མཁས་དབང་འཇམ་དབྱངས་ནོར་བུ་འདི་གར་རྡ་སར་སླེབས་པའི་གོ་སྐབས་དང་བསྟུན་ཕྲན་ནས་ཁོང་ལ་བོད་ཀྱི་གནད་དོན་གང་རུང་ཐད་བཅར་འདྲི་བྱས་པའི་བརྙན་འཕྲིན་ཚན་པ་འདིར་གྲོགས་པོ་ཚོས་དགྱེས་གཟིགས་ཡོད་པར་ཞུ། བསང་ཆུ་འབྲུག་བྷེས།
མཁས་དབང་འཇམ་དབྱངས་ནོར་བུ་འདི་གར་རྡ་སར་སླེབས་པའི་གོ་སྐབས་དང་བསྟུན་ཕྲན་ནས་ཁོང་ལ་བོད་ཀྱི་གནད་དོན་གང་རུང་ཐད་བཅར་འདྲི་བྱས་པའི་བརྙན་འཕྲིན་ཚན་པ་འདིར་གྲོགས་པོ་ཚོས་དགྱེས་གཟིགས་ཡོད་པར་ཞུ། བསང་ཆུ་འབྲུག་བྷེས།
མཁས་དབང་ཁོ་བོད་དོན་ལ་དོ་སྣང་ཅན་ཞིག་ཡིན་བཟོ་མི་འདུག
འཇམ་དབྱངས་ནོར་བུ་ལགས་ཀྱིས་རང་བཙན་སྐོར་བཤད་པ་གང་ལ་གང་འཚམས་ཡག་པོ་འདུག ཡིན་ནའང་གསར་པ་འདྲ་གང་ཡང་མི་འདུག ནམ་རྒྱུན་བཤད་བསྡད་པ་རྐྱང་རྐྱང་རེད། གསང་ཆུའི་འབྲུག་བྷེ་ཟེར་བ་འདིས་རང་ཉིད་གཞན་གྱི་གསར་ལམ་ཐོག་ཏུ་འགྲོ་བའི་ཆེད་དུ་མཁས་དབང་ཁོང་བེད་སྤྱོད་བཏང་འདུག གསང་ཆུ་འབྲུག་བྷེ་ཟེར་བ་འདི་གསར་འགོད་པ་མ་རེད་ལ་ཆབ་སྲིད་པ་ཡང་མ་རེད། རྩོམ་པ་པོ་མ་རེད་ལ་སྤྱི་ཚོགས་ལས་འགུལ་བ་ཡང་མ་རེད། སྤྱིར་བཏང་སྔོན་མ་ནས་མི་སྐད་དྲག་ཅན་དེ་ཚོ་བེད་སྤྱད་དེ་སོ་སོ་སྤྱི་ཚོགས་ཀྱི་མདུན་ལ་འཐོན་ཨེ་ཐུབ་ལྟ་མཁན་ཡོད། ཡིན་ནའང་འདིའི་རིགས་ཡག་པོ་མ་རེད་གནད་ཡོད་མི་སྣ་ཁོང་ཚོ་རྩེད་མོ་རྩེ་བྱེད་བྱས་པ་རེད། འདི་ཐེར་འདོན་ཡིན་ལ་རེ་སྐུལ་ཡང་ཡིན་ལགས།
རང་གི་བསམ་ཆུ༹ལ་དག་འདི་ལྟར་བཤད་ཕོད་པ་འདི་འང་ཡར་རྒྱས་ཞིག་དང་རྒྱལ་ཞེན་གྱི་ཆོ༹ར་བ་ཞིག་ལོས་ཡིན།ང་ཆོ༹་ལ་མཐའ་མའི་དབུག་ལེན་ས་ཞིག་དགོས་པ་འདི་དོན་དངོས་རེད།
སྤྱིར་ཡག་པོ་གསུངས་འདུག་མོད།མི་འཐད་སགནད་འགག་གཅིག་འདུག་དེ་ནི་ཁོ་རང་ཕྱེད་ཀ་ཡིན་ཚུལ་བཤད་ཀྱི་འདུག་པས་དེ་ནི་མཁས་བའི་ཉམས་ཞིག་ལས་བླུན་པོ་གཏམ་འདྲ་བོ་འདུག ཁྱེད་ཀྱིས་སྐད་དབྱིན་སྐད་དང་སྡོད་གནས་ཨ་རི་ཡིན་པ་ཙམ་གྱིས་བོད་པ་ཕྱེད་ཀ་ཡིན་ན་ཕྱི་སྡོད་ཕལ་ཆེར་དེ་འདྲ་ཡིན་རྒྱུ་རེད།
གཙོ་བོ་དེ་བཅར་འདྲི་བས་འཇོན་བཞག་འདུག བཀའ་དྲིན་ཆེ་ཞུ།
འཇམ་དབྱངས་ནོར་བུ་གསུང་པ་རྣམས་དངོས་བདེན་སོང་རྗེས་སུ་ཡིད་རང་ཞུ།
མི་ངན་ཁོང་ནི་ཆོས་ལ་དད་པ་མེད་མཁན་དང་་བླ་ཆེན་ཁག་ལ་བརྩི་བཀུར་མེད་མཁན་
མི་ངན་རྒྱ་གར་དང་ཨ་རི་གཉིས་ཀྱིས་མ་སེར་རེད་། ཁོ་གིས་ཁ་བཤད་དང་ལག་ལེན་མ་མཐུན་
པའི་མི་ངན་ཁོང་འདྲ་པོ་བོད་ཀྱིས་སྐོར་ལ་བཤད་པའི་་ཐོབ་ཐང་གང་ཡང་མེད་།
ལྷན་རྒྱས་ཚོ་གླེན་རྟགས་མ་སྟོན། འཇམ་ནོར་ཁོང་རྒྱལ་སྤྱིའི་ཐོག་བོད་ཀྱི་རང་བཙན་འཐབ་རྩོད་པ་དང་། སྲིད་དོན་མཁས་པའི་མཚན་སྙན་ཀུན་ཏུ་ཁྱབ་པ་ཞིག་རེད། བོད་མི་ཚོ་ལྐུགས་དྲགས་པས་མི་འཇོན་ཐང་ཆེ་རུ་ཆེ་ཚད་ལ་དམའ་འབེབས་དང་ཟུར་ཟ་རྐྱང་རྐྱང་བྱེད། དྲ་འབུ་ཁྱོད་ཚོའི་ཟུག་སྐད་ཀྱིས་མཁས་དབང་འཇམ་ནོར་གྱི་བ་སྤུ་གཅིག་ཀྱང་བསྒུལ་ཐུབ་ནི་མ་རེད། ཨ་རི་སོགས་རྒྱལ་ཁབ་གཉིས་ཀྱི་ལག་འཁྱེར་ཡོད་པའང་ཁོའི་འཇོན་ཐང་རེད། ཁྱོད་ཚོར་ལག་འཁྱེར་གཅིག་ཀྱང་མེད་ན་སྡུག་གྱོང་གྱིས། ང་ཚོའི་སྲིད་འཛིན་བློ་བཟང་སེང་གེ་ལའང་ཨ་རིའི་ལག་འཁྱེར་ཡོད་ཡོད་པ་རེད།
ཕྱོགས་གཅིག་ནས་བོད་ཀྱི་རང་བཙན་དང་བདེན་པ་སེལ་ཐབས་ནི་བླ་ཆེན་ཁག་ལ་དད་པ་དང་ཕྱག་འཚལ་བ་ཙམ་གྱིས་ཅང་ཡོང་གི་མ་རེད། དེ་ལས་མི་སོ་སོར་རྣམ་དཔྱོད་འདོན་སའི་ཁོར་ཡུག་ཡོད་དགོས། གོང་དུ་འཇམ་ནོར་གྱིས་བཤད་པའི་གླེང་མོལ་སྡེ་ཚན་གསུམ་ཀར་བལྟས་ཡིན། རེ་གཉིས་ཤིག་རང་གི་བལྟ་ཚུལ་དང་མི་མཐུན་པ་བྱུང་ན་ཡང་། དེ་དག་ནི་བོད་མི་མཁས་པ་རྒན་རབས་པ་ཞིག་གི་སྒེར་གྱི་བསམ་ཚུལ་ཡིན་པས་བཤད་ཆོག་ལ། ང་ཚོས་ཉན་ཡང་དགོས།
གལ་སྲིད་ཁོང་གི་གླེང་མོལ་སྐོར་ལ་དགག་སྒྲུབ་གཉིས་ཀའི་ཕྱོགས་ནས་བསམ་ཚུལ་སྤེལ་མཁན་ཡོད་ན། ཁོང་གི་སྒེར་གཉེར་དབྱིན་ཡིག་ཟིན་བྲིས་སུ་ཕེབས་ཏེ་བསམ་ཚུལ་ཤོད། ཁོང་གི་དབྱིན་ཡིག་ཟིན་བྲིས་ཏེ་འཛམ་གླིང་ཐོག་བོད་དོན་སྐོར་གྱི་དྲ་ཚུགས་ཀློག་མཁན་གྱིས་ཀློག་གྲངས་མང་ཤོས་ཀྱི་གྲས་རེད། ཁོང་གིས་དངོས་སུ་གསུངས་པ་ལྟར་བོད་ཡིག་གི་གནས་སྟངས་དེ་ཙམ་ཡག་རྒྱུ་མེད་པ་འདྲ། དེ་བས་ན་ཁ་བརྡའི་ཐོག་ཏུ་ཕེབ་རྒྱུ་མ་རེད་བསམ་གི།
ཆུ་ངོགས་གཏམ་རྒྱུད་ཀྱི་དཔའ་བོ་ལ་ལ་ལས་འཕྲེོས་ཏེ་འཇམ་དབྱངས་ནོར་བུ་གླེང་བ།
༡
འཚུབ་མ་ནག་པོའི་དགྲ་སྟ་ནི།
གཡས་པས་མ་གསོད་སྟག་ཚོགས་བསད།
གཡོན་པས་དགྲ་ཟླ་ཉ་ལྟར་བཏུབས།
དཔའ་བོའི་ཀླུ་ཁེ་ཨག་ཚོམས་ཅན།
འཇམ་དབྱངས་ནོར་ཡིན་པར་སྙམ།
༢
རྡ་སའི་འདེབས་ནས་ཆང་གང་འཐུང་།
ཁ་བརྡར་སླེབས་ནས་གཏམ་ཞིག་སྤེལ།
རང་བཙན་ཁུ་ཚུར་ལྕགས་ཐོ་དེ།
རྒྱ་སྟག་འགོ་ལ་གྲངས་མེད་བསྣུན།
ཀུན་རྒྱུ་བོ་སོང་འཇམ་ནོར་ཡིན།
༣
སངས་རྒྱས་རིང་བསྲེལ་སོ་ཆག་དེར།
དད་པ་སྤུ་ཙམ་མ་སྐྱེས་པར།
ཕྱིར་མི་ལྡོག་པར་འཐབ་ར་རུ།
འཇུག་པའི་བཙུན་གཟུགས་ལོ་ཀྲི་ཤྲིན།
རང་བཙན་རྩོད་པའི་འཇམ་ནོར་ཡིན།
༤
བརླ་ནི་འདར་ཞིང་དཔའ་ནི་ཞུམ།
མིག་རྒྱང་ཕལ་ཆེར་རྒྱང་གྲགས་ཙམ།
བདུད་འཇོམས་མཚོན་ནི་འདེགས་ནུས་བྲལ།
ཁ་ནས་ཞི་མོལ་ཁོ་ན་སྨྲ།
སྐྱེས་བུ་དེ་ཚོ་སུང་ཅིང་ཡིན།
སོ་ཞེ་ཟེར་བ་དེ་མི་འདོད་བཞིན་ལས་ཞོར་ཡིད་ལ་གང་ཤར་དུ་སྦྱར།
Sushi ཟེར་བ་དེ་མི་འདོད་བཞིན་ལས་ཞོར་ཡིདSushi ཟེར་བ་དེ་མི་འདོད་བཞིན་ལས་ཞོར་ཡིད་ལ
སྐལ་བཟང་མིང་ཅན་པར་ཞུ་རྒྱུ། སྤྱིར་བོད་པ་ཡིན་ཚད་ནང་ཆོས་ལ་དད་ག་ལ་དགོས་ལ་བླ་ཆེན་ཚང་མར་བསྐུར་དགོས་པ་ནི་དེ་བས་རྒྱུ་མཚན་མི་མཐོང་། བོད་ཀྱི་ལ་རྒྱ་ལྡན་ན་རྒྱལ་ཁབ་སུའི་མི་སེར་ཡིན་ནས་ཆོག རང་ཉིད་ལ་མི་སེར་གཉིས་གསུམ་ཡོད་པས་ལྷོད་ཤིག་གེར་མི་སྡོད་པར་བོད་དོན་ལས་གང་ཐུབ་གནོ་བསམ་དང་རྣམ་དཔྱོད་ལྡན་པའི་ལས་འགུལ་སྤེལ་མཁན་ཞིག་ལ་སྤྱིར་ནས་ཡི་རང་ཞུ་བ་ལས་ཁ་བརྡུང་གཏོང་བཏང་ན་ཝ་རིགས་ཝ་ལ་འདང་བའི་དཔེ་ལྟར་རོ། མ་གཞི་ནས་བོད་ལ་ནང་ཆོས་མིན་པས་ཆོས་ལུགས་ཡོད་ལ་བླ་ཆེན་ཡོད་ཚད་བསྐུར་འོས་པ་ཞིག་མ་མཐོང་།
མཁས་དབང་འཇམ་ནོར་གྱིས་གསུངས་བ་ཧ་ཅང་བདེན་པ་འདུག ཁྱེད་ལྟར་བོད་མི་མང་དུ་ཡོད་ན་བོད་ལ་རང་དབང་ཐོབ་པ་དཀང་ངལ་མི་འདུག དྲ་འབུ་ཁ་ཤས་ཆོས་ལུགས་མ་གཏོགས་བསམ་རྒྱུ་མེད་པ་འདི་བོད་འདི་མགྱོགས་པོ་འཇིག་པའི་སྔ་རྟས་རེད།
སེམས་ཤུགས་འདི་ཡི་ཆེ་ལུགས་ལ་བལྟས་ན།
ག་ས་གང་ནས་བཤད་སྟངས་ལ་བལྟས་ན།
ད་ལྟའི་བར་དུ་ཁ་སྟོང་བསྒྲགས་ལུགས་ལ་བལྟས་ན།
འཇམ་ནོར་འདིས་ཀྱང་རང་སྲོག་མཆོད་མེ་ལ་སྒྲོན་ནས།
འཛམ་གླིང་གསར་འགོད་པ་ཚོར་བྲེལ་ཚུགས་ཞིག་བསླངས་ནས།
རྒྱ་རིགས་ཁྲིམས་རྩོད་ལོང་བའི་གནས་སྟངས་ལྟར་འགྱུར་ནས།
བོད་ཀྱི་བདེན་དོན་མི་རིང་བདེན་མཐའ་ལ་ཐོན་ནས།
གཞེས་བྱེས་ལྷན་འཛོམས་ཡོང་བའི་ཉིན་མོ་ཞིག་ཤར་ན།
ཁོང་གི་མཛད་རྗེས་བོད་རིགས་ནམ་གནས་བར་ལོད་དྲན།།
གལ་སྲིད་ཁོང་གི་གླེང་མོལ་སྐོར་ལ་དགག་སྒྲུབ་གཉིས་ཀའི་ཕྱོགས་ནས་བསམ་ཚུལ་སྤེལ་མཁན་ཡོད་ན། གལ་སྲིད་བོད་རིགས་ཁྱོད་ཚོས་དབྱིན་ཡིག་ཡག་པོ་ཞིག་ཤེས་ན། ཁོང་གི་སྒེར་གཉེར་དབྱིན་ཡིག་ཟིན་བྲིས་སུ་ཕེབས་ཏེ་བསམ་ཚུལ་ཤོད་ན་ཡག་པོ་འདུག་ཟེར་ན་སྙན་པོ་འདུག་གོ། །།
ཆོས་དད་མེད་མཁན་རེད་ཅེས་སྡང་ཚིག་དང་ཟུར་ཟ་བྱེད་པ་ནི་དུས་རབས་ཉེར་པ་འདིར་ད་དང་རང་ཉིད་ཀྱི་མགོ་བོ་ཀླད་རུས་རྨོངས་པའི་མུན་ཁང་དུ་ཚུད་དེ་འཛམ་གླིང་མི་དམངས་ཀྱི་རྐང་རྗེས་ཙམ་ཡང་མཐོང་པའི་དན་རྟགས་ཡིན་པ་ཚིག་ཐག་བཅད་དེ་བཤད་ཆོག
བོད་ལ་རང་དབང་རང་བཙན་མེད་པ་འདི་ཡང་གནད་དོན་དེ་འདྲ་ཞིག་གི་བརྒྱུད་འབྲས་ཡིན་པ་དངོས་དོན་ལ་དཔྱད་ན་ཤེས་ཐབས།
དུས་རབས་ཉེར་གཅིག་པ་ཞེས་བཅོས་
སྐལ བཟང་ཟེར་བའི་ཁྱོད། །བླ་ཆེན་གྱི་ཞལ་ལ་ཉན་གྱི་ཡོད་ན། ཁྱེད་རང་གི་བཤད་སྟང་ཡ་རབས་དགོས།
དེ་ནི་བླ་ཆེན་ཏ་ལི་བླ་མས་རྒྱུན་དུ་གསུང་པ་དེ་རེད།
སྤྱིར་སྟངས་འཇམ་ནོར་གསུང་པ་དེ་ཚོ་དངོས་ཡོད་དྲང་དོན་དང་ལེགས་ཆ་ཡང་མང་པོ་ལེན་རྒྱུ་འདུག
གང་ལྟར་ང་ཚོ་བོད་མི་རིགས་ཀྱིས་བྱེད་མ་ཐུབ་པ་དང་མ་ཤེས་པ་དེ་ཚོ་ཚང་མས་མ་ནི་བགྲང་བགྲང་བྱེད་ཀྱི་ཡོད། འོན་ཀྱང་དགེ་སྐྱོན་གྱི་ལམ་སྟོན་ཐོག་ནས་ཐབས་ཤེས་ཀྱི་བྱུས་དེ་སུས་ཀྱང་གསར་གཏོད་ཐུབ་ཀྱི་མེད། དཔེར་ན། ནང་ཆོས་ནས་མི་ཆོག་པའི་དགག་ཕྱོགས་ཤ་སྟག་གསུང་པ་དེ་བླ་མ་དེ་ཚོས་ལུང་འདྲེན་པ་ལས་་འདི་ལྟར་མ་བྱས་ན་འདི་ལྟར་གྱིས་ཞེས་ད་ལྟའི་དུས་རབས་ལ་ཕན་ཐོགས་ཡོད་པ་སུས་ཀྱང་གསུང་ཐུབ་མེད། དཔེར་ན། ཤ་མ་ཟོས་ན་བཅུད་ལྡན་ཟས་འདི་ཡིན་འདིས་ཕན་ཞེས་རང་གི་ཉམས་མྱོང་ཐོག་ནས་སུ་ལའང་གསུང་ཐུབ་པའི་ཉམས་མྱོང་མེད། དེ་དེ་བཞིན་ང་ཚོས་སྤྱི་ཚོགས་ནང་དགག་པ་རྒྱག་ཐུབ་ཀྱི་ཡོད་ཀྱང་བསྒྲུབ་ཕྱོགས་ལག་ལེན་ངོ་མ་་སུས་ཀྱང་སྟོན་ཐུབ་ཀྱི་མེད།
ཁོང་ལྟ་བུ་མི་གཅིག་གིས་བཙན་བྱོལ་སྤྱི་ཚོགས་འདི་ལྟར་གཡོ་འགུལ་ཐེབས་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ། འདི་ནི། ཁོང་ལ་ཤེས་འཇོན་ལྷག་གསུམ་ལྡན་པ་འདི་ཡིས་ཡིན་ནོ། །
དངོས་གནས་སྐད་ཆ་བཟང་གི། ཁྱད་པར་དུ་རང་ལུས་མེ་ལ་སྲེག་མཁན་ཚོས་༸གོང་ས་མཆོག་བོད་ལ་ཕེབ་དགོས་ཞེས་པའི་ཚིག་དེའི་གོ་དོན་འབྲེལ་ཚུལ་དེ་དེ་སྔོན་སུས་ཀྱང་གསུང་ཡོད་པ་མ་ཐོས་དེས་ན་ང་ནི་གློ་བ་
དགའ།
ཟླ་བ་ནོར་བུ། འཇམས་དབྱངས་ནོར་བུ་ཁོང་ཚོ་བོད་པ་སྐད་རྙིང་པ་ཚོའི་དགྲ་ཡིན་ཡང་། འཛམ་གླིང་ས་གྲགས་རྣམ་གྲགས་ཀྱི་བོད་དོན་ཁྱབ་སྤེལ་བ་ཡོངས་གྲགས་པ་ཞིག་དང་། ངོམས་སུ་ཆོག་པའི་མཁས་དབང་ཡིན་ཟེར་ན་མི་ཆོག་པ་མེད། སྐད་རྙིང་པ་རྣམས་ལ་ནི་མ་ཎི་སྐྱོར་ཤེས་ཙམ་བྱུང་ན་དེ་གས་འགྲིག་པ་ཡིན།
འཇམ་དབྱངས་ནོར་བུས་གསུང་པ་བདེན། ཕྱི་རྒྱལ་ལ་ཡོད་པའི་བོད་མི་ཕལ་ཆེ་བ་དེང་སང་བོད་མི་ཕྱེད་ཀ་ཆགས་དང་ཆགས་བཞིན་པ་རེད། རང་གིས་བོད་ཡིག་ཡག་པོ་མི་ཤེས་པའི་འཚང་འགེབ་ཐབས་མི་བྱེད་པ་འདི་ཡང་གཟུ་བོར་གནས་པའི་རྟགས་ཤིག་ཅི་ལ་མིན།
ཽཁོང་གིས་གསུངས་པ་དེ་བདེན། འོན་ཀྱང་ཉེ་སྔོན་བཀའ་ཁྲི་མཆོག་ཨོ་སི་ཊི་རི་ཡར་ཕེབས་སྐབས་འདི་ལྟར་གསུངས་འདུག JUN 26 –
Tibet’s exiled political leader Lobsang Sangay on Tuesday said a spate of self-immolations in China was one of the few ways for oppressed and desperate people to assert their freedom. More than 30 people have set themselves on fire in Tibetan-inhabited areas of China since the start of March 2011 in protest at what they say is religious and cultural repression by the Chinese authorities.
༢༠༡༡ ཟླ ༣ པ་ནས་མགོ་བཙུགས་ཏེ་བོད་མི་༣༠ ལྷག་གིས་རང་ལུས་མེར་སྲེག་བཏང་ཚུལ་གསུངས་འདུག་པ་དེ་ནི་༢༠༠༩ ལོ་ནས་མེར་སྲེག་བཏང་པ་རྣམས་ཁོང་གིས་གྲངས་ཀར་རྩིས་གནང་མེད་པ་དང་མི་གྲངས་ཀྱང་ཉཱུུང་དུ་བཏང་ཡོད་འདུག གོང་གི་གནས་ཚུལ་ནི་ཡུལ་དེ་གའི་ཚགས་ཤོག་ནས་བཤུས་པ་ཞིག་རེད། དེ་འདྲ་གསུངས་དགོས་པའི་གནད་དོན་ཁོང་ལ་ཆེན་པོ་ཞིག་ཆགས་ཡོད་ངེས་རེད།
ལས་འགུལ་འདི་དོན་སྙིང་ཡོད་པ་ཞིག་རེད། མཁས་དབང་ཁོང་ནི་བོད་ཀྱི་བཙན་བྱོལ་ནང་ངོམ་འོས་པའི་མཁས་དབང་རེད། མི་དགའ་ནི་ཚོར་མེད་མུག་འདོན་པ་ལས་ཐབས་གཞན་མེད་དོ།
བཅར་འདྲིའི་ལས་ཀ་འདི་རིགས་ཚན་གསར་བ་ཞིག་རེད། དེ་ལ་དགའ་བསུ་ཡོད། དེང་སང་ཡིག་ཐོག་རྩོམ་ཡིག་གི་རིན་ཐང་མེད་འགྲོ་གི་ཡོད་དུས་བརྙན་འཕྲིན་འདི་བརྒྱུད་ལས་དོན་སྤེལ་ན་ཧ་ཅང་ཡག་པོ་འདུག
ལོག་སྨྲ་ཚར་གཅོད་མ་རེད་ལོག་སྨྲ་བ་ལཊ། བཀའ་ཁྲི་མཆོག་གིས་མི་སུམ་བཅུ་ལྷག་གསུངས་ན་སྐབས་དེ་དུས་མི་སུམ་བཅུ་ལྷག་ལས་འདས་གྲོངས་མེད་ཕྱིན་རེད། སྤྱིར་བཏང་སུམ་བཅུ་༼ལྷག༽ཅེས་པའི་ཚིག་དེས་སུམ་བཅུ་སོ་དགུ་ཚུན་ཆད་གོ་དགོས། དེས་ན་སོ་སོའི་སོ་སོར་དགག་པ་གནང་མཁན་ཞིག་ལས་གཞན་མི་འདུག། བོད་ཀྱི་བཀའ་ཁྲི་མཆོག་ལ་མ་དགའ་ན་སྡུག་གྱོང་རེད་ཡ། ༧གོང་ས་ཡིད་བཞིན་ནོར་བུའི་སྐབས་དང་དུས་ལ་བབས་པའི་མི་ཞིག་བསྒུག་བསྡད་པ་དེ་ད་སླེབས་བྱུང་གསུངས་པ་དེས་ལོག་སྨྲ་བ་ཚར་གཅོད་པའི་གཏམ་ལན་མིན་ན་གང་ཡིན།
བཅར་འདྲི་བྱེད་མཁན་དང་དྲི་བར་ལན་འདེབས་མཁན་གཉིས་ཀའི་ཐོག་ལ་ཞུ་རྒྱུ་ཁ་ཤས་ཡོད། དང་པོ་དྲི་བ་གཏོང་མཁན་སྐོར་ལ། ཁོ་གསར་འགོད་པ་དང་རྩོམ་པ་པོ་དེ་འདྲ་མ་རེད། རྒྱ་གར་དང་བལ་ཡུལ་ནང་དུ་རྟེན་འཚོང་དཔེ་འཚོང་རྒྱག་མཁན་དཀྱུས་མ་ཞིག་རེད། འབྲུག་བྷེ་ཟེར་བ་འདིས་དམིགས་ཡུལ་རྒྱབ་ལྗོངས་གང་འདྲ་ཞིག་གི་ཐོག་ནས་འཇམ་དབྱིངས་ནོར་བུ་ལ་བཅར་འདྲི་ཞུས་པ་ཤེས་མ་སོང་། ཡིན་ནའང་རང་ཉིད་གསར་ལམ་དུ་འཐོན་ཆེད་དེ་འདྲ་བྱས་པ་ཡིན་ན་སྤྱོད་པ་ཏག་ཏག་ཅིག་བསྡད་ཡོད་པ་མ་རེད། འཇམ་དབྱངས་ནོར་བུ་ལ་མཚོན་ན་སྤྱི་ཚོགས་ནང་གང་ལ་གང་འཚམས་མཐོང་དང་ཆ་འཇོག་ཡོད་མཁན་དེ་འདྲ་རེད། ཁོང་བེད་སྤྱོད་བཏང་སྟེ་སྒེར་དོན་མ་བསྒྲུབ་ན་བཟང་གི་རེད། གཉིས་པ་འཇམ་དབྱངས་ནོར་བུས་ཐེངས་འདིར་བཤད་པའི་སྐད་ཆ་དག་ལ་མཚོན་ན་ལ་རྒྱ་དང་ཤ་ཞེན། སེམས་ཤུགས་སོགས་ཡག་པོ་རེད། ཡིན་ནའང་དེ་དག་གང་ཟག་སྒེར་གྱི་ཚོར་བ་ཙམ་ལས་དངོས་ཡོད་གནས་སྟངས་ཐོག་ལ་འོས་འཚམས་ཡིན་མིན་ཡོད་པ་རེད། ལྷག་པར་དུ་ད་ལྟའི་དུས་ཚོད་འདིའི་ནང་ལ་འཇམ་དབྱངས་ནོར་བུས་བཤད་པའི་སྐད་ཆ་དེ་དག་བོད་པའི་རྩ་དོན་ཐོག་ཡོང་ཐབས་མེད་པ་ཞིག་རེད། ད་དུང་ཁོང་གིས་བཙན་བྱོལ་བོད་གཞུང་ལ་འདོད་པ་མ་འཁེངས་པ་དང་ངོས་ལེན་ཐུབ་མིན་གྱིས་སྐད་ཆ་འགའ་རེ་ཐོན་འདུག དེ་ཚོ་ད་ལྟའི་དུས་ཚོད་དང་གནས་སྟངས་འདི་འདྲའི་འོག་ནས་བཤད་རྒྱུ་ཞིག་རྩ་བ་ཉིད་ནས་མ་རེད་དྲན་ཡོད།
མེད་ཕྱིན་དེ་ཕྱིན་མེད་ལ་བཅོས་རོགས། མཁས་དབང་འཇམ་ནོར་ལཊ། དོན་དངོས་ཐོག་ཁ་ཡོད་ལག་ཡོད་ཀྱི་བོད་ལ་སེམས་ཁུར་དང་བོད་དོན་ཤ་ཞེན་ཅན་ཞིག་ཡིན་པ་མིག་མཐོང་ལག་ཟིན་ཡོད། ཁོང་སྒེར་གྱི་དངུལ་ཁུག་ནང་ནས་དངུལ་སྟོན་སྟེ་བོད་སྤྱི་བའི་དོན་དུ་འགྲོ་སོང་གཏོང་མཁན་ཞིག་ཡིན་པར་ཧ་མ་གོ་ན་སྐྱོ་བོ་རེད་ད། ཁ་ཤས་གི་ཁོང་མི་ངན་རེད་ཟེར། བསམ་བློ་ཐོང། མི་ངན་སུ་ཡིན་མིན་སོ་སོའི་བྱས་རྗེས་ལ་བལྟས་ནས་སྐད་ཆ་ཤོད་དང་ཧ་གོ་ངེས། མི་ལོ་མང་པོར་འགྱུར་མེད་དམ་བཅའ་བརྟན་པོའི་སྤྱི་དོན་ལ་ཐུགས་ཁུར་དང་བྱ་བ་སྒྲུབ་བཞིན་པ་འདིའི་ག་རེ་མཚོན་ཐུབ། དེ་ཡང་འགྱུར་མེད་ཆོད་སེམས་བརྟན་པོས་རང་གི་ལངས་ཕྱོགས་བཟུང་བ་འདིའི་ག་རེ་མཚོན་ཐུབ། མི་ངན་རེད་བས།
མཁས་དབང་འཇམ་ནོར་ནི་རང་བཙན་འཐབ་རྩོད་པ་ཞིག་ཡིན་མོད། བོད་ནང་དུ་རང་ལུས་མེར་སྲེག་བྱུང་བ་ལ་ཅུང་མི་དགའ་བའི་རྣམ་འགྱུར་བསྟན་པ་ནི་ཤིན་ཏུ་མ་འོས་པ་ཞིག་རེད། བོད་མི་རིགས་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་གི་མི་ལུས་རིན་ཆེན་དེ་མཆོད་མེ་རུ་སྒྲོན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག་ཏུ་གྱུར་བ་ཞིག་ཡིན་པས་ང་ཚོ་ཚང་མས་དཔའ་བོ་ཁོང་རྣམས་ལ་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེའོ།
ལྷ་སྲས་ཐང་ཆང་ལགས། ངེད་ཀྱིས་གོང་གི་དྲི་བ་གནད་འགག་ཅན་དེ་ཚོ་ཉན་ཡིན་ཡང་། ཥཀས་དབང་ཁོང་གིས་བོད་ནང་གི་མེར་བསྲེགས་ཐད་ཡི་མ་ི་རངས་པའི་རྣམ་འགྱུར་དང་སྐད་ཆ་རྩ་ནས་བཤད་མི་འདུག ཁོང་གིས་འདི་ལ་གནད་འགག་ཆེན་པོས་གཟིགས་ཐུབ་གནང་འདུག་གོ
འཇམ་དབྱངས་ནོར་བུ་ལྟ་བུ་མི་ངན་ཁོང་གིས་་གོངས་ས་མཆོག་ལ་སྐུ་བ་འདེབས་མཁན་
ཨང་དང་པོ་དེ་རེད་། ཁ་བཤད་རྒྱུ་རང་བཙན་རེད་། ལག་ལེན་ལྟར་རྒྱུ་བོད་ནང་ཁུལ་དཀྲུགས་
ཤིང་རེད་། དོལ་རྒྱལ་ཚོགས་པའི་རྗེས་འབྲང་གཉིས་པ་རེད་། དེ་ཚོ་ཧ་མ་གོ་མཁན་དེ་ལྐུགས་པ་རེད་།
ཁོང་གི་གོངས་ས་མཆོག་དེ་རང་བཙན་རྒྱ་ལག་སྤྲོད་མཁན་རེད་ཟེར་གི་ཡོད་རེད་།
འཇམ་ནོར་ཟེར་འདི་ལ་ཐེངས་དང་པོ་ལོ་༩སྔོན་ལ་རྡ་ས་ནས་འཕྲད་ཡིན། དེ་དུས་བདག་སློབ་མ་ཡིན་ལ་ཁོ་དང་ཁོ་ལྟ་བུའི་སྐྱེས་བུ་དག་ལ་ཡིད་སྨོན་བྱེད་ཀྱིན་ཡོད། ཡིན་ཡང་ལོ་ཁ་ཤས་ཤིག་སྔོན་ལ་ཁོ་བོའི་གོང་ས་མཆོག་གི་ལམ་དབུ་མ་ལ་རྒྱབ་འགལ་དང་གོང་ས་མཆོག་ལ་རྒྱབ་འགལ་བྱས་པ་རེད་ཟེར།
ཉི་མ་དེ་ནས་བཟུང་བདག་གིས་མིག་ནང་གི་མཁས་པ་དེ་ཡིད་ཐང་ཆད་སོང་། ཁ་སང་གཟའ་ཉི་མའི་ཉིན་གྲོགས་པོ་ཁ་ཤས་དང་མཉམ་ཏུ་ཁོ་བོའི་གཏམ་བཤད་(མེད་ཐུབ་མེད་པའི་རང་བཙན) ཞེས་ཁ་བྱང་ཆེན་པ་ཞིག་གི་སྣེ་ལ་འཐམ་ཡིན། ཡིན་ཡང་བདག་གིས་དེ་རིང་དངོས་གནས་ཉན་རྒྱུ་ཞིག་ཡོད་པར་བསམ་ནས་དེ་ལ་ཆས་ཡིན། ཡིན་ཡང་ཁོ་བོ་དེ་ལ་ཆུ་ཚོད་གཅིག་ལྷག་བསྡད་ཡིན། ཡིན་ཡང་ཁོང་གིས་གཏམ་བཤད་དང་བརྗོད་བྱ་འབྲེལ་མེད་དོན་གཞི་དང་འབྲེལ་བ་མེད་པ་ཞིག་ཆགས་སོང་། དེའི་རྐྱེན་ཀྱིས་བདག་བཙན་བྱོལ་དུ་ཡོད་པའི་མཁས་མིང་འཛིན་པ་འདི་དག་ལ་ངོ་གདོང་གཞན་ཡོད་པ་ཤེས་སོང་།
དྲ་གྲོགས་ཚོས་བསམ་བློ་ཡག་པོ་མཐོང་དང་གོང་ས་མཆོག་གིས་ཞབས་ཀྱི་བཅག་ནས་བྱིན་ཀྱིས་རླབས་ནས་ད་གཟོད་ང་ཚོས་ལ་རྒྱབ་སྐྱོར་གང་ལ་གང་མཚམས་ཤིག་ཐོབ་རེད། ད་བར་གཞུང་དང་ཚོགས་པ་སྒེར་སུ་ཞིག་བོད་པའི་རང་བཙན་རྩོད་ཀྱིན་པར་རྒྱབ་སྐྱོར་བྱས་སོང་། ང་ཚོས་ལམ་དབུ་མར་སྐྱབས་སུ་བཅོལ་དེ་འབྲས་བུ་ཡག་པོ་ཞིག་མ་ཐོབ་ན་རང་བཙན་རྩོད་དེ་འབྲས་བུ་ཤིག་མི་ཐོབ་པ་ནི་བཤད་མ་དགོས་བ་ཞིག་རེད། དེའི་རྐྱེན་ཀྱིས་འདུག་ས་ཨ་རི་ནས་བསྡད་རང་ཉིད་བོད་པ་ཕྱེད་ཙམ་ཡིན་པར་སྨྲ་མཁན་གི་གང་ཟག་འདི་དག་གི་ཁ་ལ་མི་ཉན་པར་ང་ཚོ་ཚང་མ་རྡོག་རྩ་གཅིག་སྒྲིལ་གིས་གོང་ས་མཆོག་གི་རྗེས་སུ་བསྙེག་ན་ད་གཟོད་ང་ཚོ་ལ་ཐོབ་འོས་བ་དེ་ཐོབ་ཟེར། དེ་མ་གཏོགས་རང་བཙན་རྩོད་མཁན་དག་གི་རྗེས་སུ་བསྙེགས་པ་ཡིན་ན་ང་ཚོ་ཡང་བསྐྱར་རྡ་སའི་རུ་ཁུག་ནས་ལོ་ངོ་བརྒྱ་འམ་ཡང་ན་དེ་ལས་མང་པོ་ཞིག་ལ་འདུག་དགོས་པ་བདག་གིས་མགོ་དཔང་ལ་བཞག་ཆོག
སྐལ་བཟང་ལགས་ང་ཚོ་བླ་མར་དད་པ་ཡོད་དགོས་པའི་རྒྱུ་མཚན་ཅི་ཞིག་ཡོད་དམ།
ངོ་མ་བསམ་བློ་ཞིབ་མོ་བཏང་ནས་བཤད་ན་འཇམ་དབྱངས་ཁོང་རང་ལ་ཁོང་རང་གིས་བསམ་ཚུལ་དང་ལྟ་ཚུལ་བརྗོད་པའི་དབང་ཆ་ཡོད་པ་རེད་ལ།་་་ཡོད་པ་ནང་བཞིན་ཁོང་རང་མི་སྒེར་གྱི་བསམ་ཚུལ་རྣམས་དངོས་གནས་དྲང་གནས་ཡག་པོ་གསུངས་འདུག་་་་སྤྱིར་ཆོས་ལུགས་ལ་དད་པ་ཡོད་མེད་དང་བླ་མ་ལ་དགའ་མ་དགའ་དེ་མི་སྒེར་གྱི་འདོད་པ་རེད།་་་དེ་ཙམ་གྱིས་ཁོང་གིས་ལྟ་བ་དང་སེམས་ཤུགས་ནག་ཕྱོགས་སུ་བསྒྱུར་ན་ངོ་མ་ཕམ་པོ་རེད།་་་་ཁོང་ལྟ་བུ་མི་ཡོན་ཏན་ཅན་ཡིན་པ་གང་ཞིག་ལ་རང་ཚུགས་དང་རང་གཤིས་བརྟན་པོས་རང་གི་ལྟ་ཚུལ་རྣམས་གསལ་བོ་ཤོད་མཁན་ང་ཚོ་བྱེས་འབྱོར་འདི་ན་ག་ཚོད་འདུག་་་་ངའི་བསམ་ཚུལ་ཡིན་ན་ཁོང་གིས་ག་རེ་གསུང་ནའང་གསུངས།་་གཙོ་བོ་ང་ཚོས་ཁོང་གི་གསུང་དོན་ལ་དབྱེ་ཞིབ་བྱས་ནས་གང་ཞིག་དུས་དང་གནས་བབས་ལ་འཚམས་པ་དང་།་་གང་ཞིག་དུས་དང་གནས་བབས་ཆ་ནས་འོས་མིན་སོགས་ལ་བསམ་ཞིབ་ལེགས་པོ་བྱས་ཏེ་ལེགས་པའི་ཆ་ལ་སློབ་སྦྱོང་བྱེད་དགོས་པ་ནི་མི་གཞི་ཅན་གྱི་གཤིས་ཀ་ཡིན།
དྲ་གྲོགས་ཚོ། དད་པ་དམ་ཚིག་འདྲ་འཁྱེར་གནས་ལུགས་ཤིག་ཡོང་ནི་མ་རེད། གཙོ་བོ་དངོས་ཡོད་གནས་ཚུལ་གྱི་སྐད་ཆ་རེ་ཤོད་དང་ཉན་འདོད། མཁས་དབང་ཁོང་ལ་དོན་མེད་པའི་སྒྲོ་འདོགས་མ་བྱེད་ན་ཧྲ་ཡ།
གོང་གི་བོད་ཕྲུག་ཟེར་བ་དེ་བོད་ཕྲུག་ངོ་མ་ཞིག་གམ་ཡང་ན་རྒྱ་ཕྲུག་སྤྱང་ཀིས་ལུག་ལྤགས་གྱོན་ཚུལ་ཞིག་ཡིན་ནམ།
འཇམ་དབྱངས་ནོར་བུར་ནག་ཉེས་སྐྱོན་འཛུགས་བྱེད་པར་ཁུངས་སྐྱེལ་ར་སྤྲོད་དགོས་པ་ལས་ཁྲོན་པ་རྦལ་དོང་གི་ལྟ་བ་དང་རྣམ་རྟོག་ཕྱོགས་ཞེན་གྱི་འཛིན་པ་སྙིང་ལ་སྡུག་སྟེ་མི་དཀར་ལ་ཞྭ་ནག་གཡོག་ཐབས་བྱེད་པ་ནི་རང་གི་ནང་རོལ་ཕྱི་ལ་བཏོན་པ་ལས་གཞན་གང་ཞིག་མ་མཐོང་།
རེབ་ཐོག་མདའ་ལགས། ཁྱེད་ཀྱི་སེམས་པ་གདོན་གྱིས་བཟུང་ཞིང་།མིག་ལ་འཁྲུས་ནད་ཞུགས་ཏེ་ཁ་སང་མཁས་དབང་ཁོང་གི་གཏམ་ལ་རིན་ཐང་མེད་ན་མགཏོགས། ང་ཚོ་བོད་མི་རུས་པ་ཅན་ཚོར་ངོ་མ་རེ་བ་གསར་བ་ཞིག་དང་སློབ་སྦྱོང་གསར་བ་ཞིག་རག་སོང་། ཨ་མདོ་བོད་ཡིག་ཤེས་མཁན་ཁྱེད་ཚོ་ལས། བརྒྱ་འགྱུར་སྟོང་འགྱུར་གྱི་ཁོང་ལ་ཁྱད་ཆོས་ཡོད་པར་ངེས།
འཇིག་རྟེན་གྱི་གནས་ལུགས་དང་འགྲོ་སྟངས་ཅུང་མི་ཤེས་མཁན་ཚོས་འཇམ་ནོར་ལ་དགག་པ་རྒྱག་ཁུལ་བྱེད་པ་ནི་དོན་གྱིས་རང་ཚང་སྟོན་པའི་རྒྱུ་རེད། སྐུ་མདུན་ལ་དད་པ་མེད་ན་བོད་པའི་སྤྱི་ཚོགས་ཁྲོད་དུ་གནས་མི་ཆོག་པ་རེད་དམ། ནང་ཆོས་ལ་དད་མེད་ན་བོད་མི་བྱས་མི་ཆོག་པ་རེད་དམ། དེ་འདྲའི་བདུག་རྩུབ་ཆེ་བ་ལ། དེ་འདྲའི་ཧམ་པ་ཆེ་བ་ལ། བོད་ཀྱི་སྤྱི་ཚོགས་ནང་ཆོས་དད་ཡོད་མཁན་དང་མེད་མཁན། བླ་མ་ལ་དད་མཁན་དང་མི་དད་མཁན་ཚང་མ་སྡད་ཆོག་སའི་ཁོར་ཡུག་ཅིག་དགོས་བ་ལས་ནང་པ་རྐྱང་རྐྱང་དང་བླ་མའི་རིང་ལུགས་རྒྱབ་སྐྱོར་བྱེད་མཁན་ལ་དབང་ག་ལ་སྲིད། དེ་ལྟར་ཡིན་ན་རྒྱ་ནག་ལས་ཀྱང་བདུག་རྩུབ་ཆེ་པས་ཤེས་ལྡན་སུ་ཞིག་གིས་རྒྱབ་སྐྱོར་བྱེད་ནུས་ལ། དེ་འདྲའི་སྤྱི་ཚོགས་ཡོངས་ཐབས་མེད་ལ། ཡོད་ན་བོད་ཙམ་མ་ཟད་འཇིག་རྟེན་གྱི་གྱོང་གུད་རེད།
སྐུ་ལུས་མཆོད་མེ་ཕུལ་མཁན་ལ་རྒྱབ་སྐྱོར་བྱེད་མཁན་ཀུན་གྱིས་རང་ཉིད་ཀྱི་མེ་སྲེགས་བཏང་དགོས་ཟེར་བ་ནི་་དོན་གྱིས་དགྲ་བོས་ལྟ་སྟངས་རྣལ་མ་ཞིག་རེད།། གང་ཡིན་ཟེར་ན་སྐུ་ལུས་མེ་སྲེགས་སྟངས་མཁན་དང་དེ་ཚོའི་ཕྱོགས་གཏོགས་ཀུན་རྩ་མེད་བཟོ་རྒྱུའི་འཆར་གཞི་ཡིན་པ་མ་ཟད་གནས་ལུགས་དང་མི་མཐུན་པས་ཡིན། དེ་ལྟར་ཡིན་ན། མོའོ་ཡིས་ག་རེ་བྱས་ནས་གསར་རྗེས་ཀྱི་ཆེད་དུ་རང་སྲོག་མ་བཏང་བ་ག་རེ་རེད། ཏཱ་ལའི་བླ་མས་ཆོས་ཀྱི་ཆེད་དུ་རང་སྲོག་མ་བཏང་བ་ག་རེད། བོད་ནང་གི་བོད་མི་ཕལ་ཆེར་བོད་རང་ལ་མོས་འདོད་ཡོད་ཀྱང་དེ་རྒྱུ་མཚན་དུ་བྱས་ནས་ཚང་མ་ཁྲོམས་སུ་ཐོན་ནས་རྒྱ་ནག་ལ་ངོ་རྒོལ་བྱེད་དགོས་རེད་དམ། ཁྲོམ་དུ་ཐོན་ནས་ངོ་རྒོལ་བྱེད་མི་ཐུབ་མཁན་གྱིས་བོད་དོན་གླེང་མི་ཆོག་པའམ་ངོ་རྒོལ་བྱེད་མཁན་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཐོབ་ཐང་མེད་པ་རེད་དམ། དེ་འདྲ་ཡིན་ན་བོད་དོན་ལ་ཤ་ཞེན་མ་བྱེད་པའི་སྔོན་ཁྲོམས་སུ་ཐོན་ནས་རྒྱ་རྒོལ་བྱས། བཙོན་ནས་ཐོན་རྗེས་ད་གཟོས་བོད་དུ་སྐད་ཆ་ཆོག་པའི་ཐོབ་ཐང་རེག་པ་རེད་དམ།
ནོར་བཅོས།
འཇིག་རྟེན་གྱི་གནས་ ལུགས་དང་འགྲོ་སྟངས་ཅུང་མི་ཤེས་མཁན་ཚོས་འཇམ་ནོར་ལ་དགག་པ་རྒྱག་ཁུལ་བྱེད་པ་ནི་ དོན་གྱིས་རང་ཚང་སྟོན་པའི་རྒྱུ་རེད། སྐུ་མདུན་ལ་དད་པ་མེད་ན་བོད་པའི་སྤྱི་ཚོགས་ཁྲོད་དུ་གནས་མི་ཆོག་པ་རེད་དམ། ནང་ཆོས་ལ་དད་མེད་ན་བོད་མི་བྱས་མི་ཆོག་པ་རེད་དམ། དེ་འདྲའི་བདུག་རྩུབ་ཆེ་བ་ལ། དེ་འདྲའི་ཧམ་པ་ཆེ་བ་ལ། བོད་ཀྱི་སྤྱི་ཚོགས་ནང་ཆོས་དད་ཡོད་མཁན་དང་མེད་མཁན། བླ་མ་ལ་དད་མཁན་དང་མི་དད་མཁན་ཚང་མ་སྡད་ཆོག་སའི་ཁོར་ཡུག་ཅིག་དགོས་བ་ལས་ནང་པ་ རྐྱང་རྐྱང་དང་བླ་མའི་རིང་ལུགས་རྒྱབ་སྐྱོར་བྱེད་མཁན་ལ་དབང་ག་ལ་སྲིད། དེ་ལྟར་ཡིན་ན་རྒྱ་ནག་ལས་ཀྱང་བདུག་རྩུབ་ཆེ་པས་ཤེས་ལྡན་སུ་ཞིག་གིས་རྒྱབ་ སྐྱོར་བྱེད་ནུས་ལ། དེ་འདྲའི་སྤྱི་ཚོགས་ཡོངས་ཐབས་མེད་ལ། ཡོད་ན་བོད་ཙམ་མ་ཟད་འཇིག་རྟེན་གྱི་གྱོང་གུད་རེད།
སྐུ་ལུས་མཆོད་མེ་ཕུལ་མཁན་ ལ་རྒྱབ་སྐྱོར་བྱེད་མཁན་ཀུན་གྱིས་རང་ཉིད་ཀྱི་མེ་སྲེགས་བཏང་དགོས་ཟེར་བ་ནི་་ དོན་གྱིས་དགྲ་བོས་ལྟ་སྟངས་རྣལ་མ་ཞིག་རེད།། གང་ཡིན་ཟེར་ན་སྐུ་ལུས་མེ་སྲེགས་སྟངས་མཁན་དང་དེ་ཚོའི་ཕྱོགས་གཏོགས་ཀུན་རྩ་མེད་བཟོ་རྒྱུའི་འཆར་གཞི་ཡིན་པ་མ་ཟད་གནས་ལུགས་དང་མི་མཐུན་པས་ཡིན། དེ་ལྟར་ཡིན་ན། མོའོ་ཡིས་ག་རེ་བྱས་ནས་གསར་རྗེས་ཀྱི་ཆེད་དུ་རང་སྲོག་མ་བཏང་བ་རེད། ཏཱ་ལའི་བླ་མས་ཆོས་ཀྱི་ཆེད་དུ་རང་སྲོག་མ་བཏང་བ་ག་རེ་རེད། བོད་ནང་གི་བོད་མི་ཕལ་ཆེར་བོད་རང་དབང་ལ་མོས་འདོད་ཡོད་པས་ཁྲོམས་སུ་ཐོན་ནས་རྒྱ་ནག་ལ་ངོ་རྒོལ་བྱེད་དགོས་རེད་དམ། ཁྲོམ་དུ་ཐོན་ནས་ངོ་རྒོལ་བྱེད་མི་ཐུབ་མཁན་གྱིས་བོད་དོན་གླེང་མི་ཆོག་པའམ་ངོ་རྒོལ་བྱེད་མཁན་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཐོབ་ཐང་མེད་པ་རེད་དམ། དེ་འདྲ་ཡིན་ན་བོད་དོན་ལ་ཤ་ཞེན་མ་བྱེད་པའི་སྔོན་དུ་ཁྲོམས་སུ་ཐོན་ནས་རྒྱ་རྒོལ་བྱས། བཙོན་ནས་ཐོན་རྗེས་ད་གཟོད་བོད་དོན་དུ་སྐད་ཆ་བཤད་ཆོག་པའི་ཐོབ་ཐང་རེག་པ་རེད་དམ།
མཁས་གྲུབ་ཟེར་བ་ཞིག་གིས་བསང་ཆུ་འབྲུག་བྷེ་ལ་འཇམ་དབྱངས་ནོར་ལ་དྲི་བ་འདྲི་བའི་ཐོབ་ཐང་མེད་པ་རེད་གསུངས་པ་ཅེས་ཕྱིར། དེ་ནི་མཐོང་ཆུང་གི་སྐད་ཆ་ཡིན་པ་འདྲ།
ཕྱིའི་རྒྱལ་ཁབ་ན་་བུ་ཆུང་ལོ་བཅུ་ཚུན་ཆད་ཀྱིས་༧སྐྱབས་མགོན་རིན་པོ་ཆེར་དྲི་བ་བཏོན་པ་དངོས་སུ་མཐོང་མྱོང་།
རང་བཙན་འཐབ་རྩོད་པ་ཡིན་ན་རང་སྲེག་གི་ལས་འགུལ་ནང་ཞུགས་དགོས་པའི་ཁྱབ་པ་ཞིག་ཡོད་དམ།
བོད་རང་བཙན་ཆེད་གཏམ་བཤད་གནང་མཁན་དང་སེམས་ཤུགས་ཡོད་མཁན་ཡིན་ན་ངེས་པར་དུ་རང་ལུས་མེར་སྲེག་དང་། སྨོན་ལམ་འདོན་པ། སྐད་འབོད་རྒྱག་པ། མར་མེའི་ཁྲོམ་སྐོར་བྱེད་པ་ལ་སོགས་པའི་རྒྱུན་ལྡན་གྱི་ལས་འགུལ་དེ་ཚོ་ཁོ་ནའི་ནང་འཛུལ་ཞུགས་བྱེད་དགོས་
སམ། མཆན་ཞབས་པ་ཅོལ་ཆུང་གི་ཁྲོན་པའི་ནང་གི་སྦལ་པ་རྣམ་པ་ཚོ།
སྣྲོན་ཁྲིས་ཚིགས་ལྷུག་ཀྱང་འབྲི་ཤེས་གི་འདུག་ག
བོད་ཀྱི་འཐབ་རྩོད་ནི་རང་བཙན་མེད་ན་ཡོང་ཐབས་མེད་པ་སྟེ་གཏིང་ཇེ་གསལ་ཁ་ཇེ་གསལ་འགྲོ་གི་འདུག་པ་ཁ་སང་མཁས་དབང་ཁོང་གི་གསུངས་བྱུང་། དེ་ལས་ཡན་གི་དྲང་བོ་དང་ཤ་ཚའི་གཏམ་ཞིག་བོད་ལ་བཤད་རྒྱུ་སུ་ལ་མེད། རྡ་སའི་རི་འགོ་ན་ལྷ་བཟང་ཚེ་རིང་། ཀླུ་མཁར་བྱམ་ཁོ་ཚོ་ལྟ་བུའི་མི་མཐོང་རྒྱུ་ཁག་མོ་རེད།
འཇམ་དབྱངས་ནོར་བུས་བོད་ཀྱི་ས་མཚམས་འབྲུ་ཆུའི་ཕར་རྒྱུད་ཚུར་རྒྱུད་ཞེས་བར་ས་མཚམས་མ་རེད་མེ་མཚམས་བཞག་པ་རེད་ཟེར་བའི་ཡིག་ཆ་ཡོད་ཚུལ་གསུངས་སོང་། དེའི་བསྐོར་ཀྱི་ཡིག་ཆ་དག་མོ་རེ་དྲ་སྟེང་དུ་བཞག་ཐུབ་ནི་འུ་ཡོད་།
སྤྱིར་དྲི་བ་འདྲི་མཁན་དང་ལན་འདེབས་མཁན་གཉིས་ཀ་ཧ་
ཅང་ཡག་པོ་རེད། དྲ་འབུ་ཚོ་ནི་དྲ་འབུ་རང་རེད། རང་ཉིད་
ལ་abcdཡི་སྤྱི་སྐད་དང་། རྒྱལ་སྤྱིའི་རྨང་གཞིའི་ཤེས་བྱ་ཕར་
ཟད། ཀ་ཁ་སུམ་ཅུའི་ཁ་གྲངས་ཙམ་པོ་བགྲང་རྒྱུར་ཡང་ཁག་
ས་ན། སྡེ་དཔྱོད་ལྡན་ཚོས་འདི་ལྟར་དོགས་འདྲི་དང་གནད་ལ་
ཕོག་པའི་ལན་བཏབ་པ་དག་ལས། གནས་ལུགས་ཤིག་གམ་
གནད་དོན་མི་འཚོལ་བར། ད་དུང་རང་ཉིད་ཀྱི་རྨོངས་པ་ལས
་ཀྱང་རྨོངས་པའི་བློ་མིག་དོག་པོ་དེ་ངོས་མ་ཟིན་པར། ཁོང་
གཉིས་ཀྱི་སེམས་སུ་ཡོད་མེད་ཀྱི་རབ་བཏགས་སྣ་ཚོགས་བྱས་
པ་ནི་ཇི་འདྲའི་ངོ་ཚ་ཞིང་། སྐུ་ལས་ཐོལ་བ་ཞིག་བརྒྱབས་མི་
འདུག་ཨང་། སྙིང་རྗེ།
ཁ་སྟོང་ནང་ནས་ཚིག་སྟོང་ལབ་པ་རེད། ལག་ལེན་སྟེང་སྟོང་པ་སྟོང་རྐྱང་རེད།
མཁས་དབང་འཇམ་ནོར་ཁོང་༧གོང་ས་མཆོག་ལ་དད་པའམ་ཡིད་ཆེས་མེད་པ་མིན་ན་ཡང་། དབུ་མའི་ལྟ་བའམ། ཡང་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས། ག་འདྲ་ཞིག་ཡོད་ཅེ་ན། དང་པོ་རང་བཙན་དང་། དེ་ནས་རང་སྲིད་རང་སྐྱོང་། ད་ལྟ་དབུ་མའི་ལམ་ཞེས་འཆར་གཞི་ངེས་ཅན་གང་ཡང་མེད་པའི་བོད་མིའི་རྩ་དོན་སྒྲུབ་ཕྱོགས་ལ་ཁོང་གིས་ངོས་ལེན་བྱེད་ཀྱི་མེད། གང་ལྟར་འཇམ་ནོར་ཁོང་རྡ་སའི་རྐང་ཐུང་ཁྲོམ་ར་དང་གངས་སྐྱིད་ཀྱི་རླངས་འཁོར་འབབས་ཚུགས་སུ་འགྲོ་ཐེངས་རེར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྤྱི་དང་། གཙོ་བོ་ཀུ་དོག་གྲོང་ཚོའི་ཆབ་སྲིད་པ་མང་ཆེ་བར་འགུལ་བསྐྱོད་པ་རེའམ་དཀྲུགས་དཀྲུགས་རེ་བྱེད་པ་མཁས་དབང་ཁོའི་གཟི་བརྗིད་རེད། བསྐྱར་དུ་འདིར་བཤད་འདོད་པ་ཞིག་ལ་གལ་སྲིད་ཁྱེད་ཚོའི་འཇམ་ནོར་དང་། བསྟན་འཛིན་བརྩོན་འགྲུས་སོགས་བོད་ཀྱི་བདེན་དོན་རང་བཙན་གྱི་ཕྱོགས་སུ་ཨུ་ཚུགས་རྒྱག་བཞིན་པ་རྣམས་ལ་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་བྱ་འདོད་ན་འཇམ་ནོར་སྒེར་གྱི་ཟིན་བྲིས་ http://www.jamyangnorbu.com ཕེབས་རོགས། ཟིན་བྲིས་དེ་ནི་འཛམ་གླིང་ཐོག་བོད་དོན་དྲིལ་བསྒྲགས་ཀྱི་དྲ་ཚུགས་ཀློག་གྲངས་མང་ཤོས་ཀྱི་གྲས་ཡིན་ལ། མཚམས་རེར་འཇམ་ནོར་གྱི་ཟིན་བྲིས་རེར་མཆན་ཆིག་སྟོང་ལྷག་བཀོད་པའང་ཡོད། དེ་མིན་ཁ་བརྡ་ཚང་གི་ཐབ་རྩ་ནས་ཚོར་བ་ཅི་ཙམ་བརྡར་ཡང་ཕན་ཐོག་མེད། འཇམ་ནོར་གྱིས་གོང་དུ་བཤད་པ་ལྟར་ཁོའི་བོད་ཡིག་གི་གནས་སྟངས་སྐྱོ་བོ་ཡིན་པ་གསལ་བོ་བྱས་སོང་། འཇམ་ནོར་གྱི་ལྟ་བ་རྒྱལ་ལོ། རང་བཙན་རྒྱལ་ལོ།། །།
གོང་དུ་མཆན་་་༣༤་བ་དང་་་་༣༩་བ་གཉིས་ཀྱིས་ཡག་པོ་གསུང་འདུག མཐོང་རྒྱ་དང་ཐོས་རྒྱ་ད་དུང་ཕྱོགས་གང་ལའང་དོད་སྣང་ཡོད་པ་དང་བསམ་བློ་གུ་ཡངས་པོར་གནང་མཁན་དག་རེད་སྙམ། མཆན་་་་་་༣༣་པ་ཡང་འགྲིགས་མི་འདུག་རྨོངས་དད་དང་བསམ་བློ་གུ་དོག་པོ་ཞིག་ཡིན་པ་ཁོ་རང་གི་བྲིས་པ་ལས་ཤེས་ཐུབ། ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི་བོད་པའི་སྤྱི་ཚོགས་ནང་ཤེས་ཡོན་པ་དང་ཆབ་སྲིད་པ་ག་ཚོད་ཡོད་པ་ཚང་མས་ཡིན་གཅིག་མིན་གཅིག་རྒྱལ་བ་རིན་པོ་ཆེ་ལ་དད་པ་བྱེད་དགོས་སམ། དེ་ལ་རྒྱུ་མཚན་ག་རེ་ཡོད། དེ་ནི་བཙན་པོ་དང་དབང་ཡོད་མ་རེད་དམ། སྤྱིར་དད་པ་བྱེད་དང་མི་བྱེད་སྒོས་སུ་རྒྱལ་བ་རིན་པོ་ཆེ་ལ་དད་པ་བྱེད་དང་མི་བྱེད་དེ་ཁོ་རང་ཚོའི་རང་དབང་རེད་བསམ་གི་འདུག འཇམ་དབྱངས་ནོར་བུ་དང་ཀླུ་དཀར་བྱམས་སོགས་བོད་པའི་རྩ་དོན་ལ་ཤུགས་སྣོན་རྒྱག་མཁན་དང་ཁ་ཡོད་ལག་ཡོད་ཀྱིས་བོད་པ་ལ་ཤ་ཚ་ཡོད་མཁན་རེད་བསམ་སོང་། འཛམ་གླིང་ཆབ་སྲིད་ཀྱི་སྡིངས་ཆའི་སྒང་ལ་ཁོང་ཚོས་གོ་ས་ངེས་ཅན་ཞིག་བཟུང་ཡོད་པ་ཤེས་དགོས། རྒྱལ་བ་རིན་པོ་ཆེའང་ཁོང་ཚོ་དང་ཁོང་ཚོ་ལྟ་བུའི་ཆབ་སྲིད་ཀྱི་ལམ་ཁ་འདྲ་མིན་སྟོན་གནང་མཁན་ལ་ཐུགས་མཉེས་པོ་ཡོད་པ་ལས། ལག་ལེན་གང་ཡང་མེད་པར་ལྟ་བ་མཁྲེགས་འཛིན་དང་རྨོངས་ཞེན་སྐྱང་བྱེད་མཁན་ལ་ཐུགས་མཉེས་པོ་ཡོད་པ་མ་རེད་བསམ། རྒྱུ་མཚན་དེ་ནི་རྗེས་ལུས་ཀྱི་རྣམ་པ་ཞིག་ཡིན་པའི་ཕྱིར།
འཇམ་དབྱངས་ནོར་བུས་གསུངས་པ་ལ་མངོན་པར་བསྟོད་དོ། དེ་དེ་བཞིན་ནོ།
སྤྱིར་བཏང་རྒྱ་ནག་དམར་པོའི་གཞུང་ལ་བོད་རང་བཙན་རྩོད་དུས་སྐྲག་གི་ཡོད་རེད་མ་གཏོགས་གཞན་གང་ལབ་ཀྱང་ཞེད་ཀྱི་ཡོད་མ་རེད། དེས་ན་མཐའ་གཅིག་ཏུ་རང་བཙན་རྩོད་དགོས་རེད། རང་བཙན་མ་རག་བར་དུ་གཉིས་ཕན་གྱི་ལམ་ཞིག་རྩ་བ་ནས་ཡོད་མ་རེད་དོ། (ཧ་ཧ་དབུ་མའི་ལམ་ཧ་ཧ)
སྔོན་མ་མཁས་དབང་འཇམ་དབྱངས་ནོར་བུ་ལ་རྡ་སའི་ཨ་མདོ་གྲྭ་ལོག་ཁ་ཤས་ཞིག་གིས་དགག་རྩོམ་བྲིས་རེད། མཁས་དབང་ནི་ནམ་ཡང་མཁས་དབང་ཡིན་རྐྱེན་ཨ་མདོ་གྲྭ་ལོག་སྡོམ་པོ་ཚོ་ཅི་བྱ་གཏོད་མེད་གྱུར་ཚར་རེད། ད་ཐེངས་ཡང་ཁོ་ཚོས་དད་པ་བཙོངས་ནས་ཁ་རྡུང་གཏོང་ཡང་མི་ཚང་མ་གཉིད་སད་ཡོད་ནས་སྐྲག་དགོས་ཅི་མེད།
མཁས་དབང་ཁོང་གིས་ཡག་པོ་གསུངས་འདུག རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་ཕྱིར་སྒྲོག་བྱེད་ཕྱོགས་ཐད་ཀྱི་བསམ་ཚུལ་དེ་ཡག་པོ་རེད་དེ་ཁོང་རང་ཉིད་ཀྱིས་ཁྱབ་བསྒྲགས་ཅི་ཙམ་བྱས་ཡོད་མེད་ཅང་གསུངས་མི་འདུག
ཨ་ཧ་བོ། རང་བཙན་གྱི་དེད་དཔོན་རྒས་ནས་ཅིག་ལ་ཐུག་འདུག
མདོར་སྡུས་ན་འཇམ་ནོར་གྱི་བོད་ཀྱི་བདེན་དོན་ནམ་ཡང་དོར་མྱོང་མེད།
མི་སུ་ཡིན་ནའང་དད་པ་ཡོད་མེད་ལ་མ་ལྟོས་པར་བོད་པའི་རྩ་དོན་སྒྲུབ་མཁན་ཞིག་ཡིན་ན་རྗེས་སུ་ཡི་རང་ཡོད། དད་པ་ཅན་ཞིག་ཡིན་ནའང་ལག་གཉིས་ཐལ་མོ་རྒྱག་རྒྱུ་ལས་གཞན་ཅང་མི་ཤེས་ན་འགྲིག་ཡོད་པ་མ་རེད་སྙམ།།།
འཇམ་དབྱངས་ནོར་བུ་ལྟ་བུ་ལ་འུ་ཚོའི་མི་རིགས་འདིའི་མ་བརྩིས་ན། ད་རེ་བ་ཞིག་མེད་ཁོ་ཐག་རེད།
ཡག་པོ་འདུག རྗེས་སུ་ཡིད་རང་ཞུ།
དྲ་འབུ་ཚོའི་ནང་དུ་དགེ་ཆོས་སྤྲུལ་རྫུན་ཡོད་ཀི་ད།
འབྲུག་བྷེ་ལགས།
བཅར་འདྲི་ངོ་མ་དཔེ་མེད་ཅིག་བྱས་འདུག བཀའ་དྲིན་ཆེ་ཞུ།
ཞོར་དུ་བསམ་ཚུལ་ཞིག་ཡོད། རྗེས་ཕྱོགས་བཅར་འདྲི་སོགས་བྱེད་དུས་ལུང་ཁུག་ཆུང་ཆུང་གི་ཁ་སྐད་མི་བཤད་པར་མཉམ་འཇོག་དགོས་འདུག དཔེར་ན། ཁྱོད་ཀྱིས་བོད་ནང་གི་རྩོམ་པ་པོ་ཞོགས་དུང་གི་མིང་ལ། ཞགས་དང་། ཞེས་སྨྲས་པས། འཇམ་དབྱངས་ནོར་བུས་མ་གོ་བར་མིང་ཆ་ཚང་ལ་གེ་རེ་རེད། ཅེས་ཐེངས་གཉིས་ལ་དྲིས་སོང་། མདོ་ལྷོའི་ཡུལ་ལུང་ཁ་ཤས་ཀྱི་ཡུལ་སྐད་དུ་དབྱངས་ཨོ་དང་ཨུ་ཡི་སྒྲ་ཉམས་པའི་སྐྱོན་འདུག དཔེར་ན། གཞུང་ལ་གཞང་དང་། གློག་ལ་གླག་ཅེས་འབོད་པ་ལྟ་བུས་མཚོན། དུས་རྒྱུན་གང་ལྟར་བཤད་ཀྱང་འགྲིག འོན་ཀྱང་བོད་སྤྱི་བའི་སྡིངས་ཆའི་སྟེང་ནས་ངེས་པར་དུ་ཐུན་མོང་གི་བརྡ་སྤྲོད་ལུགས་དང་བསྟུན་ན་ལེགས། དེ་མིན་ཁ་སྐད་ཀྱིས་དྲིས་ན་ཕ་རོལ་པོ་གོ་ལ་ལོག་པའི་སྐྱོན་འབྱུང་སྲིད། བསམ་ཚུལ་དུ་བྲིས་པས་དགོངས་འགལ་མེད་པ་ཞུ།
བཀྲ་ཤིས་ལགས།
ཞོགས་དུང་མ་གོ་བས་མ་རེད། ཞོགས་དུང་གི་མིང་ངོ་མ་བོ་ག་རེ་རེད་ཟེར་ནས་སྐད་ཆ་དྲིས་འདུག་ན་ཁྱོད་ཀྱི་དགོས་མེད་ཀྱི་སྐད་རིགས་དབྱེ་འབྱེད་ལ་ཐུགས་གཟབ་ཡོད་པར་ཞུ།
བརྙན་འཕྲིན་གསུམ་པ་ནང་གི་སྐད་ཆ་དེ་ཚོ་ངོ་མ་མཁས་པ་གཅིག་གིས་བཤད་སྟངས་འདྲ་བོ་འདུག བརྙན་འཕྲིན་དང་གཉིས་པ་དེ་གཉིས་དེ་ཙམ་ཞིག་རེད།
གོང་དུ་དྲང་ལྡོག་ཅི་རིགས་གི་ལམ་ནས་ཕྲན་ལ་ལེགས་ཉེས་བླངས་དོར་གྱི་བཀའ་སློབ་གནང་བ་ཐམས་ཅད་ལ་ཐུགས་རྗེ་ཆེ་ཞུ་འདོད་ཡོད། སེམས་ཀྱི་འཕར་ལྡིང་མ་ཉམས་ན་ལས་འགུལ་འདི་འདྲ་མུ་མཐུད་དེ་སྤེལ་རྩིས་ལགས་ན། འདི་ལ་ལེགས་ཉེས་ཀྱི་འབྲས་བུ་ཅི་ཞིག་འབྱུང་ན་ཡང་འུ་ཚོ་ཐུན་མོང་གི་ཞིང་ས་ཞིག་ཏུ་གྱུར་བར་ཤོག
ང་རང་ཆེས་མི་དགའ་ས་ཆེས་ཤོས་ནི་་་་བོད་པ་ཚོ་བསམ་བློ་གུ་དོག་པོ་དེ་རེད།།
འཇམ་དབྱངས་ནོར་བུ་མི་ངན་ཁྱེད་འདྲ་བོ་བཀའ་རྒྱུད་བསྟན་པའི་སྤྱིར་དགྲ་ཀརྨ་བཀའ་རྒྱུད་དགོས་དགྲ
མི་འདི་འདྲ་རིགས་དམར་བསོད་གཏང་ན་བོད་ཀྱིས་བསྟན་པ་དང་ཆ་སྲིད་ལ་ཕན་པ་ཧ་ཅང་ཆེ་བ་འདུག་
ཀརྨ་སྐལ་བཟང་ཁྱོད་མི་ངན་རེད་ འཇམ་དབྱང་ནོར་བུ་མ་བསད་གོང་ལ་ཁྱོད་རང་བསད་གཞག་ན་བཀའ་རྒྱུད་པ་དང་བོད་སྤྱི་ལ་དེ་བས་ཕན་ཐོག་ཆེའོ་འོའོའོའོའོའོའོ
རང་དབང་ཨ་རྡུ་ལགས་ཁྱེད་ཀྱིས་གསུང་པ་ཤིན་ཏུ་བདེན་ནོ།