ངས་པོ་རྒྱལ་མཚན།
སྲིད་གསུམ་ཀུན་ལ་སྙན་པའི་སྒྲ་དབྱངས་ཁྱབ།།
སྙིགས་མའི་འགྲོ་དྲུག་སྙིང་རྗེའི་འོད་ཀྱིས་འཚོ།།
ཁྱེད་ཀྱི་མཐུ་སྟོབས་གངས་དཀར་འོ་ཆུ་ཡིས།།
བྱང་ཆུབ་མ་ཐོབ་བར་དུ་བདག་སྐྱོངས་ཤིག།།
ཞི་བའི་སྐུ་ཡིས་འདྲེན་བྱེད་དགའ་བ་བརྟས།།
གསུང་རབ་ཟབ་མོས་ལོག་རྟོག་མཐའ་གཉིས་གསལ།།
མཁྱེན་བརྩེའི་འོད་ཀྱིས་འགྲོ་བའི་མུན་པ་བཅོམ།།
གྲུ་འཛིན་བདག་པོ་སྲིད་འདིར་ཁ་བའི་རྒྱན།།
རྒྱལ་ཀུན་སྙིང་རྗེ་ཟབ་མོའི་ཐུགས་མཚོ་ལས།།
གཏམས་པའི་འགྲོ་བ་འདྲེན་པའི་མགོན་པོ་མཆོག།།
ལེགས་བཤད་བདུད་རྩི་ཁམས་གསུམ་འགྲོ་ལ་འཐིམ།།
རྒྱལ་སྲས་པད་དཀར་འགྲོ་བའི་མགོན་དུ་ཞུགས།།
གངས་ཅན་ཆབ་སྲིད་རླུང་ཁྲོད་མར་མེ་དེ།།
ཁྱེད་ཀྱི་འཕྲིན་ལས་འོད་ཀྱི་ཆ་ཤས་འགས།།
ཞི་བདེར་མོས་པའི་འགྲོ་བའི་སྤྱན་ལམ་དུ།།
སྟོན་མཛད་རྒྱལ་སྲས་སྤྱོད་པར་ཅིས་མི་དད།།
བོད་རྒྱ་གཉིས་སྨན་དབུ་མའི་ལམ་བཟང་དེས།།
ཀླ་ཀློའི་དཔུང་ཚོགས་དྭོགས་པའི་རྒྱ་ལ་འགྲོལ།།
ཐོགས་མེད་འཇུག་པའི་མཁྱེན་བརྩེའི་ནུས་མཐུ་ལ།།
ཟུར་གནས་སྐྱེ་བོས་བསྟོད་ཚིག་མེ་ཏོག་གཏོར།།
སློབ་ལ་བསྐུལ་བྱེད་གང་གིས་ཚངས་དབྱངས་གསུང།།
ཚ་སྡུག་ཅན་ལ་བསིལ་བསིལ་རླུང་པོ་བཞིན།།
ལེ་ལོའི་འདམ་ལ་འབྱིང་པའི་ཐ་མལ་རྣམས།།
མི་བཟོད་ཁོང་ནས་ངལ་བའི་ཟུག་རྔུ་སྦྱིན།།
ཁྱེད་ཐུགས་པད་དཀར་རིན་ཆེན་ནོར་བུས་དགང།།
འཆད་པའི་མདའ་མོས་རྒོལ་ངན་ཀླད་ཞོ་འགེམས།།
ཁྱེད་གསུང་བདེན་གཏམ་གཟི་བརྗིད་འོད་ཟེར་གྱིས།།
གླེན་རྨོངས་སྐྱེ་བུ་མུན་པའི་གཉིད་ལས་སད།།
༸གོང་ས་བཅུ་བཞི་པ་ཆེན་པོ་མཆོག་ནི།
སྙིགས་ལྔའི་རྒུད་པ་བསལ་ཕྱིར་མཁྱེན་མཆོག་མངའ། །
དུག་ལྔའི་གདུང་བ་བསལ་ཕྱིར་གསུང་མཆོག་ལྡན། །
འགྲོ་ལྔའི་ལུས་ངལ་བསལ་ཕྱིར་སྐྱ་མཆོག་ཁྱེད། །
རྣམ་འདྲེན་ལྔ་པ་ཁྱེད་ལྷག་ཕེབས་སྲིད་དམ། །
ཚོར་བ་རྣོ་བའི་སྙན་ཚིག་གིས་བསྔགས་པ་བརྗོད་པ་ལ་མངོན་པར་བསྟོད་དོ།
འདིར་ནོར་འཁྲུལ་ཞིག་ནི། གཏམས་མ་རེད་བལྟམས་ཡིན་རྒྱུ་རེད། གང་ཡིན་ཞེ་ན་འདིར་སྐུ་འཁྲུངས་པའི་དོན་
ཡིན་པ་ལས་ནོར་གྱིས་གཏམས་པ་ལྟ་བུ་གང་བའམ་བཀངས་པ་དང་དགང་བའི་དོན་མ་རེད་སྙམ།
གཞན་ཡང་གཟུགས་མེད་ཁམས་སུ་ལེགས་བཤད་ཀྱི་བདུད་རྩི་འཐིམས་པ་ཡོད་པར་ཐལ། ཁམས་གསུམ་གྱི་
འགྲོ་བར་འཐིམས་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་མེད་ཁམས་ན་གཟུགས་རགས་པ་མེད་པ་གང་ཞིག ཐོས་པ་དང་ངེས་འབྱུང་མེད་པའི་ཕྱིར།
ལན་ཐོབ།
སྣྲོན་ངག་ཁྲི་ལགས་ལེགས་སྤེལ་ཉན་འགོག་གི་དགོངས་ཚུལ་གསུངས་པར་ཐུགས་རྗེ།
༸གོང་ས་མཆོག་ལྷ་བཅས་སྲིད་བཞིའི་གཙུག་རྒྱན་ཡིན་མིན་གྱི་ལན་ཞིག་ཐོབ་དང་དེ་ནས་ངེད་གཉིས་རིག་པའི་བགྲོ་གླེང་ཞིག་བྱ་འདོད་ཡོད།
ངེས་པོ་རྒྱལ་མཚན་ལེགས། བཞེངས་ནས་བཞག་འདུག
མཁྱེན་ཡངས་ངས་པོ་རྒྱལ་མཚན་ལགས།
༡༽ལེགས་སྤེལ་ཉན་འགོག་མ་རེད་ཉེས་འགོག་གམ་ངན་འགོག་ཡིན་ངེས་རེད།
༢༽༸གོང་ས་མཆོག་༼ལྷ་༽བཅས་སྲིད་༼བཞིའི་༽གཙུག་རྒྱན་མ་རེད།ལྷར་བཅས་
སྲིད་ཞིའི་གཙུག་རྒྱན་ཡིན་པར་འདོད་ལགས།
༣༽ཁྱེད་ཀྱི་སྙན་རྩོམ་ཐུང་ངུ་དེའི་ཤོལྐོ་མཐའ་མ་དེ་ཚིག་རྐང་རེ་རེ་ནས་རྒྱན་གང་གི་ཁོངས་སུ་གཏོགས་སམ། ཤོོལོྐ་དེ་ཉིད་ཆ་ཚང་དོན་རྒྱན་སོ་ལྔའི་ནང་གསེས་ཀྱི་རྒྱན་གང་ཞིག་གི་ཁོངས་གཏོགས་
ཡིན་མིན་གསལ་པོ་ཞིག་གསུངས་དང་དེ་ནས་བློ་བསྐྱེད་ཆེན་པོ་ཡོང་ས་
རེད་ལགས།།
རྩོམ་ཡིག་ཡིན་ན་དོན་རྒྱན་སོ་ལྔའི་ནང་གསེས་་གང་རུང་ཡིན་པའི་ཁྱབ་པ་ཡོད་མ་རེད་སྙམ།
འོག་གི་ཚིགས་བཅད་དེ་གཉིས་ དོན་རྒྱན་སོ་ལྔའི་ནང་གསེས་ག་རི་རེད་དམ།
གངས་རིའི་ཁ་དོག་དབུ་སྐྲས་འཕྲོག་སྟེ་གྱོན།།
དྭང་གཙང་འདྲེན་བྱེད་མེ་ལོང་རབ་རིབ་གྱུར།།
རྒས་པ་སྲིན་བུས་ལང་ཚོ་བཅོམ་ན་ཡང།།
བྱས་ཚད་བུ་ལ་བསྟོད་པའི་སྐྱེས་མ་དྲན།།
རིགས་ཞེན་སྙིང་སྟོབས་དམ་ཚིག་རྡོ་རྗེ་དགུ་རླུང་ནག་པོའི་དཀྱིལ་ནས་འབར།།
གཞིས་བཞུགས་སྤུན་ཟླའི་ཡིད་ལ་བརྣག་པའི་རང་བཙན་མེ་ལྕེ་འགོག་མེད་ཤར།།
ལྷ་མེད་དྲང་བདེན་གཏན་ཚིག་མདའ་མོར་གཡོ་ཅན་རྒྱ་དམར་ངོ་གནོང་སྟེ།།
དབང་ཤུགས་དྲག་པོས་བཙན་གྱི་བལྐུལ་ཏེ་ཆོལ་གསུམ་སྐྱེ་རྒྱ་ཁྲག་ཏུ་བརྫིས།།
རྡོ་རྗེ་དུག་རླུང་
བསྐུལ་ སྐྱེ་རྒུ།
ཤོལྐོ་དང་པོ་ནི་དོན་རྒྱན་སོ་ལྔའི་ནང་གསེས་རབ་སྤེལ་གྱི་རྒྱན་དང་།
ཤོལོྐ་གཉིས་པ་ནི་བསྡུས་པའི་གཟུགས་རྒྱན་ཡིན་པ་འདོད་ལགས།
ཡིནའང་། དེའི་ནང་གཉིས་ཀྱི་ནང་དུ་ཡང་ཡིག་ནོར་མང་པོ་འདུག་པ་དེ་དག་ནི།
༡༽དྭང་གཙང་མ་རེད་དྭངས་གཙང་རེད།
༢༽མེ་ལྕེ་འགོག་མེད་ཤར་ཡིན་གྱི་མ་རེད་འཕྱུར་དང་ མཆེད་དམ་ཡང་ན་འབར་སོགས་མེའི་བྱ་བ་དང་འཚམས་པའི་བྱ་ཚིག་གཞན་དབང་ཅན་དང་
རང་དབང་ཅན་གྱི་བྱ་ཚིག་སྦར་རམ་སྤར་གང་རུང་ཞིག་འབྲི་དགོས་ངེས་རེད་སྙམ་
པ་ཞིག་འདུག་པས་དཔྱད་དགོས་སོ། གང་ཡིན་ཞེ་ན་ཁྱེད་ཀྱི་བྲིས་པ་བཞིན་བོད་སྐད་ནང་བརྗོད་སྲོལ་མེད་པ་གང་ཞིག འཇིག་རྟེན་གྱི་གྲགས་པ་དང་འགལ་བའི་ཕྱིར་རོ།། ང་ཚོ་བོད་པའི་སྐད་ལྟར་ན། ཉི་མ་ཤར་། ཟླ་བ་ཤར།སྐར་མ་ཤར། གནམ་ལོ་ཤར། ཡིད་ལ་ཤར་ལྟ་བུར་ཤར་བརྗོད་པ་མ་གཏོགས་མེ་ལྕེ་འགོག་མེད་ཤར་ལྟ་བུ་མེ་རྐྱང་པ་ལ་ཤར་
ཞེས་པའི་བྱེད་མེད་ལས་ཚིག་གམ་བྱ་བྱེད་ཐ་མི་དད་པའི་བྱ་ཚིག་འདི་མི་འཇུག་པའི་
ཕྱིར་རོ།
༣༽༼ལྷ་༽མེད་དྲང་བདེན་གཏན་༼ཚིག་༽ཡིན་གྱི་མ་རེད། ལྷད་མེད་དྲང་བདེན་གཏན་ཚིགས་ཅེས་རྗེས་འཇུག་ད་དང་ཡངས་འཇུག་ས་ཡོད་ངེས་
རེད་ལགས།
༤༽བཙན་༼གྱི་༽མ་རེད་འདིར་བཙན་གྱིས་ཞེས་བྱེད་སྒྲ་ངེས་པར་དུ་དགོས་
ངེས་ཡིན་།
༥༽སྐྱེ་རྒྱ་ཡིན་གྱི་མ་རེད། སྐྱེ་དགུ་དང་། སྐྱེ་བོའམ། ཡང་ན་སྐྱེ་འགྲོ་སོགས་གང་རུང་ཞིག་ཡིན་ངེས་རེད།
དེ་མིན་གོ་རྒྱུ་ཆེར་མི་འདུག།
གཞན་ཡང་ཁྱེད་ཀྱིས་གསུངས་གསལ་ལ། རྩོམ་ཡིག་ཡིན་ན་དོན་རྒྱན་སོ་ལྔ་པོ་གང་རུང་ཡིན་པའི་ཁྱབ་པ་མེད་སྙམ་གསུངས་པ་དངོས་གནས་བདེན་པ་བདེན་རྐྱང་རེད། ངས་རྩོམ་ཡིག་ཡིན་ན་དོན་རྒྱན་སོ་ལྔའི་ནང་གསེས་གང་རུང་ཡིན་དགོས་ཞེས་པའི་ཁྱབ་པ་བཏང་མེད་ལ་གཏོང་ག་ལ་སྲིད། ངས་བརྗོད་པ་ནི་རྒྱན་གང་གི་ཁོངས་གཏོགས་སམ་དོན་རྒྱན་སོ་ལྔའི་ནང་ནས་ནང་གསེས་སམ་ནང་ཚན་གང་ཡིན་ནམ་ཞེས་དོན་རྒྱན་གྱི་ནང་ཚན་དུ་གཏོགས་པར་ཤེས་ནས་དེའི་ནང་
གསེས་གང་གི་ཁོངས་སུ་གཏོགས་མིན་གསུངས་རོགས་ཞེས་གསལ་ཐག་ཆོད་ཞུས་ཡོད་པས་
ཡག་པོ་གཟིགས་རོགས་གནང་།
གལ་སྲིད་དེ་ལྟར་མ་གོ་ན། ངས་ཁྱེད་རང་ལ་ངས་པོ་རྒྱལ་མཚན་ལགས་ཁྱེད་བོད་ཀྱི་ཡུལ་མི་གང་གི་ཁོངས་སུ་གཏོགས་སམ་ཞེས་དྲིས་པའི་ཚེ་ན། ངས་པོ་རྒྱལ་མཚན་ལགས་ཞུ་མཁན་ཞིག་ཡིན་ན་བོད་པ་ཡིན་དགོས་པས་ཁྱབ་པར་
གོ་འམ་དགོངས་པ་ཡག་པོ་བཞེས་ནས་བཀའ་མོལ་གསུངས་དང་།
ཕྱོགས་སྔའི་ནམ་མ་ལངས་གོང་ནས་དགག་པའི་ཉི་མ་ཤར་ཟེར་བ་དེ་ལ་ཟེར་བ་རེད།།
སྐུ་རྩེད་ཞུས་པ་ཡིན། ད་དུང་མུ་མཐུད་དེ་ཡིན་དཱ། སེམས་ཤུགས་མ་ཆག་
ལོ།
ཁ་བསྐོངས།༦༽འོག་གི་ཚིགས་བཅད་དེ་གཉིས་མ་རེད། འོག་གི་ཤོལོྐ་དེ་གཉིས་ཞེས་འབྲི་དགོས་པ་རེད་ལགས།
བདག་གིས་བྲིས་པའི་ནང་དུའང་ནོར་བཅོས་སམ་འཇུག་དགོས་པ་ཞིག་ནི།
དེའི་ནང་ཤོལོྐ་གཉིས་ཀྱི་ནང་དུའང་ཞེས་ཤོལོྐ་ཞེས་པའི་ཚིག་འདི་བཅུག་རོགས་གནང་།