ལ་དྭགས་པ་བསམ་འགྲུབ།
སྟོད་ཀྱི་ལ་དྭགས་ཡུལ་དུ།། དམ་ཆོས་ཟེར་མ་ཡལ་ནས།། སྨུག་ལོང་མུན་པའི་ཁེབས་དུས།། ཡེ་ཤེས་ནོར་བུ་ཕེབས་སོང།།
བཅོམ་ལྡན་ཐུབ་པ་གཉིས་པ།། མགོན་པོ་ཡེ་ཤེས་ནོར་བུས།། ཆོས་རྒྱལ་གཤེགས་པའི་ཤུལ་ལ།། ཆོས་ཀྱི་སྒྲོན་མེ་སྦར་སོང།།
སྤྱིར་ན་སྣོད་བཅུད་གཉིས་ཀ། སྒོས་སུ་གངས་ཅན་བོད་འབངས།། དེ་བས་ལ་དྭགས་ཡུལ་ལ།། བཀའ་དྲིན་གཞལ་མེད་བསྐྱངས་སོང།།
དགོན་རྙིང་སྡོམ་དྲ་ཞིག་སོང།། ཕ་མའི་མཆོད་སྐོང་སྦར་སོང།། མ་ཎི་དབྱངས་སྙན་གྲགས་སོང།། ནང་པའི་མེ་རོ་གསོས་སོང།།
དེང་དུས་སྲོལ་དང་མཐུན་པའི།། ཚན་རིག་དཔྱད་པ་ཟུང་གིས།། ནང་པའི་ཆོས་ལ་སློབ་ཕྱོགས།། བཀའ་དྲིན་ཆད་མེད་བསྐྱངས་སོང།།
ངེད་ཅག་ལ་དྭགས་འབངས་མིའི།། ཡིད་སེམས་བདེ་བས་ཁེངས་ཡོད།། ལ་དྭགས་མགོན་མེད་བྱིས་པར།། འཇམ་དབྱངས་སློབ་གྲྭས་བསྐྱངས་སོང།།
བཀའ་དྲིན་གཞལ་མེད་མགོན་པོ།། དེ་རིང་དགུང་གྲངས་དོན་བདུན།། ཨེ་མ་གྱ་སྟོན་རོལ་ནས།། བརྒྱ་དང་བཅུ་གསུམ་བཞུགས་རོགས།།
ཚེ་རབས་ཕྲེང་བ་ཀུན་ཏུ།། ཁྱེད་ལས་སྐྱབས་གཞན་མེད་ལ།། མི་བསླུ་ལས་འབྲས་སྲུང་ནས།། ཁྱེད་སྐུ་བརྟན་པར་སྨོན་ནོ།།
ཡེ་ཤེས་ནོར་བུ་ཞེས་པ་འབྲི་མཁན་ཨ་མདོ་དེ་ཚོ་ཡིན། འདི་ངོ་མ་བྱས་ན་ཡིད་བཞིན་ནོར་བུ་ཡིན། ལྷ་ས་བ་ཚོས་ཡིད་བཞིན་ནོར་བུ་ཞེས་པའི་སྒྲ་དེ་ཨ་མདོ་དེ་ཚོ་གོ་ནོར་ཐེབས་ནས་ཡེ་ཤེས་ནོར་བུ་ཞེས་སྙན་ངག་བྲིས་པ་རེད། ད་ལ་དྭགས་པ་དེ་ཚོ་ལ་ཡང་འགོས་འདུག
ཡེ་ཤེས་ནོར་བུ་ཟེར་འབྲི་མཁན་ཨ་མདོ་མ་རེད་དབུས་གཙང་པ་རེད། ཡིན་པའི་ཁུངས་རྩོམ་པ་མོ་ཆུ་སྐྱེས་སྒྲོལ་མ་སོགས་ཀྱིས་ཡེ་ཤེས་ནོར་བུ་ཞེས་བྲིས་ཡོད། དེའི་སྐོར་ནས་དབུས་པ་དང་མཉམ་གླེང་སློང་ཡང་བྱས་མྱོང་ཡོད།
ཡིད་བཞིན་ནོར་བུ་རེད། འདི་འབྱུང་ཁུངས་ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུ་ཟེར་བ་ནས་བྱུང་བ་རེད་འདུག དཔེར་ན། ཇོ་བོ་ཡིད་བཞིན་ནོར་བུ། རྒྱལ་བ་ཡིད་བཞིན་ནོར་བུ་ལྟ་བུ།
ཁམས་ལ་ཡང་ཡིད་བཞིན་ནོར་བུ་ཞུ་བ་རེད། དཔེར་ན། ཁམས་པ་ཚོས། “ཇལ་བ་ཡིབ་བཞིན་ནོར་བུ་ཁེན་”ཟེར།
སྤྱིར་ན་གོ་བདེ་པོ་དང་སེམས་ལ་འཇུག་པོ་ཆ་ཚང་ཞིག་བྲིས་གནང་བར་རྗེས་སུ་ཡི་
རངས་ཞུ་བཞིན་མཆིས།
ཨ་རོགས་ལ་དྭགས་མཆོག་གིས།
དྲུག་ཚིག་དབྱངས་ལ་སྦྱར་ནས།།
བཀའ་དྲིན་དྲན་པའི་སྟོབས་ཀྱིས།།
བླ་སློབ་དམ་ཚིགས་འདྲེས་སོང་།།
བཀའ་འདྲི་ཞུ་རྒྱུར། དགོན་རྙིང་སྡོམ་དྲ་ཞིག་སོང་།། ཞེས་པའི་གོ་དོན་གང་ཡིན་ནམ།།
སྣྲོན་ལགས། དགོན་པ་རྙིང་པ་ཚོར་ལྷ་སྐུ་རྟེན་གསུམ་ལ་ཕྱག་མཆོད་འབུལ་མེད་པར་སྡོམ་འབུས་དྲ་བས་སྦྲེལ་ནས་རིང་ཞིག་ལོན་པ་ན། ༧གོང་ས་མཆོག་གི་ཐུགས་རྗེའི་དགོན་པར་སླར་ཡང་དད་ལྡན་འགྲོ་འོང་དང་། ཕྱག་མཆོད་འབུལ་སླར་ཡང་འགོ་ཚུགས་པས་སྡོམ་འབུའི་དྲ་བ་ཞིག་སོང་སྟེ་མེད་པར་བྱས་སོ་ཞེས་པའི་དོན་དུ་གོའོ་ལགས།
ཛམ་གླིག་ཡོངས་ལ་ཁྱབ་པའི།
ཁ་བརྡ་དྲ་ལམ་བརྒྱུད་ནས།
བོད་ཡིག་ཞབས་ཏོག་ཞུ་བར།
ང་ལ་གྲོགས་ཤིག་འབྱོར་འདུག། ༡ །།
རྒྱལ་བ་ཡིད་བཞིན་ནོར་བུ།
སྤྱི་ལོ་ལུགས་ཀྱིས་དོན་བདུན།
བོད་རིགས་ལུགས་ཀྱིས་རྩི་ན།
དོན་བརྒྱད་ཡིན་པར་བསམ་ཡོད།། ༢ །།
བླ་མའི་བཀའ་དྲིན་བསམ་ན།
བོད་སྐད་སྦྱོང་བར་བརྩོན་དགོས།
དེ་ཡིས་སྒྲུབ་པའི་མཆོད་པ།
ཁྱད་དུ་འཕགས་པར་འགྱུར་རོ།། ༣ །།
ཛམ་གླིག་ཅེས་པ་ཛམ་གླིང་ཞེས་སོ།
ལ་དྭགས་པ་གྲྭ་རྒྱུན་འགའ་ཞིག་ལ་དྭགས་ནས་འོངས་པ་མ་གཏོགས་སྐད་ཀྱི་ཆ་ནས། ལྷག་པར་འབྲས་སྒོ་མངས་གྲྭ་ཚང་དུ་མདོ་སྨད་པ་དང་མཚུངས་པ་སྔ་མོ་ན་མཐོང་ངོ་།།
ཤར་གྱི་ཕྱོགས་སུ་འཁྲུངས་ནས། །
ལྷོ་ཕྱོགས་རྒྱ་མཚོའི་བར་ཕེབས། །
ནུབ་ཕྱོགས་ཞི་བདེར་བཀོད་ནས། །
བྱང་ཕྱོགས་མུན་་པ་སེལ་མཁན། །
༸བླ་མའི་༸སྐུ་ཚེ་༸ཡུན་བརྟན། །
བྱམས་དང་སྙིང་རྗེའི་དབང་གིས།། སྤྲུལ་བའི་འཁོར་སྒྱུར་ཆེན་པོ།། འཛམ་གླིང་ཞི་བདེ་དེད་དཔོན།། གོང་ས་ཡིད་བཞིན་ནོར་བུ།། སྙིགས་མ་ལྔ་བདོའི་དུས་ཀྱི།། ཉམ་ཐག་འགྲོ་བ་འདི་དག། འཁོར་བའི་འདམ་ལས་འགྲོལ་ཕྱིར།།
ཞབས་པད་ཁྲི་ལོར་བརྟན་ཤོག།
ངའི་ཤིས་ཚིག་ལ་མཆན་བུ་འདེབས་མཁན་མང་པོ་ཕེབས་ནས་ཚང་མས་བསམ་མཆར་བཏོན་པར་ཐུགས་རྗེ་ཆེ། རྒན་འཇམ་དཔལ་ལགས་ལ་འཇུ་ལེ་དང་ཉིདའདྲ་ཐོག་ནས་ཐུག་པའི་འཐད་པོ་སོང་།། དེ་དང་མེ་ཏོག་དཀར་པོ་ལགས་ནས་ངས་ཚབ་བྱས་ནས་ལན་འདེབས་བྱས་པ་ཐུགས་རྗེ་ཆེ་ཞུ་ཡི་ཡོད།།
སྒོ་མང་སློབ་གྲྭའི་འཛིན་རིམ་བརྒྱད་པ་ཐོན་པའི་སློབ་ཕྲུག་རེ་རེ་ནས་སྙན་ངག་གི་དཔེ་རྒྱན་དང་གཟུགས་རྒྱན་ཆ་ཚང་རེའི་སྒོ་ནས་སློབ་མའི་དྲན་རྟེན་ལྷོ་ཕྱོགས་མ་ལ་ཡའི་མྱུ་གུ་ཞེས་པའི་དེབ་ཅིག་བཏོན་འདུག །བརྗོད་བྱ་གཙོ་བོ་གོང་ས་མཆོག་དང་ཟམ་གདོང་བླ་མ། བཀའ་ཁྲི་བློ་སེང་སོགས་བཙན་བྱོལ་གྱི་མཁས་དབང་གྲགས་ཅན་རྣམས་དང་ལྷག་དོན་གདན་སའི་སྣོད་བཅུད་ཀྱི་བཀོད་པ་དང་ཉིན་རེའི་ཆོས་སྤྱོད་ཀྱི་བྱ་བ་གསལ་བར་སྟོན་ཅིང་། བརྗོད་བྱེད་ཚིག་གི་ཆ་ནས་ཚིག་གི་སྡེབ་སྦྱོར་ལེགས་ཤིང་ཉམས་འགྱུར་གྱི་སྒྱུ་རྩལ་འབུར་དུ་ཐོན་པ་འདི་ལྟ་བུ་ཞིག་ཕལ་ཆེར་བཙན་བྱོལ་སློབ་གྲྭ་ན་འགྲན་ཟླས་མི་ཆོག་པ་ལྟ་བུར་འདུག །སློབ་ཕྲུག་མང་ཆེ་བ་ནི་ལ་དྭགས་པ་དང་ཟངས་དཀར་བ་རེད། གར་ཞ་དང་འབྲུག་པ་བཅས་རེད། འཛིན་གྲྭའི་ནང་གི་ལོ་ན་ཆུང་ཤོས་དང་ལ་དྭགས་ནས་ཡིན་པ་ལོ་བཅུ་དྲུག་ཡིན་པའི་སློབ་ཕྲུག་ཅིག་གིས་བྲིས་པའི་བཞིན་སྒྲ་དུ་མ་ཅན་གྱི་དཔེར་བརྗོད། ལྗོན་ཤིང་རླུང་གིས་བསྐྱོད་བཞིན་ངུར་སྨྲིག་གོས།།འདབ་ཆགས་སྐད་བཞིན་དཔེ་འཛིན་སྐྱོར་ཀློག་སྒྲ།།འབྲུག་སྒྲ་ཇི་བཞིན་ཚོགས་འདོན་རྒྱུན་ཆགས་པའི།།གྲྭ་སའི་སྒྲིག་འཛུགས་ཐུབ་བསྟན་གནས་པའི་རྒྱུ།།ལྟ་བུ། ནམ་རྒྱུན་སློབ་ཕྲུག་ཚོ་ལ་གཟའ་འཁོར་གཅིག་གི་ནང་སྐད་ཡིག་གི་གཏམ་བཤད་བགྲོ་གླེང་དང་འབྲི་རྩོམ་གྱི་སྐོར་སྦྱོང་བ་ཆེ་ཙམ་སྤྲད་གི་ཡོད་པ་རེད། སློབ་ཚན་ཡིག་གཟུགས། སུམ་རྟགས་དག་གསུམ། སྙན་དངགས། རྒྱལ་རབས་ཆོས་འབྱུང་། བོད་ཡིག་སྦྱོར་ཀློག །ཨང་རྩིས། ཚན་རིག །དབྱིན་ཇི། མཚན་ཉིད་རྩོད་པ། བློ་འཛིན་སོགས་རེད། རིག་གནས་དགེ་རྒན་གྱི་ཆ་ནས་བོད་ནང་ནས་སློབ་སྦྱོང་བྱས་པའི་ཉམས་མྱོང་ཡོད་རྐྱང་རེད། ནམ་རྒྱུན་ཨ་མདོ་བ་དང་མཉམ་དུ་གཤིབས་ནས་སྡོད་པ་ཡིན་སྟབས་སློབ་ཕྲུག་ཚོས་གོ་བརྡ་མི་འཕྲོད་པ་དང་ཨམ་སྐད་དུ་འགྱུར་བ་དེ་འདྲ་ཡོད་པ་མ་རེད། དེ་སྔོན་མོན་པ་སློབ་ཕྲུག་ཅིག་གིས་བརྩམས་པའི་ལྷོ་མོན་ཁུ་བྱུག་ཅེས་པའི་དེབ་ཅིག་སློབ་གྲྭ་ནས་བཀྲམ་ཡོད་པ་རེད། དེབ་དེ་གྲྭ་སའི་ནང་ལ་སྐད་གྲགས་ཆེ་ཙམ་བྱུང་།
དགེ་རྒན་ཕལ་ཆེར་ཨ་མདོ་བ།།
སློབ་ཕྲུག་ཕལ་ཆེར་ཧི་མ་ལའི།།
ས་དང་ཡུལ་ལུང་མི་གཅིག་ཀྱང་།།
ཆུ་དང་འོ་མ་འདྲེས་པ་བཞིན།།
ཡེ་ཤེས་ནོར་བུ་ཟེར་བ་ཡིག་ནོར་རེད། ལྷ་སའི་སྐད་ཡིད་བཞིན་ནོར་བུ་ཟེར་བ་སྒྲ་འདོན་སྟངས་ཀྱི་ཁྱད་པར་ལས་ཁ་ལ་འཇགས་པ་ལྟར་གཟབ་ནན་མ་བྱས་པར་ལག་ཏུ་བྲིས་པ་རེད།
འཇུ་ལེ་ཞེས་པའི་ལེ་ལ་གོ་བ་མེད།
འཇུ་ལེགས་ཞེས་པའི་ལེགས་ལ་གོ་བ་ཡོད།
དེ་བཞིན་མིང་གི་རྗེས་སུ་ལེགས་ཞེས་པ།
ཡིག་སྐད་བཞིན་དུ་འབྲི་བ་མཆོག་གི་དོན།།
འོན་ཀྱང་ལ་དྭགས་པ་དང་གཞན་དག་གིས།
ལེ་དང་ལ་ཞེས་འབོད་པ་མ་དག་སྒྲ།
དག་པར་འབྲི་ན་ལེགས་ཞེས་མིང་མཇུག་ཏུ།
འབྲི་བ་མཆོག་དང་བཟང་པོའི་དོན་དུ་གོ།
བོད་ཡིག་དག་ཆ་སླར་གསོར་སྤྲོ་བས་དབེན།
སྒྲ་ཡི་འགྱུར་སྟངས་ཚུལ་ལ་རྣམ་དཔྱོད་མེད།
ལགས་ལ་ལེགས་ཞེས་བྲིས་པར་བཞད་གད་བརྩི།
འོན་ཀྱང་རང་བཞིན་བརྗོད་པར་སྤྲོ་བ་བརྟས།།