོགས་ཚང་མས་མཁྱེན་
མུས་ཡིན་ལ། དེའི་སྐབས་ཀྱི་སྔ་ཕྱིའི་གསར་འགྱུར་དེ་དག་གི་འགལ་འདུ་སེལ་ཆེད་དུ་ཤར་ཁུག་གིས་གསལ་བཤད་དང་དངོས་དོན་རྟོགས་ཐབས་དང་ངལ་བ་ཁྱད་བསད་བྱས་པ་ནི།
འབྱུང་འགྱུར་གྱི་ལོ་ཟླའི་ནང་བཀའ་ཤག་གི་འགན་ཁུར་ཡོད་པའི་བཀའ་མོལ་གསུངས་རྒྱུར་ཕན་ཐོགས་ཡོད་པས། རྗེས་སུ་ཡི་རང་ཞུ་བ་ལས་རྒྱུག་པ་ལེབ་རྡུང་མི་མཛད་པའི་རེ་བ་ཤིན་ཏུ་ཆེ།
གལ་སྲིད་དེ་ལྟར་རྒྱུག་པ་ལེབ་རྡུང་བྱེད་དྲགས་ན་ང་ཚོ་ཚང་མར་ཕན་ཐོགས་དང་བློ་བསྐྱེད་གང་ཡང་འབྱུང་མི་སྲིད་དོ།
བདག་ནི་སངས་རྒྱས་མཆོག་མི་འཛིན།།
སེར་སྐྱ་སོགས་ལ་མི་སྡང་ཞིང་།།
གང་ཞིག་རིགས་པར་ལྡན་པའི་ཚིག །
དེ་ཉིད་ལ་ནི་སྟོན་པར་འཛིན།།
ཞེས་སོགས་གསུངས་པ་ལྟར་སྟོན་བཞིའི་འཇུག་ལྡོག་མི་འཛོལ་བ་གནང་རྒྱུ་ནི་དུས་དང་
གནས་སྐབས་ཀུན་ཏུ་གལ་ཆེའི་ནང་གི་དོན་ཆེན་ཡིན་ནོ།
ཤར་ཕྱོགས་ཁུགས་རྟའམ་བློ་བཟང་ཆོས་འབྱོར་དབུ་མི་ལམ་མི་དམངས་ལས་འགུལ་ཁང་ལ་ད་སྐབས་གསར་དུ་འཛུལ་ཞུག་པ་དང་ཉེར་སྔོན་སེངྒེ་བཀའ་ཤག་གི་མདུན་ལམ་ཞེས་པའི་རྩོམ་དེའི་ལས་བྱེད་བླངས་དོར་སྒྲིག་གཞི་དང་ཡོངས་སུ་འགལ་ནས་རྩོམ་སྒྲིག་པའི་ལས་གནས་ནས་ཕྱིར་འབུད་བོད་གཞུང་ཕྱི་དྲིལ་དྲུང་ཆེའི་ཐུབ་བསྟན་བསམ་འཕེལ་ལགས་ནས་ལས་བྱེད་བླངས་དོར་སྒྲིག་གཞི་གཞི་བཟུང་ཐོག་གསར་བསྒྲགས་གནང་པའི་མི་དེ་རེད། ཁོ་རང་གིས་ཟམ་གདོང་རིན་པོ་ཆེ་ལ་གུས་བསྐུར་ཐོག་མི་གཞན་ལ་ཟུར་ཟ་སྣ་ཚོགས་བྱེད་པ་འདི་ནི་ཁོ་རང་གི་ལས་བཀའ་གཙོ་བོ་དེ་རེད། ཟམ་གདོང་རིན་པོ་ཆེ་ལ་གུས་བསྐུར་ཞུ་དགོས་དོན་ནི་སྔོན་མ་རིན་པོ་ཆེ་བཀའ་ཁྲི་སྐབས་ཁོངས་ལ་དམིག་བསལ་གི་རྩོམ་སྒྲིག་པའི་ལས་ཀ་སྤྲོད་པ་དེ་རེད།
ཡིན་ན་ཡང་ཁོ་རང་གི་བྱ་སྤྱོད་ངེན་པའི་རྐྱེན་གི་བཀའ་ཤག་གསར་པའི་བཀའ་བློན་རྣམས་པ་ལ་སྐྱོན་བརྗོད་ཡོད་བཞིན་པ་རེད། ད་འདོད་ཁོངས་དབུ་མིའི་ལམ་མི་དམངས་ལས་འགུལ་ཁང་ལ་བོད་གཞེས་བྱེས་གཉིས་ལ་སེམས་འཁུར་ཡོད་འདོག་གི་ཉེ་འཆར་གསར་འགོད་གསར་བསྒྲགས་སྣ་ཚོགས་སྤེལ་ནས་རྒྱ་དམར་རྒྱ་དར་འཁེལ་ནས་གོམ་འགྲོས་འགྲོ་ངེས་དང་ཚོགས་པ་ཁག་འགལ་ཟླ་སྣ་ཚོགས་བཟོས་སོང་། ཁྱེད་རང་གིས་གར་དུས་ཡིན་ན་བོད་གཞུང་གི་མ་འགྲིག་པའི་སྤྱོན་ཀྱང་ཀྱང་རེད་འདུག། ད་ཡིན་ན་ང་ཚོའི་བོད་མི་ཡོངས་ནས་མི་འདི་འདྲ་ལ་དོགས་ཟོན་བྱེད་དགོས་གལ་ཆེ་འོ།།།
ཁུག་རྟ་ནི་བྱ་ཞིག་རེད་བྱ་ནི་དུད་འགྲོ་མ་རེད་དམ། ད་དུང་དགེ་འདུན་ཆོས་འཕེལ་གྱི་ཡང་སྤྲུལ་ཡིན་རབ་བཤད་ཀྱིན་ཡོད། དེང་སྐབས་ཟམ་གདོང་བླ་རྒན་དང་། ཟླ་བ་ཚེ་རིང་གཉིས་ཀྱི་མགྲིན་ཚབ་བོད་རྒྱ་འོག་ཡིན། མཉམ་དུ་ཁྲི་ལོ་བརྟན་པར་ཤོག ང་ཚོ་ལ་གང་ཡང་མི་དགོས་ལོག་བཅུག་རོགས་ཟེར་མཁན་གྲས་རེད།
ཤར་ཕྱོག་ཁུགས་རྟའང་བློ་བཟང་ཆོས་འབྱོར་ལ་འབྲེལ་བཤད་རྫོགས་པ་འདྲ།
ཤར་ཕྱོགས་ཁུགས་རྟའང་བློ་བཟང་ཆོས་འབྱོར་དབུས་བོད་མིའི་སྒྲིག་འཛུགས་གི་ཆོས་དོན་བཀའ་བློན་ནས་ལྷོ་ཀོ་རིའི་ཡ་ནང་པའི་ཚོགས་ཆེན་བསྐོར་གསར་འགོད་གསལ་བསྒྲགས་སྤེལ་ཚར་སོང་ད་ཁྱེད་རང་ལ་གར་བཤད་ཡ་ཡོད།
༧ སྐྱབས་རྗེ་ཟབ་གདོང་རིན་པོ་ཆེ་ལ་བསྟོད་སྔགས་དང་དབུས་བོད་མིའི་སྒྲིག་འཛུགས་གི་ཆོས་དོན་བཀའ་བློན་ལ་ཟུར་ཟ་སྣ་ཚོགས་ཡོད་ཤགས་རེད། གང་ཡིན་ཟེར་ན། སེངྒེ་བཀའ་ཤག་གི་འདུན་ལམ་རེད།།།