སྣྲོན་ངག་ཁྲི།
ཀ་ཅིའི་མདངས་ལྡན་གངས་རིའི་མུ་འཁྱུད་འདྲ་བའི་མེ་ཏོག་ཙམ་པ་ཀ།།
ཁ་བའི་ལྗོངས་ཀྱི་མཁས་པའི་གཙུག་རྒྱན་ངུར་སྨྲིག་རྣམ་རོལ་རྗེ་ཙོང་ཁ།
ག་ལ་བ་དེར་ཉེ་བར་བྱོན་འདྲ་༸མཚུངས་མེད་༸རྒྱལ་དབང་སྐུའི་ཐུགས་ག།
ང་ཅག་གོ་ལའི་སྤྱི་ནོར་དམ་པར་འཕེབས་བསུའི་སྐལ་བཟང་ཐོབ་འདོད་ང།
བཀྲ་ཤིས་༽ཁང་བཟང་ལྷ་ཡི་རྫིང་རིང་༼བདེ་ལེགས་༽ལྟ་སྤྱོད་ཉི་ཟླས་རྒྱན་།
༼བཀྲ་ཤིས་༽བདེ་སྟོང་རབ་ཏུ་འབར་བས་བདེ་ལེགས་སྣང་བའི་ཟེར་གྱིས་འཁྱུད་།
༼བཀྲ་ཤིས་༽འདབ་བརྒྱ་རྣམ་པར་གྲོལ་བས་༼བདེ་ལེགས་༽ཟེའུ་འབྲུ་མངོན་པར་དགོད་།།
༼བཀྲ་ཤིས་གཏམ་བཟང་སྙན་པའི་རོལ་མོ་བདེ་ལེགས་༽སྒྲ་འཛིན་དཔལ་དུ་འཇེབས་།
ཞེས་བཀྲིས་གཏམ་ཚོགས་ཀྱིས་མཚམས་རྒྱན་ཏེ་ ཕྲན་ངག་ཁྲིས་བོད་རྒྱལ་ལོ་༢༡༣༩
ཡི་གེ་དག་ཅིག་ལེགས་པར་བརྩམས་པར་མངོན། འོན་ཀྱང་ཁ་སྐད་དུ་སྒྲ་གདངས་ཉམས་པས སྙན་དངགས་ཞེས་པ་ལ་སྙན་ངག་ཅེས་འབྲི་བ་ནི་རྗེ་ཙོང་པ་ཡི་གསུང་ལ་གནོད། བདག་གིས་རྗེ་ཙོང་ཁ་པས་མཛད་པའི་སྙན་དངགས་ཀྱི་བསྟན་བཅོས། རྟག་ཏུ་ངུའི་རྟོགས་བརྗོད་དང་། གྲགས་པ་བྱང་ཆུབ་རྟོགས་བརྗོད། སྙན་དངགས་བསྟན་བཅོས་གཉིས་ཉེ་དུས་བོད་ཀྱི་སྐད་དང་རིག་གཞུང་ལ་དམིགས་ཏེ། ལུས་གཏོང་བ་པོ་རྣམས་ཀྱི་ཐུགས་འདོད་སྐོང་བའི་གཞིར་རང་ཅག་གིས་བོད་སྐད་སྦྱོང་བར་ཁ་བརྡ་བརྒྱུད། ཡིག་ནོར་ལ་ཞུས་དག་མངགས་ཀྱང་། ལ་དྭགས་པ་དཀའ་ཆེན་བློ་བཟང་བཟོད་པས་ཡིག་ནོར་སྤར་པ་བཅུ་གཉིས་ཀྱི་ཚན་པ་ཞིག་བསྐུར་པ་སླར་མ་དཔེར་ཞུས་དག་བྱེད་པ་ཕན། དེ་བཞིན་ཞུས་དག་བྱས། དེ་མིན་འགའ་ཞིག་གིས་སྨྲ་བརྗོད་གང་ཡང་མེད་པར་འབྲི་བ་པོར་སྐྱོན་རྗོད་མཁན་འགའ་ཞིག་གངས་ཅན་པའི་ཁྲོད་དུ་འདུག་པ་ནི། ས་སྐྱ་ལེགས་བཤད་ལས།
ངན་པ་ཕལ་ཆེར་རང་གི་སྐྱོན།
གང་ཡིན་གཞན་ལ་འགོད་པར་བྱེད།
ཁྭ་ཏས་མི་གཙང་ཟོས་པོའི་མཆུ།
ས་གཙང་གཞན་ལ་རྦད་ནས་འཕྱིད།། ལེ་༣ ཚིགས་ ༥
ཁ་ཏྭས་མི་གཙང་ཟོས་པོའི་མཆུ།། ཟོས་པོ་ཟེར་ན་ག་རེ་རེད། ལ་དྭགས་ལགས།
གནམ་ལེགས། དགོངས་དག པ་ལ་ན་རོ་བྲིས་པ་ནོར་འདུག
གནམ་(ལེགས)་ཟེར་ན་ག་རེ་རེད། ལ་དྭགས་ལགས།
ལ་དྭགས་ཟེར་བ་འདིས་མི་ཤེས་ཤེས་མདོག་གིས་ཁ་བརྡ་དྲ་ཚུགས་ཀྱི་ཞུ་ཆེན་པ་ཡིན་ཁུལ་བྱེད། བླ་མ་ལགས། སྐུ་ཞབས་ལགས། རྒན་ལགས་ཞེས་བོད་སྤྱིར་གྲགས་པ་ལ་ལེགས་དང་ལེགས་ཞེས་ཨུ་ཚུགས་རྐྱང་རྐྱང་རྒྱབ་སོང་། གོང་དུ་གནམ་ལེགས། ཞེས་པའང་གནམ་ལགས་ཞེས་སླར་ཡང་ཨུ་ཚུགས་རྒྱག་གི་ཡོད་རེད་ཡ། གནམ་ལགས།
དེ་འདྲ་ཡིན་ན་འདི་བླ་རྒན་ཕུང་ལོག་ཞིག་ཡིན་ས་རེད། ཨ་་་ངའི་ཁ་འདི། རྒན་ལ་གུས་ཞབས་མེད་པ་གང་རེད།
ས་སྐྱའི་ཀུན་འགའ་ཤེས་རབ།
ཁྱོད་ལ་གཟུར་གནས་རྣམ་དཔྱོད་ཀྱི་ཤེས་རབ་ཡོད་ན། ཕྱིས་ཀྱི་བོད་པ་མང་པོས་བོད་ཡིག་འདོན་པ་དང་། འབྲི་བ་ན། ཨ་ཡིག་ཨེ་ཡིག་ཏུ་སྒྱུར་བ་དང་། ཨ་ཡིག་ཨེ་ཡིག་ཏུ་སྒྱུར་བ་ཁོ་བོས་ཚད་ལྡན་གྱི་གཞུང་མང་པོ་ལ་བརྟགས་ཤིང་དཔྱད་དེ་སྨྲས་པ་ཡིན་གྱིས། རང་བཟོ་བྱས་པ་ཞིག་མ་ཡིན། གཞན་ཕར་ཞོག རྒྱ་ནག་ཏུ་སྤར་བསྐྲུན་བྱས་པའི་བཀའ་བསྟན་ནང་གི་སྤྱོད་འཇུག་འགྲེལ་ཆེན་ན། ལན་ལ་ལེན་བྲིས་པ་སོགས་མ་དག་པ་རྣམས་དཔེ་གཞུང་དག་པ་གཞན་དག་དང་གོ་བསྡུར་བྱས་ཏེ། བོད་ཀྱི་གཞུང་དཔེ་རྣམས་སྤར་བ་ན་དག་པ་བྱུང་ན་བསམས་ཏེ། གློག་ཀླད་འཕྲུལ་ཆས་སུ་བཅུག་པའི་བོད་དཔེ་བཅུ་ཙམ་ལ་ལྟ་རྟོག་བྱས་ཏེ། ཤོག་ལྡེབས་བརྒྱད་ཅུར་ཉེ་བ་ཞིག་༢༠༠༩ལོར་ཁ་བརྡར་བཀྲམ། བོད་ཀྱི་མཁས་པ་གྲགས་ཆེ་བ་རྣམས་ལ་ཕུལ། བླ་མ་ཆེན་པོའི་ཡིག་ཚང་སོགས་ནས་དེ་ལྟར་དྭངས་བླངས་བྱས་པར་གཟེངས་བསྟོད་ཀྱི་ཡི་གེ་འབྱོར། དེ་ལྟར་བྱས་པ་དང་བྱེད་བཞིན་པའི་འབྲས་བུ་དང་། མཆོག་གསུམ་བྱིན་རླབས་ཀྱིས་ཨ་རིའི་ནེཝ་ཡོརཀ་ཞེས་པའི་གྲོང་ཁྱེར་ན་ཉིན་མོ་ཡང་གློག་འོད་སྤར་དགོས་པ་ན་བོད་ཀྱི་རིག་གཞུང་ལ་ཞབས་འདེགས་ལོ་མང་ཞུས། ད་ལྟ་ཤར་ཕྱོགས་ཀྱི་ཡུལ་ཞིག་ན་ཉིན་པར་གློག་འོད་སྤར་མི་དགོས་པར་ཁང་པ་འོད་གསལ་ཉམས་དགའ་བ་ཞིག་ཏུ་ཡོད། བོད་རིག་གཞུང་ལ་ལོ་མང་ཞབས་ཏོག་ཞུས་པའི་འབྲས་བུར་ངེས།
ས་སྐྱའི་ཀུན་འགའ་ཤེས་རབ་ཁྱོད་ལ་གཟུར་གནས་ཀྱི་བོད་ཚིག་གི་དག་ཆ་ཤེས་པའི་རྩལ་ཡོད་ན། བདག་གིས་རྒྱ་ནག་ཏུ་དེབ་གཟུགས་སུ་སྤར་པའི་ཐུབ་པའི་དགོངས་གསལ་དཔེ་ཆ་དང་སྔར་གྱི་བོད་དཔེ་གཉིས་གོ་བསྡུར་བྱས་ཏེ། ཡི་གེ་མ་དག་པ་རྣམས་ཟུར་དུ་བཏོན་པ་ཡང་གོང་དུ་གླེང་བ་དེར་ཚུད་ཡོད། ཁྱོད་ཀྱིས་ཀྱང་བོད་དཔེ་རྙིང་པ་གསར་དུ་སྤར་པ་དང་མཉམ་བསྡུར་གྱིས་ཀློག་ན་ཡི་གེ་ནོར་ཡོད་མེད་ཤེས་པ་ལ་པན། ཡི་གེ་འདིར་མ་དག་པ་རྣམས་དག་ཐེར་མཛོད། རྨོངས་པ་སེལ་བ་ལ་ཕན་པ་ཡིན་པས་ནོར་བ་དག་ལ་དགོངས་དག་ཅེས་ཞུ་ངེས་སོ།།
མ་རྩོམ་གྱི་མཐའ་ཐོག་ཀ་ཕྲེང་མུ་འགོད།
༩ཅ་ཅོ་གུས་ལུགས་མཚོན་པའི་བྲག་གི་༡༠ཅ།།
༡༡ཆ་ཤས་ཚུལ་འཆལ་དབྱངས་འགའ་སྤངས་པའི་༡༢ཆ།།
༡༣ཇ་ཆང་ཕུད་དང་ཕྱེ་མར་ལྷན་འཐབ་༡༤ཇ།།
༡༥ཉ་ཉོབ་བྲལ་བའི་ངང་ནས་བསྐྱངས་འདྲའི་༡༦ཉ།།
གུས་འོས་བ་ཞིག་ཡིན་པས་ན་་གུས་རྐྱང་ཡིན། ལ་དྭགས་ལགས། ང་བོད་ཡིག་ལ་དགའ་བ་ཙམ་ལས་གཞན་སྟོན་རྒྱུ་ཅང་མེད། རང་གི་བོད་ཡིག་གི་ཐོག་ནས་ཁ་ནས་བཤད་ཀྱིན་པ་འདི་མར་ལ་འབྲི་རེ་ཐུབ་ན་བསམ་ནས་བོད་ཡིག་རང་སྦྱོང་བྱེད་བཞིན་པའི་སྒང་ཡིན། ཆུང་དུས་སྦྱང་བ་མེད། ཆེ་དུས་ཡིད་འཛིན་མེད། ད་དཀའ་མོ་ཞིག་རེད་དེ་རིག་པ་ནང་པར་འཆི་ཡང་བསླབ་ཟེར་བ་ཞིག་གོ་མྱོང་། དེ་ན་དེ་ལྟར་བྱེད།
རྨི་ལམ་ནི་ཉི་ཟླ་ཟུང་གིས་མཚོན་པའི་ཉིན་མཚན་འཁོར་བསྐྱོད་མཚམས་ལ་ཕྱུངས་པའི་སེམས་ཚོར་ཞིག་ཡིན་པས་ན་ཉི་ཟླ་གཉིས་མ་ཟད་སྐར་མ་རྣམས་ཀྱང་རྨི་ལམ་རྨིས་པ་པོ་ཞིག་ལ་བལྟོས་ནས་བརྗོད་ན་དངོས་ནས་བཀའ་དྲིན་ཆེན་པོ་རེད། མུ་མཐུད་བྲིས་རོགས། རྨི་ལམ་ནང་དུ་མཇལ་ཡོང་།
སྐད་ཡིག་སྦྱོང་བའི་སྤྲོ་བ་ཡོད།
ལོ་རྒན་གྱིས་སྐྱང་སྦྱང་ཐུབ་ཅེས།
ཨིན་སྐད་སྦྱོང་བར་བྲིས་པ་ཡི།
དེབ་ན་བདག་གིས་མཐོང་བ་ཡིན།།
འོན་ཀྱང་ལོ་རྒན་ཕལ་ཆེ་བས།
སྐད་ཡིག་སྦྱོང་བར་ཁྲེལ་བར་འཛིན།
ལོ་ངོ་ཁ་ཤས་ཀྱི་སྔོན་དུ།
སྲིང་མོར་བོད་ཡིག་སྦྱོང་བར་བསྐུལ།།
ལན་དུ་མི་ཡིས་ཁྲེལ་ལོ་ཞེས།
དམ་བཅའ་བཟུང་ནས་སྦྱོང་བ་དོར།
གལ་ཏེ་བོད་ཡིག་སྦྱོང་བ་ཡི།
སྤྲོ་བ་ཡོད་ན་ཅིས་མི་ཐུབ།།
ཏ་རེ་འཕགས་མའི་འགལ་ཟླ་ཨ་སྨྲི་ཏར།།
ཐ་མལ་སྣང་ཞེན་ཅན་གྱིས་མཆོད་པའི་ཐ།།
ད་ལམ་འདི་ནས་ཇེ་མང་མ་འགྲོ་ད།།
ན་ཚོད་རྒས་ཚེ་གཟུངས་ཟད་ལུས་ཀུན་ན།།
༡༽མཇལ་ན་མིག་གི་བདུད་རྩི་མཚན་དཔེ་ཡི་དཀྱིལ་འཁོར།།
ཐོས་ན་རྣ་བའི་བདུད་རྩི་ཚངས་དབྱངས་ཀྱི་ལེགས་གསུང་།།
དྲན་ན་ཡིད་ཀྱི་བདུད་རྩི་ཟག་མེད་ཀྱི་ཐུགས་མཆོག །
མཐོང་ཐོས་དྲན་རེག་༸འདྲེན་མཆོག་བྱོན་ནས་བརྟན་བཞུགས་འཚལ།།
༢༽མཇལ་བས་མིག་གི་བདུད་རྩི་མཚན་བཟང་གི་མཛེས་སྐུ།།
ཐོས་ནས་རྣ་བའི་བདུད་རྩི་ཚངས་ཀྱི་ལེགས་གསུང་།།
དྲན་པས་ཡིད་ཀྱི་བདུད་རྩི་འོད་གསལ་གྱི་ཐུགས་མཆོག །
སྐལ་བཟང་༸རྣམ་འདྲེན་༸རྒྱལ་དབང་བྱོན་པ་འདི་ལེགས་བྱུང་།།
༣༽སྐུ་མཚན་བཟང་ཉིན་བྱེད་བོད་ནས་ཤར།།
གསུང་སྐལ་ལྡན་འོད་སྣང་གོ་ལར་ཁྱབ།།
ཐུགས་བདེ་ཆེན་དྲོ་སྐྱིད་འགྲོ་ལ་བསྩལ།།
༸མགོན་པད་དཀར་འཆང་མཛད་སྣང་བྱེད་རྒྱལ།།
ཏཱ་ལའི་བླ་མ་སྤྱན་རས་གཟིགས། །
ཐ་མལ་མི་ལ་ཐ་མལ་ཚུལ། །
ད་ནི་འཛམ་གླིང་སྤྱི་མི་ཁྱེད། །
ན་ཚོད་རྒས་ཀྱང་ཁྱེད་ལ་རེ། །
སྣྲོན་ངག་ཁྲིའི་རྩོམ་ཡིག་སྙན་དངགས་སྙན།
ཐུགས་བདེ་ཆེན་དྲོ་སྐྱིད་འགྲོ་ལ་བསྩལ།།
བོད་བྱ་ཚིག་སེལ་བའི་འདས་ཚིག་དེ།
སྐབས་འདི་རུ་བཀོད་པ་ཡ་རེ་མཚན།།
༸མགོན་ཉིན་བྱེད་གཟུགས་སུ་རབ་བཀོད་ནས།།
༸གང་མཛད་པ་ཕྲིན་ལས་དེ་དེ་བཞིན།།
གོ་རིམ་བཞིན་སྤེལ་བའི་ཁུལ་ལགས་ན།།
མཐར་འདས་ཚིག་བསྩལ་འདི་མི་འོས་སམ།།
རྒན་ལ་དྭགས་མཆོག་གིས་དགོངས་ཚུལ་ཞིག །
རབ་གསལ་གྱི་ལན་འདེབས་རྒྱུ་མཚན་བཅས།།
དུས་མི་འགྱངས་འཕྲལ་མར་མྱུར་སྩལ་ཏེ།།
གུས་རྨོངས་པའི་གཉིད་ལས་དཀྲོག་ཏུ་གསོལ།།
རྒན་ལ་དྭགས་མཆོག་གིས་དགོངས་ཚུལ་ཞིག
རབ་གསལ་གྱི་ལན་འདེབས་རྒྱུ་མཚན་བཅས།།
དུས་མི་འགྱངས་འཕྲལ་མར་མྱུར་སྩལ་ཏེ།།
གུས་རྨོངས་པའི་གཉིད་ལས་དཀྲོག་ཏུ་གསོལ།།
སྙན་རྩོམ་དབང་པོ་སྣྲོན་ངག་ཁྲིའི།
དྲི་བ་མཛད་ཅིང་ལན་སློང་བ།
བོད་སྤྱིའི་སྐད་ལ་ཕན་རེ་ནས།
གཤམ་གསལ་ཚིག་རྣམས་སྡེབས་པར་སྤྲོ།།
སྩལ་ཏེ་ཞེས་པར་ལྷག་བཅས་སྒྲར།
འདས་ཚིག་བཀོད་པ་ལེགས་པར་དག
ལྷག་བཅས་སྒྲ་ལ་འདས་ཚིག་དགོད།
ལེགས་སྦྱར་བཞིན་མཛད་ཡིན་ཤས་ཆེ།།
ལེགས་སྦྱར་སྐད་དུ་ལྷག་བཅས་མིང་།
འདས་པའི་དུས་ཅན་བྱེད་མཐར་འབོད།
སྩོལ་བའི་འདས་ལ་བ་སྔོན་འཇུག
བཀའ་བསྟན་གསུང་འབུམ་རྣམས་ན་མེད།།
དེ་བཞིན་དག་ཡིག་ཟ་མ་ཏོག
ངག་གི་སྒྲོན་མ་དག་ནའང་མེད།
འོན་ཀྱང་བཀའ་བསྟན་ཡི་གེ་འགྲོས།
མ་གཟིགས་བ་ཡི་སྔོན་འཇུག་ནོར།།
སྐྱར་ཞུ། སྩེལ་ཞེས་པ་སེལ་བའི་བརྡ་རྙིང་ཡིན་པ་ལི་ཤི་གུར་ཁང་ན་གསལ། དེ་ཡི་འདས་ཚིག་ལ་བསྩལ་ཅེས་བདེ་དགེ་བཀའ་འགྱུར་ན་ཡོད་པ་ཉེ་དུས་མཐོང་བ་ཡིད་ལ་དྲན་ནོ།།
བདེ་དགེ་ཞེས་ནོར། སྡེ་དགེ་ཞེས་བཅོས་སོ།
བརྡ་དག་བཅས་པར་རབ་མཁས་པས།།
གནའ་རབས་བཀའ་བསྟན་ཚད་མར་མཛད།།
ལན་བརྒྱར་འཐབ་ཀྱང་ཕམ་པ་བྲལ།།
ལ་དྭགས་འཇམ་དཔལ་མཚན་ཅན་རྨད།།
གང་དག་གདམས་རྣམས་རབ་བརྟག་ཀྱང་།།
ཆ་ཤས་ཙམ་ཡང་འགལ་བས་ན།།
བསྩལ་དང་སྩལ་ལ་ཁྱད་པར་གདའ།།
སླར་ཡང་གང་ལ་བསྔགས་པར་དགའ།།
མ་རྩོམ་ནང་གི་མཐའ་ཐོག་ཀ་ཕྲེང་དེའི་འཕྲོ།
པ་བ་སངས་ལྟར་མཁའ་ལ་རབ་འཕགས་པ།།
ཕ་མས་རང་ལ་གདམས་སྐབས་རབ་གསལ་ཕ།།
བ་ལང་མཉམ་པ་བདག་འདྲས་འགྲན་བྲལ་བ།།
མ་རྒན་རྣམ་པར་སྣང་བའང་ཨ་ཙ་མ།།