བསོད་ནམས་ནས།
བོད་འབངས་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ཀུན་གཟིགས་པཎ་ཆེན་ཨེར་ཊི་ནི་སྐུ་ཕྲེང་བཅུ་པ་ཆེན་པོའི་ཡུམ་ཆེན་བསོད་ནམས་སྒྲོལ་མ་མཆོག་དགུང་གྲང་༩༧་ཐོག་པད་ཅིང་དུ་སྐུ་བཤེགས་འདུག །ཉེ་བའི་ཆར་ཁོང་སྐུ་ཁམས་བདེ་མིན་གྱིས་པད་ཅིང་ཁུལ་དུ་སྨན་བཅོས་གནང་བཞིན་པའི་མུར་སྐུ་བཤེགས་ཚོད་འདུག །ཁོང་ནི་མདོ་སྨད་བིས་མདོ་དཔོན་ཚང་གི་མནའ་མ་དང་། ཁོང་དང་དཔོན་ཚང་གི་སྲས་གུར་མགོན་ཚེ་བརྟན་གཉིས་སུ་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་ཆེན་པོ་མགོན་པོ་ཚེ་བརྟན་དང་། གཅུང་མགོན་པོ་སྐྱབས་གཉིས་འཁྲུངས་ཡོད། རྒན་རབས་རྣམ་པའི་གསུང་སྒྲོས་ལ་གཞིགས་ན་དུས་འགྱུར་མ་བྱུང་བའི་གོང་ལ་ཁོང་ཀུན་གཟིགས་མཆོག་དང་ལྷན་དུ་གདན་ས་བཀྲ་ཤིས་ལྷུན་པོར་ཕེབས་ནས་དགོན་པའི་ཉེ་འཁོར་དུ་ལོ་ཤས་བཞུགས་པ་དང་། རིག་གནས་གསར་བརྗེའི་སྐབས་འཐབ་འཛིངས་དང་། བཙོན་ཁང་དུ་ཡང་བཞུགས་དགོས་བྱུང་ཡོད། རིགས་གསར་རྗེས་ལ་པད་ཅིང་དང་། མང་ཆེ་བ་བིས་མདོ་ཡབ་གཞིས་རང་དུ་བཞུགས་པར་མ་ཟད་བོད་མི་རིགས་བདེ་དོན་སླད་སློབ་གྲྭ་གསར་བསྐྲུན་སོགས་མཛད་པ་རླབས་ཆེ་བ་མང་པོ་ཞིག་བསྐྱངས་གནང་ཡོད། ༡༩༨༩ ལོར་ཀུན་གཟིགས་མཆོག་སྐུ་བཤེགས་རྗེས་གདན་ས་བཀྲ་ཤིས་ལྷུན་པོར་ཐེངས་ཁ་ཤས་ཕེབས་ཤིང་། ལྷག་པར་སྐུ་བཤེགས་ནས་ལོ་གཅིག་འཁོར་བའི་ལོ་གསར་ཚེས་གཅིག་ཉིན་གདན་ས་བཀྲ་ཤིས་ལྷུན་པོའི་མཛད་བརྒྱ་ཚོམས་ཆེན་དུ་སྐུ་གདུང་རིན་པོ་ཆེ་མཇལ་ཁར་ཕེབས་ཤིང་། སྐབས་དེ་དུས་ཨ་མདོ་བག་ལེག་ཆེན་པོ་ཞིག་སྐུ་གདུང་གི་དྲུང་དུ་ཕུལ་བ་དང་། སྐུ་གདུང་ལ་དབུ་བཏུགས་ནས་ཡུན་རིང་བཤུམ་སོང་།
བིས་མདོ་ཞེས་པའི་ཐ་སྙད་འདི་ལ་འབྲི་སྟངས་ཀྱི་ཐད་ནས་བིས་མདོ་དང་པུས་མདོ་ཞེས་འབྲི་སྟངས་གཉིས་དང༌། དེ་འབྲེལ་གྱི་སྒྲ་བཤད་དམ་ངེས་ཚིག་གིས་བསྙད་པའང་ཡོད་པ་གང་ལྟར། པུས་མདོ་ཞེས་འབྲི་བ་དེར། གཤོང་ཡུལ་དགེ་བཤེས་ཆོས་གྲགས་ཚང་གིས། རི་བོ་པུས་ལ་སྟེ་དབྱིབས་པུས་མོ་དང་འདྲ་བའི་མདོ་ན་ཆགས་ཡོད་པའི་ཡུལ་གྲུ་སྤྱིའི་མིང་ལ་པུས་མདོ་དང༌། དེའི་འདབས་ན་བཞུར་བའི་ཆུ་ཕྲན་ལ་པུས་ཆུ་ཞེས་ཐོགས་པའོ་ཞེས་གསུངས་ཡོད་པ་ཞིག་མཇལ་མྱོང་།
ཡབ་གུར་མགོན་ཚེ་བརྟན་དང་ལྕམ་བསོད་ནམས་སྒྲོལ་མ་གཉིས་ལ་༧པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་དང༌། སྐུ་མཆེད་མགོན་པོ་སྐྱབས། སྲས་མོ་པདྨ་མཚོ་བཅས་གསུམ་འཁྲུངས་པའི་སྲས་མོ་པདྨ་མཚོ་ནི་དགུང་ལོ་ཆུང་ངུ་ནས་སྐུ་གཤེགས་པ་རེད། ད་ལྟ་དྲན་གྱི་མི་འདུག་མ་གཏོགས། བོད་ནས་བཏོན་པའི་དེབ་༼རྟག་བརྟན་གྱི་མཛད་རྗེས༽ཟེར་བ་དེ་ཡིན་ནམ་ཅིག་གི་ནང་དུ་གསལ་པོར་བཀོད་འདུག
ྋཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་ཆེན་པོ་ྋརྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་ནི། ཡབ་གུར་མགོན་ཚེ་བརྟན་དགུང་གྲངས་བཅོ་བརྒྱད་དང༌། ཡུམ་བསོད་ནམས་སྒྲོལ་མ་དགུང་གྲངས་ཉེར་གཅིག་པར་སྐུ་འཁྲུངས།
གཅན་ཚ་བ་སྲིན་པོ་རྫ་རྒན་ནས།
གང་གི་བཞིན་རས་ལ་བརྩེ་བ་དང་བྱམས་པའི་མདངས་དང་ལྡན་འདུག
སྐུ་གཤེགས་པར་མྱ་ངན་གུས་འདུད་ཞུ།།
ཁ་བ་ཅན་གྱི་རླབས་ཆེན་མ་ཡུམ་ཞིག་ཞིང་གཞན་དུ་གཤེགས་པར་མྱ་ངན་གུས་འདུད་ཞུ།
གཟིམ་ཤག་ཕན་བདེ་ཁང་གསར།།
རྒྱུ་ལ་ཟད་རྒྱུ་མི་འདུག
རྒྱལ་ཡུམ་ཉི་ཟླ་དབང་མོ།།
གཏམ་ལ་ཟད་པ་མི་འདུག
རྒྱལ་ཡུམ་མཆོག་དགོངས་པ་གཞན་དུ་གཏད་པར་སྙིང་ཐག་པ་ནས་མྱ་ངན་ཞུ་བ་དང་སྦྲགས་ཕྱིར་དྲན་ཐུང་ངུ་ཞིག་བྱ་ན། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དབུས་གཙང་དུ་ཕེབས་རིམ་བཞིན། ཡབ་ཡུམ་གཉིས་ལྷན་བཅར་གནང་སྟེ་ཐེངས་མང་མཇལ་མྱོང་། ཡབ་ཡུམ་གཉིས་ཀ་ཞལ་བསང་པོ་མེད་པ་དང་། རྒྱུན་དུ་ཕྱུ་པ་བཞེས་པ་དང་ལྷག་པར་རྒྱལ་ཡུམ་མཆོག་མདོ་སྨད་ཀྱི་ཕྱུ་པ་དེ་རང་མཆོད་དེ་ཞལ་འདོན་ཁོ་ན་གནང་སྟེ་བཞུགས་མཁན་ཞིག་ལས། དབུས་གཙང་གི་ཆས་བཞེས་པ་ཞིག་ངས་མཇལ་མ་མྱོང་།
སྤྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༦ ཉིན་གྱི་ཞོགས་པར། གཞིས་རྩེ་བདེ་ཆེན་ཕོ་བྲང་དུ། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས་མི་མང་ལ་མཇལ་ཁ་གནང་བའི་སྐབས། ཡབ་ཡུམ་མདོ་སྨད་དུ་ཕེབས་ཐོན་གནང་འཆར་ཕོ་བྲང་ནང་གི་རྒྱལ་སྒོ་ནས་ཐོན་ཁར། ༸ཀུན་གཟིགས་མཆོག་གིས་མི་མང་ལ་མཇལ་ཁ་གནང་གིན་ཨ་ཕ་དང་ཨ་མ་རྒྱུགས་ཨའ། ཞེས་འབོད་གནང་བ། ཡབ་ཡུམ་གཉིས་ཀས་ཕྱག་ཟུང་ཐལ་མོ་སྦྱར་དེ་གུས་ལན་སློག་གནང་།
དེ་ནས་ཉིན་གཉིས་རྗེས་༸ཀུན་གཟིགས་མཆོག་དགོངས་པ་གཤེགས་པས། ༸ཀུན་གཟིགས་མཆོག་དང་ཡབ་ཡུམ་ལྷན་རྒྱས་ཀྱི་སྐུ་ཚེ་འདིའི་མཇལ་འཕྲད་མཐའ་མ་དེ་ཡིན། དེ་རྗེས་སྤྱི་ལོ་ ༡༩༩༡ ལོར་རྒྱལ་ཡུམ་མཆོག་༸ཀུན་གཟིགས་མཆོག་གི་དམར་གདུང་མཇལ་བར་ཐེངས་ཤིག་ཕེབས་སོང་བ། དམར་གདུང་ལ་མཇལ་ཁ་ཞུ་བཞིན་དྲག་ཏུ་བཤུམས་ཏེ་ཕལ་ཆེར་གོམ་བགྲོད་ཀྱང་མི་ཕེར་བའི་ཚོད་དུ་འདུག དུས་དེ་ནི་ངས་རྒྱལ་ཡུམ་མཆོག་མཇལ་བའི་ཉིན་མཐའ་མ་དེ་ཡང་ཡིན།
༸ཀུན་གཟིགས་སྐུ་ཕྲེང་རིམ་བྱོན་གྱི་ཡུམ་ནས་ས་མཐོ་ལ་དྭགས་ཀྱི་ཡུལ་ནས་བྱོན་པའི་སྐུ་ཕྲེང་དྲུག་པའི་རྒྱལ་ཡུམ་ཉི་ཟླ་དབང་མོ་འཇོན་ཤོས་དང་། སྨད་མདོ་ཁམས་ཀྱི་རྒྱལ་ཡུམ་བསོད་ནམས་སྒྲོལ་མ་སྐུ་ཚེ་རིང་ཤོས་བྱུང་འདུག
སེམས་གཏིང་ནས་མྱ་ངན་གྲངས་མེད་ཡོད། མ་ཡུམ་མཆོག་སླད་མ་ཡང་བོད་ཁ་བ་ཅན་དུ་བོད་བསྟན་སྲིད་ལ་ཕན་པའི་སྐྱེས་བུ་ཞིག་ཏུ་སྐྱེ་བར་ལེན་པའི་སྨོན་ལམ་ཞུ།
ལག་ཟུང་ཐལ་སྦྱར་ཏེ་གུས་འདུད་དང་མྱ་ངན་གྲངས་མེད་ཞུ།་་་་སླད་མར་མ་ཡུམ་མཆོག་གངས་རིའི་ལྗོངས་སུ་སྐྱེ་བ་བཞེས་ཏེ་གངས་ཅན་འགྲོ་བ་སྨིན་པའི་ས་ལ་འགོད་མཁན་གྱི་དམ་པ་ཞིག་ཏུ་འགྱུར་བའི་སྨོན་ལམ་གྲངས་མེད་འདེབས།
རྩོམ་པ་པོ་མཆོག་དང་སྐུ་ཞབས་བློ་བཟང་བཀྲ་ཤིས་སོགས་རྗེས་དྲན་གནང་མཁན་ལྷན་
རྒྱས་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།
གང་ཡིན་ཞེ་ན་ང་ཚོའི་རླབས་ཆེན་གྱི་མི་སྣ་ཞིག་མི་ཡུལ་འདིར་གསོ་སྐྱོང་གནང་
མཁན་གྱི་ཐོག་མའི་དགེ་བའི་བཤེས་གཉེན་ནི་སྐྱེ་བྱེད་ཡབ་ཡུམ་ཟུང་དང་།
ཚུལ་བཞིན་སྐྱོང་བའི་དྲིན་ཆེན་སློབ་དཔོན་རྣམས་ཡིན་པས། ཁོང་རྣམ་པར་ང་ཚོས་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་བར་རིགས།
དུས་ལོ་ཟླ་མང་པོ་ཕར་ལ་འདས།།
༸མགོན་པཎ་ཆེན་ཡབ་ཡུམ་ལྔ་ལམ་ཞུད།།
༸སྐྱབས་དགེ་འདན་ཆོས་ཀྱི་ཉི་མའི་འཁོར།།
དགྲ་ཇག་པས་བཟུང་ནས་མཇལ་དབང་བྲལ།།
པཎ་ཆེན་སྐུ་ཕྲེང་བཅུ་པའི་མ་ཡུམ་སྐུ་གཤེགས་པའི་ཡིད་སྐྱོ་གནས་ཚུལ་ཐོན་མ་ཐག་ཧ་ཅང་གི་བློ་ཕམ་བྱུང་ལ། གུས་པའི་ངོས་ནས་སེམས་གཏིང་ནས་མྱང་ངན་གུས་བཏུད་ཞུ་རྒྱུ་ཡིན་ལ། མ་ཡུལ་ཁོང་ལ་རིག་གནས་གསར་བརྗེའི་དུས་སྐབས་རླུང་འཚུབ་ནང་དུ་བསམ་ཡུལ་ལས་འདས་པ་དཀའ་སྡུག་མྱོང་དགོས་བྱུང་ཡོད་ལ། ཡིན་ནའང་ཐུགས་སྟོབས་ཞུམ་མེད་ཀྱིས་བོད་མི་རིགས་བདེ་དོན་སླད་སློབ་གྲྭ་གསར་བསྐྲུན་སོགས་མཛད་པ་རླབས་ཆེ་བ་མང་པོ་ཞིག་བསྐྱངས་གནང་ཡོད་ཅེས་གསལ་བ་ལྟར་ད་ལྟ་བར་བོད་མི་རིགས་ལ་གང་ཕན་ཕྱག་ལས་གནང་བས། སྙིང་དབུས་ནས་རྗེས་དྲན་ཞུའོ།
པཎ་ཆེན་རིན་པོ་ཆེའི་མ་ཡུམ་མཆོག་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་ཞུས།
མ་ཡུམ་མཆོག་སླར་ཡང་བོད་གངས་ཅན་གྱི་ཞིང་དུ་སྐུའི་སྐྱེ་བ་བཞེས་པའི་སྨོན་ལམ་ཡང་ཡང་འདེབས།
སྐྱབས་མགོན་ཀུན་གཟིགས་པཎ་ཆེན་སྐུ་གོང་མ་རིན་པོ་ཆེའི་ཡུམ་མཆོག་སྐུ་གཤེགས་པ་གང་གི་བཞེད་དོན་རྣམས་ཐུགས་སྨོན་བཞིན་འགྲུབ་པར་གྱུར་ཅིག དམ་པ་གང་གི་མཛད་བཟང་གི་ནུས་པས་སྐུ་སྐྱེས་གར་འབྱུང་ཡང་། འགྲོ་བ་ལ་ཕན་པ་ཞིག་འབྱུང་བ་ལ་ཐེ་ཚོམ་མེད། ༡༩༥༥ལོར་ཡིན་ངེས། སྐྱབས་མགོན་པཎ་ཆེན་རིན་པོ་ཆེ་རྒྱ་ནག་ཏུ་འབྱོན་སྐབས་བཀྲ་ཤིས་ལྷུན་པོའི་ཕྱག་འཚལ་སྒང་གི་གཤམ་ཙམ་ན་ཕེབས་སྐྱེལ་གྱི་སེར་སྦྲེངས་ཀྱི་གྲལ་དུ་བདག་ཅག་ལང་ནས་ཡོད་སྐབས་སུ། ཡུམ་མཆོག་ཕེབས་པ་ན། སྐྱབས་མགོན་པཎ་ཆེན་རིན་པོ་ཆེའི་ཕེབས་ཊོར་བཀག་སྟེ། སྐྱབས་མགོན་རིན་པོ་ཆེས་ཡུམ་གྱི་ཕེབས་སྐྱེལ་ཐུགས་བརྩེ་བ་ཆེན་པོས་དགྱེས་བཞེས་མཛད་པ་མཇལ་བའི་སྐལ་བཟང་བྱུང་ངོ་།།
ཀུན་གཟིགས་མཆོག་གི་རྒྱལ་ཡུམ་ཆེན་མོ་དགོངས་པ་རྫོགས་པར་སེམས་ཁོངས་ནས་མྱ་ངན་གུས་འདུད་ཞུ། རླབས་ཆེན་གྱི་སྐྱེས་མ་དེ་ཉིད་སླར་ཡང་བསྟན་འགྲོའི་དོན་དུ་གངས་རིའི་ལྗོངས་སུ་སྐུ་འཁྲུངས་པའི་སྨོན་འདུན་ཞུ།
རྩོམ་ཡིག་འདི་འགོད་མཁན་སྐུ་ཞབས་བསོད་ནམས་ལགས་དང་། སྐུ་ཞབས་བློ་བཟང་བཀྲ་ཤིས་ལགས་སོགས་རྒྱུས་ཡོད་རྣམས་ཀྱིས་ཁོང་གི་སྐུ་ཚེའི་མཛད་འཕྲིན་ཐོག་སོ་སོའི་མྱོང་ཚོར་བྲིས་གནང་བར་ཐུགས་རྗེ་ཆེ་ཞུ།།
ཨ་མ་ཚང་ཞེང་གཞན་དུ་སྐུ་གཤེགས་པར་མྱ་ངན་དང་གུས་འདུད་ཞུ།
བོད་བསྟན་སྲིད་མི་རིགས་དང་བཅས་པའི་དཔའ་བོ་པཎ་ཆེན་སྐུ་ཕྲེང་བ་མཆོག་གི་ཡུམ་ཆེན་བསོད་ནམས་སྒྲོལ་མ་ལགས་སྐུ་ཞིང་གཞན་དུ་གཤེགས་པར་ཡིད་སྐྱོའི་མྱ་ངན་ཞུ།
བདེ་ལྡན་ཞིང་གི་མགོན་པོའི་ཡུམ་སྒྱུ་འཕྲུལ་མ་བདག་ཅག་སྐལ་དམན་པ་རྣམས་དོར་ཏེ་གཤེགས་པར་ཡིད་སྐྱོའི་མྱ་ངན་ཞུ།།
ཨོ་མ་ནི་པད་མེ་ཧུམ།
མགོན་པོ་འོད་དཔག་མེད་ཀྱི་རྒྱལ་ཡུམ་དུ་སྤྲུལ་ནས་འགྲོ་བའི་མཛད་པ་སྐྱོང་བའི་མ་དྲིན་ཅན་ཁྱེད། མགྱོགས་ནས་མྱུར་དུ་བྱོན་ནས། གངས་ཅན་ལྗོངས་ལ་བྱམས་བརྩེའི་གཟི་ལྗིད་འཕྲོ་བར་ཤོག
རྒྱལ་ཡུམ་དེའི་མཛད་པའི་ནང་ནས་གཅིག་འདིར་འགོད་མེད་པ་ནི། རྒྱ་ནག་གཞུང་གིས་བཙན་འགེལ་བྱས་པའི་ཁྱེའུ་ཆོས་ཀྱི་རྒྱལ་པོ་པན་ཆེན་གྱི་ཡང་སྲིད་ལ་ཁས་ལེན་མཛད་མེད་པ་མ་ཟད། ཁྲི་འདོན་ལ་ཡང་གདན་འདྲེན་ཞུས་ཀྱང་ཕེབས་མེད། རྗེས་མ་ཆོས་ཀྱི་རྒྱལ་པོ་ཁོང་གི་ཁྱིམ་ལ་འཚམས་འདྲིར་ཕེབས་སྐབས། སྐུ་ཕྱག་ཕུལ་མེད་པ་མ་ཟད། ཁོང་གི་སྤུན་མཆེད་གཞན་རྣམས་ལ་ཡང་བཀའ་གནང་ནས་པན་ཆེན་ཡང་སྲིད་སྐོར་ལ་གཏམ་བཤད་སྤེལ་མི་ཆོག་པའི་བཀའ་གནང་འདུག
དབྱིན་ཇིའི་གཏམ་དཔེར། ཕོ་རབ་གཅིག་གི་རྒྱབ་ལ། མོ་རབ་གཅིག་ཡོད་ཟེར་བ་འདི་བདེན་པར་མཐོང་། རྒྱལ་ཡུམ་དེས། གོང་ས་མཆོག་ལ་ཡང་དད་པ་གཡོ་མེད་ཡིན་མཁན་ཞིག་རེད་འདུག
རྒྱལ་ཡུམ་མཆོག་ཐུགས་གཤིས་བཟང་ཞིང་། མི་རིགས་ཀྱི་ལ་རྒྱས་ཕྱུག་པ་ཞིག་ཡིན། ཁ་སང་སྐུ་བཤེགས་པའི་གཏམ་ངན་དེ་ཐོས་མ་ཐག་མིག་ཟུང་མཆི་མས་གང་བཞིན་ཅི་བྱ་རྟོལ་མེད་དུ་གྱུར་སོང་། ལྷན་རྒྱས་ཕེབས་ནས་ཐུགས་ཚོར་གསུངས་པར་བཀའ་དྲིན་ཆེ།
ཀརྨ་པའི་ཞིང་ཁམས་དུ་སྐྱེར་པ་ཤོགས
ཀརྨ་པ་མཁྱེན་ནོ
མ་ཡུམ་མཆོག་ཁམས་གཞན་ཏུ་གཤེགས་པའི་ཡིད་སྐྱོའི་མྱ་ངན་ཞུ། མ་ཡུམ་མཆོག་་་་་ཞིང་དག་པ་རྟག་གཟིགས་འོལ་མོ་ལུང་རིངམ་ཤམ་བྷ་ལ་རུ་སྐྱེ་བར་ཤོག
མ་ཡུམ་མཆོག་ཁམས་གཞན་ཏུ་གཤེགས་པའི་ཡིད་སྐྱོའི་མྱ་ངན་ཞུ།མ་ཡུམ་མཆོག་་་་་ཞིང་དག་པ་རྟག་གཟིགས་འོལ་མོ་ལུང་རིངམ་ཤམ་པ་ལ་རུ་སྐྱེ་བར་ཤོག
བོད་འབངས་ཡོངས་ལ་བཀའ་དྲིན་འགྲན་ཟླ་བྲལ་བའི། བདག་གི་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ་བཀའ་དྲིན་གསུམ་ལྡན་༧ཀུན་གཟིགས་སྐྱབས་མགོན་རིན་པོ་ཆེ་དོན་གྱི་སླད་དུ་མཚན་ནས་སྨོན་ན་༧རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོའི། རྒྱལ་ཡུམ་བསོད་ནམས་སྒྲོལ་མ་མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་སྐབས་འདིར། ༧ཀུན་གཟིགས་མཆོག་ཡིད་ལ་ལྷང་ངེར་དྲན་བཞིན་སྙིང་དབུས་ནས་མྱང་ངན་གུས་འདུད་ཞུ་བ་དང་།ཐུགས་དགོངས་ཡོངས་སུ་རྫོགས་པའི་སྨོན་ལམ་ཡང་ཞུ་བཞིན་མཆིས།། །།
མཐོ་སྒང་གི་མི་རིགས་འདི་ལ་སྙིང་ནས་ཞེན་པ་དཀར་བའི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་ཡུམ་ཆེན་བསོད་ནམས་སྒྲོལ་མ་མཆོག་ཞིང་གཞན་དུ་གཤེགས་པ་མྱ་ངན་གུས་འདུད་དང་སླར་ཡང་གངས་ཅན་ཞིང་དུ་སྐྱེས་པ་བཞེས་ཏེ་བསྟན་འགྲོ་ཕན་བའི་སྐྱེས་བུ་ཞིག་སྐྱེས་བར་སྨོན།
ཀུན་གཟིགས་༸པཎ་ཆེན་མཆོག་གི་ཡུམ་ཆེན་དམ་པ་ཁོང་སྐུ་གཤེགས་པར་མྱ་ངན་གུས་བདུད་ཞུ།
བོད་གངས་ཅན་པ་རྣམ་པས་བཀའ་དྲིན་གཞལ་དུ་དཀའ་བའི་ཆེས་རླབས་ཆེན་གྱི་མི་སྣ ༧པན་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གི་མ་ཡུམ་བསོད་ནམས་སྒྲོལ་མ་ལགས་མི་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གོ་བས་སེམས་སྟེང་ནས་མྱ་ངན་གུས་འདུད་ཞུ་ཀི་ཡོད།
ཁོང་མོ་གདན་ས་བཀྲ་ཤིས་ལྷུན་པོའི་མཛད་བརྒྱ་ཚོམས་ཆེན་དུ་སྐུ་གདུང་རིན་པོ་ཆེ་ལ་མཇལ་ཁ་ཞུ་རུ་ཕེབས་ཤིང་། སྐབས་དེ་དུས་ཁོང་མོས་ཨ་མདོའི་བག་ལེབ་ཆེན་མོ་ཞིག་སྐུ་གདུང་གི་དྲུང་དུ་ཕུལ་རྗེས། སྐུ་གདུང་ལ་དབུ་བཏུགས་ནས་ཡུན་རིང་ལ་བཤུམ་སོང་། ཟེར་བའི་གཏམ་དེ་ངོ་མ་སེམས་སྐྱོ་བ་ཞིག་རེད་ཨང་།
༧པཎ་ཆེན་སྐུ་ཕྲེང་བཅུ་པའི་མ་ཡུམ་སྐུ་གཤེགས་པའི་སྐྱོ་གནས་ཐོན་པར་གུས་པས་མྱ་ངན་ཞུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
བོན་ཉིད་ཀྱི་དབྱིངས་སུ་སངས་རྒྱས་པར་གྱུར་ཅིག།
གངས་ལྗོངས་ཀྱི་མ་ཡུམ་མཆོག་སྐུ་གཤེགས་པར་མྱ་ངན་གུས་འདུད་དང་བཅས། གོང་ནས་དྲ་གྲོགས་རྣམ་པས་གདུང་སེམས་མྱ་ངན་མཚོན་པའི་གུས་འདུད་ཞུས་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་གཅིག་Bonpo ་ལགས་ཀྱིས་ཡིག་དྲུག་བདེན་མཐུ་བརྗོད་པ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ། རྒྱ་བོད་ཀྱི་ས་མཚམས་སུ་གནས་པའི་ཡུལ་ལུང་འདི་གའི་བྱུང་བ་རོབ་ཙམ་བརྗོད་ན།
ཨ་ལགས་ཚེ་རྟན་ཚང་གིས་མཛད་པའི་པཎ་ཆེན་རིན་པོ་ཆེའི་རྟོགས་བརྗོདདངུལ་གྱི་མེ་ཏོག་ལས། གདེངས་ཅན་ཕོ་བྲང་ས་ལ་བཞག་འདྲ་ནི།།ཆོས་རྒྱལ་ཨ་ཤོ་ཀ་ཡི་ཕྱག་རྗེས་ལས།།གྲུབ་པའི་མཆོད་རྟེན་རྣམ་གཉིས་ཉི་ཟླ་ཟུང་།།གང་དུ་བཞུགས་པའི་ལྗོངས་དང་ཡུལ་ཁམས་སོ།།ཞེས་པའི་མཆོད་རྟེན་རྣམ་གཉྀས་ནི་ཆོས་རྒྱལ་ཨ་ཤོ་ཀའི་སྐུ་དུས་སུ་བཞེངས་པའི་རྡོ་སྦིས་མཆོད་རྟེན་དང་བུས་མདོ་ར་གཤོང་མཆོད་རྟེན་གཉིས་ཡིན། རེབ་གོང་མར་ནང་ཚོ་བ་ལྔའི་ནང་ཚན་བུས་མདོ་དང་རྡོ་སྦིས། རྐ་རིང་། རྐང་ཚའི་བོད་རིགས་རྣམས་ནི་ཆོས་རྒྱལ་མེས་དབོན་དུས་སྐབས་ནས་མཐའ་མཚམས་སྲུང་དམག་གི་བུ་རབས་ཚ་རྒྱུད་ལས་མཆེད་པ་ཡིན་ཏེ། རྟོགས་བརྗོདདངུལ་གྱི་མེ་ཏོག་ལས། གཞན་སྡེ་ཟིལ་གནོན་སེངྒེའི་དཔའ་རྩལ་ཅན།།རིགས་གཟུགས་ལང་ཚོས་བསྙེན་པའི་འགྲོ་འདི་དག།།ཆོས་རྒྱལ་མེས་དབོན་དུས་སུ་སོ་སྲུང་དུ།།མངགས་པའི་བྷོ་ཊ་རང་གི་འཁྲུལ་མེད་རྒྱུད།།ཅེས་གསུངས་སོ།།དུས་ཕྱིས་སུ་ས་སྐྱའི་གདུང་རྒྱུད་ལས་མཆེད་པའི་རོང་ཆེན་མདོ་སྡེ་འབུམ་གྱི་སྲས་འབྲིང་བོ་གསུམ་ལས་ཐ་ཆུང་གི་རྒྱུད་དུ་འཕེལ་ཚུལ་བཤད་པ་ཡིན་ཡང་འདི་ཡིན་འདི་མིན་གྱི་ངོས་འཛིན་དཀའ་བར་གནས། ཡུལ་མདོ་སྨད་ཀྱི་ཕྱོགས་འདིར་ས་ཆེན་ཀུན་དགའ་སྙིང་པོའི་གདུང་རྒྱུད་ལྷ་རྗེ་བྲག་སྣ་བ་ནས་བླ་རབས་དང་སྔགས་རབས། དཔོན་རབས་བཅས་དུ་མ་བྱུང་ཡོད་ལ་དབང་ཐང་ལ་དར་སོ་ཆེན་པོ་བྱུང་། ལུང་ཆུང་འདི་ཡང་དེའི་ཕྱོགས་སུ་གཏོགས། བོད་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་གོམས་གཤིས་དང་སྲོལ་ལུགས་སྣ་ཚོགས་ཡོད་པ་དེ་དག་གི་ཐད་ནས་བལྟས་ན་ཡང་བོད་ཀྱི་འདུ་ཤེས་མ་ཉམས་པར་ཡོད། དཔེར་ན། ལྷ་རྩེད་གར་འཆམ། གླུ་ལེན་གར་རྩེད། རི་བསང་ཀླུང་སྐྱེད། ལབ་རྩེ་གཏོད་པ་སོགས་བྱེད་སྒོ་མང་པོ་ཡོད། ས་འབྲེལ་གྱི་ཆ་ནས་བལྟས་ན་གནས་མཆོག་ཏན་ཏིག་དང་ཁད་ཉེ་ཞིང་རྨ་ཆུའི་ཤར་རྒྱུད་དུ་གནས་ཡོད།
པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ཡུམ་གྱི་མངའ་དུ་བཞུགས་པའི་སྐབས་སུ་ཨ་ལག་བླ་འཁོ་རྡོ་རྗེ་འཆང་མཇལ་མཁར་བཅར་སྐབས་སྲུང་མདུད་དང་བྱབས་འཁྲུས་གནང་ནས། མངའ་གྱི་བུ་དེར་འཁྲུངས་པ་དང་གཙང་སྦྲ་དང་། བྱམས་སྐྱོང་བྱེད་དགོས་པའི་བཀའ་སློབ་སྩལ།
ཡུམ་ཆེན་ཁོང་གཤེགས་དུས་ལ་པཎ་ཆེན་སྐུ་བཅུ་བ་དེ་ངོ་མ་དྲན་བྱུང་། ཁོང་ཚང་ད་རེ་བཞུགས་ཡོད་ཚེ་བོད་ནང་ལ་རེ་བ་ཞིག་ཡོད་རེད།
རྒྱལ་ཡུམ་འདིའི་སྐུ་ཚེ་ལ་ཡང་བསམ་ཡུལ་ལས་འདས་པའི་སྡུག་བསྔལ་ཤ་སྟག་བྱུང་འདུག་པ་ནི།
༡། སྤྱི་ལོ་ལྔ་བཅུའི་ནང་བོད་རྒྱ་གཉིས་དང་། ལྷག་པར་གོ་གུང་ཏང་གཉིས་ཀྱི་འཐབ་འཁྲུག་གི་ཤུགས་རྐྱེན་གྱིས་༸པཎ་ཆེན་བཞུགས་སྒར་ལ་གནོན་ཤུགས།
༢། སྤྱི་ལོ་དྲུག་ཅུའི་ནང་༸ཀུན་གཟིགས་མཆོག་གསེར་གྱི་ཁྲིའི་སྟེང་ལས་ཕབ་ཅིང་། སྲབ་འཇམ་ཡང་པའི་དར་གོས་ཆེན་དཀྱིལ་ནས་བཏོན་ནས་ཐལ་རྡུལ་ཚུབ་མའི་མུན་དོང་དུ་བརྫངས་པ་དང་། ཀུན་གྱིས་ཕྱག་མཆོད་འབུལ་ཡུལ་གྱི་༸ཀུན་གཟིགས་མཆོག་ལ་རྡུང་རྡེག་འཐབ་རྩོད་བཏང་བ།
༣། མི་ལོ་ཧྲིལ་པོ་བཅུ་ཙམ་༸ཀུན་གཟིགས་མཆོག་གར་སོང་ཆ་མེད་བཟོས་པ།
༤། ༸ཀུན་གཟིགས་མཆོག་གིས་བདག་མོ་བཞེས་པ།
༥། སྤྱི་ལོ་གྱ་དགུ་ལོར་དགུང་ན་དར་བའི་ཀུན་གཟིགས་མཆོག་སྐུ་མྱ་ངན་ལས་འདས་པ། བཅས་ཀྱི་སྡུག་བསྔལ་ཚང་མ་རྒྱལ་ཡུམ་འདིའི་སྐུ་ཚེར་ལྷུང་སྟངས་ལ་བསམས་གཞིགས་བྱ་ན། བླ་མ་སྐྱེས་ཆེན་དམ་པའི་ཡབ་ཡུམ་དང་གཉེན་ཚན་དུ་གྱུར་པ་ཡང་དགའ་རྒྱུ་རང་མི་གདའ།
གསུང་ཆོས་ཤིག་སྐབས་སྤྱི་ནོར་གོང་ས་མཆོག་གིས། ང་ལས་པཎ་ཆེན་རིན་པོ་ཆེས་བོད་ནང་སྡུག་པོ་མང་པོ་མྱངས་ཡོད་པ་རེད། ཁོང་ནི་སྙིང་སྟོབས་ཆེན་པོ། བོད་མི་རིགས་ཀྱི་བདེ་སྡུག་བཤད་ཕོད་པ་ང་ལས་རླབས་ཆེན་གྱི་དཔའ་བོ་ཞིག་རེད། ཅེས་གསུངས་མྱོང་།
རྒྱ་ནག་གཞུང་ལ་བོད་མི་རིགས་ཀྱི་བདེ་སྡུག་སྙན་ཞུ་ཡིག་འབྲུ་ཁྲི་བདུན་སྐོར་ལ། པཎ་ཆེན་རིན་པོ་ཆེའི་བཀའ་སློབ་ལས།༼༡༩༦༡་ལོར་ང་རང་བོད་ལྗོངས་ཀྱི་ས་ཁུལ་ཁ་ཤས་དང་།རང་གི་ཕ་ཡུལ་མཚོ་སྔོན་དུ་ཡོང་བ་ན་ཡུལ་མི་རྣམས་ཀྱིས་སྡོང་ཤུན་དང་ལྡུམ་བུ་སོགས་ཟོས་བས། ཁ་ངོ་སྐྲང་བ་སོགས་ཀྱི་གནས་ཚུལ་མང་པོ་དངོས་སུ་མཐོང་རྗེས་ངས་སྙིང་ནས་མ་བཟོད་པར་ཕྱིར་པེ་ཅིན་དུ་སོང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲུའུ་ཨེན་ལེ་ལ་ཕུལ་བའི་སྙན་ཞུ་ཞེས་པ་ཞིག་བྲིས་ཏེ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་དང་ཆབ་སྲིད་ཇུས་སོགས་རྒྱ་ཁྱོན་ཆུང་ངུ་ཞིག་ལ་ཕུལ་བ་ཡིན། ཏང་གི་སྒྲིག་ཡིག་ནང་དུའང་བསམ་འཆར་མི་འདྲ་བ་ཅི་ཡོད་ན་བཤད་ཆོག་ཅེས་བཀོད་ཡོད་པས། ང་རང་གིས་བྲིས་པའི་བསམ་འཆར་དེའང་ཏང་གི་སྒྲིག་ཡིག་གི་དགོངས་དོན་ལྟར་བྲིས་པ་ཡིན། སྙན་ཞུ་དེའི་ནང་གཙོ་བོ་བོད་ལྗོངས་དང་བོད་ཁུལ་གྱི་ང་བརྒྱད་ལོའི་དམངས་གཙོ་བཅོས་བསྒྱུར་བྱེད་སྐབས་ཀྱི་གནས་ཚུལ་མང་པོ་བྲིས་ཡོད།ངས་འབྲི་བའི་སྐབས་སུ་དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་ལ་བསྟན་མ་མྱོང་། བྲིས་ཚར་ནས་དཔར་བསྐྲུན་བྱས་རྗེས་ཁོང་བ་ཕུལ་བ་མ་གཏོགས་ངེད་གཉིས་ཁ་མཐུན་མཉམ་བགྲོས་གཏན་ནས་བྱས་མ་མྱོང་མོད། འོན་ཀྱང་རིག་གནས་གསར་བརྗེ་ཡི་སྐབས་སུ་པཎ་ཆེན་ཕྱོགས་ཁག་ཅེས་པའི་མི་མང་པོར་བརྡུང་རྡེག་བྱས་ཏེ་མཐར་མི་ཉུང་བ་ཞིག་ཤི་སོང་བ་རེད། དགེ་བཤེས་ཚང་ཡང་འདི་ལས་མ་ཐར་བར་དགོངས་པ་རྫོགས་པ་འདི་རང་རེའི་ཏང་གི་ནོར་འཁྲུལ་ཆེན་པོ་ཞིག་རེད།༽ཅེས་གསུངས་ཡོད།
མ་འོངས་དུས་ན་བྱང་ཕྱོགས་ཤམ་བྷ་ལ།།འཁོར་ལོ་ཅན་གྱི་བྱ་བའི་ཆོས་རྒྱལ་དུ།།
འཁྲུངས་བར་ཞལ་གྱིས་བཞེས་པའི་དབེན་ས་པ།།པཎ་ཆེན་ཐམས་ཅད་མཁྱེན་ལ་གསོལ་བ་འདེབས།།