སེམས་ན་ཡོད། Posted on 2012-07-052012-07-05 By ཁ་བརྡ་ 5 Comments on སེམས་ན་ཡོད། བོད་ནང་ནས་འཁྲུངས་སྐར་ལ་ཕུལ་བའི་གཞས། གླུ་གཞས།
སེམས་ན་ཡོད་ཟེར་བ་དེ་my mind is troubled ལ་བསྒྱུར་འདུག་པ་སྟེ་ནོར་རེད། these are in my heart ཞུ་དགོས་བསམ་སོང་།
བསྒྱུར་ཚུལ་དེ་”ང་ན་ཚ་མེད་”ཞེས་པའི་དགོད་གཏམ་དེ་དང་འདྲ་པོ་འདུག གདངས་དང་རོལ་ཆ་གཞན་སྤྱད་ནས་གཏོང་རྒྱུ་མེད་པ་ཅི་ཡིས་ལན། རྟག་ཏུ་ཀྲོ་ལོང་ཀྲོ་ལོང་ཞེས་པའི་སྒྲ་གདངས་གཅིག་བུ་ཡང་ནས་སྐྱར་དུ་གོ་དུས་མཚམས་རེ་རྣ་ལ་བསུན་ཞིང་སྙན་པོ་རང་མི་འདུག ཨ་ཙི་དགོངས་དག་རྩེད་མོ་ཡིན།།་
མི་བུ་ལགས། སྙན་པོ་འདྲ་ཡོད་ན་འདིར་བཀོད་དང་སྐད་ཆ་གཞུག་ནས་བཤད་ཆོག ངས་འདི་ནི་འཛམ་གླིང་སྤྱི་དང་མ་འདྲ་བའི་སྒྲ་ངག་གཉིས་ཀྱི་ཆ་ནས་ཁྱད་པར་བ་ཞིག་རེད་འདོད་ཡོད།
བོད་གཞས་སྒྲ་སྙན་རྡུང་ལེན་འདི་བཞིན་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ། གནམ་གྱིས་འདོད་ཚུལ་ལྟར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་འདུག སྔོན་མ་ཡིན་ན་ཁོ་བོ་ཡང་རྡུང་ལེན་ལ་དེ་འདྲིའི་དཀའ་སྣང་ཞིག་མེད་དེ། སྐབས་བབས་དང་གཞས་ཚིག་གི་བསྟན་དོན། གདངས་དབྱངས་ཀྱི་འགྱུར་ཁུག གངས་རི་དང་མཚེའུ་སོགས་རང་བྱུང་འཁོར་ཡུག་གི་དྲན་སྐུལ། བརྗིད་ཅིང་ཡིད་དུ་འོང་ལ་སྟོང་སིང་ངེ་ལུས་བའི་ཕོ་བྲང་། རེ་ལྟོས་ཀྱི་མིག་འབྲས་འབུར་ཚུགས་སུ་ཐོན་པའི་གཞས་བ་ཡི་ཉམས་སོགས་ཀྱིས། རེ་ཞིག་ཁོ་བོ་ཧད་དུ་བཅུག་སོང་། དགའ་བ་བསྐྱེད་སོང་། སྐྱོ་རུ་བཅུག་སོང་། མིག་ཆུ་དྲངས་སོང་།
སེམས་ན་ཡོད་ཟེར་བ་དེ་my mind is troubled ལ་བསྒྱུར་འདུག་པ་སྟེ་ནོར་རེད། these are in my heart ཞུ་དགོས་བསམ་སོང་།
ན་དེ་ལ་དོན་ཡིན་པ་མ་ཤེས་པར་ན་ཟུག་ལ་གོ་ནས་བསྒྱུར་ཡོད་ས་རེད། ཧ་ཧ་ཧ་ཧ། ད་བོད་ཡིག་མ་ཤེས་ན་དཀའ་ལས་འདུག་གཱ།
བསྒྱུར་ཚུལ་དེ་”ང་ན་ཚ་མེད་”ཞེས་པའི་དགོད་གཏམ་དེ་དང་འདྲ་པོ་འདུག གདངས་དང་རོལ་ཆ་གཞན་སྤྱད་ནས་གཏོང་རྒྱུ་མེད་པ་ཅི་ཡིས་ལན། རྟག་ཏུ་ཀྲོ་ལོང་ཀྲོ་ལོང་ཞེས་པའི་སྒྲ་གདངས་གཅིག་བུ་ཡང་ནས་སྐྱར་དུ་གོ་དུས་མཚམས་རེ་རྣ་ལ་བསུན་ཞིང་སྙན་པོ་རང་མི་འདུག ཨ་ཙི་དགོངས་དག་རྩེད་མོ་ཡིན།།་
མི་བུ་ལགས།
སྙན་པོ་འདྲ་ཡོད་ན་འདིར་བཀོད་དང་སྐད་ཆ་གཞུག་ནས་བཤད་ཆོག ངས་འདི་ནི་འཛམ་གླིང་སྤྱི་དང་མ་འདྲ་བའི་སྒྲ་ངག་གཉིས་ཀྱི་ཆ་ནས་ཁྱད་པར་བ་ཞིག་རེད་འདོད་ཡོད།