རྟ་བདུན་དབང་པོ།
སྤྱིར་གོ་ལ་འདིའི་སྟེང་དུ་ཉིན་རེར་ཡང་རང་སྲོག་འདོར་མཁན་དུ་མ་ཞིག་མཆིས། ཕལ་མོ་ཆེ་དཔལ་འབྱོར་གྱི་དཀའ་ངལ་དང་ཕོ་མོའི་བརྩེ་གདུང་། གཉེན་སྒྲིག་དབང་མེད་དུ་བྱེད་དུ་བཅུག་པ་སོགས་ལ་བརྟེན་ནས་བྱུང་བ་རེད་སྙམ། ཡིན་ནའང་ཁོང་ཚོའི་རང་གི་སྡུག་བསྔལ་སེལ་བྱེད་ཀྱི་ཐབས་ལ་སྨོངས་ཏེ་ལམ་ཁ་དེ་བདམས་པ་རེད་མ་གཏོགས་ཐབས་ལམ་གཞན་མེད་པ་ག་ལ་ཡིན། དཔེར་ན་ཕ་མས་རང་གི་བུ་མོས་མི་འདོད་བཞིན་དུ་གཉེན་སྒྲིག་བཙན་གྱིས་བྱེད་དུ་བཅུག་པས་བུ་མོའི་རྣམ་དཔྱོད་ཀྱི་དབུ་རྨོངས་ཏེ་ཐབས་གཞན་འཚོལ་བ་ལས་རང་སྲོག་བཅད་པ་ཡིན་ན། དེ་ནི་མི་ཚེ་གཅིག་གི་བྱ་བ་རྫོགས་པ་རེད། དེ་ལ་བཟོ་བཅོས་རྒྱག་ཐབས་བྲལ་བ་རེད། གལ་སྲིད་ཁོ་མོས་རང་སྲོག་གཅོད་རྒྱུའི་ཚབ་ཏུ་ཟས་བཅད་ངོ་རྒོལ་བྱས་པ་ཡིན་ན་ཁོ་མོའི་འདུན་མ་ངེས་པར་དུ་འགྲུབ་རྒྱུ་ཡིན་པ་ཐེ་ཚོམ་ཅི་ཞིག་ཡོད། ད་ངས་སྙིང་ཐག་པ་ནས་ཞུ་རྒྱུ་ཞིག་ལ་བོད་གངས་ཅན་གྱི་དཔའ་བོ་དཔའ་མོ་ཚོས་རང་སྲེག་གཏོང་བ་ལས་ཟས་བཅད་ངོ་རྒོལ་གནང་རོགས་ཞུ། བྱ་བ་གང་ཞིག་གི་ཆེད་དུ་ཡིན་ཀྱང་ཟས་བཅད་ངོ་རྒོལ་གནང་མཁན་ཚོར་འཛམ་གླིང་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་པར་མ་ཟད་རྗེས་སུ་ཡི་རང་ཡང་ཡོད་ངེས་རེད། རང་སྲོག་གཅོད་མཁན་ཚོར་འཛམ་གླིང་མི་དམངས་གྱིས་དོ་སྣང་དེ་ཙམ་ཆེན་པོ་མེད་པར་མ་ཟད་སེམས་ཁམས་ལ་སྐྱོན་ཡོད་པར་ཡང་ངོས་འཛིན་བྱེད་མི་སྲིད་པ་མ་རེད། རྒྱུ་མཚན་ནི་གོ་ལ་འདིའི་སྟེང་དུ་ཉིན་རེར་ཡང་དོན་མེད་རང་སྲོག་གཅོད་མཁན་དུ་མ་ཞིག་མཆིས། དེ་དག་མང་ཆེ་བ་སེམས་ཁམས་ལ་སྐྱོན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དེའི་གྲལ་དུ་སྙན་གྲགས་ཅན་གྱི་མི་སྣ་ཡང་མང་བོ་ཞིག་འདུག སྔར་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་སྐུ་ལུས་མེ་མཆོད་དུ་ཕུལ་ཏེ་སྨན་ཁང་དུ་བཞུགས་ཡོད་སྐབས་༸ གོང་ས་མཆོག་གི་ཞབས་ཟུང་གསེར་གྱི་པད་མོས་ཁོ་བོའི་སྔས་མགོར་བཀོད་དེ་གསུངས་དོན། ཁྱེད་རང་མེ་བསྲེགས་བཏང་བ་དེ་ནོར་བ་རེད། ད་ཐབས་གཞན་མེད་པས་ངས་སྨོན་ལམ་འདེབས་ཅེས་གསུངས་པ་ཡིན་ནོ། བོད་དོན་ལ་སྐུ་སྲོག་བཏངས་ཟིན་པའི་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་སྨོན་ལམ་འདེབས་རྒྱུ་ལས་གཞན་བྱ་ཐབས་བྲལ་བ་རེད། ཡིན་ནའང་སླད་མར་རང་ལུས་མེ་སྲེག་གཏོང་རྒྱུའི་ཚབ་ཏུ་ཟས་བཅད་ངོ་རྒོལ་སོགས་ཐབས་ལམ་གཞན་ལ་བརྟེན་ཏེ་བོད་དོན་སྒྲུབ་རྒྱུ་སྙིང་ཐག་པ་ནས་ཞུ། ཉེ་ཆར་སྤྲུལ་པའི་སྐུ་མཆོག་ཨ་ལགས་ཤིང་བཟའ་གཙོ་བྱས་ཏེ་ཨ་རིའི་རྒྱལ་ས་རུ་ཟས་བཅད་ངོ་རྒོལ་གནངས་པ་ལ་གྲུབ་འབྲས་གང་ལ་གང་འཚམས་ཐོན་ཡོད་པ་རེད་ཅེ་ཐོས། འདི་ནི་རྣམ་དཔྱོད་མཆོག་ཏུ་ཡངས་པའི་མཛད་རྗེས་བླ་ན་མེད་པ་ཞིག་ཡིན་པར་མ་ཟད། འཛམ་གླིང་ཀུན་ཀྱིས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བའི་གནས་སུ་མཆིས་སོ། གཞན་དུ་ན་བོད་ཀྱི་བླ་ཆེན་དང་དཔོན་ཆེན་ཡོངས་ཀྱིས་དུས་གཅིག་ལ་ཟས་བཅད་ངོ་རྒོལ་གནང་བ་ཡིན་ན་འཛམ་གླིང་ཡོད་དོ་ཅོག་འུར་ལངས་མི་སྲིད་པ་མ་རེད། དེར་མ་ཟད་རྒྱ་ནག་དམར་ཤོག་ཚོགས་པ་ཚོའང་འདར་གསིག་གསིག་བྱེད་མི་སྲིད་པའི་ངེས་པ་མེད། འོན་ཀྱང་དེ་ལྟར་མི་མཛད་པའི་རྒྱུ་མཚན་ལ་དཔག་ན་ད་དུང་དུས་ཚོད་སླེབ་མེད་པར་སྙམ་མོ། བླ་མ་མཁྱེན། ༸གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་བསྡུས་མ། རྨད་བྱུང་ཐུབ་བསྟན་མཛེས་རྒྱན་གྲུ་འཛིན་བདག །མཁྱེན་བརྩེ་ནུས་པའི་མཐུ་སྟོབས་གཅིག་བསྡུས་ནས། །ཡིད་ཅན་མཐའ་ཡས་རྒྱ་མཚོའི་འགྲོ་དོན་དུ། །སྤྲུལ་བའི་འཕགས་མཆོག་ཁྱེད་ལ་གསོལ་བ་འདེབས། །དེ་ལྟར་སྙིང་ནས་གསོལ་བ་བཏབས་པས་མཐུས། །མགོན་ཁྱོད་ཞབས་པད་བསྐལ་བརྒྱར་རྟག་བརྟན་ཅིང་། །ཆོས་སྲིད་མངའ་ཐང་ཡར་ངོའི་ཟླ་ལྟར་འཕེལ། །མ་གྱུར་འགྲོ་རྣམས་བྱང་ཆུབ་ས་ཐོབ་ཤོག ངས་ཉིན་ཤས་གོང་རང་སྲེག་གི་སྐོར་ཞིག་ཁ་བརྡ་ནང་དུ་སྤེལ་བ་ཡིན། དེ་ལ་བསམ་ཚུལ་མཐུན་དང་མི་མཐུན་པའི་མཆན་ཁ་ཤས་ཤིག་འདུག བསམ་ཚུལ་མི་མཐུན་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་ཕྱིར་མཆན་འདེབས་པ་པོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། །རྟ་བདུན་དབང་བོ་ནས་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་ཕུལ། །
གཅིག ད་ལྟའི་ཆར་བོད་ལུང་པར་ཟས་བཅད་ངོ་རྒོལ་སོགས་དལ་ལྷོད་ཅན་གྱི་ལས་འགུལ་སྤེལ་ས་མེད་པ་དེ་སུས་ཀྱང་ཤེས་ངེས་རེད།
གཉིས། སྐད་ཆ་འདི་ལྟ་བུ་ནི་བོད་ཀྱི་གཞོན་ནུ་སོགས་ཕོ་སྒྲོབ་ཆེ་ཞིང་ཁ་རྒྱག་བཤད་རྒྱུར་གོམས་པའི་མི་རྣམས་རང་སྲོག་གཏོང་བར་བློ་ཁོག་གིས་མ་འདང་བར་རང་སྲོག་གཏོང་རྒྱུ་ལས་ཟས་བཅད་ངོ་རྒོལ་བྱས་ན་ (སྲོག་ལ་ཉེན་ཁ་ཧ་ཅང་ཆུང་བས་སོ།།) ནུས་པ་ཆེ་རབས་བཤད་པ་རེད། འོན་ཀྱང་དེ་ནི་དོན་ངོ་མར་རང་ཉིད་དམ་ཚོགས་སྡེ་དེ་དང་དེ་སྡར་མ་ཞིག་ཡིན་པར་གསལ་བརྗོད་བྱས་པ་ཙམ་རེད། གང་ལྟར་ལས་འགུལ་ཕྱོགས་གང་ས་ནས་ཐབས་ལམ་སྣ་ཚོགས་ཀྱིས་སྤེལ་རྒྱུ་གལ་ཆེན་དོན་ཆེན་རེད། རང་ལུས་མེར་སྲེག་བཏང་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་བློས་གཏོང་དང་ཆོད་སེམས། མི་རིགས་དང་རིག་གཞུང་ལ་བཅངས་པའི་ལར་ཞེན། ཤུལ་དུ་བཞག་པའི་ཁ་ཆེམས་སོགས་ལ་འཛམ་གླིང་གི་མི་མང་བསམ་ཡོད་ཆ་ཚང་ཧ་ལས་ཤིང་ཧོན་ཐོར་ཡོད་པས། རྒྱལ་སྤྱིའི་གསར་འགྱུར་གྱི་རྒྱུད་ལམ་ཁག་དང་སྤྱི་ཚོགས། གཞུང་འབྲེལ་ཡིན་མིན་གྱི་ཚོགས་སྡེ་སྣ་ཚོགས་ནང་ནུས་པ་ཆེ་ཤོས་ཤིག་བྱུང་ཡོད་པ་མིག་མཐོང་ལག་ཟིན་ཆགས་ཡོད། སུས་ཀྱང་བསྙོན་མི་ཐུབ།
གསུམ། ༸ གོང་ས་མཆོག་གིས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལ། ཁྱེད་རང་མེ་བསྲེགས་བཏང་བ་དེ་ནོར་བ་རེད། ད་ཐབས་གཞན་མེད་པས་ངས་སྨོན་ལམ་འདེབས་ཅེས་པའི་བཀའ་སློབ་དེ་ཇི་ལྟར་དང་གང་དུ་བལྟ་ཀློག་སོགས་བྱེད་ཐུབ་བམ་རྒྱུས་སྟོན་ཞིག་གནང་རོགས།
རྟ་བདུན་དབང་པོ་གླེན་བཤད་བྱེད་ནས་མ་འདུག མེར་བསྲེགས་ལས་འགུལ་ལས་ཟས་བཅད་ལས་འགུལ་ནུས་པ་ཆེ་བ་ཡོད་པར་བཤད་ན། སེམས་རྣལ་དུ་གནས་མཁན་སུ་གང་གི་རྣ་ལ་འགྲོ་མི་སྲིད། དེ་ལས་ཁ་བཙུམས་ནས་སྡད་ན་ཡག་ཤོས་རེད། མེར་བསྲེགས་ཀྱི་ལས་འགུལ་འདི་ནི་དཔའ་བོ་དཔའ་མོ་ཚོས་རང་ཐག་རང་གིས་བཅད་ནས་སྤེལ་བ་ལས། སུས་ཀྱང་རྒྱུད་བསྐུལ་བྱས་པ་དང་བཙན་བཀའ་བཏང་བ་ཞིག་མིན་པས། ང་ཚོ་སུ་ལ་ཡང་མེར་བསྲེེག་གཏོང་རོགས་ཞེས་སྐུལ་་མ་བྱེད་རྒྱུ་དང་མ་བཏང་ཞེས་འབོད་བསྐུལ་ཞུ་རྒྱུའི་དབང་ཆ་ཡོད་མ་རེད།
རྟ་བདུན་དབང་པོ་ལགས། དྲི་བ་གཉིས་ཡོད། དང་པོ། གོང་ས་མཆོག་གི་ཞབས་ཟུང་གསེར་གྱི་པད་མོས་ཁོ་བོའི་སྔས་མགོར་བཀོད་དེ་གསུངས་དོན། ཁྱེད་རང་མེ་བསྲེགས་བཏང་བ་དེ་ནོར་བ་རེད། ད་ཐབས་གཞན་མེད་པས་ངས་སྨོན་ལམ་འདེབས་ཅེས་གསུངས” འདི་ལྟར་གསུངས་ཡོད་པ་དེ་ཁྱེད་ཀྱིས་ཚད་མཐོ་བའི་བོད་མིའི་ཞི་བའི་ལས་འགུལ་ལ་སྙིང་ན་ནས་སྒྲོ་འདོགས་ཏེ་བཤད་པ་ཡིན་ནམ། མིན་ན། ༧གོང་ས་མཆོག་གི་གསུང་དེ་སུས་གོ་བ་རེད། ཡང་ན་བརྙན་འཕྲིན་དང་རླུང་འཕྲིན་སོགས་གང་ན་གསུངས་པ་རེད་ཁུངས་བྲིས་དགོས་པ་ལས། དོན་མེད་ཚིག་རྙོག་བཤད་ན་སུས་ཀྱང་ཡིད་ཆེས་བྱེད་དཀའ།
གཉིས་པ། ཁྱེད་ཀྱིས”རང་སྲོག་གཅོད་མཁན་ཚོར་འཛམ་གླིང་མི་དམངས་གྱིས་དོ་སྣང་དེ་ཙམ་ཆེན་པོ་མེད་པར་མ་ཟད་སེམས་ཁམས་ལ་སྐྱོན་ཡོད་པར་ཡང་ངོས་འཛིན་བྱེད་མི་སྲིད་པ་མ་རེད་”ཅེས་བཤད་པ་འདིས་ཁྱེད་ཀྱིས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་མཐོ་རིམ་མི་སྣ་མང་པོའི་བོད་མི་མེར་སྲེག་གི་དོན་རྐྱེན་སྐོར་མང་པོ་བཤད་པ་མ་གོ་ནའང་། ང་ཚོས་རྡ་ས་གཞུང་གི་བཀའ་སྤྱི་གཉིས་ཀྱི་སྒྲགས་གཏམ་དང་གསུངས་བཤད་རིམ་པ་ལས་རྒྱལ་ཁབ་མང་པོས་དོ་སྣང་དང་བོད་དོན་ལ་རྒྱབ་སྐྱོབ་བྱེད་བཞིན་པ་དག་ཀྱང་ཁྱེད་ཀྱིས་མ་ཐོས་པ་ཡིན་ནམ། བོད་ཀྱི་ཆོས་དང་རིགས་གཞུང་མི་རིགས་སོགས་ཀྱི་ཆེད་དུ་རང་སྲོག་གཅོད་པར་འཛམ་གླིང་མི་མང་གིས་སེམས་ཁམས་ལ་སྐྱོན་ཡོད་པ་ངེས་འཛིན་བྱེད་སྲིད་པ་དེ་ཡང་རྒྱ་གཞུང་གི་དེ་ལྟར་ངོས་འཛིན་བྱེད་སྲིད་པ་རེད་བཤད་ཀྱི་ཡིན་ནམ། རྒྱལ་ཁབ་གཞན་དག་གིས་དེ་ལྟར་ངོས་འཛིན་བྱེད་སྲིད་པ་རེད་ཅེས་བཤད་ཀྱི་ཡོད། དང་པོ་ལྟར་ན། རྒྱ་གཞུང་གིས་སེམས་ཁམས་ལ་སྐྱོན་ཡོད་པ་ངེས་འཛིན་བྱེད་སྲིད་པ་བཤད་མི་དགོས་ཏེ། ཁྱེད་ཀྱིས་ཞེ་འདོད་ལྟར་ཉེ་ཆར་བཤད་ཟིན་པས་སོ།། གཉིས་པ་ལྟར་ན། ཁྱེད་ཀྱིས་རི་བོང་གནམ་ལྡིབ་ཀྱི་དཔེར་དང་མཚུངས་པས་ཁྱེད་ཀྱི་བོད་ལ་ཤ་ཞེན་ཡོད་ན་ཆབ་སྲིད་སློབ་སྦྱོང་མང་ཙམ་བྱེད་དེ་སྐད་ཆ་བཤད་དགོས། ཁྱོད་དྲ་འབུ་ཞིག་ཡིན་ན། ང་ཚོ་བོད་མི་གཞོན་སྐྱེས་ཚོར་སེམས་ཁོང་ན་བོད་མི་རིགས་ཀྱི་ལ་རྒྱ་ཇེ་ཆེར་འགྲོ་བཞིན་པའི་དངོས་ཡོད་ཁག་དང་། རྗེས་སུ་དགྲ་བོ་ལ་དགྲ་ཤ་ལེན་ངེས་ཀྱི་ས་བོན་ནུས་མཐུ་ཁྱད་པར་ཅན་དེ་རྒྱ་གཞུང་འདེབས་ན་དངོས་ཡོད་ཀྱི་ཉེན་ཁ་ཡོད་ཚུལ་ཁྱོད་རང་འགོ་གཙོ་ལ་ཡར་ཞུ་བཤད་དགོས། མ་བཤད་ན་རྗེས་སུ་ཁྱེད་ཀྱི་ཤ་ཚ་ཡུལ་གྱི་རྒྱ་གཞུང་ལ་ཉེན་ཁ་ཡོད་པ་མ་ཟད་རྒྱ་ནག་མི་མང་ལ་ཡང་དཀའ་ངལ་ཡོང་ངེས་ཡིན་པས་སོ།།
ཁ་བརྡ་དྲ་བ་དོན་དམ་གནང་མཁན་གྱི་འགོ་གཙོ་རྣམ་པས་དངོས་ཡོད་དང་མི་འཚམས་པའི་རྩོམ་གཞི་ཁག་ལ་ཐུགས་གནང་གིས་མ་བཀོད་ན་ལེགས་སྙམ་སྟེ། ཆབ་སྲིད་སློབ་སྦྱོང་ཞན་པའི་བོད་མི་བསམ་མེད་ཁ་ཤས་ཞིག་ལ་དངོས་ཡོད་མི་མཐུན་པའི་ལམ་ལོག་ཁྲིད་པ་མ་ཟད། ལྷག་བསམ་རྣམ་དག་གི་བོད་མི་རིགས་ཀྱི་ཆེད་ཕྱག་ལས་གནང་དང་གནང་བཞིན་པའི་མི་སྣ་ཁག་ལ་དོན་མེད་སྒྲོ་སྐུར་སྣ་ཚོགས་བཤད་དེ་ད་ལྟ་དང་མ་འོངངས་པར་བོད་མི་རིགས་ཀྱི་ལས་དོན་ལ་འགལ་རྐྱེན་ཡོང་གཞིའི་ས་བོན་ཞིག་ཏུ་མཐོང་བས་དེ་དོན་དགོངས་དཔྱད་ཡོད་པ་ཞུ།
རྟ་བདུན་དབང་པོ་མ་རེད།
རྟ་བདུན་དབང་པོ་མ་རེད། མུན་དོང་ནག་སྒྲིབ་ལྐུགས་པ་གླེན་རྐྱེལ་རེད། དྲྭ་འབུ་ཁ་ནག་བྱུར་གྱི་སྣ་འདྲེན་རེད།
རྟ་བདུན་དབང་བོ་ལགས། མི་ཞིག་གིས་འཆི་བ་གདམ་ཀ་བྱེད་དུས། མི་དེའི་སེམས་ཀྱི་སྡུག་བསྔལ་དེ་གང་གིས་ཀྱང་མཚོན་ཐུབ་པ་ཞིག་མ་རེད་ལ། སྐབས་དེར་ཐོན་ན། འཛམ་གླིང་གིས་དོ་སྣང་བྱེད་ཐབས་སུ་ཡང་བསམ་བློ་གཏོང་མི་སྲིད། འདི་ནི་མེ་སྲེག་གཏོང་མཁན་གྱིས་སྡུག་བསྔལ་ཆེ་ལྕི་བའི་ནང་གི་ཡང་ཤོས་བདམས་པ་རེད། ཁ་རྒྱ་ནག་གི་སྐྱག་ཁུང་ཁར་གཏད་ཡོད་པའི་འཛམ་གླིང་གི་སྲིད་གཞུང་དག་གིས་གཅིག་བྱེད་ཡོང་གི་རེད་སྙམ་པ་དེ་ངས་བསམ་ན་ནོར་བ་རེད།
སྤུན་ཟླ་རྣམས་ལ་སྙིང་ཐག་པ་ནས་ཞུ་རྒྱུ། ཉེ་བའི་ཆར་ཁ་ཆེའི་ལུང་བ་ཁ་ཤས་ཤིག་ལ་དམངས་གཙོ་རྒྱལ་ཁ་ཐོབ་པ་རེད་། ཡིན་ནའང་མི་དམངས་བརྒྱ་ཆ་བརྒྱད་བཅུ་ནས་དགུ་བཅུས་འཐབ་རྩོད་བྱས་པའི་སྟོབས་ཀྱིས་རེད་། ད་ལྟའི་ཆར་རྒྱ་ནག་མི་དམངས་ཕལ་མོ་ཆེའི་ཤེས་ཡོན་ཞན་པས་རྐྱེན་ཀྱིས་གུང་ཕྲན་ཏང་གི་ལྟ་ངན་མཁྲེགས་འཛིན་གི་ལམ་ལུགས་འདིར་མཐའ་གཅིག་ཏུ་སྡུག་པོ་ཡིན་པ་མཐོང་ཐུབ་ཀྱིས་མེད་། དེས་ན་རྒྱ་རིགས་ཁ་ཤས་ཤིག་དང་གྲངས་ཉུང་མི་རིགས་ཁ་ཤས་ཤིག་གིས་ཇི་ལྟར་འཐབ་རྩོད་བྱས་ཀྱང་རེ་ཞིག་གྲུབ་འབྲས་འབྱུང་རྒྱུ་དཀའ་བར་གནང་། དེའི་ཕྱིར་ང་ཚོས་གནས་སྐབས་རིང་ཤེས་ཡོན་ཡར་རྒྱས་དང་རྡོག་རྩ་གཅིག་སྒྲིལ། ཆོས་ལུགས་ཕན་ཚུན་གྱི་མཐུན་སྒྲིལ་སོགས་ལ་འབད་བརྩོན་བྱེད་དེ་རེ་ཞིག་ངང་སྒུག་བྱ་རྒྱུ་གལ་ཆེ་བར་སྙམ། རྒྱུ་མཚན་འདི་དག་ལ་བརྟེན་ནས་གུས་པས་སྙིང་ཐག་པ་ནས་ཞུ་རྒྱུ་ཞིག་ལ། རང་སྲོག་མ་གཅོད་རོགས། རང་སྲོག་གཅོད་པའི་འཐབ་རྩོད་དེ་རྣམ་དཔྱོད་དང་ལྡན་པའི་ཐབས་ལམ་ཞིག་མ་རེད་། ལྷག་པར་དུ་ད་ལྟའི་རྒྱ་ནག་གི་ཆབ་སྲིད་ཀྱི་འགྲོས་ལ་དཔག་ན་མི་ཅི་ཙམ་གྱིས་རང་སྲོག་བཅད་ཀྱང་རེ་ཞིག་འགྱུར་བ་འགྲོ་དཀའ་བར་སྣང་། ལྷག་པར་དུ་སྲིད་འཛིན་ཧོ་ཅིན་ཐོའི་དུས་ཚོད་རྫོགས་ལ་ཉེ་བའི་སྐབས་འདིར་དེ་བས་ཀྱང་འགྱུར་བ་འགྲོ་མི་སྲིད་། རྒྱུ་མཚན་དེའི་ཕྱིར་ཕྲན་རང་ངོས་ནས་བོད་རྒྱལ་ཡོངས་ཀྱི་དཔའ་བོ་དཔའ་མོ་ཚོར་ཞུ་རྒྱུ། ཁྱེད་ཚོས་རང་སྲོག་འབེན་ལ་བཙུགས་ཏེ་བོད་མི་ཡོངས་ཀྱི་དོན་དུ་བྱ་བ་བརླབས་ཆེན་ཞིག་སྒྲུབས་དང་སྒྲུབ་བཞིན་ཡོད་ནའང་། རང་སྲོག་བློས་གཏོང་གི་འཐབ་རྩོད་དེ་ལ་གྲུབ་འབྲས་འབྱུང་རྒྱུ་དཀའ་བར་མ་ཟད་ཐབས་ལམ་ཡང་ཡག་ཤོས་མ་རེད་། ཡིན་ནའང་ཁྱེད་ཚོའི་སྙིང་སྟོབས་ལ་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བའི་གནས་སུ་མཆིས་མོད་། འོན་ཀྱང་རང་སྲོག་གཅོད་པའི་འཐབ་རྩོད་དེ་རང་དབང་ཐོབ་རྒྱུའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ཡིན་པ་ཁོ་བོས་མཐོང་མ་སོང་། དེར་མ་ཟད་རང་ཉིད་ལའང་རང་སྲོག་བཅད་པའི་ཉེས་པ་ཆེན་པོ་འབྱུང་སྲིད་པ་རེད་། ལྷག་པར་དུ་ཞེ་སྡང་གིས་ཀུན་ནས་བསླངས་པས་རང་སྲོག་བཅད་པ་ཡིན་ན་དེའི་འབྲས་བུ་ཅི་ཞིག་འབྱུང་རྒྱུ་ཡིན་པ་སྨོས་མ་དགོས་སོ། འོ་ན་རང་དབང་རྩོད་པའི་ཐབས་ལམ་ལེགས་ཤོས་ཏེ་གང་རེད་ཅེ་ན་། རྡོག་རྩ་གཅིག་སྒྲིལ། ཆོས་ལུགས་ཕན་ཚུན་གྱི་མཐུན་སྒྲིལ། ཤེས་ཡོན་ཡར་རྒྱས་གཏོང་རྒྱུ། ཟས་བཅད་ངོ་རྒོལ་དང་ཞི་བའི་གོམས་བགྲོད་ལྟ་བུ་སོགས་རེད་། སྤྱིར་འཛམ་གླིང་འདིར་རང་སྲོག་གཅོད་མཁན་ཆེ་མང་བོ་ཞིག་ཡོད་། མང་ཆེ་བ་ཕོ་མོའི་བརྩེ་གདུང་དང་དཔལ་འབྱོར་གྱི་དཀའ་ངལ་གྱི་རྐྱེན་པས་རེད་། དེ་དག་རྣམས་བླུན་པོ་ཐབས་རྡུགས་ཀྱི་ལམ་ཁ་ཞིག་ལས་ཡག་པོ་ཞིག་གཏན་ནས་མ་རེད་། མདོར་ན་རང་སྲོག་གཅོད་མཁན་ཚོའི་ཀུན་སློང་ཀུན་ཡིན་ཀྱང་རང་སྲོག་གཅོད་པ་དེ་ནི་བླུན་པོ་འུ་ཐུག་གི་ལམ་ཁ་ཞིག་ལས་རྣམ་དཔྱོད་ཀྱི་རྩལ་ལས་བཏོན་པའི་ཐབས་ལམ་ཞིག་ཏུ་མཐོང་མ་སོང་། གཅིག་ནི་རང་སྲོག་བཅད་ན་རང་ཉིད་ལ་ཉེས་པ་ཆེན་པོ་འབྱུང་རྒྱུ་ཡིན་པ་གདོན་མི་ཟ་བ་དང། གཉིས་ནི་རང་གི་ཕ་མ་སྤུན་མཆེད་ཚང་མ་སྡུག་ལ་སྦྱོིར་བ་དང་། གསུམ་ནི་ང་ཚོའི་མི་རིགས་ཇེ་ཉུང་དུ་འགྲོ་བ་སོགས་ཀྱི་སྐྱོན་ཆ་དུ་མ་ཞིག་མཆིས། དེའི་ཕྱིར་རང་སྲོག་མ་གཅོད་རོགས། མི་ལུས་རིན་པོ་འདི་ཧ་ཅང་གི་རྩ་ཆེན་པོ་རེད་། མི་ལུས་རིན་པོ་ཆེ་འདི་ལ་བརྟེན་ནས་ཡང་དག་པའི་སྙིང་བོ་ཞིག་ལེན་དགོས་པ་རེད་། མི་ལུས་རིན་པོ་འདི་འཚོ་དགོས་པ་རེད་། ལྷག་པར་དུ་ཁྱེད་དཔའ་བོ་དཔའ་མོ་ཚོའི་སྐུ་ཚེ་འཚོ་ཞིང་བཞུགས་ནས་བོད་དོན་བསྒྲུབ་དགོས་པ་རེད་། རང་སྲོག་མ་གཅོད་རོགས། གུས་པས་སྙིང་ནས་ཞུ། ངའི་སྙིང་ཐག་པ་ནས་ཞུ་བ་ཡིན་། བོད་ཀྱི་བླ་ཆེན་ཚོས་བོད་མི་ཡོངས་ལ་རང་སྲོག་མི་གཅོད་པའི་ཐབས་ལམ་ཡག་ཤོས་ཤིག་བསྟན་རྒྱུ་སྙིང་ཐག་པ་ནས་ཞུ། ངའི་གོ་ཐོས་ལ་བོད་མི་ཁ་ཅིག་གིས་བཤད་དོན་། རང་སྲོག་བཅད་པས་བོད་དོན་ལ་གྲུབ་འབྲས་ཆེན་པོ་མ་ཐོབ་ཀྱང་འཛམ་གླིང་དུ་ཁྱབ་བསྒྲགས་འགྲོ་བར་མ་ཟད་རྒྱལ་སྤྱིའི་གནོན་ཤུགས་སྤྲོད་ངེས་རེད་ཅེས་ཟེར་མཁན་འདུག འོན་ཀྱང་ཁོ་བོས་དཔྱད་ན་དམར་ཤོག་ཚོ་ཞེད་སྣང་སྐྱེ་ཡུལ་དངོས་ནི་རྒྱ་ནག་ནང་ཁུལ་ཀྱི་འབངས་གྱེན་ལྡོག་གམ་རྒྱ་ནག་མི་དམངས་ཀྱིས་གནོན་ཤུགས་རེད་མ་གཏོགས་རྒྱལ་སྤྱིའི་མ་རེད་། རྒྱ་ནག་ནང་ཁུལ་གྱི་ཆབ་སྲིད་བརྟན་པོ་ཡོད་ན་རྒྱལ་སྤྱིའི་གནོན་ཤུགས་ཀྱིས་རྒྱ་ནག་ནང་ལ་འགྱུར་བ་གང་ཡང་གཏོང་ཐུབ་ཀྱི་མ་རེད་། དཔེར་ན་བྱང་ཀོ་རའི་ཡ་ལྟོས་ན་གསལ་བོ་རྟོགས་ཐུབ། བྱང་ཀོ་རའི་ཡའི་ཆབ་སྲིད་ཀྱི་ལམ་ལུགས་རྒྱ་ནག་ལས་ཆེས་སྡིག་པ་རེད་། ཡིན་ཡང་རྒྱལ་ཕྲན་འདི་ལྟ་བུ་ཞིག་ལ་རྒྱལ་སྤྱིའི་གནོན་ཤུགས་ཀྱིས་འགྱུར་བ་གཏོང་མ་ཐུབ་ན་རྒྱ་ནག་ལྟ་བུ་ཞིག་ལ་སྨོས་མ་དགོས་སོ། དེས་ན་ང་ཚོས་རེ་བ་བྱེད་ས་གཙོ་བོ་རྒྱ་ནག་མི་དམངས་ཡིན་ནམ་ཅེ་ན་དེ་ཡང་མ་ཡིན་། ཁོང་ཚོའི་ནང་ཁུལ་ལ་ཆབ་སྲིད་ཀྱི་ལྟ་བ་མ་མཐུན་པ་ཅི་ཞིག་བྱུང་ཡང་བོད་ལ་རང་བཙན་སྟེར་མིན་ཐད་ལྟ་བ་གཅིག་མཐུན་རེད་། རྒྱུ་མཚན་གང་ཡིན་ཞེ་ན་རྒྱ་མི་རིགས་འདི་ལ་རྒྱའམ་ཞེན་ཕྱོགས་ཧ་ཅང་ཆེན་པོ་ཡོད་པའི་མི་རིགས་ཤིག་རེད་། དེས་ན་ང་ཚོར་རེ་བ་གཏན་ནས་མེད་དམ་ཅེ་ན་། བོད་ལ་རང་དབང་ཐོབ་པའི་དུས་ཤིག་ངེས་པར་དུ་ཡོད་པ་རེད་། དེ་ནི་རྒྱ་ནག་དམངས་གཙོ་ལ་འགྱུར་བའི་སྐབས་རེད་། ཇི་སྲིད་རྒྱ་ནག་དམངས་གཙོ་ལ་མ་འགྱུར་བ་དེ་སྲིད་དུ་བོད་ལ་རང་བཙན་ཐོབ་མི་སྲིད་དོ་། མི་རིང་བར་རྒྱ་ནག་དམངས་གཙོ་ལ་འགྱུར་བར་ཤོག་ཅིག ཡང་གླེན་པ་ཁ་ཅིག་གིས་སྦྱིན་པ་དང་སྲོག་གཅོད་གཉིས་ཀྱི་ཁྱད་པར་མ་ཤེས་ནས་སྟག་མོར་ལུས་སྤྱིན་དཔེར་དྲངས་ནས་རང་སྲོག་གཅོད་མཁན་ཚོར་ཡི་རང་བྱེད་ཀྱིན་འདུག བདག་ཅག་གི་སྟོན་པའི་སྐྱེ་རབས་ཤིག་ལ་སྐུ་ཁྲག་སྦྱིན་པ་བཏང་བ་ལས་སྐུ་སྲོག་བཅད་པ་མ་རེད་། འདི་ནི་ཆེས་མཆོག་ཏུ་ཕྱིན་པའི་སྦྱིན་པ་རེད་མ་གཏོགས་རང་སྲོག་བཅད་པ་མ་རེད་།
རྒྱལ་སྲས་མཆོག་གིས་སྙིང་རྗེས་མ་བཟོད་པར་སྟག་གི་མདུན་དུ་ཉལ་བས་སྟག་མོར་ནུས་པ་མེད་པས་ཟ་མ་ཐུབ་ཚེ། རྒྱལ་སྲས་ནས་ཤིང་གི་ཡལ་ག་ཞིག་གིས་སྐུ་ལུས་ལས་ཁྲག་བྱུང་བ་རེད་མ་གཏོགས་སྐུ་སྲོག་ བཅད་ཡོད་པ་མ་རེད་། ཡིན་ཡང་གཞུང་ཆེན་མོ་ནས་བྱང་ཆུབ་ སེམས་དཔའི་སྤྱོད་པ་བསྟན་པའི་སྐབས། སོར་སྐྱེའི་བྱང་ཆུབ་སེམས་དཔའི་སྐུ་ལུས་སྦྱིན་པ་གཏོང་བ་དམིགས་པ་ལས་དངོས་སུ་གཏོང་མི་རུང་། རྒྱུ་མཚན་ནི་ས་མ་ཐོབ་པའི་སོར་སྐྱེའི་ཚོས་གལ་ཏེ་སྐུ་ལུས་སྦྱིན་པ་བཏང་ན་འགྱོད་པ་སྐྱེ་སྲིད་པའི་ཕྱིར་རོ་། དེ་ན་རང་ཅག་རྣམས་ལ་སྨོས་མ་དགོས་སོ། ལྷག་པར་དུ་སྐུ་ལུས་མེ་སྲེག་བཏང་བ་རང་སྲོག་བཅད་པ་ལས་སྦྱིན་པ་མ་ཡིན་ནོ་། སྦྱིན་པ་དང་རང་སྲོག་བཅད་པ་གཉིས་ཀྱི་ཁྱད་པར་མཁྱེན་རོགས་ཞུ། རྒྱུ་མཚན་འདི་ལ་བརྟེན་ནས་རང་སྲོག་མ་གཅོད་རོགས། ཁོ་བོས་སྙིང་ནས་ཞུ། ། །ཅེས་པ་འདི་ནི སྤྱི་ལོ ༢༠༡༢ ཟླ་དྲུག་པའི་ཚེས ༢༡ ཉིན་ཨ་རིའི་གྲོང་ཁྱེར་ཞིག་ཏུ་རྟ་བདུན་དབང་བོས་བོད་ཀྱི་དཔའ་བོ་དཔའ་མོ་ཚོར་སྙིང་ནས་འབོད་སྐུལ་ཞུ། ། Hello every one, Please send this letter to all your friends if you agree with this letter. Thanks, Nyima.
རྟ་བདུན་དབང་པོ་ལགས་ཀྱིས་བཀའ་སློབ་དེ་བདེན་པ་རེད་བསམ་གྱི་འདུག་
ཚང་མའི་ལྐུགས་པ་ཨུ་ཚུག་མ་བྱེད་རོགས.བོད་རིགས་སྤུན་ཟླ་རྣམས་ཀྱིས་བསམ་བློ་
རྒྱལ་ཆེན་པོ་གཏང་བ་གལ་ཆེན་པོ་རེད་། ད་ལྟར་བ་དུ་རང་ལུས་མེ་སྲེད་གཏང་ནས་
འབྲས་བུ་གང་བྱུང་སོང་། བོད་ལ་ད་དུང་གནས་ཚུལ་དང་དམ་འགྲབ་ཆེན་རུ་གཏང་བ་ལས་
གང་ཡང་བྱུང་ཡོད་མ་རེད་། བོད་རེ་བའི་ཕུང་་ཟེར་བའི་དཔེ་ལྟར་་བོད་ལ་སློབ་སྦྱོང་ཅན་དང་ཡོན་ཏན་
རྣམས་ཀྱིས་དེ་འདྲ་ལས་ཀ་ལས་པ་དེ་འབྲས་བུ་མི་འབྱུང་པ་དེ་ཏ་ཅང་སེམས་ཕམ་གི་གནས་སུ་འགྱུར་སོང་
བོད་སྤྱིར་ལ་ཕན་པའི་སྐད་ཆ་ཡིན་། འདོད་པ་ཡོད་ན་ཉམས་སུ་ལོང་ འདོད་པ་མེད་ན་དེ་འདྲ་རེད་།
ཆོས་ཀྱང་པ་འདོད་མཁན་གང་ཟགས་དང་སྲིད་ཀྱང་པ་འདོད་མཁན་གང་ཟགས་ཡང་ན་ཆོས་སྲིས་ཟུང་འབྲེལ་འདོད་མཁན་གང་ཟགས་གསུམ་ལས་དང་པོས་རང་སྲེག་ལ་མི་དགའ་གཉིས་པས་ནི་དེ་ལ་འདོད་པ་ཡིན་གསུམ་པས་ནི་ཁ་རྩོད་མི་ཆོས་དེ་ན་ང་ཚོས་རྒྱུན་ཚན་ལྡན་པའི་འགོ་ནས་ཁ་རྩོད་ཙམ་བྱེད་
རྟ་བདུན་དབང་པོ་ལ་ངས་མོས་མཐུན་ཡོད་པས་སྐད་ཆ་མང་པོ་ཞིག་འདུག ཡིན་ནའང་གོང་ས་མཆོག་གིས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལ། རང་སྲོག་བཅད་པ་དེ་ནོར་བ་རེད་གསུངས་འདུག་ཟེར་བ་འདི་གཞི་མེད་བསྐུར་བཏབ་ཡིན་ནམ་བདེན་པ་ཡིན། གལ་ཏེ་བདེན་པ་ཡིན་ན་གང་ནས་མཐོང་ཐོས་བྱུང་བ་འམ་སུས་རང་ལ་བཤད་པ་སོགས། ཅེས་ཀྱང་བཤད་དགོས་ཡོད་པས་གསར་བཤད་ཅིག་གནང་བ་མ་གཏོགས་བཞག་ཐབས་མེད་པ་ཞིག་ཡིན་པ་སེམས་ལ་ངེས་པར་མཛོད།
རྩོམ་ཡིག་འབྲི་མཁན་ལགས། དཔའ་བོ་ཐུབ་བསྟན་དངོས་གྲུབ་སྨན་ཁང་དུ་འཚོ་བཞུགས་སྐབས་༧གོང་ས་མཆོག་གིས་ཁྱེད་རང་མེ་བསྲེགས་བཏང་བ་དེ་ནོར་བ་རེད། ད་ཐབས་གཞན་མེད་པས་ངས་སྨོན་ལམ་འདེབས་ཅེས་གསུངས་པ་ཡིན་ནོ། ཞེས་པའི་ཁུང་ལུང་གསལ་བོ་བཟོ་དགོས། གང་ཡིན་ཟེར་ན་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་གྱི་ནང་མི་སྤུན་ཟླ་རྣམས་ཀྱིས་༧གོང་ས་མཆོག་གི་ཐུགས་འདོད་ཅི་ཡོད་ལ་སྒུག་བསྡད་ཡོད། དེ་སེམས་ལ་ཟུངས།
འཇམ་དབྱངས་ལགས་་་ཁྱེད་ཀྱིས་བསམ་བློ་གཏང་དང་་་བོད་ཀྱིས་གནས་གཏང་དེ་སྔོན་མ་ནས་
འཛམ་གླིང་གང་ས་ཆབས་ཡོད་རེད་མ་ཚད་བོད་ནང་རང་དབང་མེད་པ་དང་རང་བཙན་ཡིན་པ་འཛམ་གླིང་
རྒྱབ་ཁབ་མང་ཤོས་གི་ཧ་ཆ་ཚང་གོ་གི་རེད་ཕལ་ཆེན་མི་རིགས་ནག་པོ་ས་ཆ་ཁ་ཤས་མ་ཏོག
ཡིན་ཡང་་རང་བཙན་རང་གིས་ལེན་དགོས་རེད་་ལེན་པ་ལ་དུས་ཚད་ཞིག་ཡོང་གི་རེད་
ད་ལྟར་གནས་གཏང་ལ་གཟིགས་དང་། འཚོང་དང་དཔལ་འབྱོར་གང་ཐད་ནས་རྒྱ་ནག་སྟོབས་ཆེན་རེད་
་ད་ལྟར་དུས་འདི་བོད་ནང་གི་མི་དམངས་རྣམས་སྡུག་བསྔལ་ཚད་མེད་ཉོང་བཞིན་པ་སྨོས་མི་དགོས་པ་རེད་
ང་རང་ཚང་མས་ཤེས་གསར་རེད་་བོད་མི་མ་ཚད་རྒྱ་ནག་ཁོང་གི་མི་དམངས་ཁ་ཤས་ལ་བོད་ནང་གཞིན་སྡུག་པོ་གཏང་གི་ཡོད་པ་རེད་། (སྐབས་དང་དུས་ཟེར་བ་དེ་སྒུགས)་་ཉི་མ་ཅིག་རྒྱ་ནག་དེ་སོ་སོ་མི་དམངས་གི་སོ་སོ་ལ་ངོ་ལོག་བྱེད་གི་རེད་དེ་དུས་ང་ཚོས་ཐབས་བྱེད་ནས་རང་བཙན་འམ་
ཡང་ན་རང་སྲིད་རང་སྐྱོང་ཐོབ་ཐུབ་པ་100%རེད་། དེ་དུས་མ་ཏོག་་་་ང་ཚོ་སེམས་ཤུགས་མ་ཆགས་ནས་་སྐད་འབོད་དང་
ཟས་གཅོད་ངོ་སྒོ་སོགས་བྱེད་ནས་ཕན་པ་ཆེ་བ་མཐོང་།.བོད་མི་རིགས་དེ་རྩ་ཆེན་ཡིན་པ་ཧ་གོ་བ་གོ་གྱིས་་་ད་ལྟར་བར་དུ་
མི་ལོ་ལྔ་བཅུ་ལྷག་ཙམ་སྒུགས་ཚར་རེད་ད་དུང་ལོ་ཁ་ཤས་སྒུགས་ན་གང་ཡོད་མ་རེད ། གཙོ་ཆེ་ཤོས་དེ་མི་རིགས་དང་སྐད་རིགས་
རིགས་གཞུང་་གལ་ཆེན་པོ་རེད་།་
ཁ་བརྡ་ཚང་ནས་རྩོམ་ཡིག་ཡག་ཉེས་ཅི་རིགས་བཀོད་པར་རྗེས་སུ་ཡི་རངས་ཡོད། དེ་ནི་ཁྱེད་ཚང་གི་གལ་ཆེའི་ལས་འགན་ཞིག་ལགས་པས་དེ་ལྟར་མུ་མཐུད་རྒྱུན་འཁྱོངས་ཡོང་བ་བྱེད་རོགས། རྩོམ་རིགས་བཟང་ངན་ཇི་ལྟར་ཡིན་ཀྱང་ཀློག་པ་པོའི་སྤྱན་ལམ་དུ་འབུལ་ཐུབ་པ་དེ་ནི་ཁྱེད་ཚང་གི་བླ་ན་མེད་པའི་གཟི་བརྗིད་ཅིག་ལགས། དེར་ཀློག་པ་པོས་བླང་དོར་གྱི་དགོངས་འཆར་གསུངས་པ་དེ་བས་ངོ་མཚར་ཆེ། བློ་ཆུང་ལ་ལས་བསམ་པར་ཁ་བརྡ་ཚང་ནང་ཁོ་རང་གི་བློ་དང་མ་མཐུན་པའི་རིགས་ཁ་བརྡ་ཚང་ནང་བཀོད་མི་ཆོག་གི་མེད་པ་ལྟར་བྱས་པ་ནི་ཅོལ་ཆུང་གི་གནས་ལས་མ་འདས།།
ཅོལ་ཆུང་བ་དེ་རྣམས་ཡིད་མ་རངས་ན་སྡུག་གྱོང་རེད།།
མི་འགའ་རེས་རང་ལུས་མེར་བསྲེགས་ལ་འབྲས་བུ་གང་ཡང་བྱུང་མེད་པ་ལྟ་བུ་བཤད་འདུག འདི་ནི་མཐོང་རྒྱ་གཏན་ནས་མེད་པའི་སྐད་ཆ་རེད། བོད་ནང་ལ་མཚོན་ན་བོད་མི་ཚོ་སྡོག་རྩ་གཅིག་བསྒྲིལ་ཡོང་བཞིན་ཡོད་པ་དང་། རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོབས་ཀྱི་འདུ་ཤེས་སྔར་བྱུང་མ་མྱོང་བ་ལྟ་བུ་བྱུང་ཡོད་ཅིང་། ད་དུང་བོད་ཀྱི་ས་ཁུལ་མང་པོ་ལ་བོད་མི་ཚོས་ནང་འཁྲུག་མི་རྒྱབ་པ་དང་མཚོན་ཆ་མི་འདོག་རྒྱུའི་དམ་བཅའ་བྱེད་པ། རང་ཉིད་བོད་པ་ཡིན་པའི་འདུ་ཤེས་ཤུགས་དྲག་པོ་ཡོང་གི་ཡོད་པ་འདི་དག་དང་། བཙན་བྱོལ་ནང་ལ་ཡང་བོད་མི་ཚོ་སྔར་མེད་པའི་སྡོག་རྩ་ཆིག་བསྒྲིལ་དང་བོད་དོན་འཐབ་བརྩོད་ཀྱི་སེམས་ཤུགས་འཕར་ཡོད་པ། འཛམ་གླིང་རྒྱལ་སྤྱིའི་སྟེང་ནས་ཀྱང་སྔར་ལྷག་ཀྱི་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟེ། དཔེར་ན་ཉེ་སྔོན་སྲིད་སྐྱོང་མཆོག་ཉི་ཧོང་ལ་ཕེབས་སྐབས་ཉི་ཧོང་གྲོས་ཚོགས་འཐུས་མི་བརྒྱ་ཕྲག་ནས་བོད་དོན་ཐོག་ལོ་རྒྱས་ནང་བྱུང་མ་མྱོང་བའི་རྒྱབ་སྐྱོར་གྱི་གྲོས་ཆོད་བཞགས་པ་འདི་དག་ཐམས་ཅད། ཉིང་སྟོང་བརྒྱད་ནས་འགོ་བཟུང་བའི་བོད་མིའི་ཞི་རྒོལ་དང་། ལྷག་ཏུ་དཔའ་བོ་ཕོ་མོ་ཚོས་རང་ལུས་མེར་བསྲེགས་བཏང་བའི་གྲུབ་འབྲས་མིན་ན་ཅི་ཡིན།
མ་གཞི་ནས་གྲུབ་འབྲས་ཆེན་པོ་ཞིག་ཐོན་དགོས་ན་ནི་རྒྱུན་སྲིད་ནས་རིམ་ཀྱིས་ཐོན་དགོས་པ་ལས། ལས་འགུལ་སྤེལ་མ་ཐག་ཏུ་ཆར་རྗེས་ཀྱི་ཤ་མོང་རྡོལ་བ་བཞིན་དུ་ལམ་སང་ཡོང་དགོས་པར་འདོད་ན་དེ་ནི་མིག་རྒྱང་ཐུང་དྲག་པའི་སྐྱོན་རེད།
ལུང་རྟོགས་ལགས། གོང་དུ་བྱང་ཆུབ་སེམས་དཔའ་དེ་ཚོས་ཕན་ཐོགས་ཞེས་པ་ནི་ལྟོ་ཟས་པ་དང་བྲོད་ཁོག་འབྲང་པ་ལྟ་བུ་དེ་མ་ཐག་དགོས་པ་རེད།
དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས ཀྱི་སྙན་ཕབ་དེ་གཟིགས་རོགས་གནང།
༧གོང་ས་མཆོག་གིས་ནམ་ཡང་སྐད་ཆ་འདི་འདྲ་གསུང་སྲིད་རྒྱུ་མ་རེད་ལ་གསུང་ཡང་ཕོག་རྒྱུ་མ་རེད་འདོད་་་་་༧གོང་ས་མཆོག་གི་དྲིས་ལན་དང་བཅའ་འདྲི་ཁག་ལ་ཉན་མཁན་ཞིག་ཡིན་ན་་་་སྐད་ཆ་ཚབ་ཆེན་འདི་འདྲ་ཁོང་གི་དབུ་ལ་མ་གཡུག་རོགས་སྐུ་མཁྱེན། མི་ཁ་འདྲ་ཡིན་ཟེར་ནི་རེད་་་་སྐད་ཆ་རྫོབ་པོ་འདི་་་འདས་པོ་ཁོང་ཚོའི་ནང་མིས་གོ་ན་ཅི་འདྲའི་བློ་ཕམ་ཡོང་གི་མ་རེད། སྐད་ཆ་འདི་འདྲའི་རིགས་ལ་ཚང་མས་གཟབ་གཟབ་གནང་རོགས་ཞུ་ཞེས་སྙིང་ཁུང་རུས་པའི་གཏིང་ནས་ཞུའོ།
རྟ་བདུན་དབང་པོ། ཤི་བོ་ཚོའི་གཟི་བརྗིད་དང་གསོན་པོ་ཚོའི་རྣ་ཞིག་དལ་འི་མི་འཇུག་ནོ་འདི་ཅི་ཞིག་གི་དོན་རེད། ཁྱོའི་སེམས་ཁར་རྒྱ་འདྲེ་ཞུགས་པ་མ་རེད་དམ། ཁྱོ་གཡག་ལ་གཅེས་འི་ཡོད་ནི་ན་ཁྲག་ལ་གཅེས་འི་ཡོད་ནི་ན་ངས་མི་ཤེས་འི། རྒྱུ་དངོས་སྲོག་གསུམ་གྱི་འགྲོ་སྒོ་མེད་པའི་རྒྱལ་ཁ་ཞིག་རྒྱལ་ཁབ་སུ་ལ་རེག་པ་རེད་དམ།
སྒང་གི་རྩོམ་ཉོག་གི་རྒྱབ་ལྗོངས་ལ་གཟིགས་རོགས་ཞ།
དེ་ནི་གསེར་དང་སོལ་བ་གཉིས་ལས་སོལ་བ་རིན་ཐང་ཆེ་ཟེར་བ་དང་གཅིག་པ་རེད། ཤེས་ལྡན་སུ་ཞིག་མགོ་སྒོར་བཏང་ནུས།
འབྲུག་ལ་མིག་དཔེ་ལྟོས་ནས་བླ་ཆེན་རྣམས་ཀྱི་ཡང་སྲིད་གང་ཐུབ་ཀྱིས་ཁྲིམས་ལུགས་ཀྱིས་བཀག་འགོག་བྱེད་གལ་ཆེ། དེ་མིན་བླ་མའི་གསུངས་རེད་ནས་མི་མང་མགོ་སྐོར་བཏང་། དབང་འཛིན་པ་ཚོས་རང་ཐད་ཀྱི་ཡང་སྲིད་ངོས་འཛིན་རེ་གནང་། དད་ལྡན་མི་མང་མགོ་བདེ་དྲན་འཕྲུལ་ཅན་ཚོས་ག་བ་ཁྲིད་ཁྲིད་རེད། དེ་སྔོན་ཁྲིད་ཉེར་ལེན་ལ་བརྟེན་བོད་འདི་ཕམ་པ་རེད།
རྟ་བདུན་དབང་བོས་བཤད་པའི་ཚིག་ཡག་ཀྱང་དོན་རུལ་བ་རུག་ནག་རེད། རྒྱུ་མཚན་ལྟར་སྣང་ཟེར་བ་དེ་ཕྱོགས་ཚང་མ་མ་ཡིན་པ་བཤད་ཀྱི་མེད་ཀྱང་། དོན་དག་གཙོ་བོ་དེ་ནོར་འཁྲུལ་ཤོར་བའི་རྟགས་ལ་རྒྱུ་མཚན་ལྟར་སྣང་ངམ་རྟགས་ལྟར་སྣང་བཤད་ཀྱི་ཡོད་པ་རེད། གཞན་པ་ཞིག་ནས་ཀྱང་བཤད་ན། རྒྱ་ནག་གཞུང་གི་ལས་ཀྱི་སྣེ་མོ་ཚོས་ཀྱང་ང་ཚོས་བོད་དོན་སྐོར་ལ་སྐད་ཆ་བཤད་སྐབས་ཡན་ལག་དང་སྙིང་ལག་མང་པོའི་སྒོ་ནས་བཤད་ཀྱི་ཡོད་པ་ནང་ནས་ཡན་ལག་ནང་ནས་གནད་འགག་མེད་པ་མང་པོ་བདེན་པ་བཤད་ཀྱི་ཡོད་པ་རེད། འོན་ཀྱང་སྙིང་ལག་བཤད་པའི་སྐབས་སུ་གནད་དོན་ཅན་ལ་འཁྱོག་བཤད་ཁོ་ན་བཤད་པ་ལ་བརྟེན་ནས་རྒྱ་ནག་གི་མི་མང་པོ་ལ་མགོ་སྐོར་བཏང་བཞིན་པ་ལྟར། རྟ་བདུན་དབང་བོས་བཤད་ཚུལ་དེ་དང་གཅིག་མཚུངས་ཡིན་པ་གསལ་བོ་རེད།
ཆབ་སྲིད་ལའང་སློབ་སྦྱོང་མེད། ཆོས་ལའང་རྒྱུས་མེད། རང་ཚུགས་མེད་པའི་ཡི་གེ་ཐན་ཐུན་ཤེས་པའི་རྟ་བདུན་དབང་བོ་དང་དེའི་རྗེས་འབྲངས་དང་བཅས་པ་རྣམས་གཤམ་གསལ་གྱི་༧ དུས་བབས་དྲ་རྒྱ་ནང་བཀོད་པའི་༧གོང་ས་མཆོག་གི་གསུང་ལན་ཞིབ་པར་གཟིགས་ནས་དེང་ཕྱིན་ཆད་བོད་ལ་ཤ་ཚ་ཞིག་ཡོད་ན་གང་བྱུང་མི་བྱུང་དང་འགན་ཁུར་མེད་པའི་སྐད་ཆ་མི་བཤད་རྒྱུ་རེ་སྐུལ་ཞུ་བ་ཡིན།
ཕྱི་ཚེས་ ༢༤ ཉིན་༸གོང་ས་མཆོག་གིས་བྷི་བྷི་སི་(BBC)གསར་འགོད་པའི་དྲི་བའི་ལན་དུ། “ བོད་ནང་གི་བོད་མི་རྒན་པ་རྣམས་ནས་ཁོང་ཚོ་མ་འཆི་གོང་ངོས་རང་བོད་དུ་ཡོང་ཐུབ་ན་བསམ་པའི་རེ་བ་བྱེད་ཀྱི་ཡོད། འོན་ཀྱང་ཆབ་སྲིད་ཀྱི་གོ་རྟོགས་ལྡན་པའི་བོད་མི་མང་པོ་ཞིག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དེའི་འོག་ངོས་རང་མུ་མཐུད་རང་དབང་ལུང་པར་བསྡད་ན་བཟང་བའི་ཡིད་ཆེས་བྱེད་ཀྱི་ཡོད” ཅེས་གསུངས་འདུག
ཡང་ཁོང་གིས། “ རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་ནི་ཧ་ཅང་སེམས་སྐྱོ་དགོས་པ་ཞིག་རེད། འོན་ཀྱང་གནས་ཚུལ་དེ་ཆབ་སྲིད་དང་འབྲེལ་བའི་རྣོ་ངར་ཅན་གྱི་དོན་རྐྱེན་ཞིག་ཡིན་སྟབས། ད་ཆ་ངོས་རང་ཆབ་སྲིད་ནས་རྒན་ཡོལ་བྱས་ཟིན་སྟབས། གནད་དོན་དེའི་སྐོར་ངོས་ཀྱིས་གང་ཡང་བརྗོད་འདོད་མེད། འོན་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་གནད་དོན་དེ་དག་གི་འབྱུང་རྐྱེན་གང་ཡིན་ཞིབ་འཇུག་མཐིལ་ཕྱིན་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད” ཅེས་སོགས་བསྩལ་འདུག
གོང་དུ་༧གོང་ས་མཆོག་གིས་་”རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་ནི་ཧ་ཅང་སེམས་སྐྱོ་དགོས་པ་ཞིག་རེད། འོན་ཀྱང་གནས་ཚུལ་དེ་ཆབ་སྲིད་དང་འབྲེལ་བའི་རྣོ་ངར་ཅན་གྱི་དོན་རྐྱེན་ཞིག་ཡིན་སྟབས། ཞེས་གསུངས་པ་འདིས་ཁྱེད་ཅག་གི་འགན་ཁུར་མེད་པའི་སྐད་ཆ་དང་རང་ཉིད་ལ་ཆོས་སྲིད་ཀྱི་སློབ་སྦྱོང་མེད་པར་བསྟན་པ་མ་ཡིན་ནམ།
་་་་་་་་་་་་་་་། རྒྱུ་མཚན་འདི་དག་ལ་བརྟེན་ནས་གུས་པས་སྙིང་ཐག་པ་ནས་ཞུ་རྒྱུ་ཞིག་ལ། རང་སྲོག་མ་གཅོད་རོགས། རང་སྲོག་གཅོད་པའི་འཐབ་རྩོད་དེ་རྣམ་དཔྱོད་དང་ལྡན་པའི་ཐབས་ལམ་ཞིག་མ་རེད་། ལྷག་པར་དུ་ད་ལྟའི་རྒྱ་ནག་གི་ཆབ་སྲིད་ཀྱི་འགྲོས་ལ་དཔག་ན་མི་ཅི་ཙམ་གྱིས་རང་སྲོག་བཅད་ཀྱང་རེ་ཞིག་འགྱུར་བ་འགྲོ་དཀའ་བར་སྣང་། ལྷག་པར་དུ་སྲིད་འཛིན་ཧོ་ཅིན་ཐོའི་དུས་ཚོད་རྫོགས་ལ་ཉེ་བའི་སྐབས་འདིར་དེ་བས་ཀྱང་འགྱུར་བ་འགྲོ་མི་སྲིད་། རྒྱུ་མཚན་དེའི་ཕྱིར་ཕྲན་རང་ངོས་ནས་བོད་རྒྱལ་ཡོངས་ཀྱི་དཔའ་བོ་དཔའ་མོ་ཚོར་ཞུ་རྒྱུ། ཁྱེད་ཚོས་རང་སྲོག་འབེན་ལ་བཙུགས་ཏེ་བོད་མི་ཡོངས་ཀྱི་དོན་དུ་བྱ་བ་བརླབས་ཆེན་ཞིག་སྒྲུབས་དང་སྒྲུབ་བཞིན་ཡོད་ནའང་། རང་སྲོག་བློས་གཏོང་གི་འཐབ་རྩོད་དེ་ལ་གྲུབ་འབྲས་འབྱུང་རྒྱུ་དཀའ་བར་མ་ཟད་ཐབས་ལམ་ཡང་ཡག་ཤོས་མ་རེད་། ཡིན་ནའང་ཁྱེད་ཚོའི་སྙིང་སྟོབས་ལ་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བའི་གནས་སུ་མཆིས་མོད་། འོན་ཀྱང་རང་སྲོག་གཅོད་པའི་འཐབ་རྩོད་དེ་རང་དབང་ཐོབ་རྒྱུའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ཡིན་པ་ཁོ་བོས་མཐོང་མ་སོང་། དེར་མ་ཟད་རང་ཉིད་ལའང་རང་སྲོག་བཅད་པའི་ཉེས་པ་ཆེན་པོ་འབྱུང་སྲིད་པ་རེད་། ་་་་་་་་་་་་་་་ཟེར།
རྟ་བདུན་དབང་བོ་ལགས། ལྷའི་སྤྱི་ཚོགས་ནང་ལ་འདྲ་ཡིན་ན་མ་གཏོགས། མིའི་སྤྱི་ཚོགས་ནང་ལ་མི་ཞིག་གིས་ཆེས་འཇིགས་སུ་རུང་བའི་འཆི་ལམ་གདམ་ཀ་བྱེད་དུས། ཉེས་པ་དང་སྡིགས་པ་ལབ་པ་དེ་ཚོ་ཅི་ཡང་མ་རེད། གསོན་པ་ལས་ཀྱང་ཤི་བ་དགའ་བའི་དཀའ་སྡུག་ཅིག་གི་འོག་ན་སྡིགས་པ་དང་ཉེས་པ་སོགས་ལ་ནུས་པ་ཏིལ་འབྲུ་ཙམ་ཡང་ཡོད་མི་སྲིད།
དྲ་གྲོགས་ཡོངས་ལ་ཞུ་རྒྱུ། རྟ་བདུན་དབང་པོ་ཟེར་བའི་རྒྱ་དགའ་དེར་ཕྱིན་ཆད་རྩོམ་ཡག་ཉེན་ཇི་ལྟར་བཀོད་ཀྱང་ལན་དང་མཆན་མ་གནང་རོགས་ཞུ། ཁོ་ཡག་རྒྱུ་རྩ་བ་ནས་ཡོད་མ་རེད། དོན་དངོས་ཐོག་ཁོ་སུ་དང་འབྲེལ་བ་ཡོད་མེད་དང་། ནམ་རྒྱུན་ལས་ཀ་ག་རེ་བྱེད་ཀྱི་ཡོད་མེད་ཚང་མ་ང་ལ་རྒྱུས་མངའ་གསལ་བོར་ཡོད། ཚང་མས་ཁོ་ལ་ཡ་མ་གནང་རོགས་ཞུ།
རང་སྲོག་གཅོད་མཁན་ཚོར་འཛམ་གླིང་མི་དམངས་གྱིས་དོ་སྣང་དེ་ཙམ་ཆེན་པོ་མེད་པར་མ་ཟད་སེམས་ཁམས་ལ་སྐྱོན་ཡོད་པར་ཡང་ངོས་འཛིན་བྱེད་མི་སྲིད་པ་མ་རེད། རྒྱུ་མཚན་ནི་གོ་ལ་འདིའི་སྟེང་དུ་ཉིན་རེར་ཡང་དོན་མེད་རང་སྲོག་གཅོད་མཁན་དུ་མ་ཞིག་མཆིས། དེ་དག་མང་ཆེ་བ་སེམས་ཁམས་ལ་སྐྱོན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ཟེར། མི་འདིའི་སྐད་ཆ་བཤད་སྟངས་ལ་བལྟས་ན་བྲང་ཁོག་ན་ཡོད་པ་དེ་རྡོ་ཡིན་ས་རེད། ཀླད་སྐོགས་ནང་ཡོད་པ་དེ་ཞོ་ཡིན་ས་རེད། བོད་མི་ཞིག་ཡིན་ན་འདི་འདྲ་བསམས་ཀྱང་ཤོད་ཕོད་པ་ནི་ཡ་མཚན་རེད། གལ་ཏེ་བོད་ནང་ནས་སྐད་འབོད་བྱེད་ས་ཞིག་ཡོད་ན། གལ་ཏེ་བོད་ནང་ནས་ཟས་བཅད་ངོ་རྒོལ་བྱེད་སའི་ཁོར་ཡུག་ཅིག་ཡོད་ན། གལ་ཏེ་རང་དབང་གི་རྩོམ་ཡིག་སྤེལ་ཆོག་ན། ཞི་བའི་གོམ་བགྲོད་ཙམ་བྱེད་ས་ཡོད་ན། ཐ་ན་འགྲོ་འདུག་ཙམ་ལའང་རང་དབང་ཅུང་ཙམ་ཡོད་ན། སྐད་ཆ་འདི་འདྲ་བཤད་ན་ཉན་མཁན་ཡོད་སྲིད་ཀྱང། ཉིན་མཚན་དབྱེར་མེད་དུ་བོད་མི་ཞིག་ཡིན་ཕྱིན་ཆད་ལ་དོན་མེད་དུ་ཤོག་སྦག་ཙམ་རྒྱབ་པར་ཁ་གཡར་ཏེ་རྒན་དར་གཞོན་གསུམ་སུ་འདྲ་ཞིག་ཡིན་ཡང་གཅར་རྡུང་བཙོན་འཇུག་དང་། དམར་གསོད་ཤུལ་མེད་དུ་བཟོ་བའི་སྐབས་འདིར་ཁྱོད་ཀྱི་ལྕེ་རྩེར་སྐད་ཆ་འདི་འདྲ་ཞིག་ཡོང་བ་ནི་དེ་བས་ཀྱང་ཡ་མཚན་རེད།
འཛམ་གླིང་ཤེས་ལྡན་མི་སྣ་སུ་ཞིག་དང་སྲིད་གཞུང་གང་འདྲ་ཞིག་ཡིན་ཡང་བོད་མིའི་རང་ལུས་མེར་སྲེག་གི་ངོ་རྒོལ་བྱེད་སྟངས་འདི་བླུན་པོ་འུ་ཐུག་གི་ལས་ཀའམ་རིག་ཚོ་མ་ཟིན་པའི་བྱེད་སྟངས་རེད་ཟེར་མཁན་ད་བར་བྱུང་མ་སོང་ལ་འབྱུང་འགྱུར་ཡང་འབྱུང་མི་སྲིད་པ་ཞིག་རེད་སྙམ། དེ་ལྟར་བྱེད་མཁན་གཏེ་པོ་ནི་རྒྱ་ནག་དམར་གཞུང་རེད། ཁྱོད་ཀྱི་རྩོམ་ཡིག་ནང་རྒྱ་ནག་དམར་གཞུང་གི་བྱེད་པའི་སྐད་ཆ་ལུང་འདྲེན་བྱས་པ་ཙམ་རེད། དེ་མིན་གནད་ལ་འཁེལ་བའི་རྒྱུ་མཚན་གང་ཡང་མཐོང་མ་སོང།
ཀརྨ་ཡེ་ཤེས་ལགས་བསམ་བློ་གཏང་ནས་སྐད་ཆ་བཤད་་་མི་ཁྱེད་ཀྱིས་རྒྱ་མི་སོ་བ་དེ་ནི་སེམས་བཟང་ཅན་ཞིག་ཡིན་ས་རེད་. བོད་རིགས་མི་དམངས་ལ་དེ་འདྲའི་སྙིང་གཏམ་དང་སླབས་བྱ་ཡག་པོ་གནང་མཁན་རྟ་བདུན་དབང་པོ་འདྲ་པོ་རྒྱ་མི་སོ་པ་ཡིན་ན་
མི་ངན་ཁྱེད་འདྲ་པོ་་ག་རེང་ཡིན་alquda or Taliban
ཀརྨ་ཡེ་ཤེས་ལགས་་རྒྱ་མིས་སོ་པ་རྟ་བདུན་དབང་པོ་འདྲ་པོ་ཡིན་ན་་བོད་ལ་རྒྱ་མི་སོ་པ་མང་ཙམ་དགོས་ས་རེད་་་ཡག་པོ་ཡོད་ས་རེད་
ཀར་མ་ཨམ་དེས་བོད་ཡིག་ཀྱང་ཡག་པོ་ཞིག་བྲི་ཤེས་མི་འདུག་ན། ད་དུང་མི་ལ་གཅིག་བཤད་ཁུལ་བྱེད་པ་སྙིང་རྗེ།
རྟ་བདུན་དབང་པོ་ཟེར་བ་ཁོ་ག་འདྲའི་ཡོད་མེད་ཁྱེད་ཚོ་ལས་ང་རྒྱུས་མངའ་ཆེ་ཡོད། ངོས་དགའ་བཤད་མི་དགོས། འོ་ན་ང་རྒྱ་མིའི་ཉུལ་མ་ཡིན་ཟེར་ནས་སུ་གདོང་ལ་སླེབས་ཡོང་། ཁོས་བཤད་པའི་སྐད་ཆ་དེ་ཚོར་ཞིབ་གཤེར་ཞིག་གྱིས་ད་ཨ་ལེ་དང་པོར།
ལ་ལས་ཟས་བཅད་རྣམ་པས་འཐབ་ལ་དགའ།།
འགའ་ཤས་རྐང་ཐང་ངང་ནས་རང་དབང་འབད།།
མང་མང་བསགས་སྦྱངས་མཛད་ནས་ལས་ངན་བསྐྲད།།
ཐམས་ཅད་རང་རང་ས་ནས་དམ་བཅའ་བརྟན།།
ངས་བལྟས་ན་རྟ་བདུན་དབང་བོའི་འབོད་སྐུལ་དེ། བོད་ཀྱི་དཔའ་བོ་དཔའ་མོ་ཚོར་རེ་འདུན་ཞུ་བ་ལས། ཕྱིའི་མཐོང་རྒྱ་དང་ནང་གི་ཤེས་རྒྱ་ནམ་མཁའི་མེ་ཏོག་གི་ཟླ་བོར་བསྙེགས་པའི་ཅོལ་ཆུང་དག་ལ་སྤྲིང་བ་མིན་པ་ཐག་ཆོད་རེད། ཀྱེ་མ། གང་གི་ལྷག་བསམ་རྨད་བྱུང་སྙིང་གི་གཏམ། གངས་ཅན་ཡུལ་ཀྱི་དཔའ་བོ་དཔའ་མོ་ཚོར། ཞུམ་པ་མེད་པར་ལྷུགས་ཀྱིས་འདོམས་པ་དེར། ཅོལ་ཆུང་ཁྱེད་རྣམས་ཡིབ་ན་ཅིས་མི་ལེགས།།
འདས་པའི་ལོ་ཤས་ནང་བོད་ཀྱི་བོད་དཔའ་བོ་དང་དཔའ་མོ་མང་དག་ཞིག་གིས་བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་ཉིད་ཀྱི་ཆེས་རིན་ཐང་བྲལ་བའི་ལུས་སྲོག་ཀྱང་བློས་གཏོང་བར་ནམ་ཡང་བཀུར་བ་དང་བྲགས་སྨོན་ལམ་བཟང་པོ་འདེབས་ཤིང་ཡོད་་ཡིན་ཡང་མ་འོངས་པར་སྤུན་ཟླ་སུ་ཞིག་དེའི་རིགས་མ་ཡོང་བར་སྨོན་་་་་་གལ་སྲིད་འཇིག་རྟེན་འདིའི་སྟིང་གནས་ཚེ་ང་ཚོའི་རེ་བ་དང་འཇིག་རྟེན་གསར་པ་མངོན་ཐུབ་་་་་་་་་་་་་་་་་་་་་་་་་
སྤུན་ཟླ་ཚོ་ཤེས་ཡོན་གྱི་གནས་ཚད་གང་ཐོར་གཏོང་རྒྱུ་ནི་མེད་དུ་མི་རུང་་་་་་ནང་ཁུལ་རྡོག་རྩ་གཅིག་བསྒྲིལ་གྱིས་ནམ་ཞིག་བསྟན་དགྲ་རྒྱ་ནག་གི་ལག་ཏུ་རང་དབང་བསྐྱར་ལེན་དགོས་་་་་་་་་་་་་་་་་་་
ཕྲན་ནས་སྲོག་ལ་བབས་ཀྱང་སྒྲོ་བཏགས་ནམ་ཡང་བྱེད་མི་སྲིད། ངེད་ཀྱི་འབོད་སྐུལ་ལ་ལམ་སློང་ཡོང་བའི་ཆེད་དུ་༸གོང་ས་མཆོག་གིས་མ་གནང་བའི་བཀའ་ཞིག་གནང་བ་རེད་ཅེས་རྫུན་གཏམ་དེ་བས་ཀྱང་བཤད་མི་སྲིད། དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་སྐུ་ལུས་མེ་མཆོད་དུ་ཕུལ་སྐབས། ༸གོང་ས་མཆོག་གི་གསུངས་པ་དེ་བརྒྱུད་ལམ་གང་ནས་ཐོས་མིན་དྲན་གྱི་མི་འདུག་མོད། གང་ལྟར་ཀྱང་ངེད་དང་གྲོགས་པོ་འགས ༸གོང་ས་མཆོག་གིས་དེ་ལྟར་གསུངས་པ་ལ་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་འགྱོད་པ་སྐྱེས་སྲིད་མིན་གྱི་སྐོར་ལ་བགྲོ་གླེང་བྱས་པ་གསལ་བོ་དྲན་ཀྱིན་འདུག ཁོ་བོས་དཔྱད་ན་༸གོང་ས་མཆོག་གི་ཐུགས་ཧ་ཅང་གི་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཕྱིར་དེ་ལྟར་གསུངས་པར་མངོན་ནོ། ང་ཚོ་ལྟ་བུ་ཞིག་གིས་༸གོང་ས་མཆོག་གི་ཐུགས་ག་ལ་དཔོག་ནུས། དེ་མིན་དཔའ་བོ་མཆོག་གི་མཛད་རྗེས་ལ་བསྟོད་ར་བཏང་ཡོད་ན། རྗེས་སོར་བོད་མི་སེམས་ཤུགས་ཅན་མང་བོ་ཞིག་གི་སྐུ་སྲོག་ཆུད་ཟོས་སུ་འགྲོ་རྒྱུ་ཡིན་པ་སྨོས་ཅི་དགོས། ད་འདི་ནས་མཚམས་བཞག་གི་ཡིན། དགོངས་ཚུལ་མཐུན་དང་མི་མཐུན་པའི་མཆན་འདེབས་པ་པོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྲན་ནས་བོད་ཡིག་བེད་སྤྱོད་མ་བཏང་བར་ལོ་ངོ་བཅུ་ཕྲག་གཅིག་ཟིན་འདུག་པས། རྩོམ་སྐྱོན་དང་ཡིག་སྐྱོན་ཡོད་ངེས་ཕྱིར། དྲ་གྲོགས་ཚོས་དགོངས་འགལ་མེད་པར་ཞུ། །
གཞན་ཕན་བསམ་པས་ཡང་དག་གཏམ་སྨྲས་ཚད།།
སྡར་མ་ལགས་ན་རང་ཡང་ཆ་འདྲ་བས།།
གཏམ་སྙན་དཔག་ནས་ལན་ལ་རན་ཙམ་དང་།།
རང་གཞན་བྱ་བར་ལྷག་བསམ་དག་པར་འཚལ།།
རྟ་བདུན་དབང་པོ་ལགས། ཁྱེད་ནི་རྣམ་དཔྱོད་ཅན་གྱི་སྐྱེས་བུ་དང་སྙིང་རྗེ་ཅན་གྱི་བོད་པ་ཞིག་ཡིན་པ་མ་ཟད་་་་་སེམས་ནང་དྲན་པ་དེ་ཁ་ནས་བརྗོད་ཐུབ་མཁན་དེང་རབས་ཀྱི་དཔའ་བོ་ཞིག་ཀྱང་རེད་ཤག །བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ནས་ཁུངས་མ་འཆོལ་བའི་ཆབ་སྲིད་ཀྱི་ལམ་ལུགས་དེར་་་་་་བརྒྱབ་སྐྱོར་ཡིན་ཁུལ་གྱི་ད་བར་ཤ་རུས་གཅིག་པའི་སྤུན་ཟླ་བཅུ་ཕྲག་མང་པོའི་ཚེ་སྲོག་ཆུད་ཟོས་སུ་སོང་ཡོད་པ་ནི་་་་་ཤེས་ལྡན་ཀུན་གྱིས་མཁྱེན་གསལ་རེད། རྒྱ་མཚོ་ནང་དུ་རྡོ་གཡུགས་པ་དང་ཆ་རེད། རྟ་བདུན་དབང་པོ་ལགས། ད་དུང་བཙན་བྱོལ་བོད་མིའི་ཁྲོད་ནས་འཆམས་མཐུན་མེད་པ་དེ་ཚོའི་སྐོར་ཅིག་བཤད་ན་དངོས་གནས་ཧ་ཅང་བློ་ཕམ་གྱི་གནས་རེད། དཔེར་ན་་་་་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་དེ་ཚོའི་དཀྱིལ་ནས་་་་མ་ཤི་དམྱལ་བར་ཟགས་མཁན་གྱི་བོད་པ་མང་པོ་ཡོད་རེད། ད་དུང་བློ་ཕམ་དགོས་ཡག་གཅིག་ལ་་་་་ང་ཚོ་བོད་པ་ཚོས་དམངས་ཚོགས་རང་དང་ཆོས་དད་རང་དབང་ནི་་་་ཁ་ནས་བཤད་པ་ཙམ་ལས་དོན་དངོས་ཐོག་རྩ་བ་ནས་ཧ་གོ་ཡི་ཡོ་མ་རེད། ཧ་ཅང་གི་རྗེས་ལུས་རེད། རྟ་བདུན་དབང་པོ་ལགས།
མུ་འཐུད་ནས་རྩོམ་ཡིག་བཞག་གནང་རོགས་གནང་། བོད་མི་ཚོ་རྨོངས་གཉིད་ལས་སད་པར་ཕན་ཐོགས་ཆེན་པོ་འདུག། །།