ཨ་ཁུ་སྡེ་དཔོན།
ངས་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཉམས་མྱོང་ཡི་གེར་བཀོད་ནས་དེང་རབས་ཀྱི་གཏམ་དཔེ་ལྟ་བུ་གཉིས་གསུམ་ཞིག་བྲིས་ཡོད། ཁྱེད་རང་ལ་ཡང་འདི་ལྟའི་ཉམས་མྱོང་ཡོད་ངེས་ཅན་ཡིན་ན། རྩོམ་ཡིག་འདིའི་གཤམ་དུ་མཆན་གྱི་ཚུལ་དུ་བྲི་རོགས། དེ་ལྟར་བྱས་ན། ནམ་ཞིག་ལ་ང་ཚོས་བོད་ཀྱི་དེང་རབས་གཏམ་དཔེའམ། དེང་རབས་བོད་ཀྱི་གཏམ་དཔེ་ཕྱོགས་སྒྲིག་ཅིག་འདོན་ཐུབ་རྒྱུ་རེད།
ཟས་བཅུད་མེད་ནང་ལ་སྨན་སྣ་མང་། གཏམ་ཁུངས་མེད་ནང་ལ་མནའ་ཚིག་མང་།
ཕྲག་དོག་ཅན་ལ་རྒྱང་དད་ཆེ། ལེ་ལོ་ཅན་ལ་སང་ཉིན་མང་།
ཕོ་ངན་པས་བཤད་ན་དབུགས་འཚང་། བོང་སྐྱ་ལི་རྒྱུག་ན་གཡག་མང་།
བསྟོད་ན་བསྟོད་ཚོད་ཟིན་དགོས། དགུང་སྔོན་པོའི་མཐའ་ན་མེ་ཡོད།
སྨད་ན་སྨད་ཚོད་ཟིན་དགོས། ས་དོགས་མོའི་དཀྱིལ་ན་མེ་ཡོད།
བོང་སྐྱ་ལི་རྒྱུག་ན་གཡག་མང་།་་་་་་་་་་་་་་་་་ ག་རེ་ཟེར་བ་རེད
གཡག་་་་ཟེར་ན་དྲི་ངན་སྒྲ་དང་བཅས་ཏེ་བཏང་པ་དེར་ཟེར་བ་རེད།
བོད་མི་བྱིངས་ཀྱིས་གོ་མི་ཐུབ་པའི་ལུང་ཁུག་ཅིག་གི་སྐད་ཡིན་ས་རེད་འདུག་ག
ལུང་ཁུག་ནས་མི་གོ་བའི་སྐད་རེད། སྐད་དེ་ད་སངས་རྒྱས་ཀྱི་བསྟན་པ་དང་། བོད་ཀྱི་རིག་གནས་ཀྱི་རྐང་འཛིན་ས། བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཟེར་བའི་ས་ཆ་དེ་ནས་གོ་བ་མ་གཏོགས། ཡིག་རྨོངས་པས་ཁེངས་ཡོད་ས་ནས་མི་གོ་བ་དེ་རེད་ཡ།
ཨ་ཁུ་སྡེ་དཔོན་ལ་གཏམ་དཔེ་ཞིག་གི་ཞལ་འདེབས་ཡོད།
ལུང་ཁུག་མི་ཡི་རྣ་བ་ཐུང་། ལས་ངན་ཕག་པའི་སུག་ལག་ཐུང་།
ཧ་ཧ་ཧ་ཧ་ཧ་།
ཁ་རྒྱག་པ་འདྲེ་འདྲ་བ་དེ། སྐབས་འཚོལ་ལུགས་ནི་རིག་ལྡན་རེད།
ས་བོད་ཁྱིམ་ཉུལ་ཙམ་ཞིག་གིས། ཚན་རིག་རྩལ་མཁན་ཞིག་ཏུ་འགྱུར།
གཏམ་དྲང་པོར་བཤད་ན་དབུགས་འཚང་། བོང་སྐྱ་ལི་རྒྱུག་ན་གཡག་མང་།
ཨ་ལེ ཨ་མདོའི་ལོག་སྐད་རེད་འདུག
ངས་ཀྱང་ཞལ་འདེབས་ཤིག་འབུལ ཨ་མདོ་མི་ལ་ལོག་སྐད་མང་ ཨ་གསར་ཅན་ལ་དྲན་རྒྱུ་མང
ཧ་ཧ་ཧ་ཧ་་ཧ ལོག་སྐད་མང་བ་ཨ་མདོ་རེད་དམ། ཡང་ན་སྤྱི་སྐད་གཅིག་ཀྱང་མེད་པའི་ལུང་ཁུག་ཐ་རེ་ཐོ་རེ་དེ་ཚོ་རེད།
ཨ་མདོ་བ་ལ་སྤྱི་སྐད་ཡོད། ཨ་ར་དཀར་པོར་ལོག་སྐད་ཡོད།
ཧ་ཧ་ཧ་ཧ་ཧ་ཧ
ཨམ་སྐད་ཕལ་ཆེར་ལོག་སྐད་རེད ལོག་སྐད་ཕལ་ཆེར་འདྲེ་སྐད་རེད
ཨམ་སྐད་མང་ན། མི་གོ་མང། དབུས་སྐད་མང་ན། ལགས་ལགས་མང། ཁམས་སྐད་མང་ན།
འུར་སྒྲ་མང། ཁ་སྐད་དེ་གསུམ་སྤྱོད་མང་ན། བརྡ་སྤྲོད་སུམ་རྟགས་དགོངས་ཞུ་དགོས།
ཨ་མདོའི་ནང་ལ་ཨ་ཡིག་མང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག འདྲེ་ཡིས་གོ་ན་རྣས་མི་བཟོད། ཨ་མདོར་དོལ་རྒྱལ་མེད་པ་དེ་དོན་རེད། ད་འདྲེ་སྐད་རེད་འདུག་གས། ཧ་ཧ་ཧ་ཧ་་ཧ
འདྲེ་ཤར་སྒོར་བཞག་ནས།
གླུད་ནུབ་སྒོར་བཏངས།
ཨ་མདོར་ཡིག་ནོར་མང་།། དབུས་པར་ཞེ་ས་མང་།།
སྤྱི་སྐད་སྤང་ན་ལོག་སྐད་འབྱུང་ ལོག་སྐད་སྨྲས་ན་འདྲེ་རུ་སྐྱེ
སྟག་ཚང་ལྷ་མོ་ཨ་མདོ་རེད།། དོལ་རྒྱལ་བསྟེན་མཁན་དེ་ན་མང་།།
ཨ་མདོའི་ཡུལ་ན་རྒྱ་ལྷ་མང་།། དབུས་གཙང་ཡུལ་ན་བོད་ལྷ་མང་།།
དོལ་རྒྱལ་འདྲེ་ཚོགས་གླེང་གི་མ་སྡོད། བོད་ཀྱི་སྐད་ཡིག་གི་སྟེང་ནས་དང་། རིག་གཞུང་ཆ་གང་ནས་བཤད་ན་ཡང་ཨ་མདོ་བ་ཚོ་གཟི་བརྗིད་ཆེན་པོ་ཡིན། དོལ་རྒྱལ་གཙང་མའི་ཆོལ་ཁ་ཡང་ཨ་མདོ་བ་རེད། དགའ་མ་དགའ་བཤད་ནས་ཅི་ཡོང་ཡ་ཡོད་མ་རེད།
ཨམ་སྐད་བོད་སྐད་གཙང་མ་རེད། རྒྱ་མིའི་ལྕེ་ཡིས་བཤད་མི་ཐུབ།
དབུས་གཙང་ཡུལ་ལ་བྲན་གཡོགས་མངས། ཞེ་ཚིག་མང་པ་ཡ་མཚན་པོ་མ་རེད།
ཡོན་ཏན་རྒྱ་མཚོ་ཨ་མདོ་རེད་།དོལ་རྒྱལ་ཁྱབ་བསྒྲགས་བྱས་གཏེ་རེད་།མཇེ་ནི་སངས་རྒྱས་སྤྲུལ་པ་རེད་།ད་ལྟ་ཤི་ན་ད་ལྟ་ལངས་།སྟུ་ནི་ཡི་དྭགས་སྐྱེ་བ་རེད་།ད་ལྟ་རྒྱགས་ན་ད་ལྟ་ལྟོག་།
ཡ་རབས་ཕྱག་དང་ཞེ་ས། མ་རབས་རྐུབ་གྲལ་ཤིག་ཤིག
ལོག་སྐད་སྐད་ཀྱི་ཐ་མ་རེད འདྲེ་ཡིས་མ་གཏོགས་དོན་མི་གོ
ཆོལ་ཁའི་ནད་ཚ་འདི་ནས་མ་བཤད་རོགས་གནང་། གཏམ་དཔེ་་་་གཏམ་དཔེ་ཡོད་ན་བཤད་ཞོག
ལོག་སྐད་སྐད་ཀྱི་ཐ་མ་ཡིན་ཐག་ཆོད་རེད། ལུང་ཁུག་ཁག་ཊིག་གི་ལོག་སྐད་འདྲེ་ཡིས་གོ་ན་མ་གཏོགས། གཞན་གྱིས་གོ་ཁག་པོ་རེད། བོད་སྐད་བོད་ཡིག་ལ་མཁས་ཤིང་གོམས་པའི་ས་ཁུལ་ཁག་གིས་ཀྱང་གོ་མི་ཐུབ་དུས། ཡིག་རྨོངས་པས་གོ་ཐུབ་རྒྱུ་ཁག་པོ་ཆགས་ཚར་བ་རེད། ཡིན་ན་ཡང་། དེང་སང་རྐུན་མ་ཧམ་ཆེན་གྱིས་མི་གསོད་ཟེར་བ་ལྟར། ལུང་སྐད་ལོག་སྐད་མ་གཏོགས་མི་གོ་མཁན་ཚོས། བསྟན་བཅོས་ལ་གྲགས་པའི་བརྡ་དེ་ཚོར་ལོག་སྐད་རེད་ཟེར་ནས་ཁ་ཟེར་བར་འདུག་གོ། ཨ་ཁ་ཁ ལས་ངན་པ་རེད་ཡ། རང་རྐུབ་རུལ་བའི་དྲི་སྣོམ་བཞིན། འཇིག་རྟེན་རུལ་བར་སྙམ་པ་ཡི། སྒོ་ཁའི་ཁྱི་རྒན་རྒྱ་ལུ་དེར། ལྟོ་ལས་ཕན་པའི་གཏམ་མེད་དོ།
ང་དང་ཁྱོད། ཁྱོད་དང་ང་། ཞེས་པའི་རྩོད་གླེང་གི་ནང་འཁྲུག་ཁྲོད་དུ་ང་ཚོ་འདི་ལྟར་བསྲེག་དགོས་སམ།
ཆོལ་ཁའི་སྐད་ཆ་བཤད་མཁན་ཐོག་མ་ཁྱེད་རང་རེད
ཧ་ཧ་ཧ་ཧ་ཧ་ཧ ཁྱོད་ཨ་ར་དཀར་པོ་ཁོག་པ་ནག་པོ་ཞིག་རེད་འདུག ཨམ་སྐད་རེད་མདོག་མདོག་གིས་་་་་་ལུང་ཁུག་ཅིག་གི་སྐད་ཡིན་ས་རེད་་་་་་་ཟེར་སོང་ང་། ལུང་ཁུག་ཟེར་ན་ག་རེ་ལ་ཟེར་གི་ཡོད་མེད་ཧ་གོ་གི་མེད་ས་རེད། བོད་སྐད་ཟེར་ན་ག་འདྲ་ཞིག་ལ་ཟེར་གི་ཡོད་མེད་ཧ་གོ་གི་ཡོད་ས་མ་རེད།
འདྲེ་རིག་ལྡན་ཆོལ་ཁའི་ནད་ཀྱིས་བཟུང་།། བྲིས་ཡི་གེ་ཡིག་ནོར་ནད་ཀྱིས་བཟུང་།།
འདྲེ་རིག་ལྡན་རིག་པའི་གྲོགས་ཤིག་རེད། ཆོལ་ཁ་ཆོས་ལུགས་ཕྱོགས་སུ་ལྷུང་བ་རེད། དེ་རིང་མི་ངན་ཁོག་ངན་དང་ཐུག་པས། དྲི་མ་ངན་པ་འགོ་ཉེན་ཆེ་སེ་འདུག
ཧ་ཧ་ཧ་ཧ་ཧ་ཧ་་ཧ
ནོར་བཅོས་་་་་་་ ཆོལ་ཁ་ཆོས་ལུགས་ཕྱོགས་སུ་ལྷུང་བ་མེད།
འདྲེ་རིག་ལྡན་རིག་པའི་གྲོགས་ཤིག་རེད། ཆོལ་ཁ་ཆོས་ལུགས་ཕྱོགས་སུ་ལྷུང་བ་མེད།
དེ་རིང་མི་ངན་ཁོག་ངན་དང་ཐུག་པས། དྲི་མ་ངན་པ་འགོ་ཉེན་ཆེ་སེ་འདུག
རྟུག་དྲི་ལ་གཡག་ཟེར་བའི་ཨམ་མདོའི་ལོག་སྐད་དེའང་བསྟན་བཅོས་ལ་གྲགས་པའི་བརྡ་རེད་དམ། འདྲེ་ཁྱོད་ཀྱི་བསྟན་བཅོས་ཀྱི་བརྡ་ཡིན་འགྲོ ཧཧཧ
མི་ངན་ཨ་ར་དཀར་པོ་ཅན། ཆོལ་ཁ་ཆོས་ལུགས་དུག་ཆུ་ཅན། ས་གར་སོང་ས་ན་རྙོག་དྲ་བཟོ། ཡུལ་གར་འདུག་ས་ན་འདྲེ་ངན་བསྟེན།
རྟུག་དྲི་ཟེར་བ་ཕལ་སྐད་དང་། གཡག་ཟེར་བ་བསྟན་བཅོས་ལ་གྲགས་པ་ཡིན་དང་ཡིན། འགོས་ཆུང་ལོ་ཙ་བའི་རང་རྣམ་དུ་གཡག་ཟེར་ནས་བྲིས་ཡོད་པ་ལས། རྟུག་དྲི་ཟེར་བའི་ཚིག་འདི་བྲིས་ཡོད་མཁན་གྱི་ཚད་ལྡན་གྱི་མཁས་པ་སུ་ཡང་མཐོང་རྒྱུ་མེད། ད་དུང་བོད་ལུགས་གསོ་རིག་གི་མཁས་དབང་ཁྲོ་རུ་ཚེ་རྣམ་གྱིས་ཀྱང་་་་་ འཇུ་བྱེད་མ་ལག་གི་བསྟན་བཅོས་སུ་་་་གཡག་་་ཟེར་བ་ལས་རྟུག་དྲི་བྲིས་མེད། ཡིན་ན་ཡང་ཁྱེད་རང་གིས་དེ་ཚོ་ཤེས་ཀི་མ་རེད་ལ། ད་ནི་ཤེས་འདོད་ཀྱང་ཡོད་རྒྱུ་མ་རེད།
ཨོ་་་་་ མི་ཉག་རྒྱལ་སྲས་ཟེར་བ་དེས་བཤད་པ་བདེན་པ་ཡིན་ནམ།
དེ་འདྲ་ཡིན་ན་དེ་རིང་ནས་བཟུང་ཨ་ར་དཀར་པོ་ལ་དྲིས་པའི་ལན་དང་བློ་ཡི་འཆར་སྒོ་སོགས། གཏམ་གླེང་གང་ཡང་མི་བྱེད་དོ། །ཀུ་རེ་དང་ཅལ་ཀ་རྩེ་བ་སོགས་ཀྱང་མི་བྱེད་དོ། ཧ་ཧ་ཧ་ཧ་ཧ་ཧ
མི་ངན་བཤད་རྒྱུས་ཕོངས དོན་མེད་ཚིག་མཚོན་འདེབས
གནས་ལུགས་རྒྱུ་མཚན་ལ་མི་ལྟ་བར་གཅིག་རྒྱབ་གཉིས་ལང་བྱེད་ལུགས་ལ་ལྟོས་དང། གླེང་གཞི་གང་ལས་འཕྲོས་མིན་ལ་སོམས།
ཁམས་ཨ་མདོ་དབུས་གཙང་མངའ་རིས་སོགས་སུ་ཡིན་ན་རྩོམ་འབྲི་དུས་སོ་སོའི་ཡུལ་སྐད་མང་པོ་མི་སྤྱོད་པར།བོད་ཀྱི་བརྡ་སྤྲོད་འགྲོས་དང་མཐུན་པའི་ཚིག་སྦྱོར་སྤེལ་གལ་ཤིན་ཏུ་ཆེ་བ་མ་གཏོགས།དེང་སང་གི་འབྲུག་གི་བོད་ཡིག་འབྲི་སྟངས་དང་ལ་དྭགས་མེ་ལོང་གི་བོད་ཡིག་འབྲི་སྟངས།མདོ་སྨད་ཀྱི་གཞོན་སྐྱེས་ཁག་ཅིག་གིས་རྒྱ་ཡིག་ཚིག་འགྲོས་དང་སྐད་གཤིས་བོད་ཡིག་ཏུ་གང་བསམ་ལྟར་བསྒྱུར་ཏེ་འབྲི་སྟངས་སོགས་ཆུ་ངན་ལམ་ཤོར་དུ་སོང་ན།
ནམ་ཞིག་བོད་ཡིག་ཉམས་ཆགས་ཕྱིན་ཏེ་བཀའ་བསྟན་ཚུན་གོ་མཁན་མེད་པར་འགྱུར་ས་རེད།
བཤད་པ་མདུན་དུ་འཕང་། ཕོག་པ་ལྐུབ་ཏུ་ཕོག
སྐད་རིགས་ར་མ་ལུགས། རང་སྐད་ཉ་མ་ཉོག
བཏང་བ་མདུན་ནས་བཏང་། ཕོག་པ་རྒྱབ་ལ་ཕོག
རྟུག་དྲི་ཨ་མས་བཏང་།
ཁག་གནའ་མར་གཡོགས།
ཨ་མདོ་སྟག་ཚང་ལྷ་མོ་ན་་་ཤུགས་ལྡན་བསྟེན་གསོ་གཙོ་བོར་བྱེད་མཁན་བསེ་ཁྲི་དགོན་པ་རེད་་་་་སྔོན་མ་ཡིན་ན་དགོན་པ་དེར་གྲྭ་བ་བཞི་བརྒྱ་ལྷག་ཅིག་ཡོད་ཀྱང་་་་་ད་སྐབས་གྲྭ་བ་བརྒྱ་ལྷག་ལས་ཡོད་ཚོད་མི་འདུག
རི་ལྷ་སྡེ་མང་ཆེ་བ་་་ཟངས་ཚ་དང་ཀླུ་ཆུའི་ཕྱོགས་རེད་་་་ལྷ་སྡེ་དེ་ཚོའི་ནང་ལ་ལྟས་ངན་རིམ་བྱུང་གིས་་་མང་ཆེ་བ་བླ་བྲང་དང་་་དགོན་པ་གཞན་ལ་སྐྱབས་སྐྱོར་མུས་རེད་འདུག ཐེ་ཁོག་ན་ཡང་ལྷ་དེ་བསྟེན་པའི་དགོན་ཆུང་ཁ་ཤས་ཡོད་ནི་རེད་ཀྱང་་་་ད་སྐབས་དེ་ཙམ་བསྟེན་གྱིན་མེད་ཚོད་འདུག་ག
གནས་སྟངས་འདི་འདྲ་ཞིག་གི་འོག་ལ། ཟས་ཁམ་གཅིག་བྱུང་ན་མཉམ་ཟ།། གླ་ཁབ་གཅིག་བྱུང་ན་མཉམ་བགོ། བྱ་རྒྱུ་གཡུགས་ནས། མིག་སྐྲང་ཐོག་ལ་ཁུ་ཚུར།། མུ་གེའི་སྒང་ལ་ཟླ་ལྷག་གི་དཔེ་ལྟར། ཁ་སྟོང་ནང་གི་ཚིག་སྟོང་།།ལག་སྟོང་ནང་གི་ཕྱག་རྒྱ།། འདིས་ཅི་ཡང་མི་ཕན་པས་སོ།། དེ་བས་་ཁྱི་རྒན་ཤེས་ནས་ཟུག ། ཁྱི་ཕྲུག་མ་ཤེས་པར་ཟུག ། ཅེས་པའི་སྤྱོད་ཚུལ་འདི་གཟབ་པར་རིགས་སོ།།
འདྲེ་ངན་ལྷར་བརྫུས། ཇག་རྒྱབ་རྐུན་ལང་
གཏམ་དཔེ་ཡིན་པས་སུ་ལའང་མི་ཕོག་པར་ཞུ
ལྷ་ལྷ་ཡུལ་ན་སྐྱིད། འདྲེ་དོལ་ཡུལ་ན་སྐྱིད།
ཤ་ཁ་ཁ་དང་གྲི་སོ་སོ།
ཁོག་ན་གནག་སེམས་ན་ར་ར། ཁ་ན་ཨ་ར་དཀར་ར་ར།
གཏམ་དཔེ་རང་ཡིན་ལོ།
ཧཧ་ཧ་ཧ་ཧ་ཧ་ཧ་ཧ། གཏམ་དཔེ་ཡག་མོ་འགུ
ད་ནི་ཉལ་བཞིན་ཡིན་དོ། དྲ་གྲོགས་ཚོ་བདེ་མོ་གྱིས་ཡ
ཧ་ཧ་ཧ་ཧ་ཧ་ཧ། མི་ཉལ་བསྡད་དུས། འདྲེ་ལངས་ཡོང་ང་། དེང་སང་འདྲེ་འདྲ་མི་འདྲ་མང་པོ་འདུག་ག གཟབ་གཟབ་བྱོས་མ་གཏོགས།
རྒྱ་འདྲེས་བོད་ཟ བོད་མི་འདྲེར་སྐྱེས
ཨ་ར་དཀར་པོ་ལ་གཟབ་པར་འཚལ།
ཨ་ར་དཀར་པོའི་གཏམ་དཔེ་ལ་གཟོབ རྒྱ་འདྲེ་དོལ་རྒྱལ་ལ་གཟོབ རྒྱ་མི་གུང་ཁྲན་ལ་གཟོབ རྣམ་རྟོག་འདྲེར་ལངས་ལ་གཟོབ
གང་ལྟར་ཀྱང་འདྲེ་རིག་ལྡན་འདི་དོན་གྱིས་རིག་རྒོད་ཡིན། ཁོའི་བསམ་པ་ནང་བཞིན་མི་རེ་ཡི་གཏམ་གསར་རེ་བསྒྲིགས་ཡོད་ན་ཆོལ་ཁ་ཆོས་ལུགས་ཀྱི་སྐད་ཆ་འདི་ཡོང་དོན་མེད། ཁ་བརྡ་དྲ་བ་འདི་འུ་ཅག་གི་ཚོགས་ར་ཆེ་ཤོས་ཞིག་རེད། མི་རེ་ནས་གཤིས་སྤྱོད་རེ་མཁྲེགས་བཟུང་བྱས་ནས་ཐོན་རྒྱུ་ལས་གནས་ལུགས་ཕྲ་ལ་ཕྲན་བུ་རེ་བཏོན་ནས་ཡོང་རྒྱུས་ན་དགེ་ཕན་འདྲ་མི་འདུག་གམ།
ཟས་ཁ་ནས་ཟོས་བ་ཁ་ཡིས་བརྗེད། རྒྱོ་རྐུབ་ནས་བརྒྱབ་པ་རྐུབ་ཡིས་བརྗེད།
གཏམ་དཔེ་ནང་ཏག་ཏག་འགྲོ་ཐུབ་ན་ཡག་པོ་རེད་བཱ། ཡག་པོ་བྲིས་འདུག
འདྲེ་རིག་ལྡན་གྱི་མིང་ཟུར་ནས་དྲངས་ཏེ་གཏམ་དཔེ་འགའ་རེ་བྲིས་པ་མ་གཏོགས་སུ་ལ་ཕོག་དགོས་པའི་སྐད་ཆ་སྡུག་པོ་གས་བཤད་མེད། ད་གཏམ་གཏམ་དཔེ་རང་མ་གཏོགས་ཁྱོད་ཀྱི་ཁ་དང་ངའི་སྣ་མི་རྩོད་རྒྱུ་བྱ།
ངས་ནི་་་་་་ཨ་ར་དཀར་པོ་ཟེར་ན་གྲུབ་ཆེན་ཐང་སྟོང་རྒྱལ་བོ་ལྟ་བུ་ཞིག་ཡིན་རྒྱུ་རེད་དྲན་སོང་ཡང་། མི་ཉག་རྒྱལ་སྲས་དང་ལྷོ་བྲག་པ་སོགས་ཀྱིས་སྐད་ཆ་གསལ་ལ་མི་གསལ་ལ་ཞིག་བཤད་ཀྱིན་འདུག་པས། ད་ནི་མི་འདི་སུ་ཞིག་ཧ་གོ་མ་སོང་། དེ་བས། ད་གཏམ་དཔེ་གསར་པ་རྩོམ་དང་དེ་ཡག་ས་རེད།
ད་ཡན་ག་བཞག་ནས་རྩ་བར་འཇུག་ན། གཏམ་དཔེ་བསྡུ་ལེན་བྱེད་པའི་ཐབས་ཤེས་དེ་ཡག་པོ་འདུག སྔོན་མ་མགོན་པོ་ཕྱག་གཉིས་པས་ཀྱང་རྒྱ་ནག་དང་འབྲེལ་བ་ཡོད་པའི་གཏམ་དཔེ་བཀོད་ནས་དེ་ལ་མི་མང་པོས་ལན་བརྒྱབ་ནས་ངའི་བསམ་པར་གཏམ་དཔེ་སུམ་བཅུ་ཙམ་ལོན་པ་ཡོད། ངའི་མི་ཚེ་དང་འབྲེལ་ཡོད་ཀྱི་གཏམ་དཔེ་གསལ་གསལ་ལྟར་ཡིན།
༡ ཨ་རིར་རང་དབང་ལབ་པ་མ་གཏོགས། དོན་དངོས་རྒྱ་གར་ཁུད་ཤིད་ལུང་པ་རེད།
འདྲེ་རིག་ལྡན་ངའི་ངོ་དེབ་ཁ་ནང་ལ་གཅིག་ཤོག་དང་། ཁ་བྱང་འདི་ཡིན། Trulkuwangchen
འཐབ་ར་འདིའི་ནང་དམར་འཛིང་བྱེད་མཁན་དེ་ཚོ་ཁྱི་ཕྲུག་ཁོ་ན་ཡིན་པ་འདྲ།
གཏམ་དཔེ་གསར་རྩོམ་གི་བསམ་ཚུལ་འདི་བྱ་བ་ཡག་པོ་ཅིག་རེད། འདྲེ་རིག་ལྡན་ཁོང་དངོས་ནས་བྱས་ན་བློ་རིག་དང་ལྡན་པ་ཞིག་རེད། ཡིན་ན་ཡེ། དེ་སྔོན་ངས་ཁོ་ལ་འདྲེ་རིག་རྟུལ་ཞེས་འབོད་མྱོང་ཡོད།
ད་བྱས་དུས་ངའི་སྐད་ཆ་དེ་ཅུང་ཐལ་དྲག་ཤག
ངོ་འཛུམ་འཛུམ་ཐམས་ཅད་གད་མོ་མིན།
དགའ་མི་དགའ་སེམས་གི་ནང་ན་ཡོད།
བདེ་བ་ཅན་ལ་འགྲོ་རྒྱུ་བྱུང་ན།
རྒྱ་མཚོའི་ནང་ལ་ལྷུང་ན་ལྷུང་།
ལོག་སྐད་ནི་ལུང་པ་ཁུག་ཀྱོག་དེ་རང་ངམ་གྲོང་གསེབ་རེ་གཉིས་ནས་མ་གཏོགས་སྤྱི་ལེ་བརྒྱ་ཉིས་བརྒྱའི་གཡས་གཡོན་དང་གྲོང་པ་གཞན་དག་གིས་མི་གོ་བའི་ས་ཆ་ཁུག་ཀྱོག་གི་སྐད་ལ་གོ་ན་ཆོག ཨམ་སྐད་ལ་མཚོན་ན་ཨ་མདོའི་ས་ཆེན་པོར་གནས་པའི་ཨ་མདོ་བ་ཡོངས་རྫོགས་ཀྱིས་གོ་ཐུབ་པ་ཞིག་ཡིན། དཔེར་ན་ཨ་མདོའི་མི་དམངས་མཚོ་སྔོན་གྱི་མཚོ་ཤར་དང་མཚོ་བྱང་། མཚོ་ནུབ་དང་མཚོ་ལྷོ། རྨ་ལྷོ་དང་མགོ་ལོག ཀན་སུའུ་ན་ཡོད་པའི་གཙོས་ཁུལ། ཟི་ཁྲོན་ན་ཡོད་པའི་རྔ་བ་ཁུལ་བཅས་སུ་བོད་པའི་ཨ་མདོ་བ་ཡོངས་རྫོགས་ཀྱིས་གོ་ཐུབ་པའི་ཨ་མདོའི་སྤྱི་སྐད་ཅིག་གནའ་ནས་ད་བར་ཡོད་འདུག ཁམས་པ་མཚོན་ན་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁུལ་ཆབ་མདོ་དང་། མཚོ་སྔོན་གྱི་སྐྱེ་རྒུའམ་ཡུལ་ཤུལ་ཁུལ། ཟི་ཁྲོན་གྱི་དཀར་མཛེས། ཡུན་ནན་གྱི་བདེ་ཆེན་བོད་རིགས་ཁུལ་བཅས་ཀྱི་ཁམས་པ་མི་དམངས་ཀྱིས་གོ་ཐུབ་པའི་ཁམས་པའི་སྤྱི་སྐད་ཅིག་ཡོད་མེད་ཁོ་བོར་ཆ་རྒྱུས་མེད་ལ། དབུས་དང་གཙང་གི་མི་དམངས་ཚོར་ཡང་དབུས་གཙང་གི་སྤྱི་སྐད་ཅིག་ཡོད་མེད་ཆ་རྒྱུས་མེད།
ཆུང་དུས་དགེ་རྒན་དམ་པས་གསུང་ཡག་ལ། བོད་མི་རིགས་ནི་ཐ་སྙད་ཀྱི་རྒྱ་མཚོ་ཡིན་ཞེས་གསུང་གི་རེད།
དཔེ་ཆ་བཞག་ན། དོན་གཅིག་ལ་མིང་མི་འདྲ་བ་དུ་མ་ཡོད་པས་མ་ཚད། མིང་གཅིག་དོན་དུ་མ་ལ་འཇུག་ཚུལ་ཡང་ཡོད་པ་རེད།
ཡིན་ན་ཡང་། དེང་སང་གི་མི་རབས་ཚ་རྒྱུད་མང་པོས་དོན་བཟང་དེ་རྐྱེན་ངན་ལ་བསྒྱུར་ནས་ཁྱེད་ལོག་སྐད་དང་། ངའི་ལུང་སྐད་ཟེར་ནས་བོད་མི་རིགས་ཀྱི་གནའ་བོའི་བརྡ་དང་ཐ་སྙད་རྣམས་རྒྱུན་བཀོལ་བྱེད་རྒྱུ་ཕར་ཟད། ཐ་སྙད་དང་མིང་གི་རྣམ་གྲངས་ཚད་ཉུང་དུ་གཏོང་འདོད་བྱེད་ཀྱིན་འདུག
སེམས་ཅན་གྱི་འོག་སྒོ་ནས་ཐོན་པའི་དྲི་ངན་པ་དེ་གཅིག་པུ་ལ་ཡང་མིང་མི་འདྲ་བ་དུ་མ་ཡོད་པ་རེད། དཔེར་ན། ཕྱེན། རྟུག་དྲི། དྲི་ངན། འོག་རླུང་། རུལ་རི། གཡག་ཅེས་འབོད་ཚུལ་མི་འདྲ་བ་སྣ྄་ཚོགས་ཡོད།
འབོད་སྟངས་མི་འདྲ་བ་དེ་ཚོ་ཚང་མ་བོད་རང་གི་མིའི་སྐད་ཆའི་ཐ་སྙད་ཡིན་པ་ལས་ཁྱེད་ལོག་སྐད་དང་། ངའི་ལུང་སྐད་ཟེར་ན་མགོ་ནག་ཀླད་པ་ཅན་དག་གིས་གོ་ན་རྣར་མི་སྙན་ཁོ་ཐག་ཡིན།
ཨ་ལགས་ཀླུ་སྨྱོན་དང་འདོད་ལྷ་ཁམས་པས་གསུངས་པ་ལ་མངོན་པར་བསྟོད་དོ།
འདྲེ་རིག་ལྡན་ལགས། ད་ཐང་ཕལ་ཆེར་ཁྱོ་ལ་རིག་པ་མ་ལྡན་པ་འདྲ། གཡག་ཟེར་ནི་མ་རེད། ཡོག་ཟེར་ནས་རེད། ཡོག་མ་གཏོང་དང་ཡོག་བཏང་སོང་ཟེར་བ་རེད། ཡིག་ཐོག་ནས་འོག་མ་གཏོང་དང་འོག་བཏང་སོང་ཟེར་དགོས་ཡ་རེད་དེ། ཨ་མདོ་བས་འོག་ལ་ཡོག་ཟེར་བ་དེ་སྒྲ་འོག་ཟུར་ཆགས་ཏེ་ཡོག་ལ་བཀོལ་བ་མང་པོ་ཡོད་པ་རེད། གདན་འོག་གམ་གདན་ཡོག་ལྟ་བུ་རེད། རྐུབ་འོག་ནས་བཏང་བ་ཡིན་པས་ན་དེ་ལྟར་ཞུ་བ་རེད། མང་པོ་ཞིག་གིས་འདི་ལ་དུག་དྲི་འམ་རྟུག་དྲི་ཟེར་ས་རེད། གང་འདོད་འདོད་དུ་མི་འབྲི་བར་ཞུ།
དེངས་རབས་གཏམ་དཔེ་གསར་རྩོམ་ནི།
གང་འདོད་གང་འདོད་དུ་བྲིས་ན།། འདི་རེད་འདི་རེད་ཞིག་མི་འདུག།
རྟུག་དྲི། ཕྱན། གཡག་དང་པོ་དེ་བོད་སྐད་རེད། ཕྱི་མ་གཉིས་བོང་སྐད་རེད།
གནམ་ནས་བཤད་པ་དེར་བདེན་ཤས་ཆེ་བ་འདྲ། རྟུག་དྲི་ཟེར་བ་ལ་རྒྱུ་མཚན་ག་རེ་ཡོད་ན། དེ་ལ་འགྲེལ་བཤད་འདྲ་ཡོད་རྒྱུ་རེད་དེ། ལོག་སྐད་ལུང་སྐད་མ་གཏོགས་མི་གོ་མཁན་ཚོས་རང་གི་ཁ་ནས་གང་ཐོན་གི་ཡོད་མེད་ཀྱང་ཤེས་ཀི་མེད་པས། འགྲེལ་བཤད་འདི་གནམ་ནས་ཅིག་ལྷུང་ན་མ་གཏོགས་ད་རེ་བ་བྱེད་ས་མེད་ཀི་ཡ།
འོག་རླུང་དང་རྟུག་དྲི་ཞེས་པ་ཡིག་སྐད་རེད། ཕྱེན་དང་གཡག་ད་དུང་ཡག་ཟེར་བ་ཚང་མ་ཁ་སྐད་རེད།
རྟུག་ཅེས་པ་ནི་ཆབ་ཆེན་ལ་གོ་དགོས། དེས་ན་ཁ་སྐད་ལ་སྐྱག་དྲི་ཞེས་པ་དང་འདྲ།
ད་ཁྱོད་ཚོས་ཆོལ་ཁ་ཀྱང་ཀྱང་རྩོད་ནས་དེ་མུར་སྡོད།
ཨ་མདོ་བས་བྱ་རྟུག་དང་བྱ་སྐྱག་གཉིས་ཀ་ཟེར། ཡིན་ན་ཡང་མའི་སྐྱག་པ་ལ་སྐྱག་པ་ལས་རྟུག་པ་མི་ཟེར། འོན་ཀྱང་ས་གཞན་དུ་རྟུག་དང་སྐྱག་གཉིས་ཀ་དོ་མཉམ་དུ་བཀོལ་བཞིན་ཡོད་པ་འདྲ། གཅིག་གིས་སྐྱག་པའི་དྲི་བཤད་ཀྱིན་པ་དངགཅིག་གིས་དྲི་དེ་གཏོང་བའི་སྐབས་ཀྱི་སྒྲ་བཤད་ཀྱིན་པས་དོན་གྱི་ཆ་ནས་གཅིག་པ་ཡིན་ཡང་ལབ་ཚུལ་གྱི་ཆ་ནས་མ་འདྲ་བ་རེད་འདོད།
མིའི་སྐྱག་པ
གནམ་ལགས་དང་སྤྲུལ་སྐུ་དབང་ཆེན་གཉིས་ལ་ཐུགས་རྗེ་ཆེ་ཞུ། སྤྱིར་ན་ཆོལ་ཁའི་ཞེན་ཁོག་ཊིག་བཤད་བསྡད་རྒྱུར་དགའ་བོ་མེད་མཁན་ཞིག་ཡིན། ཡིན་ན་ཡང་མི་ཁ་ཤས་ཀྱིས་རང་གི་རྨོངས་ཞེན་རྒྱན་དུ་རློམ་ནས། རང་གི་མགོ་སྐོག་སྐམ་པོ་དེར་ཤོང་བ་ཞིག་ལས་གཞན་དག་ཚང་མ་ལོག་སྐད་དང་ལུང་སྐད་ཡིན་ན་ཅིག་ཟེར་གི་འདུག་པས། སྐད་ཆ་རེ་ཟུང་ཐད་བཤད་བྱེད་དགོས་བྱུང་།
སྐྱག་པའི་མིང་གཞན་ལ་ཕྱི་ས་ཡང་ཟེར། ཟས་སུ་ཕྱི་ས་ཟ་བ་དང་། སྐྱག་དྲི་ལ་ཕྱེན་དྲི་ཡང་ཟེར།
རེད་གྲོགས་པོ་ཚོ། མདོ་དབུས་ཁམས་གསུམ་གང་ན་ཡང་ལོག་སྐད་ཞིག་མེད་པ་གསལ་བོ་རེད། འོན་ཀྱང་ས་ཁ་ཐག་ཁྱེར་ནས་བོད་ས་ཆེན་པོ་འདི་ན་སྒྲ་སོར་ཟུར་གྱིས་ཉམས་པ་མང་པོ་ཡོད་བཞིན་པ་རེད། དེ་གཅིག་གིས་གཅིག་ལ་ངོ་སྤྲད་ན་རྒྱལ་ཁའི་ངང་བོད་སྐད་འདི་ལབ་བདེ་སྟབས་བདེ་གོ་བདེ་ཞིག་དུ་འགྱུར་རྒྱུ་ཡིན་པ་ཐེ་ཚོམས་མེད། འདི་ངའི་རེ་བ་ཡིན། ཆོལ་ཁ་གསུམ་པོའི་སྐད་གོ་ཡ་ལ་ཕན་པ་ཆེན་པོ་ཡོད་པ་འདི་ང་རང་གི་ཉམས་མྱོང་ཡང་ཡིན། ཤུགས་རྒྱོབས་དང་སྤྱི་སྐད་ཀྱི་རྩ་བ་འདི་ལ་ཐུག་ཡོད་པ་ཤེས་བར་གནང་།
འདྲེ་རིག་ལྡན་གི་རིག་པ་གནམ་ལྕག་ཐོག་རྒོད་ཞིག་རེད་ཡ་།
ཧོར་ཕར་འདུལ་ནང་། གེ་སར་གྱི་ཐང་རྙེད་དུ་སྤྲུལ་པ་དེ་དང་ཤེད་ཆེན་རི་བོ་པང་ཁུར་གཉིས་ཤུགས་ཚད་པས་ཤེད་ཆེན་གྱིས་གཡག་ཤོར་བས་དེར་ཡོད་ཧོར་གུར་དཀར་གཙོས་རྒྱལ་བློན་ཀུན་གད་མོ་ཤོར་རབས་ཀྱི་ལོ་རྒྱུས་ཀྱང་ཡོད། དེར་གཡག་བྲིས་ཡོད་དྲན།
ཕེ་་་གཏམ་དཔེའི་ཞལ་བདེབས་འབུལ་རྒྱུའི་ཚབ་ལ་ཆོལ་ཁའི་ཞིན་ཁོག་ཀྱང་ཀྱང་ཕུལ་འདུག ཧཱུཾ་བཛྲ་ཕཊ།
མི་འདོ་མེད་སྐད་རིགས་བསྲེ་བ་མང་།།
ཟས་བཅུད་མེད་བྲོ་སྣ་མང་བ་བྲིན།།
ཅོལ་ཆུང་ཕྱོགས་རིས་ཆེ།།
མཁས་པ་སྤྱི་སེམས་ཆེ།།
ཀུ་ཤུའི་ཁ་པར་གཞོན་པར་མཛའ།།
ཁ་འཆམ་གྲོས་འགྲིག་སྤྱི་བར་མཛའ།།
ཕྱི་འཇམ་ནང་གཙུབ་གྲོད་པུ་མགོ འཐུན་གསུམ་ཕྱེ་བའི་སོག་ལེ་ཁ། གསང་གཏམ་མི་ཚོག་ཇ་ཚག་མགོ།
ཐིག་ཤིང་ཐད་ལ་བཞགས་ན་་་སྒུར་པོ་ཟུར་ལ་ཐོན་ཡོང་། བྱིས་ཁྱུ་ཡར་འཕུར་མར་འཕུར་་་དུ་ས་རྒན་མོའི་ནས་ཐོག
བླ་མས་གཏོར་མ་གར་བཞགས་ཡིན། གཏོར་མ་མི་ཞིག་པའི་ཁོག་སྣུམ། ལྕགས་ཀམ་པས་འཇུ་རྒྱུ་དེ་ལག་པས་འཇུ་་་ཁྱི་བདག་པོས་
བཀག་རྒྱུ་དེ་རྐུན་མས་བཀག ཚིག་པ་འདྲེ་ལ་ཟ་ནས་་་རྡུང་རྒྱུ་རྔ་གོག་རྡུང་། ཝ་མི་རྒྱལ་ཁ་མེད་འདྲེ་ཡིས་འགྲམ་བཅག་་་ཁྱི་མི་ཟུག་ཁ་
མེད་རྐུན་མའི་ནག་འབུར། སྐྱེས་ཕོ་རབ་ཁོག་པ་ནམ་མཁའ་འདྲ་་་རྒོད་ངང་མས་ལྡིང་སྐོར་བྱེད་ས་ཡོད། ཕོ་འབྲིང་ཁོག་པ་སྒྲོ་བ་འདྲ་་་
འབྲུ་སྔོན་མོའི་གཤོ་བླུག་བྱེད་ས་ཡོད། ཕོ་ཐ་མའི་ཁོག་པ་སྒ་ཁོག་འདྲ་་་དཔེ་ཐེབ་ཟུར་འགྲོས་ཐར་ས་མེད།
གསལ་བཤད་་་དཔེ་ཐེབ་ནི་སྒ་གདམ་སའི་གློ་ཡི་སྣེ་མོར་བཏག་ཡོད་པའི་ཆབ་མགོ་ཞེས་པ་དེ་རེད།
བསྐལ་བཟང་གི་བཀའ་བློན་ཆོས་ལ་མཁས་
ཀླད་མེད་མི་ལ་ཞེན་ཁོག་མེད།།་་་འབྲས་དང་ལྡ་ལིར་འཚོ་བཅུད་མེད།།
བྱེས་འབྱོར་གཞུང་ན་གྲྭ་ལོག་མང་།།་་་སྤྱི་འཐུས་ཚོགས་རྭར་འཐེན་འཁྱེར་མང་།།
གཡག་ཟེར་བ་དེ་ཨ་མདོའི་ལོག་སྐད་གཅིག་པོ་མ་རེད། ཁམས་ཀྱིས་ཀྱང་རྟུག་དྲི་ལ་གཡག་ཟེར་ནི་རེད། དཔེ་ན་་མྱི་མང་ནང་ལ་གཡག་ཤོར་ཐལ་་་ལྟ་བུའི།།
ཁ་ཡོད་ན་བཤད་དགོས། མཇེ་ཡོད་ན་རྒྱོས་དགོས།།
མི་མདོ་མེད་ཀྱི་ཁ།་་་་ཡུལ་ངེས་མེད་ཀྱི་ཟས།།
སྤྲུལ་སྐུའི་རུམ་ན་རིག་མ་རེ།།་་་་་་་གྲྭ་བའི་ལག་ན་གློག་ཀླད་རེ།།
རྟུག་དྲི་དང་ཕྱེན། འོག་རླུང་བཅས་ནི་ཡིག་སྐད་དང་གཡག་ཅེས་པ་ཡུལ་སྐད་རེད་ཟེར། ཡིན་ན་ཡང་བརྡ་གསར་པ་དང་རྙིང་པ། ཡིག་སྐད་དང་ཡུལ་སྐད་ཀྱི་ཁྱད་པར་འབྱེད་དགོས་ན་ཅུང་ཁག་པོ་རེད་སྙམ། དཔེར་ན། དེང་སང་དག་ཡིག་ཁག་ཏུ་བརྡ་རྙིང་དུ་བཞག་པའི་ཐ་སྙད་མང་པོ་ཞིག་ཁམས་དང་ཨ་མདོ་བ་ཚོས་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་པ་ཧ་ཅང་མང་བ་ལྟ་བུ་རེད། དེ་ཙམ་དུ་མ་ཟད་བསྟན་བཅོས་ཆེན་མོ་ཀུན་བཟང་བླ་མའི་ཞལ་ལུང་དང་བེའུ་སྔོན་པོ། དཔེ་ཆོས་རིན་ཆེན་སྤུངས་པ་སོགས་སྔོན་གྱི་མཁས་པའི་གསུང་གི་ནང་ལ་ཡང་ཡུལ་ལུང་སོ་སོའི་སྐད་བེད་སྤྱོད་བཏང་བ་ཧ་ཅང་མང་། ཡིན་ན་ཡང་མི་ཕན་ཚུན་བར་ཡུལ་ལུང་སོ་སོའི་སྐད་ཤེས་སུ་འཇུག་རྒྱུ་དེར་ཕན་ཚུན་མཐུན་སྒྲིལ་ཡོང་བ་དང་བསམ་བློ་བརྗེ་རེས་བྱེད་ཐུབ་པ། བོད་སྐད་ཀྱི་ཐ་སྙད་ཕྱུག་པོ་ཆགས་ཐུབ་པ་སོགས་ཀྱི་དགེ་མཚན་ལྡན་པས། ཡུལ་ལུང་སོ་སོའི་སྤྱོད་བཞིན་པའི་ཐ་སྙད་ལ་བདག་པོ་རྒྱག་རྒྱུ་གལ་ཆེ་བ་ལས་རས་སུ་བོར་ན་མི་འགྲིག་སྙམ།
འོ། རེད། ཁྱེད་ཚོས་དོན་མེད་རྩོད་པ་མི་བྱེད་པར་གཏམ་དཔེ་གསར་པ་འཚོལ་སྡུད་བྱོས་དང་དེ་ཡང་འུ་ཅག་བོད་པ་ཚང་གི་རིག་གཞུང་གི་ཞབས་འདེགས་རེད། མ་རེད་དམ།
མི་ཞེ་ས་ཅན་ལ་གཡོ་སྒྱུ་མང་། ཟས་ཁ་ཚ་ཅན་ལ་སིལ་པན་མང་།
སྤྱོད་པ་བཟང་ངན་དཔོན་པོའི་ལག ཁ་ཟས་ཞིམ་མིན་ཆུང་མའི་ལག
ཨ་མདོ་བས་དབུས་སྐད་སྨྲས་ན།། ཨ་ནེ་མ་ཎི་འདོན་འདོན།།
༡་་་་་་་་་་སྤྲུལ་སྐུའི་མིག་མདུན་ལྷ་ཚོགས་རེད།་་་་འཕྱོན་མའི་མིག་མདུན་སྒོར་མོ་རེད།
༢་་་་་་་་་་དེང་རབས་མི་ལ་རང་ཚུགས་མེད།།་་་ལྡི་ལིའི་གྲྭ་བར་སྡོམ་པ་མེད།
བྲོ་འཚལ་གྱི་གཏམ་དཔེ་དག དངོས་ནས་དེང་རབས་གཏམ་དཔེ་ཚད་འཛིན་ས་ཞིག་ལ་བཞག་ན་འགྲིག་གི་འདོད། འདྲེ་རིག་ལྡན་ལ་མཁོ་བ་ཡང་འདི་ཡིན་པ་འདྲ་སྟེ།
༡༽ ཁ་བརྡ་དྲ་ནང་རིག་རྒོད་མང་། ཁ་ཡག་ཁ་ལ་རེ་ལྟོས་ཆེ།
༢༽ རྡ་སའི་རི་ན་སྲིད་དོན་མང་། ཁ་བརྡ་དྲ་ནང་དཔྱད་མཆན་མང་།
དབྱིན་མོ་གཡབ་སར་སྐྱིད།།
བོད་མོ་ཆུང་མར་བཟང་།།
ནད་རེག་དུ་ཅན་པོར་འཛེམས་དགོས།།
མི་འཐེན་ཁྱེར་ཅན་པོར་གཟབ་དགོས།།
གཞིས་ཆགས་པའི་ངག་ན་བོད་སྐད་ཉུང་།།
བཙན་བྱོལ་བའི་སེམས་ན་ཨ་རི་མཐོ།།
བཤད་རྒྱུ་སྤྱི་དོན་དང་བསམ་རྒྱུ་སྒེར་དོན།།
ཁ་ནས་མཐུན་སྒྲིལ་དང་ལག་ནས་འཐེན་ཁྱེར།།
ཨ་མའི་བུ་ལ་གདོང་ལྤགས་ཡོད་ན།། བཀའ་བློན་ཁྲི་པར་བདག་པོ་མེད།།
ཁ་བདེ་པོ་མི་ཡི་དཔོན་པོ་དང་།
ལག་བདེཔོ་མི་ཡི་གཡོག་པོ་ཡིན།
དབྱིན་མོ་གྲྭ་ལོག་ལ་དགའ།་་་་་་བོད་རིགས་ནང་དམེ་ལ་དགའ།
རྒྱ་མིར་གཡོ་སྒྱུ་ཆེ།་་་་བོད་མིར་ནང་འཁྲུག་མང་།
དབྱིན་མོ་གྲྭ་ལོག་ལ།་་་བོད་མི་ནང་དམེ་ལ་དགའ།
རྒྱ་མིར་གཡོ་སྒྱུ་ཆེ།་་བོད་མིར་ནང་འཁྲུག་མང་།
མི་ངན་དངུལ་ལ་འཁྲེང་། ཁྱི་ངན་ལྟོ་ལ་འཁྲེང་།
དྲ་འབུའི་ཁ་ལ་ཁ་མ་མེད། འཕྱོན་མའི་སྟུ་ལ་བདག་པོ་མེད།
བོད་གཞུང་བཤད་ལ་གོམས། རྒྱ་གཞུང་རྫུན་ལ་གོམས།
བོད་ཁྱིམ་སློབ་མར་ཤེས་རིགས་མེད། རུས་སྦལ་སྒལ་བར་སྤུ་རིགས་མེད།
མི་ལོ་ལྔ་བཅུ་གཞན་ཡུལ་ནས་རྫོགས། བོད་ཡིག་བོད་སྐད་བོད་གཞུང་ནས་རྫོགས།
ངས་ཀྱང་དེང་དུས་ཀྱི་གཏམ་དཔེ་ཁ་ཤས་ཞལ་འདེབས་སུ་ཕུལ་ཡོད་དོ།།
བོད་མི་སྐྱོན་བརྗོད་བྱེད་རྒྱུར་དགའ་་་་་་རྒྱ་མི་ཧམ་པ་ཤོད་རྒྱུར་དགའ།
བོད་མི་ཀླད་པ་རྡོ་ལས་འཁྲེག་་་རྒྱ་མི་ཧམ་པ་རི་ལས་ཆེ།
མི་ངན་ངར་ས་རང་རིགས་་་་་་་་ཁྱི་ངན་འཇུ་ས་བདག་པོ།
ཨ་ཁུའི་སྡོམ་པ་འཆོར་སྡུག་མེད།། དབྱིན་མོའི་བརྩེ་བ་རླག་སྡུག་མེད།།
བུད་མེད་རྣ་སྡུག་རྫོགས་རྒྱུ་མེད།། ལག་ལ་བཞག་ན་འཇོན་རྒྱུ་མེད།།
དུས་རབས་ཉི་ཤུ་རྩ་གཅིག་ལ།། སྨྱུག་མིང་མེད་པའི་རྩོམ་པ་མེད།།
ཀ་ཁ་ཤེས་བའི་ངལ་རྒྱལ་ཅན།། ཚིག་བཞི་བརྩམས་པས་མཁས་མིང་ཅན།།
ཨ་རིའི་སྒོར་མོའི་དྲིན་ལ།། ལྷ་མོར་མཆོད་སྐལ་མང་གི།།
འཆི་བ་རིག་ན་ཆོས་བ་རེད།། མཛེས་མ་རིག་ན་རྙིང་མ་རེད།།
འདྲེ་རིག་ལྡན།
ད་ག་རེ་ལབ་ལབ་རེད། ཡག་པོ་འདྲ་ཡོན་ན་ཞལ་འདེབས་ཡིན།
བོད་པ། རླིག་པ། སྐྱག་པ་གསུམ།
འདྲིས་ཆེ་རུ་ཆེ་རུ་དྲི་མ་ཆེ།
རླིག་པ་སྐྱག་པ་འབྲུག་པ་གསུམ།
ཐག་ཉེ་རུ་མི་ཉན་དྲི་མ་ཆེ།
ལུགས་གཅིག་ལ།
བོད་པ་སྐྱག་པ་སྒོག་པ་གསུམ།
འདྲིས་ཆེ་རུ་ཆེ་རུ་དྲི་མ་ཆེ།
སྐྱག་པ་སྒོག་པ་འབྲུག་པ་གསུམ།
འདྲིས་ཆེ་ན་དྲི་ངན་འཐུལ།
དེང་གི་རྒྱ་གཞུང་ཏང་གིས།
བོད་པས་བོད་པར་དགའ་ན་ཁྲིམས་འགལ།
བོད་པས་རྒྱ་ལ་དགའ་ན་ལ་རྒྱ།
བྱ་སྒྲུབ་ན་རྩིས་འཕྲུལ་མདུན་ན་ཡོད།།
གཏམ་ཇི་བཤད་ན་ལག་འཕྲིན་སྐེད་ན་ཡོད།།
གཏམ་རྫབ་ཆེན་བཤད་ས་དྲྭ་ཐོག་རེད།།
ལས་ནག་གཡོལ་བྱེད་ས་སྨྱུག་མིང་རེད།།
སེམས་ན་ལྷག་བསམ་མེད་ཅི་བཤད་ཀྱང་ཆོག་གི།
དྲྭ་ལ་སྟངས་འཛིན་མེད་ན་ཅི་བྲིས་ཀྱང་འཆར་ཀི།
ཁ་ཆེ་དང་ཁམས་པ་ལ་དཔའ་རྩལ་ཆེ།
ཨ་རི་དང་ཨ་མདོ་ལ་བརྩོན་པ་ཆེ།
རྒྱ་དང་དབུས་གཙང་ལ་ཐབས་ཇུས་ཆེ།
ཁ་ནས་རྩ་དོན་ཐ་ར་ར།
ཁོག་ནས་རང་དོན་ན་ར་ར།
བོད་མིའི་མགོ་བོ་གསེར།
བོད་མིའི་ལུས་པོ་རྩྭ།
རྒྱ་མིའི་མགོ་བོ་འགྱིག
རྒྱ་མིའི་ལུས་པོ་ལྕགས།
ནུབ་ཕྱོགས་བདེ་བ་ཅན་དེ་ཨ་རི་མ་རེད། འདི་ཕྱི་གཉིས་ཀའི་སྐྱབས་གནས་སྒྲོ་ལ་མ་རེད།
ཀླད་པ་སྟོང་བ་དངུལ་ཁུག་རྒྱག་པས་མི་ཕན། དངུལ་ཁུག་སྟོང་བ་ཀླད་པ་རྒྱག་པའི་མི་འཇོན།
ཁ་པར་མེད་ན་ཁ་བརྡ་བཤད་ས་མི་ཉན། གློག་ཀླད་མེད་ན་ཀླད་པ་འགུལ་ས་མི་རག
དབུས་གཙང་གི་དབུ་བདེ། ཁམས་པ་ཁ་ཤོམ་ཆེ། ཨ་མདོ་ལ་མདོ་མེད།
ཁྱི་ཨ་མདོ་གཉིས་དེ་སྐྱག་ཁོང་བདག་རྒྱུར་དགའ།
གཡག་ཁམས་པ་གཉིས་དེ་ནང་མཛང་བྱེད་རྒྱུར་དགའ།
ཤིག་དབུས་གཙང་གཉིས་དེ་འཇབ་ནས་རྒོལ་རྒྱུར་དགའ།
་་འདྲེ་རྒན་ལ་ཕུལ།།
དྲྭ་འབུ་ཞེན་ཁོག་ཅན་གྱིས་མི་བཤད་དགུ་བཤད།།
ཡོ་ཊོབ་དྲྭ་བའི་ནང་དུ་མི་འཆར་དགུ་འཆར།།
གཞིས་ལུས་བོད་མིར་རང་དབང་མེད།།
བཙན་བྱོལ་མང་གཙོར་ཁ་གཏད་མེད།།
རྒྱ་ཁྲེལ་མེད་ཀྱིས་བོད་མི་མཐོང་ཚད་གསོད།།
བོད་ཁྲེལ་མེད་ཀྱིས་བོད་ཆས་རྒྱ་ལ་བཙོང་།།
སྤྱི་ཚོགས་སྐྱོན་རྗོད་ཡོད་ཚད་གསང་ཉུལ་མིན།།
དྲྭ་ཐོག་མིང་བཀོད་ཡོད་ཚད་དངོས་མིང་མིན།།
གྲྭ་བ་སྐྱ་ཆས་ཅན་གྱི་ཀུན་སྤྱོད་མི་ཡག།།
དྲྭ་ཐོག་སྨྱུག་མིང་ཅན་གྱི་ཀུན་སློང་མི་ཡག།
བྱ་རྒོད་སེར་བས་བཅུམས་ན་གནང་འཕང་གཅོད།།
བོད་མིའི་མནར་གཅོད་མྱོང་ན་རྒྱལ་ཁམས་འགྲིམ།།
ཁོག་ལ་བྱམས་པའི་སེམས་མེད་ན། སྟོང་ཉིད་བཤད་པ་སྟོང་པ་རེད།
མི་ལ་དགོས་པ་ཁྲེལ་གཞུང་རེད། ཕག་པར་དགོས་པ་མཆུ་ཏོ་རེད།
ཁ་ལག་ནང་ལ་དུག་བཏབ་ནས། ཁ་ནས་ཞེ་ཚིག་དཀར་ལྷོག་ལྷོག
མཇེ་མགོ་དབུ་འཕང་མཐོ་ཡང། འགྲོ་ས་བྱ་ལེའི་འོག་རེད།
སྟུ་ཁ་གདངས་བ་དང་། ཤིག་ཚེ་ཟད་པ་དུས་མཚུངས།
བོད་ཆོག་ཤེས་ཀྱིས་འཕུང།
རྒྱ་ཆགས་སྲེད་ཀྱིས་ཕུང།
གྲྭ་བཙུན་ལས་རྒྱུ་མང་བས་ཕུང།
མི་ནག་ཤོད་རྒྱུ་མང་བས་ཕུང།
དྲ་ཐོག་དྲ་འབུའི་གདན་ས། དྲ་ཞབས་སྐྱག་ལུད་ཕུང་གསོག
རིག་མ་མེད་ན་རྒྱུད་པ་སྟོང། རྒྱུད་པ་མེད་ན་རྒྱུ་ནོར་སྟོང་། རྒྱུ་ནོར་མེད་ན་དབང་ཐང་སྟོང་།དབང་ཐང་མེད་ན་ཐམས་ཅད་སྟོང་།
བློ་ལ་མེད་ཀ་ཁ་མེད། མགོ་ལ་གཡུ་བྱུར་མང་།
བོད་འདྲེ་རྒྱ་ལ་དགའ། རྒྱ་འདྲེ་བོད་ལ་སྡང་།
མི་མདོ་མེད་འུར་ལ་དགའ། རྟ་འགྲོས་མེད་འདུར་ལ་དགའ
ཡང་སྲིད་བཙལ་ན་ཡོད་ཚད་བརླག། རིགས་རྒྱུད་སྤེལ་ན་རང་ཉིད་བསྲུང་།
བློ་ལ་མེད་ཅེས་པ་བློ་ལ་ཞེས་པར་བཅོས། མེད་ཅིག་ཐོལ་བ་ཤོར་འདུག
ཟས་ལ་རན་ཚོད་མ་བྱས་ན། པུས་མོ་ཡན་གྲོད་པ་ཟེར་བ་རེད།
ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐག་པ།
Ok
ཁ་བཤད་ཆུ་ཡི་ཝུ་བ།། ལག་ལེན་གསེར་གྱི་ཐུག་པ།། བརྒྱ་བཤད་ཚིག་གི་རྩ་བ།། སྟོང་བཤད་འོ་མའི་ལརོ།།
རྗེ་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་ནས།
གཡག་རེ་གཏོང་རྒྱུ་མ་གཏོགས་པ།།
ཉིན་མཚན་ཀུན་ཏུ་ཉམས་ལེན་མེད།
ཅེས་གསུངས་པའི་༼ གཡག་ཅེས་པ་རྟུག་དྲི་ཟེར་བ་དེ་མིན། རྟུག་དྲི་དང་མཉམ་དུ་སྒྲ་གྲག་པ་དེ་ལ་ཟེར། སྒོ་ཕྱུགས་གཡག་གི་ངུར་སྒྲ་དང་མཚུངས་པས་གཡག་གཏོང་གི་འདུག་ཟེར་གི་རེད། ༽
ལུང་པ་ཁུག་གྱོག་གི་སྐད་ཡིན་རུང་བོད་སྐད་ཡིན་པ་མང་པོ་ཡོད། ཨ་མདོའི་སྐད་ཀྱི་ཡོད་ཅེས་པ་ཁམས་སྐད་ནང་བདའ་། མི་བདའ། ཟེར་བ་ལྟ་བུ། ལུང་ཚན་མི་འདྲ་བར་མིང་བརྡ་ལ་གྲགས་པ་མང་པོ་ཞིག་བེད་སྤྱོད་མང་བ་གཏོང་མི་གཏོང་གི་ཁྱད་པར་ཡོད་པ་རེད། ལ་དྭགས་སྐད་དུ་འགྲོ་ཟེར་བ་ལ་ཆ་ཟེར་བ་ལྟ་བུ། ཆ་དེ་ཡང་མིང་དང་བྱ་ཚིག་ལ་འགྲོ་བ་ཡོད་ཆོག་སྟེ། སྤྱོད་འཇུག་ལས། ཐམས་ཅད་བོར་ཏེ་ཆ་དགོས་པ།།ཞེས་པའི་ཆ་ནི་འགྲོ་བའི་མ་འོངས་པ་དང་ལམ་དུ་ཆས་ལྟ་བུ་ནི་འགྲོ་ཟིན་པ་ལ་གོ་བ་དེ་འདྲ་ཡོད། འགྲོ་བ་སོ་སོའི་སྐད་དང་མཐུན་པར་མིང་དང་བརྡ་ཇི་ལྟར་འཇུག་ཚུལ་ནི་སོ་སོར་ཡང་དག་རིག་བཞི་མ་ཐོབ་པར་དུ་ཇི་བཞིན་མི་ཤེས་པར་གསུངས་ཡོད། ལུང་ཚན་བྱེ་བྲག་པའི་སྐད་ཀྱི་ནང་གི་ལྷན་ཅིག་སྐྱེས་པའི་མིང་བརྡ་ཇི་ལྟར་བྱུང་ཚུལ་ཇི་བཞིན་བཤད་དཀའ་ན་གཞན་ལྟ་ཅི་སྨོས།
བོད་པའི་ལས་འགུལ་འགོ་འབོམ།
ཙི་ཙི་རྔ་མའི་འཇུག་ཕྲ།
མི་ཆུང་ལ་བཀུལ་བདེ།
རྟ་ཆུང་ལ་ཞོན་བདེ།
རང་ངོ་ལ་གཡག་ཙམ་རྒྱུགས་པར་མི་མཐོང།
གཞན་ངོ་ལ་ཤིག་ཙམ་རྒྱུགས་པར་མཐོང།
ཁ་ཟས་སྤང་ནས་ཟས།
རིལ་མ་ནགས་སུ་བཏང།
སྡོད་ས་དཔྲལ་བར་བསྡད།
མིག་ལ་ཐལ་བ་བཏབ།
ཇ་ཚ་མེད་ཐུང་དཀའ། གཏམ་དཔེ་མེད་བཤད་དཀའ། ཡང་ཨ་མདོ་བ་ཚོར་དགོང་པ་མ་འཚོམས་རོགས།
ལབ་རྒྱུ་བུ་མོར་ལབ། ཕོག་རྒྱུ་མནའ་མར་ཕོག། ཡང་བག་མ་ཚོར་ཕོག་སྣང་མ་བྱེད་ཨ།
རྒྱ་སྤྲང་(སྤང)རྒྱག་པའི་དུས་ལ།
བཤད་བཤད་གཉིས་ཀ་རྫུན་རེད།
ལས་ལས་གཉིས་ཀ་གྱོད་རེད།
ཁ་ཡིས་བཤད་རྒྱུ་ལྷ། ཁོག་ལ་བསྒམ་རྒྱུ་འདྲེ།།
སྐྱིད་སྡུག་ཐོག་ཏུ་མ་བབ་པར། །
ཨ་མའི་སྒོ་ཁར་སུ་ཡང་བཟང་། །
གནས་སྐོར་འཁོད་པ་སྐྱབས་བཅོལ་ཡིན་ཤག་ཤག
ཚོགས་པ་གཙུག་ནས་བོད་དོན་ཡིན་ཤག་ཤག
སྒེར་དོན་སྒྲུབ་ནས་སྤྱི་དོན་ཡིན་ཤག་ཤག
དེང་གི་དུས་ང་ཚོའི་ལུགས་སུ་སྣངས།
འདྲེ་དང་གདོན་དང་བོད་པ་གསུམ། །
ཕར་ལ་མཆོད་ན་ཚུར་ལ་གནོད། །
ལྷ་སར་རྒྱ་མི་སྤུངས་སེ་སྤུངས།
བོད་པ་ཐམས་བྲོས་སེ་བྲོས།
རྒྱ་གར་ནང་དུ་སི་ལི་ལི།
ངས་ཀྱང་དེང་སང་གི་གཏམ་དཔེའི་ཞལ་འདེབས་སུ་ཕུལ་བ་ལགས།
མིག་བརྒྱད་པས་གཡག་ཅེས་པ་སྒོ་ཕྱུག་གཡག་གི་ངུར་སྒྲ་དང་འདྲ་བས་ཐོགས་ཚུལ་ཞིག་གསུངས་པ་དེ་ཤིན་ཏུ་འཐད། བོད་མིའི་སྒོ་ཕྱུགས་གཙོ་བོ་འབྲི་གཡག་ཡིན་ཅིང་དེ་དག་གི་ངུར་སྒྲ་ཡུན་རིན་རྣ་ལ་འཇགས་པའི་མི་ཚོས་འོག་རླུང་ཤོར་སྐབས་ཁོའི་གཡག་དེ་ཤོར་སོང་ཟེར་བ་ལྟ་བུའི་ཀུ་རེ་ཀྱལ་ག་དང་འབྲེལ་ནས་བྱུང་བ་ཞིག་ཡིན་ངེས། གོང་ཏུ་དྲ་གྲོགས་ཤིག་གིས་གཡག་ནི་ཡོག་གམ་འོག་གི་དོན་དུ་བཤད་པ་དེ་ཙམ་བདེན་པའི་ཆ་མི་སྣང་སྙམ།
༡ མི་ཞེ་ས་ཅན་ལ་གཡོ་སྒྱུ་མང་། ཟས་ཁ་ཚ་ཅན་ལ་སིལ་པན་མང་།
༢ སྤྱོད་པ་བཟང་ངན་ཕ་མའི་ལག ཁ་ཟས་ཞིམ་མིན་ཆུང་མའི་ལག
༣ གཏམ་སང་ཉིན་ཚང་ལ་འགྲུབ་དུས་མེད། གོས་རྙིང་པ་འཚེམ་ནས་ཚར་རྒྱུ་མེད།
༤ བློ་བཟང་སེངྒེས་འཇོན་དྲགས་པ་དང་། ཟམ་གདོང་བླ་མས་གློད་དྲགས་པ་མ་རེད།
རྒྱ་མགོ་མཁྲེགས།
བོད་ཁ་མཁྲེགས།
རྒྱ་ལ་ཡོད་པ་གཡོ་སྒྱུ་དང་།།
བོད་ལ་ཡོད་པ་དྲང་བདེན་ཡིན།།
རྒྱ་བོད་གཉིས་ཀ་ཡུལ་གཅིག་མིན།།
མི་བོང་གཉིས་ཀ་རིགས་གཅིག་མིན།།
ཀླུ་སྨྱོན་སྤྲུལ་སྐུར་ཁ་མང་།།
སྲན་མ་ཟོས་ན་གཡག་མང་།།
གྲྭ་སའི་དགེ་བཤེས་ཁོང་ཁྲོ་ཚ།།
ནས་དཀར་ཆང་ལ་བཟི་ཁ་བཙན།།
མ་ཇུ་ཊི་ལའི་ཟས་གོང་གཅིག།
ཅང་མེད་བུ་མོའི་སྣང་བ་གཉིས།།
འཕྱོན་མ་བུ་མོའི་ཉ་གོང་གསུམ།།
ད་ལྟའི་དུས་ལ་མཐོ་དམའ་མེད།།
དགེ་བཤེས་རྣམས་ལ་ཁོང་ཁྲོ་ཆེ།།
ཀླད་མེད་མི་ལ་ཁེངས་དྲེགས་ཆེ།།
ནུབ་ཕྱོགས་སྤྲུལ་སྐུར་བྱ་སྒོ་མང་།།
བྱ་སྒོའི་གཞུགས་ན་རིག་མ་རེ།།
རྡ་སའི་བུ་མོར་ལས་སྒོ་མང་།།
ལས་སྒོའི་རྗེས་ན་ལན་ཆགས་རེ།།
བླ་མང་འཁྲུངས་ས་མགོ་ལོག་ཡིན།།
ཅང་མེད་འདུས་ས་རྡ་ས་ཡིན།།
བོན་པོའི་ངག་ན་གནའ་སྒྲུང་རེ།།
གནའ་སྒྲུང་རེ་ལ་ངན་ཁག་རེ།།
བན་དེ་ཁ་ན་ལྟ་བ་རེ།།
ལྟ་བ་རེ་ལ་འཐེན་འཁྱེར་རེ།།
དབྱིན་ཇིའི་རླིག་པར་ཚིགས་ཆེན་བཅོ་བགྱས་ཡོད།
དབྱིན་མོའི་རྟུ་ལ་འགག་ཆེན་བཅོ་བགྱས་ཡོད།
དེང་སང་གི་གཏམ་དཔེའི་ཞལ་འདེབས་སུ་ཕུལ་བ་ལགས་སོ།
བུ་ལ་ཡོན་ཏན་ཡོད་ན། བཀྲིས་མཐོང་ཤོར་ཤོར་དང་། བློ་སེང་ཐོབ་ཐོབ་བྱེད་ཆོག
རྒྱ་རི་སྒྲོལ་མ་མགོ་བདེ། བཀའ་ཁྲི་མེད་ཀྱང་དཀའ་བློན།
སྔོན་མ་རྟ་བའི་ལོ་བཅུ་སྐོར་ས། དེང་སང་མོ་ཀྲའི་ལོ་གཅིག
ཟབ་གདོང་བླ་མས་ལོ་བཅུ་སྐོར་ས། བློ་བཟང་སེངྒེའི་ལོ་གཅིག
ཀ་བར་མཁོ་བ་ཀ་རྡོ་དང་།།
བྱ་བར་མཁོ་བ་རྨང་གཞི།།
བསྟོད་པ་མ་སྔ་བསྟོད་གཞུག་མི་འཁྱོངས་སྲིད།།
དགག་པ་མ་ཉུང་དགག་དོན་ཉེན་གཟབ་ཆེད།།
བསྐྱེད་ན་བུ་ཤོང་།
བཙུམ་ན་མཇེ་ཤོང་།
ཁ་བརྡའི་གླིང་དུ་བྲོ་བ་རེ།
བུ་མོའི་ལྐུབ་ཏུ་བདེ་བ་རེ།
ཨ་ར་དཀར་པོ་ལགས།།
འབྲོག་པ་ཚོས་ཡོག་གཡག་དང་འབྲེལ་བ་ཡོད་པས་ན་གཡག་གཏོང་གི་ཡོད་ན།
རོང་བ་ཚོས་ཡོག་གཡག་དང་འབྲེལ་བ་མེད་པས་ཡོག་རང་གཏོང་གི་ཡོད་པ་རེད།
ཧཧ། ཁྱོ་གྲག་གྲག་གྲག་གྲག་མེད་སར་བཞག་ཡོད་ལ།
ཆོས་ལུགས་ཀྱི་ཐེན་ཁྱེར་གྲྭ་བ་མིན་རུང་ཡོད། གསར་རྙིང་གི་རྩོད་པ་ཆུ་སྒང་མིན་ན་ཡོད།
མི་ཞེན་གོག་ཅན་དེ་ཧམ་པ་ཆེ། ཁྱི་བདག་པོ་ཅན་དེ་རྔ་མཐོ།
ཕོ་མོ་མིང་ཅན་དེ་ཁ་བརྡར་ཡོད།
ཕོ་མོ་གདོང་ཅན་དེ་གདོང་དེབ་ཡོད།
དེང་གི་དུས་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པར་བོད་སྤྱི་ལ་ཕན་པའི་ལས་ཤིག་བསྒྲུབ་ཐུབ་ན་དེ་ནི་མི་ལུས་རིན་ཆེན་བླངས་པའི་དོན་གོ་འཁྱོངས་བ་རེད།
ཁྱོད་ཀྱིས་མ་མཐོང་ཤེས་བྱ་མང་།།བོང་བུས་མ་བགྲོད་ལམ་འཕྲང་མང་།།
ཚིག་ཤུལ་ན་དོན།། ཁབ་ཤུལ་ན་སྐུད་པ།
བཀའ་གདམས་པས།
ཉ་ནི་བགས་ཀྱིས་ཟ།།རི་བོ་དལ་གྱིས་བགྲོད།
རྗེ་མི་ལས།
ཕ་བླ་མའི་བཀའ་དྲིན་སྒྲུབ་པས་འཇལ།།
རྫ་སྤྲུལ་གྱིས།
གོས་ཡུལ་དང་བསྟུན། གཏམ་གྲོགས་དང་བསྟུན། སེམས་ཆོས་དང་བསྟུན།
རྗེ་གུང་ཐང་བས།
སྐད་རིགས་མང་པོ་ཤེས་ན་བཟང་མོད་ཀྱང་།།རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།།
ཞང་སྟོན་བསྟན་པ་རྒྱ་མཚོས།
ཇི་ཙམ་འབད་ཀྱང་ཕན་ངོ་མི་ཤེས་པའི།།ཁྲེལ་གཞུང་མེད་པ་གྲོགས་པོར་བསྟེན་པ་མཚང་།།
ཤེས་རབ་རྒྱ་མཚོས།
བུ་མགོ་བོ་བདེ་བའི་ལེ་ལན་དེ།།ཕ་ཨ་ཁུ་གཉིས་ལ་འཁོར་བ་ཡོད།།
དྲེལ་སྒེག་འགྲོས་ལྡ་ལྡེམ་འཕྲུལ་ཆེ་བས།།རྟ་བཟང་པོ་རྗེས་ལ་བསྐྱུར་བ་མང་།།
ཁ་དཔེར།
སོས་དལ་དུས་མཆོད་འབུལ་མི་བྱེད་པར།།ཨུ་ཐུག་དུས་ལྷ་འབོད་ཀླུ་འབོད་བྱེད།།
མཆོད་རྟེན་འགྲོགས་ན་དཀར་རྩི། སླ་ང་འགྲོགས་ན་དྲེག་པ།
ཆུ་མགོ་གངས་ལ་གཏུགས།
མི་སྐྱོན་མེད་འཛམ་བུའི་གླིང་ན་མེད།། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད།།
ལས་ངན་སྒོར་བུད་ན། དཀའ་སྡུག་གི་འཛད་མཐའ་མེད།
མི་མཐུན་པའི་བཟའ་ཚང་འཐོར་ན་དགའ།
བཤད་བཤད་ཚང་མ་ཉན་མི་རུང་།།བྱིན་བྱིན་ཚང་མ་བཟའ་མི་རུང་།།
ཆུ་བོ་ང་རྒྱལ་ཆེ་རུང་།།འགྲོ་ས་ཟམ་པའི་འོག་རེད།།
གཞིས་ལུས་བོད་མི་ལ་རྒྱ་ཆེ་་་་་་་བཙན་བྱོལ་བོད་མི་ཞེན་ཁོག་ཆེ།
གཞིས་ལུས་བོད་མི་ཆོས་ལ་དགའ་་་་་་་བཙན་བྱོལ་བོད་མི་རྒྱུ་ལ་དགའ།
བཙན་བྱོལ་ནང་ན་བརྩོད་པ་མང་་་་་་་་རྟ་རྒྱག་རྐུབ་ན་རྟུག་དྲི་མང་།
ཤོད་དགོས་ན་བློ་སེང་གི་གདོང་ལྤགས།། གཏོང་དགོས་ན་རྒྱ་རི་སྒྲོལ་མའི་མིག་ཆུ།།
བཙན་བྱོལ་བའི་ཁ་ལ་བདག་པོ་མེད་་་་་་་གཞང་ཚོངས་
མའི་རྐུབ་ལ་བདག་པོ་མེད།
ཁྱི་དང་ཉེ་ན་རྨ།
མར་དང་ཉེ་ན་སྣུམ།
མིང་ལ་ལྟས་ན་ལྷ་ལྕམ་ཨ་ཅེ།
ཤོད་ལ་ལྟས་ན་སྲིན་མོ་གདོང་དམར།
ཤོད་ལ་ལྟས་ན་རང་བཙན་ད་ལྟ།
བྱེད་ལ་ལྟས་ན་རང་མགོ་མི་ཐོན།
འདོན་དུས་སེམས་ཅན་ཐམས་ཅད།
ལས་དུས་རང་དོན་ཁོ་ན།
གུང་ཁྲན་ཏང་གི་ཁ། གཞོན་ནུ་ཚོགས་པའི་ལས་འགུལ།
དབྱིན་ཇའི་གནམ་གཤིས་དང་བུ་མོ་གཉིས་ལ་བློ་གཏོད་མེད།
བཙན་བྱོལ་སྤྱི་ཚོགས་སྡེར་མ་གང་། བཤད་རྒྱུ་བཤིག་རྒྱུ་ལུང་པ་གང་།
བྱེའུ་གཡབ་ན་མགྱོགས། སྐྲག་ཤོར་འབྲོ་ན་མགྱོགས།
ཁྱིས་གཡབ་ན་འཚིམ་རྒྱུ་མེད། ཧམ་ཆེན་བཟས་ན་འགྲང་རྒྱུ་མེད།
ཕོ་རབ་དང་སེངྒེའི་དཔུང་ཞེང་ཆེ།
ཕོ་འབྲིང་དང་རྡོ་རྗེའི་སྐེད་པ་ཕྲ།
ཕོ་ངན་དང་གཏོར་མའི་རྐུབ་ཆེ།
མི་ནག་རྐང་ཐུང་ཁ་ན་ཆོས་ཡོད།
སེམས་བསམ་པའི་གཏིང་ན་དུག་ཡོད།
མཁྱེན་ཡངས་མིག་བརྒྱད་པ་ལགས།
སྐད་རིགས་མང་པོ་ཤེས་ན་བཟང་མོད་ཀྱང་།།
རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་།།
ཆ་ལུགས་ཀུན་དང་མཐུན་ན་བཟང་མོད་ཀྱང་།།
ཀུན་གྱི་ལད་མོ་བྱས་ན་ཀླད་མེད་ཡིན་།།
ཞེས་པ་པའི་ཤོལོྐ་དེ་ནི་རྗེ་ཐང་པའི་གསུང་མིན་ཏེ། ཐོག་མར་གསུངས་མཁན་ཞང་སྟོན་བསྟན་པ་རྒྱ་མཚོ་ཡིན་པས་སོ།
གཞན་རྣམས་ཕལ་ཆེར་དེ་ག་རང་ཡིན་ས་རེད།
༸རྒྱལ་བའི་ཡོངས་འཛིན་རྣམ་པ་གཉིས་ཀྱིས།
བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་མཉེས་ནས།།
ཀུན་བཟང་སྤྱོད་མཆོག་རྒྱ་མཚོར་མཐར་སོན་ཤོག །།ཅེས་གསུངས་སོ།།
བོད་པ་ཕལ་ཆེར་གནམ་ལ་གཏད་ནས་མཆོད།།
རྒྱ་མི་ཕལ་ཆེར་དུར་སར་སྨྲེ་ངག་འདོན།།
བོད་པས་ཆོག་ཤེས་བསྟེན་ནས་ལྷོད་ལ་བབ།།
རྒྱ་མི་འདོད་རྔམས་ཆེ་བས་བོད་ས་བཟུང་།།
བོད་པ་ཕལ་ཆེར་ལེ་ལོས་མི་ཚེ་སྐྱེལ།།
རྒྱ་མི་ཕལ་ཆེར་ལས་སློབ་ཀུན་ལ་འབད།།
རྒྱ་ཡིས་འཐབ་ཇུས་སོ་དྲུག་ལག་ཏུ་ལེན།།
བོད་ཀྱིས་དགྲ་བོ་བཀུར་ནས་བདག་དབང་ཤོར།།
དེ་ཀུན་རྒྱ་བོད་འགལ་བའི་རྩ་བ་དང་།།
ཐ་དད་ཕན་ཚུན་སྤང་འགལ་རྒྱུད་འགལ་དང་།།
ལྷན་གཅིག་མི་གནས་འགལ་སོགས་རྣམ་པར་ངེས།།
དེང་རབས་བོད་ཀྱི་གཏམ་དཔེའི་འོག་ཏུ་ཚར་ལོང་བྱུང་བའི་
མཆན་འདེབས་པ་པོ་ཡོངས་ཀྱིས་རྣ་བའི་བུ་རམ་བཅུད་དུ་སྨིན་པ་ཡིད་ལ་རང་དབང་མེད་པར་སིམ་པའི་སྙན་ཚིག་དཀྲོལ་བྱུང་བས་ཐུགས་རྗེ་ཆེ་ཞུ།
དྲང་པོ་གཏམ་དང་བཟང་པོའི་ལས། ། གཏན་དུ་གནས་ན་བདེ་བ་ཡིན།
བཤད་པ་མི་གཙོ། སྒྲུབ་པ་གཙོ། ཆོལ་གསུམ་མི་གཙོ། ཆིག་སྒྲིལ་གཙོ།