བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པས་སྤེལ།
ཕྱི་ལོ། ༢༠༡༢ ལོའི་ཕྱི་ཟླ་གསུམ་པའི་ཚེས། ༢༣ ཉིན། ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས། བཙན་བྱོལ་བོད་གཞུང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀའི་དྲ་རྒྱའི་སྟེང་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད། གལ་ཆེའི་བསྒྲགས་གཏམ་དེའི་ནང་། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་དམངས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་རྣམས་ལ་གསོལ་སྩལ་གནང་བའི་རྗེས། ད་ལྟའང་བོད་མིའི་མང་གཙོའི་འཕེལ་རིམ་དེ་ལམ་ཞིག་འཚོལ་བཞིན་ཡོད་པའི་རྣམ་པ་ཞིག་མངོན་སྲིད།
རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ཕྱི་ཟླ་གསུམ་པའི་ནང་སྤེལ་བའི་བསྒྲགས་གཏམ་དེ། སྔ་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་སྤེལ་བའི་བསྒྲགས་གཏམ་དེ་དང་ལྷན་དུ་ཀློག་དགོས། ཕྱི་ཟླ་བཅུ་གཅིག་ནང་སྤེལ་བའི་བསྒྲགས་གཏམ་དེས། འདེམས་ཐོན་བྱུང་བའི་བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་སྤྱི་དང་བྱེ་བྲག་ཏུ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་སྙན་ཆ་དོད་པོའི་ངང་ནས་ཁ་རྡུང་བཏང་ཡོད་པ་རེད། བཅའ་ཁྲིམས་ལ་འགྱུར་བཅོས་བྱུང་རྗེས་བཀའ་ཤག་ལ་དམིགས་བསལ་སྐུ་ཚབ་བསྐོ་གཞག་གནང་རྒྱུའི་སྐུ་དབང་ཕུལ་བའི་ཐད་ཁོང་གི་དགོངས་ཚུལ་ཡོངས་བསྒྲགས་གནང་བའི་ནང་། རང༌ཉིད་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཆ་ནས་བཙན་བྱོལ་བོད་གཞུང་ལ་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་དང་ལས་ཀ་སོགས་བྱ་དགོས་ཀྱི་མེད་སྐོར་གསུངས་ཡོད་པ་རེད།
རྒྱ་ནག་གཞུང་གིས་བཙན་བྱོལ་བོད་གཞུང་ལ་ངོས་ལེན་དང་འབྲེལ་བ་མེད་ཚུལ་བཤད་ཀྱི་ཡོད་པའི་གནས་སྟངས་ནས་བལྟས་ན། རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་གནད་དོན་དེ་འདྲ་ཡོངས་བསྒྲགས་གནང་བ་དེ་མ་འོངས་པའི་བོད་རྒྱ་འབྲེལ་མོལ་ལ་དོ་ཕོག་མི་ཡོང་བའི་ཆེད་དུ་གསུངས་དགོས་བྱུང་བ་ཡང་ཡིན་སྲིད། གང་ལྟར་ཕྱི་ཟླ་བཅུ་གཅིག་ནང་སྤེལ་བའི་བསྒྲགས་གཏམ་དེས་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་གསར་པ་ཚོས་ནོར་འཁྲུལ་ཚབས་ཆེན་བཟོས་པ་རྣམས་གཙང་བཟོ་བྱ་དགོས་ཚུལ་ཡང་བརྗོད་ཡོད་པ་རེད།
ཟླ་བ་བཞི་ཕྱིན་པའི་རྗེས་ད་ཆ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་སྤེལ་བའི་བསྒྲགས་གཏམ་གསར་པ་འདི་གང་ཙམ་གྱིས་འཇམ་པ་འདུག ད་ལྟའི་བསྒྲགས་གཏམ་འདིའི་ནང་ཁོང་གིས་བློ་བཟང་སེང་གེ་མཆོག་ལ་བོད་མིས་རེ་བ་ཆེན་པོ་བཅངས་ཀྱི་ཡོད་པ་དང་། ཁོང་གི་འཛིན་སྐྱོང་དང་འབྲེལ་བའི་ལས་དོན་ལམ་ལྷོངས་ཡོང་ཆེད་རྒྱབ་སྐྱོར་བྱ་རྒྱུ་གལ་ཆེ་ཡིན་པའི་སྐོར་མང་པོ་གསུངས་འདུག ཁོང་གིས་ད་དུང་ཕྱི་ཟླ་དང་པོའི་ནང་དུས་འཁོར་དབང་ཆེན་སྐབས་བོད་ནས་ཕེབས་པའི་བོད་མི་ཚོས་བཀའ་བློན་ཁྲི་པ་མཇལ་སྐབས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་དོ་སྣང་ཧ་ཅང་ཤུགས་ཆེ་ཞུས་པའི་ཐུགས་འཚོར་བྱུང་སྐོར་ཡན་ཆད་ནས་འགྲེལ་བརྗོད་གནང་འདུག
རྒྱ་རི་མཆོག་ནས་ད་དུང་ང་ཚོས་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་དང་བཙན་བྱོལ་བོད་གཞུང་ལ་གང་ཐུབ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུངས་པ་མ་ཟད། མཐའ་སྡོམ་དེར་མཁས་དབང་བློ་བཟང་སེང་གེ་དང་བཙན་བྱོལ་བོད་གཞུང་གི་ལས་དོན་ལམ་ལྷོང་ཡོང་རྒྱུ་དེ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཡིན་སྟབས། དུས་ཚོད་ཛ་དྲག་དེའི་སྐབས་ང་ཚོ་ཚང་མས་སྔར་ལྷག་ནུས་པ་སྤུངས་སྟེ་ཚང་མས་མཉམ་རུབ་ཡོང་བའི་འབོད་སྐུལ་ཡོད་སྐོར་འཁོད་ཡོད་པ་རེད།
བསྒྲགས་གཏམ་ལ་གོ་བ་ལེན་པ།
རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གི་བསྒྲགས་གཏམ་འདིར་གནད་དོན་གཙོ་བོ་གཉིས་ཡོད་པ་ལས། དང་པོ། བོད་མི་ཚང་མས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གི་ལྟ་གྲུབ་དང་འབྲེལ་བའི་ལས་དོན་ཁག་ལམ་ལྷོངས་ཡོང་བའི་རེ་བ་བཅངས་པ་དེ་དང་། གཉིས་པ། ལམ་ལྷོངས་ཡོང་ཆེད་ང་ཚོ་ཚང་མས་སྔར་ལས་ལྷག་པའི་ནུས་པ་སྤུངས་རྒྱུ་དེ་རེད། ཡིན་ན་ཡང་། བསྒྲགས་གཏམ་འདིའི་ནང་བརྡ་ལན་གསུམ་པ་ཞིག་ཚང་མེད་པ་མངོན་གསལ་དོད་པོ་རེད་འདུག དེ་ནི། བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་ཕུལ་བའི་ཐུགས་འགན་དེ་སྒྲུབ་ཐུབ་ངེས་ཡིན་པའི་ཡིད་ཆེས་སམ་གདེང་ཚོད་དེ་རེད། ཟླ་བ་བཞི་ཙམ་གོང་། རྒྱུན་ལྡན་འབྲེལ་མཐུད་མཁས་པའི་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ཡོངས་གྲགས་ཐོག་བསྒྲགས་གཏམ་ཞིག་སྤེལ་ནས་ཁོང་གིས་བཙན་བྱོལ་བོད་གཞུང་གི་དབུ༌ཁྲིད་ཚོའི་ནོར་འཁྲུལ་གཙང་མ་བཟོ་ཡི་ཡོད་པའི་རྣམ་པ་ཞིག་སྟོན་ཡོད་པ་རེད། འདིར་གཞི་བཞག་ན། རྗེས་མའི་བསྒྲགས་གཏམ་འདིའི་ནང་དབུ་ཁྲིད་དེ་དག་ལ་ཡིད་ཆེས་སམ་གདེང་ཚོད་ཡོད་པའི་བརྡ་ལན་ཞིག་དགོས་ངེས་རེད། དེར་རྟེན་བརྡ་ལན་དེ་མེད་པ་ཚང་མས་མངོན་ཐུབ་རྒྱུ་ཞིག་རེད།
དེར་རྟེན་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ནས་སྤེལ་བའི་བསྒྲགས་གཏམ་དེ་ང་ཚོས་འདི་ལྟར་ཀློག་ཆོག་པར་སྙམ། བཀའ་བློན་ཁྲི་པའི་ནུས་པ་དང་འཇོན་ཐང་གང་འདྲ་ཡིན་མིན་ལ་བལྟོས་མེད། ཁོང་གིས་བོད་མིའི་རེ་བ་དེ་རྒྱུན་འཁྱོངས་ཆེད་ཚང་མའི་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་དེ་རེད། སྤྱིར་བཏང་རྒྱབ་སྐྱོར་གྱི་བསྒྲགས་གཏམ་དེ་དགའ་བསུ་འོས་པ་ཞིག་ཡིན་ངེས་རེད། ཡིན་ན་ཡང་། ཉམས་མྱོང་ལྡན་པའི་ཆབ་སྲིད་པ་བགྲེས་པ་ཞིག་གིས་རྒྱབ་སྐྱོར་ཞུ་དགོས་སྐོར་གསུངས་དུས་དབུ་ཁྲིད་གསར་པ་རྣམས་ལ་རྒྱབ་སྐྱོར་དགོས་པའི་རྣམ་པ་ཡང་མཚོན་སྲིད། ཚོད་དཔག་བྱས་ན། རྒྱབ་སྐྱོར་ཟེར་དུས། ཕྱི་ཟླ་བཅུ་གཅིག་ནང་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ནས་གནང་བ་བཞིན། དབུ་ཁྲིད་གསར་པ་ཚོས་ནོར་འཁྲུལ་བཟོ་སྐབས་སྐྱོན་བརྗོད་ཞུ་རྒྱུ་དེ་ཡང་ཡིན་སྲིད། མང་གཙོའི་འཕེལ་རིམ་ནང་མང་ཚོགས་ནས་རང་ཉིད་ཀྱི་བསམ་ཚུལ་རྣམས་རང་དབང་ལྡན་པའི་སྒོ་ནས་བརྗོད་ཐུབ་པ་དང་དབུ་ཁྲིད་ཚོས་གསན་ན་གཞུང་དེ་ཚགས་ཚུད་ཡོང་རྒྱུ་མང་གཙོའི་ལམ་ལུགས་ཀྱི་ཁེ་དབང་ཞིག་ཀྱང་རེད།
ཡིན་ན་ཡང་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ཕྱི་ཟླ་བཅུ་གཅིག་ནང་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་ཐད་སུའི་སྐུ་དབང་ཡོད་མིན་དང་འབྲེལ་བའི་གནད་དོན་གླེང་སློང་གནང་བ་དེའི་རྒྱབ་ལྗོངས་ལ་རྒྱུ་མཚན་གཞན་ཡོད་མེད་ད་ལྟ་དྲི་བ་ཞིག་ཆགས་བཞིན་འདུག
མཇུག་སྣོན། གྲོས་ཚོགས་ནང་༼མཁས་དབང་༽ཡོད་དམ།
དོ་སྣང་འོས་པ་ཞིག་ལ། རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ནས་བསྒྲགས་གཏམ་འདིའི་ནང་། ༸གོང་ས་མཆོག་གི་མཚན་ཐེངས་གསུམ་སྨོས་པ་བཞིན། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གི་མཚན་ཡང་ཐེངས་གསུམ་སྨོས་འདུག དེ་ཡང་ཁོང་གིས་བློ་བཟང་སེང་གེ་ལགས་སུ་རྒྱུན་ལྡན་ནས་འབུམ་རམས་པའི་མཚན་གནས་ཡོད་པར་མཁས་དབང་ཞེས་པ་དེ་བེད་སྤྱོད་གནང་གི་འདུག ཐེངས་གཉིས་བཀའ་བློན་ཁྲི་པར་མཁས་དབང་ཞེས་གསུངས་འདུག འདི་ནི་གལ་གནད་མེད་པ་ཞིག་རྩ་བ་ནས་མ་རེད། དམིགས་བསལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱུན་ལྡན་དེ་འདྲ་བེད་སྤྱོད་གནང་གི་མ་རེད།
རྒྱབ་ལྗོངས་ཀྱི་གནས་ཚུལ་ཁ་གསལ་མཁྱེན་རྟོགས་མེད་པའི་ཀློག་པ་པོ་རྣམས་ལ་གསལ་བཤད་ཞུ་རྒྱུར། བཀའ་ཁྲི་བློ་བཟང་སེང་གེ་ལགས་ནི་འབུམ་རམས་པའི་ཕྱག་འཁྱེར་ཡོད་པའི་ཆབ་སྲིད་མི་སྣ་ཞིག་ཡིན་པ་དང་། ཁོང་ནི་ཆབ་སྲིད་པའི་གོ་གནས་དང་མཉམ་དུ་མཁས་དབང་ཞེས་པ་དེ་འབོད་རྒྱུར་དགའ་མོས་གནང་མཁན་ཞིག་རེད། སྤྱིར་བཏང་གོ་གནས་གཉིས་གསུམ་མཉམ་དུ་བེད་སྤྱོད་བྱ་རྒྱུའི་དར་གསོ་ཆེན་པོ་མེད། དཔེར་ན། རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངས་མཆོག་ལ་སྲིད་བློན་མཁས་དབང་སིངས་ཞེས་བེད་སྤྱོད་གནང་སྲོལ་མེད།
ཆབས་གཅིག་ཆབ་སྲིད་མི་སྣ་ཚོར་མཁས་དབང་ཞེས་པ་དེ་བེད་སྤྱོད་རྩ་བ་ནས་བྱེད་སྲོལ་མེད། སྤྱིར་བཏང་ནས་འབུམ་རམས་པའི་མཚན་གནས་ལ་མཁས་དབང་ཞེས་པ་དེ་ཤེས་ཡོན་གྱི་མཚན་གནས་ཤིག་ཡིན་སྟབས། ཤེས་ཡོན་དང་འབྲེལ་བའི་གནས་སྟངས་ལ་བེད་སྤྱོད་གནང་སྲོལ་ཡོད། (དེར་རྟེན་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ངོས་ནས་བློ་བཟང་སེང་གེ་ལགས་ཀྱི་ཤེས་ཚད་དང་འབྲེལ་བའི་གནད་དོན་ལ་བསྐྱར་ཞིབ་ཞུ་སྐབས། མཁས་དབང་སེང་གེ་ལགས་ཞེས་འབོད་སྲོལ་ཡོད།) མཚན་འབོད་སྲོལ་དེ་ནི་འབུམ་རམས་པ་དང་མཉམ་པའི་ཕྱག་འཁྱེར་ཡོད་མཁན་རྣམས་ལ་བེད་སྤྱོད་གནང་གི་ཡོད་པ་ཞིག་རེད།
དཔེར་ན་ ཨ་རིའི་ཕྱི་སྲིད་བློན་ཆེན་ཟུར་པ། ལྕམ་ ཁོན་ཌོ་ལི་སའ་རཡི་སི་མཆོག་ལ་ཡང་འབུམ་རམས་པའི་ཕྱག་འཁྱེར་ཡོད་ཀྱང་ཆབ་སྲིད་དང་འབྲེལ་བའི་ཐུགས་འགན་བཞེས་སྐབས་ཕྱི་སྲིད་བློན་ཆེན་རཡི་སི་ཞེས་འབོད་ཀྱི་ཡོད། ཡིན་ན་ཡང་ཁོང་རྗེས་སུ། སཀྲེན་ཧྥོཊ་གཙུག་ལག་སློབ་གཉེར་ཁང་དུ་སློབ་ཁྲིད་གནང་བར་ཕེབས་སྐབས། ཁོང་གི་འདོད་པ་ཡོད་ན་མཁས་དབང་རཡི་སི་ཞེས་ཀྱང་འབོད་ཆོག་གི་རེད། ཡིན་ན་ཡང་ཁོང་གི་གཞུང་འབྲེལ་དྲ་རྒྱའི་ཐོག་ཉམས་ཆུང་ངང་རཡི་སི་གཅིག་པུ་འཁོད་འདུག
རྒྱབ་ལྗོངས་ཀྱི་ལོ་རྒྱུས་དེ་གསལ་བཤད་བྱ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ནས་ཆེད་མངགས་བློ་བཟང་སེང་གེ་མཆོག་གིས་རྒྱུན་ལྡན་མིན་པའི་གོ་གནས་གཉིས་མཉམ་དུ་བེད་སྤྱོད་གནང་ཕྱོགས་ལྟར་གསུངས་པ་དེ་གསལ་སྟོན་ཆེད་ཡིན། ཁོང་གིས་བཀའ་བློན་ཁྲི་པའི་གོ་གནས་དང་གང་ཟག་གཉིས་ཀར་རྒྱབ་སྐྱོར་གྱི་བཟང་པོའི་རྣམ་འགྱུར་ཞིག་སྟོན་གྱི་ཡོད་པ་ཡང་སྲིད།
(original English available here: https://sites.google.com/site/tibetanpoliticalreview/editorials/speculationondecodinglodigyarisstatementonlobsangsangay
ཆབ་སྲིད་བསྐྱར་ཞིབ་ཀྱི་རྩོམ་སྒྲིགས་པ་ཟེར་བ་འདི་ནི་ཤར་ཁུག་ཚོགས་པ་ཡིན་པས་ནམ་རྒྱུན་ནས་མངོན་སུམ་དང་མངོན་སུམ་མ་ཡིན་པའི་སྒོ་ནས་བཀའ་ཁྲི་ལ་ནག་ཐིག་ཤིག་བཀུ་རྒྱུའི་རེ་སྟོང་དེའི་གྲས་ཤིག་རེད།
མང་དག་གཅིག་བཤད་པའི་སྙིང་དོན་རྒྱ་རི་ཚང་ལ་སྐྱོན་བརྗོད་ཡིན་ནམ་བློ་བཟང་སེང་གེ་ལ་མཚང་འབྲུ་ཡིན་པའི་མཐའ་སྡོམ་ངེས་ཅན་ཞིག་མི་འདུག
གང་ལྟར་སྤྱིར་གང་ཟག་སུ་ཡིན་ཡང་ཁོང་རང་ཉིད་ཀྱི་མིག་སྔར་ལས་འགན་དང་འབྲེལ་ཡོད་ཀྱི་མིང་བྱང་བེད་སྤྱོད་བྱེད་རྒྱུ་དངོས་ཡོད་རེད། དཔེར་བློ་བཟང་སེང་གེ་ཁོང་འབུམ་རམས་པ་ཡིན་ཡང་མིག་སྔར་གྱི་ལས་ཁུར་བཀའ་ཁྲིའི་ངོ་བོར་ཡོད་པས་གཙོ་བོ་བཀའ་ཁྲི་བློ་བཟང་སེང་གེ་ཞེས་འབོད་དགོས་པ་གལ་ཆེན་རེད་སྙམ། དེ་ལ་མཁས་དབང་བཀའ་ཁྲི་བློ་བཟང་སེང་གེ་ཞེས་འབོད་ཀྱང་ཆོག འོན་ཀྱང་མཁས་དབང་བློ་བཟང་སེང་གེ་ཞེས་དེ་གཅིག་བུར་བརྗོད་ན་ཁོང་གི་ད་ལྟའི་ལས་ཁུར་གྱི་ངོ་བོའི་ཐད་ནས་ཅུང་མ་མཚམས་པ་ཞིག་རེད།
གོ་ཡ་ཚོར་ཡ་ཅི་གང་མི་འདུག ག་རེ་ཆབ་སྲིད་དཔྱད་བརྗོད་པ། ག་རེ་ཆབ་སྲིད་བསྐྱར་ཞིབ་པ། ཧཧཧ དཀོན་མཆོག་མཁྱེན། སུས་དེད་སོང་།
དཔྱད་གཞི་འགའ།
http://bridgefund.org/
ཚོགས་པ་འདི་རྒྱ་རིས་བཙུགས་པའི་ཚོགས་པ་རེད་ཟེར། ཁོང་སྐུ་ཚབ་གནང་བཞིན་དུའང་ཚོགས་པ་འདིའི་ཆེད་དུ་གསང་བའི་ཐོག་ནས་བོད་ལ་ཕེབས་འདུག་ཟེར།
ཡང་བཀའ་ཁྲི་ལ་བུད་མེད་ཀྱི་གླེང་སློང་བྱུང་ཡོད་པ་རེད་ཟེར། བཀའ་ཁྲི་ཨ་རིར་ཕེབས་སྐབས་ཤིག་ལ་ཨ་རིའི་བུ་མོ་ཞིག་གིས་ཐུབ་ཚོད་བཏང་སོང་ཞེས་ཁ་མཆུ་འཛུགས་གྲབས་བྱེད་སྐབས་ཌི་སིའི་ཁུལ་གྱི་བོད་དོན་རྒྱབ་སྐྱོར་བ་ཚོས་ཞུ་བ་འཐེན་དགོས་བྱུང་བ་རེད་ཟེར།
ཡང་ བཀའ་ཁྲི་ལ་དེ་སྔོན་ཡང་རྒྱ་མོ་ཞིག་ལ་འབྲེལ་བ་ཡོད་རབས་བཤད། འདི་ཚོ་གསང་བ་བྱེད་དགོས་པ་རེད། གཞན་ལ་མ་བཤད། ཐུགས་རྗེས་གཟིགས།
བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཚོགས་པའམ་རྩོམ་སྒྲིག་པ་སུས་སྤེལ་ཡང་འདིར་བོད་པའི་ཆབ་སྲིད་ཀྱི་བྲོ་བ་སྐྲ་རྩེ་ཙམ་ལས་མེད་འདུག། འདིའི་རིགས་ལ་ཆབ་སྲིད་བསྐྱར་ཞིབ་པ་ཞུ་བ་ལས། ཇབ་སྲིད་པ་ཞེས་ཞུ་ན་འཚམས་པ་འདུག། མི་འདི་དག་གིས་བཀའ་ཁྲི་བློ་སེང་ལགས་སུ་མི་དགའ་ཡང་། དོན་དུ་ཁོང་ལ་སྐྱོན་བརྗོད་རྒྱུ་མེད་ནས་མིང་ཚིག་ཙམ་ལ་སྐྱོན་བརྗོད་བྱས་ཚུལ་འདིས་྄ཁྱེད་ཅག་གི་མི་གཞི་དང་ངོ་གདོང་དམར་པོ་དེ་མཐོང་ཡོང་གི་འདུག། ཧཧཧཧཧཧཧཧ། རྒྱལ་ཁབ་གང་ཞིག་གི་སྲིད་དང་དབུ་འཁྲིད་ལ་མཁས་དབང་འབོད་སྲོལ་མེད་ཚུལ། ངོ་མ་ཁྱེད་ཚོར་ཧཧཧཧཧཧཧཧཧཧཧཧཧ་དེ་ལྟར་འབོད་སྲོལ་མེད་པས་སྲོལ་ཞིག་སུས་གཏོད་པ་རེད། འཇུག་སུས་ཞིག་གིས་སྐྱོངས་བ་རེད། དེ་ལྟར་འབོད་སྲོལ་མེད་པས་གནད་ལུགས་སུ་ཞིག་ལ་བཤད་རྒྱུ་ཡོད་དམ། སྲིད་སྐྱོང་བློ་སེང་ལགས་སུ། བཀའ་ཁྲི་དང་སྲིད་སྐྱོང། མཁས་དབང་དངའབུམ་རམ་པ་གང་ཞིག་བརྗོད་ཀྱང་ལུགས་འགལ་དང་སྒྲིག་འགལ་གང་ཡང་མིན་པས་ཁོང་ལ་བབ་པའི་མཚན་གནས་དག་མའམ་ཁོང་ལ་ཕུལ་ཟིན་པའི་མཚན་གནས་དག་དག་ཡིན། གོང་དུ་མཚན་གནས་དེ་དག་བློ་སེང་ལ་ཐོབ་དང་མི་ཐབ་བཤད་ས་མེད་ལ། དེ་དག་ཁོང་ལ་འབོད་ཆོག་དང་མི་ཆོག་ཡང་བཤད་ས་མེད། མཚན་གནས་དེ་དག་གང་ཞིག་དང་སྦྱར་ཡང་ཁོང་ལ་ཐོབ་པའི་མིང་ཚིག་དག་མ་ཡིན། ཇབ་སྲིད་རྩོམ་སྒྲིག་པ་ལགས།
ཁ་སང་ཀུན་གླེང་ནད་གདན་ཞུ་བྱས་འདུག་ཀྱང་མི་དམངས་ཀྱིས་འདྲི་བ་འདྲི་བའི་གོ་སྐབས་འདེངས་ངེས་སྤྲད་མ་སོང།་ཨ་རིའི་རླུང་འཕྲིན་ཁང་གིས་རྒྱ་རི་རིན་པོ་ཆེས་གང་བཤད་པ་ཉན་འཇོག་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག་པས།་ཕལ་ཆེར་ཨ་རིའི་རླུང་འཕྲིན་ཁང་ཡང་རྒྱ་རིའི་ནང་མི་ཡིན་པ་འདྲ་པོ་ཆགས་ན།་ཨ་རི་གཞུང་གིས་འགྲོ་གྲོན་བཏང་བ་ཕན་མེད་རེད་བསམ་གྱི་འདུག
ཀུན་གླེང་ལས་ཀུན་གླེན་ཞེས་ཟེར་ན་མཚམའ་པ་མི་འདུག དུས་ཚོད་ཡོད་ཚད་བྱབ་ཆུང་གི་དོན་ཆུང་དང་ཁྱ་རེ་ཁྱོ་རེའི་དྲི་བས་འཕྲོ་བརླག་བཏང་ནས་དགོས་པའི་མང་ཚོགས་ཀྱི་སྐད་ཆ་ཤོད་མ་བཅུག་ནས་དུས་ཚོད་རྫོགས་སོང་ཞེས་ལབ་ནས་བརྙན་འཕྲིན་མཇུག་བསྡུས། དེ་འདྲའི་རྣམ་རྟོག་དང་སྐྱུག་བྲོ་བ་ལ། རྒྱ་སྐད་ལེ་ཚན་ལ་ལྟོས་དང་ཡག་པོ་གང་འདྲ་མི་འདུག་གམ།
བོད་པའི་ལས་བྱེད་དེ་དག་ལ་མེད་པ་ནི་ཡོན་ཏན་སྐད་རྩལ་དང་། ཡོད་པ་ནི་སྡུག་རླུང་དང་གུས་ཞབས་མེད་མཁན་ཤ་རྟག་རེད་བཞག ད་བློ་ཕམ་ལས་གཞན་ཐབས་ཤེས་མི་འདུག དེ་ལས་འདི་གའི་བོད་སྐད་རླུང་འཕྲིན་རང་ལ་བལྟས་ན་བཟང་གི་ཡ།
མི་འདུག་གམ་ཞེས་བཅོས་རོགས
འདི་བཤད་འདོད་ན་ཁ་ཆུ་འབབ་གི་འདུག་མོད། གོང་དུ་བསྟན་འཛིན་ཟེར་བར། ང་ཚོའི་བཀའ་ཁྲིར་ཁོང་བཀའ་ཁྲིའི་ཞབས་སྟེགས་སྟེང་བཞུགས་རིང་ཁོང་གི་མཚན་གྱི་ཁྱད་ཆོས་སུ་བཀའ་ཁྲི་རང་འབོད་ན་ལེགས་ཆ་འདུག དེ་སྐབས་ཁོང་ལ་འབུམ་རམས་ལ་མ་རེད་སྙམ་པའི་དོགས་པ་འབྱུང་དོགས་མེད། ཁོང་ཡིན་ཚད་མིང་ནས་འབོད་ན་མི་བཟང་སྟེ། ཁོང་ཕ་རྒན། ཁྱོ་བོ། ཕྲུ་གུ། བོད་པ། ཕོ་བཅས་རེད་ན་དེ་ཚང་མའི་མིང་ནས་སྨོས་དགོས་སམ།
ཁྱེད་རང་སྒེར་གིས་རིན་པོ་ཆེ། སྐྱབས་རྗེ། སངས་རྒྱས་ཞེས་འབོད་ནའང་མི་འགྲིག་པ་མེད་དོ་ལགས།
འདིར་བཤད་འདོད་ནས་ཁ་ཆུ་འབབ་གི་འདུག་མོད། ཅེས་པར་བཅོས།
ལར་ནས་ཨ་རིའི་རླུང་འཕྲིན་ལས་ཀུངས་ལ་སོགས་བོད་་དོན་དང་འབྲེལ་བའི་བརྒྱུད་ལམ་ཁག་གིས་རྗེས་མ་ནས་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་དངོས་གནས་ལས་ཀ་བྱེད་མཁན་ཀྱི་སྐྱེ་བོ་ཕལ་པ་མང་ཙམ་དང། སྐད་ཆ་བཤད་ཤེས་མཁན་མང་ཙམ་འབོད་ནས་ཁོང་ཚོའི་བཀའ་མོལ་མང་ཙམ་ཉན་དུ་བཅུག་ན་ཡག་པོ་ཡོད་བ་ལས་གོང་ས་ཐམས་ཅད་མཁྱེན་པ་མཚན་དབང་ཁ་ངོར་འཁྱེར་བ་དང་སྦྲགས་ཞོར་ལ་བོད་དོན་གྱི་འདྲ་འབག་སྙིང་རྗེ་པོ་གྱོན་ནས་་དོན་དངོས་རང་དོན་རྐྱང་རྐྱང་སྒྲུབ་མཁན་གྱི་མི་ངན་འཁྲམ་པ་དེའི་རིགས་སྐད་མ་བཏང་ན་ཡག་པོ་འདུག་བསམ་སོང་།
མི་ངན་ཁྲམ་པ་སུ་རེད། བོད་དོན་ལ་ཁ་ཞེ་གཉིས་མེད་ཡོད་མཁན་སུ་རེད།
སྲིད་སྐྱོང་བློ་སེང་མཆོག་རབ་བྱུང་གི་སྡོམ་པ་མ་ཞུས་པའི་སྐྱ་བོ་ཞིག་ཡིན་པས་དབྱིན་མོ་དང་རྒྱ་མོ་ག་ཚོད་ལ་འབྲེལ་བ་གནང་ཡོད་རུང་དེ་ལ་ཐེ་ཇུས་དགོས་གལ་མེད། གཙོ་ཆེ་ཁོང་གཞིས་བྱེས་བོད་མི་མང་གི་མངོན་འདོད་དང་། བདེ་སྡུག་མཁྱེན་པའི་ཐོག་ནས་ཕྱག་ལས་དོན་སྙིང་དང་ལྡན་པ་ཞིག་གནང་ཐུབ་ཚེ་བོད་མི་མང་ལ་དེ་གས་ཆོག སྒེར་གྱི་གནས་ཚུལ་ལ་ཇུས་མེད་ཇུས་གཏོགས་བྱེད་པ་ནི་ཕྲག་དོག་དང་འགྲན་སེམས་ཁོ་ན་ལས་མ་འདས། དེ་བས་ཁོང་ལ་རྒྱབ་སྐྱོར་དང་དབུ་འོག་དཔུང་འདེག་བྱེད་མ་འདོད་ཀྱང་། ཉེས་མེད་ཉེས་འདོག་དང་ཁ་གྱོང་ཚིག་གྱོང་རྐྱང་རྐྱང་བྱེད་ཀྱིན་སྡད་ན་ཁྱེད་རྣམས་དགྲ་རྒྱ་དམར་གྱི་གཙན་འོག་ཏུ་གནས་པའི་རང་རིགས་སྤུན་ཟླ་དག་ལ་སྙིང་མི་རྗེའམ། ངོ་བསྟན་ཕོད་དམ། ངོ་མི་ཚའམ།
མེ་ཏོག་དཀར་པོ་ལགས།
༡་ མི་ངན་འཁྲམ་པ་སུ་ཡིན་རང་རང་སོ་སོས་ཤེས། འདིར་མིང་འདོན་བྱས་ཀྱང་ཕན་ཐོགས་མེད། མདོར་ན། བོད་གཞུང་སྲི་ཞུ་བའི་མིང་འཁྱེར་ནས་རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབ་རྒྱུ་གཅིག་་པུ་དང་རྒྱལ་བ་མེད་ན་བོད་དོན་ནི་གང་བྱེད་ན་བྱེད་བསམ་པ་དང་། བོད་གཞུང་དང་བོད་མི་དམངས་་ཀྱིས་བདམས་པའི་དབུ་ཁྲིད་ལ་མཐོང་ཆུང་། གུས་ཚིག་བེད་སྤྱོད་མི་བྱེད་པ། རང་སྒེར་གྱི་ཆོས་ལུགས་རྨོངས་དད་བ་དང་གྲུབ་མཐའི་ཐེན་འཁྱེར་དག་བོད་མི་རིགས་ཀྱི་ཤི་གསོན་གྱི་སྡུག་བསྔལ་ལས་གལ་ཆེར་བརྩི་མཁན་བཅས་རྣམས་ནི་འཁྲམ་པའི་ཨ་ཕ་རེད། ཨ་ཕ་ཨབ་ཕྲུག་སུ་རེད་འདུག་ཁྱོད་ནས་ད་རེས་མེ་ཏོག་མ་ཡིན་པར་ངས་སྤྲད་པའི་ཐིག་ཤིང་དེ་འཁྱེར་ནས་གཡས་གཡོན་གྱི་མི་ལ་འཇལ་དང་ངང་གིས་ཤེས་ཡོང་།
༢ བོད་དོན་སྒྲུབ་རྒྱུའི་ལས་ཀ་དེ་གཞུང་ཕོགས་དང་སྦྱིན་བདག་རིན་པོ་ཆེའི་གནང་སྦྱིན་ལ་བརྟེན་ནས་མ་ཡིན་པར་སྒེར་པ་རང་གྱི་ནུས་ཤུགས་བཏོན་ནས་ལས་འགུལ་སྤེལ་མཁན་ནི་་ཕྱི་ནང་གཉིས་ཀར་མང་པོ་འདུག དཔེར་ན། རང་སྲོག་དོར་བ་དང། བཙོན་དུ་ཚུད་པ། ཟས་བཅད་ངོ་རྒོལ། ཁྲོམ་སྐོར་བྱེད་པ། རྩོམ་ཡིག་སྤེལ་བ། ཞུ་འབོད་བྱེད་པ། གོམ་བགྲོད་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱི་ལམ་ནས་བོད་མི་དམངས་ཀྱི་བདེ་སྡུག་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བྱེད་པ་ལྟ་བུ་རེད། ཁོང་ཚོ་ནི་བོད་མི་དམངས་ལ་འཛམ་གླིང་ཐོག་རོགས་སྐྱོར་ཐོབ་པའི་རྒྱུ་རྐྱེན་ནམ་འབྱུང་རྩ་གཙོ་བོ་དེ་རེད་ལ། ཁོང་ཚོ་ནི་ཁ་ཞེ་གཉིས་མེད་ཀྱི་བོད་དོན་སྒྲུབ་མཁན་ཡིན་ཞེས་བརྗོད་ཆོག་གོ
མངའ་རིས་པས་བཤད་པ་ལྟར་རེད། དང་ཐོག་ངས་འོས་ཤོག་འཕེན་ཡུལ་དེ་བཀྲས་མཐོང་ཡིན་མོད། ད་ལྟ་ཁོང་བཀའ་ཁྲི་ཡིན་པར་དུས་ཀུན་རྒྱབ་སྐྱོར་དང་ཡིད་ཆེས་བྱེད་བཞིན་མཆིས། ང་ཚོས་རང་བློར་ཏོག་ཙམ་མ་བབ་ན་མི་ངན་ཁྲམ་པ་དང་། ཏོག་ཙམ་ལེགས་སྣང་ཤར་ན་ཁ་ཞེ་གཉིས་མེད་ཡིན་ཚུལ་སོགས་བརྗོད་པ་ནི་ཅུང་མི་འོས་སམ་སྙམ་མོ།།
ངས་དུ་བ་ལས་མེར་ཤེས་པ་བཞིན་ཁྱེད་རང་མི་ངན་ཞིག་མིན་ནམ་དྲན། དགོངས་དག རྩེད་མོ་ཡིན།
སྐད་ཆ་བཤད་སྟངས་ལ་བལྟས་ན་མེ་ཏོག་དེའོ་ཚོན་མདོག་ནི་་དཀར་པོ་རང་ནི་ཨ་ཡིན་བསམ་གྱི་འདུག ནག་པོ་སྐྱག་རྐུབ་ལྟ་བུ་ཞིག་མིན་པའི་རེ་བ་ཡོད་ད། དགོངས་དག འདི་ཡང་རྩེད་མོ་ཡིན་ད།
ཧ་ཧ་ཧཧ་། ད་༧གོང་ས་མཆོག་གི་འཁྲུངས་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ་ཡ་ཡིན།
ཁྱོད་ནས་གོང་ས་མཆོག་ལ་འཁྲུངས་སྐར་རྟེན་འབྲེལ་མཚོན་དོད་དུ་སྙན་ངག་གི་མེ་ཏོག་ཆུན་པོ་ཞིག་ཕུལ་ཚར་འདུག་པས་བསྔགས་བརྗོད་ཡོད་ད།
ཐུགས་རྗེ་ཆེ། སྙན་པོ་ལྟ་གང་ཤེས་ཏེ་དད་པ་དང་དམ་ཚིག་གི་རྟེན་དུ་དམིགས་ཡིན། ༧ཁོང་ང་ཚོ་ལ་ག་འདྲ་བཀའ་དྲིན་ཆེན་པོ་ཞིག་རེད་ཨང་།
རྒྱ་རི་རིན་པོ་ཆེས་ཀུན་གླེང་གི་ནང་ལ་བཀའ་བློན་ཁྲི་པའི་ལས་ཆར་དང་འགྲོ་བཞི་བཞིན་པའི་ཕྱག་ལས་སོགས་ལ་ཧ་ཅང་གི་ང་བློ་འགུ་བོ་བྱུང་སོང་ཚང་མས་ཡིད་ཆེས་གནང་དང་སེམས་པ་ལྷོད་ལ་བབ་ནས་སྡད་ཆོག་གི་འདུག ང་དེ་རེས་རེ་བ་དང་ཡིད་ཆེ་གཉིས་ཀ་སླེབ་བྱུང་ཞེས་དངོས་སུ་གསུང་ཀྱང་འདིར་མ་འབྲི་ཡ་ག་རེ་ཡིན་ན
བཀྲ་ཤིས་པའི་ལྷ་བསང་གཏོང་ས་ལ། ལྟས་ངན་པའི་ཀུ་ཅོ་སྒྲོག་ཞེས་པ་འདི་འདྲ་ལ་ཟེར། གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོར་ར་གཟི་བའི་སྨྱོ་ལབ་ལྟ་བུའི་དཔྱད་བརྗོད་འདི་འདྲ་སྤེལ་བ་ལྟས་ངན་མིན་ན་ཅི་ཡིན། འདིས་ནི་རང་གཞུང་གི་དབུ་ཁྲིད་ལ་གཞི་མེད་སྐྱོན་འདོག་དང་དབུ་ཁྲིད་ནང་ཁུལ་ལ་སྐྲུག་ཤིང་རྒྱབ་པ་ལས་གཞན་གོ་རྒྱུ་ཅི་ཡང་མི་འདུག འདི་ནོ་རྒྱ་རྒན་ཚང་གི་གཡོ་འཁྲུལ་ཡིན་ན་ཐང་།
མ་གཞི་ཆབ་སྲིད་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པ་ཟེར་བ་སུ་རེད། ཤེས་མཁན་ཡོད་ན་གསུང་རོགས་གནང་། མི་འདི་རིགས་ངེས་པར་དུ་ཤེས་པར་བྱེད་སྟེ་མི་འདི་ཚོའི་འགུལ་སྐྱོད་ལ་ཚང་མས་དོ་སྣང་དང་ཞིབ་འཇུག་བྱེད་རྒྱུ་གལ་ཆེ།
མེ་དཀར་པོ་ལགས། དང་ཐོག་མིས་བཤད་པའི་ཚིག་དོན་ལ་ངེས་ཤེས་བྱུང་ན། ད་ཟད་སྐྱོན་འཚང་བྱེད་པ་ཡིན་ན་དོན་དུ་གནས་མེད་གང་ལྟར་ཡང་། འབྲེལ་མེད་ཚིག་ཚོགས་ཉུང་ངེས་རེད། སྲིད་སྐྱོང་དང་བཀའ་བློན་ཁྲི་པ། འབུམ་རམ་པ་དང་མཁས་དབང་བཅས་པ་བློ་སེང་ལ་ཕུལ་ཟིན་པའི་མིང་ངམ་ཆོ་ལོ་ཡིན་པས་དེ་དག་གང་ཞིག་སྦྱར་ནས་གསོལ་ཡང་ལུགས་འགལ་དང་སྲོལ་འགལ་མེད། ཞུས་བ་ཡིན་པས། མི་བུ་ཞིག་ལ་སྦྱོར་རུང་བའི་སྐྱེས་པ་དང་ཕ་རྒན་སོགས་མིང་ཚིག་ཇི་ཡོད་སྤྱོད་འོས་སམ། ཞེས་དྲི་ཚིག་དེ་ང་ལ་ཡོང་དོན་མེད། ཡང་དོན་དུ་ཁྱེད་ལ་ཞུ་རྒྱུ། གོང་དུ་ཞུས་པ་ལྟར་སྲིད་སྐྱོང་བློ་སེང་ལགས་སུ་བཀའ་ཁྲི་དང་སྲིད་སྐྱོང་། འབུམ་རམ་པ་དང་མཁས་བཅས་གང་དང་སྦྱོར་ནས་མཚན་གསོལ་ཡང་མི་ཆོག་རྒྱུ་གཏི་འབྲུ་ཙམ་ཡང་མེད་པས་འདི་འགྲིག་དང་དེ་མི་འགྲིག་བཅས་བཤད་དབང་སུ་ལ་ཡང་མེད། གལ་སྲིད་ཁྱེད་ཀྱིས་ཁོང་ལ་ཕ་རྒན་བློ་སེང་ཞེས་བརྗོད་ན་ཁྱེད་རང་ཉིད་ཀྱིས་འདོད་པ་ལས་དེར་འགྲིག་དང་མི་འགྲིག་བཤད་དོན་མེད་དོ། རང་གི་འདོད་པ། རང་གི་འདོད་པ། རང་འདོད་ལྟར་འདོག་གོ།
བསྟན་འཛིན་ལགས། རང་འདོད་འདྲ་བཤད་ན་ང་ཚོ་རྙོགས་དྲ་ཉུང་དུ་འགྲོ་གི་རེད།
མེ་ཏོག་དཀར་པོ་ལགས། ངེད་ཚང་ལ་རྙོགས་དྲ་ཉུང་དུ་འགྲོ་རྒྱུར་རེ་བ་མེད། རང་གི་ཁ་ཕྱོགས་མི་མཐུན་ས་རང་རིགས་ཞིག་ཡིན་ན། རྐང་པ་སར་གཙུབས། མགོ་བོ་གནམ་ལ་སྟོན་ནས་འགྲོ་བ་ལ་ཡང་སྐྱོན་འདོགས་རྒྱུ་ལས་མི་བསམ་མཁན་མི་རིགས་ཤིག་རེད། བདེན་པ་དང་དྲང་པོ། ཚེ་མེད་དང་ཞི་བདེ། བྱམས་པ་དང་སྙིང་རྗེ། གཞན་ཕན་དང་ལྷག་བསམ། མི་རིགས་དང་ལ་རྒྱ་སོགས་སྟོང་གཏམ་གྱིས་ས་གཞིར་མི་ཤོང་བ་ཚོད་དུ་སྨྲ་མཁན་དག་དག་ཡིན་པ་ལས་རང་དོན་ལ་ཐུབ་ན་དེ་དག་ཚང་མ་སྐྱག་པ་བཏང་གཏོང་འགྲོ་མཁན་རྐྱང་རེད། བཙན་པོར་མཐའ་ནས་བྱམས་སྐྱོངས་དང། ཉམ་ཆུང་གཉའ་ནས་བཙན་གནན་གཏོང་མཁན་ལས་མི་འདུག་གོ།
དེ་རིང་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་ཉུང་དུ་བཏང་ན་༧གོང་ས་མཆོག་གི་སྐུ་ཚེ་བརྟན་པའི་རྒྱུ་རུ་འགྲོ་ངེས། ཚང་མས་ཚིག་གི་མདའ་མོ་འཕེན་པ་མཚམས་འཇོག་རོགས།
བོད་མང་གཙོའི་གཞུངས་གསར་འཇུགས་བྱས་པ་དེས་རྒྱ་རི་རིང་པོ་ཆེ་ཁོང་གི་རེ་བའི་བོད་འམ་རྨི་ལམ་གྱི་བོད་དེ་མེད་པ་ཆག་སོང་གསུང་གི་འདུག།
སྐུ་མདུན་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་བྱོས། བོད་པའི་ཅོས་དཔོན་རེད་ལ་ཁོངབཀའ་དྲིན་ཡང་ཆེན་པོ་ཡིན་པ་བསྙོན་དུ་མེད།འོན་ཀྱང་རྨོངས་དད་མ་བྱས་ན་ཡག་པོ་འདུག རྒྱུ་མཚན་མེད་པར་གཅིག་གནོད་ཀྱི་རེད། གཉིས་ཁྲོས་ཀྱི་རེད།་གསུམ་ཞུགས་ཀྱི་མ་རེད་ཟེར་ནས་བསྡད་ན་ཁབ་ཐབས་དེ་ལས་ཡོང་ཡས་ཡོད་མ་རེད། རྨོངས་དད་བྱས་དྲག་པའི་རྐྱེན་གྱིས་ལུང་པ་བསྐྱལ་བ་མ་རེད་པས། ད་ད་དུས་མ་སད་པར་དེ་བཞིན་བྱས་ན་ལུང་པ་ཚུར་ལེན་རྒྱུ་ནི་ཕ་རི་སྤང་ཀྱལ་རེད་དོ།
ཚང་མས་ཚ་ཚ་འུར་འུར་ངང་མཆན་སྐྱོན་ཤོག་་་ང་ཚོ་ཟུར་ཉན་པ་རྣམས་སྒུག་ནས་བསྡད་ཡོད།
གྲོགས་མཆོད་ཀླུ་སྨྱོན་ལགས་འདིར་ཕེབས་ཏེ་དགོངས་འཆར་གནང་བར་དགའ་བསུ་ཡོད།
ཁྱེད་ནི་དྲ་རྒྱ་འདིར་ཡོང་མཁན་ནང་ནས་ང་ཡི་དགའ་ས་ཡག་ཤོས་དེ་ཡིན། གང་ཡིན་ཟེར་ན་ཁྱེད་ལ་ཆོས་ལུགས་ཀྱི་རིས་་སུ་འཛིན་པའི་ནད་ངན་མཛེ་ལྟ་བུ་ཞིག་མེད་པས་ཡིན། ངས་ཁྱེད་ཀྱིས་རྩོམས་དང་མཆན་གང་བཀོད་པ་ཐམས་ཅད་ལ་དོ་སྣང་ཆེན་པོས་བལྟ་ཀློག་བྱེད་ཀྱི་ཡོད། ངོ་མ་རིས་མེད་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་ཀོང་སྤྲུལ་ལས་སོགས་ཀྱི་རྣམ་པར་སྤྲུལ་བ་ཞིག་མིན་ནམ་སྙམས་བཞིན་ཡོད། གལ་ཏེ་ང་ཡི་མི་ཚེའི་ནང་དུ་ཁྱེད་ཐུག་པའི་གོ་སྐབས་ཞིག་བྱུང་བ་ཡིན་ན་ཁྱེད་ལ་སྒོ་གསུམ་བཏུད་དེ་ཕྱག་འབུལ་ཀྱང་ཡིན།
དེ་མིན་དྲ་འབུ་ར་བཟི་དེ་རིགས་ལ་ནམ་ཡང་མགོ་བོ་སྒུར་རྒྱུ་མིན།
མུ་ཙུག་སྨར་རོ།
གང་ལྟར་ཉེ་འཆར་རྒྱ་རི་རིན་པོ་ཆེ་མཆོག་གི་གསུང་བཤད་དང་འགུལ་བསྐྱོད་མང་དྲག་སྟེ། མི་རྣམས་ལ་ཡ་མཚན་པའི་སྣང་བ་ཞིག་སྐྱེས་ཡོད།
བློ་བཟང་སེང་གེ་རང་བསྟོད་མང་།།
རྒྱ་རི་སྒྲོལ་མ་མིག་ཆུ་མང་།།
རྒྱ་རི་ཚང་ཨ་རི་ནས་ལོ་ངོ་ཉི་ཤུ་ལྷག་ལ་སྡད་པ་དང་ཕྱི་རྒྱལ་ཆབ་སྲིད་པ་ངོ་ཤེས་མང་པོ་ཡོད་པའང་བོད་ལ་བརྟེན་ནས་བྱུང་བ་དང་། དེ་ལ་བརྟེན་ནས་བོད་དོན་ཡང་གང་ཙམ་བྱེད་ཐུབ་ཡོད་པ་རེད་། གང་ལྟར་ཁོས་ཨ་རིའི་ཀུན་གླེང་དང་ཆབ་སྲིད་ཀྱི་གདེང་ཆ་གཞན་སོགས་གཏམ་བཤད་སྐབས་ཁོའི་ལྟ་བའམ་སྐད་ཆ་བཤད་པ་མང་ཆེ་བ་མཐོ་བཤད་དམའ་བཤད་ལས་གནད་དུ་ཁེལ་བ་གསུང་གི་མི་འདུག
ཁྱེད་རྣམས་ཀྱིས་མཆན་མང་ཙམ་གནང་ན་ང་ཚོ་ཟུར་གནས་ཀློག་པ་པོ་ལའང་ཕན་ཐོགས་ཤིན་ཏུ་ནས་ཆེན་པོ་འདུག་
ཐུགས་རྗེ་ཆེ།།