ཁྱོ་གའི་མགོ་བོ་བཅད་ནས་ཆུང་མའི་སྐེ་ལ་བཏགས་ཏེ་དྲག་པོའི་འཐབ་རྩོད་བྱས་པ་སོགས་དངོས་བྱུང་གི་ལོ་རྒྱུས་ཁག་ཅིག
རིག་གནས་གསར་བརྗེ་ཆེན་མོའི་སྔ་ཕྱི་གླེང་བ།
རྒྱ་ནག་གི་བཙན་འཛུལ། བོད་ཁུལ་གཏོར་བཅོམ། ཡ་ང་བའི་མུ་གེ དཀའ་སྡུག་དངོས་སུ་མྱོང་མཁན་ཅིག་ནས་གསུངས་པའི་ཚིག་ཐོ་སོར་འཇོག་གིས་བཀོད་པ།
འཚོལ་སྒྲིག་མཁན། དགའ་བྱང་དགེ་འདུན། ༢༠༠༨ ལོར།
གོང་གསལ་གྱི་དེབ་འདི་གཤམ་གསལ་འབྲེལ་ཐག་བརྒྱུད་ནས་ཀློག་རོགས།
rig gnas_gsar_brje_chen_poi_lo_rgyus
ཡིག་ཆ་དེ་རགས་ཙམ་བྋཐྲྤཀླགས་པ་ཡིན། ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན། དཀའ་སྡུག་གི་ནམ་ཟླ་རིང་མོ། བཙན་གནོན་གྱི་རང་གཟུགས་རྗེན་པ་བཅས་གསལ་སྟོན་བྱས་འདུག
གསོན་དུས་རྒྱལ་རྐུན་ཟེར་ནས་བཙོན་དུ་བཏགས།།
འཇམ་པོའི་ལུས་ལྕགས་ཀྱིས་རྨ་ཁ་བཏབ།།
ཤི་རྗེས་མིང་གིས་བཟུང་ནས་ཡང་ཡང་འབོད།།
རྣམ་ཤེས་མདུན་དུ་འགྲོ་བའི་བར་ཆད་བྱས།།
གསོན་དུས་རྒྱོ་སའི་སྟུ་ཡང་མ་རྙེད་པར།།
འགྱིག་གི་བུ་མོའི་མཚན་མར་འདོད་པ་སྤྱད།།
ཤི་བའི་མི་རོ་སྐམ་པོ་ཡ་མཚན་འདིས།།
ས་ཡ་དྲུག་གི་སེམས་པ་ཡོངས་སུ་གུག།
བསྟད་ཀྱང་སྨྱོན་པ་ཁོང་ནི་བཙོན་དུ་ཤི།
སྨད་ཀྱང་མཁས་པའི་དབང་པོའི་མཚན་སྙན་བཞག།
ཆགས་སྡང་སེམས་འདི་མི་བརྟན་མཇེ་རྒོད་འདྲ།།
ཞག་རེ་ལ་ཡང་ཤི་གསོན་མང་དུ་འབྱུང་།།
ཁོ་བོ་སྔར་ནས་བོད་ལ་རེ་ཆད་དེ།།
ཐག་རིང་ས་མཐའ་ཞིག་ཏུ་ཡུབ་ན་ཡང་།།
གློག་གི་དྲ་བའི་ཕོ་ཉ་མྱུར་པོ་འདིས།།
དགའ་སྐྱོ་སློང་བའི་གཏམ་རིགས་མང་པོ་བྱིན།།
གསོན་དུས་རྒྱལ་རྐུན་ཟེར་ནས་བཙོན་དུ་བཏགས།།
འཇམ་པོའི་ལུས་ལ་ལྕགས་ཀྱིས་རྨ་ཁ་བཏབ།།
ཤི་རྗེས་མིང་གིས་བཟུང་ནས་ཡང་ཡང་འབོད།།
རྣམ་ཤེས་མདུན་དུ་འགྲོ་བའི་བར་ཆད་བྱས།།
ང་ཚོ་བག་མ་གསར་པ་ཞིག་དང་མཚུངས། ང་ཚོས་རང་གི་མིང་ངོ་མ་སྦས་ནས་སྟག་དང་སེང་གེའི་མིང་གིས་འབྲི། ཉིན་གཅིག་ང་ཚོས་རང་རང་གི་མིང་ངོ་མ་ཚུར་བཏོན་ནས་བསམ་ཚུལ་འབུལ་ཐུབ་པ་ཞིག་བྱུང་ན་ཇི་མ་རུང་། བོད་པའི་སྤྱི་ཚོགས་ཆུང་དྲགས་པའི་རྒྱུ་རྐྱེན་ལ་བརྟེན་ནས་དེ་རིང་རྩོམ་ཡིག་ལ་དགག་བཞག་སྤེལ་སྐབས་སང་ཉིན་ཇ་ཁང་ནས་མིག་ལོག་བལྟ་དགོས་འཁེལ་བ་དེ་ནི་རྒྱུ་མཚན་གཅིག་ཡིན་སྲིད།
སྐུ་ཉིད་ནས་ངལ་དུབ་ལ་མ་འཛེམས་པར་བྲིས་པའི་རྩོམ་འདིར། ངས་ངལ་དུབ་ལ་འཛེམས་ནས་ཞིབ་ཚགས་ཤིག་ཀློག་ཐུབ་མ་སོང་ཡང་། བསྐྱུར་ཞོར་ཀློག་ཞོར། ལྡིང་ཞོར་ཀློག་ཞོར་བྱས་ནས་ཚར་བཅུག ད་བར་འདི་འདྲ་རྐྱང་རྐྱང་ཀློག་ཡོང་བ་ཡིན། སེམས་པ་སྐྱོ་བོ་རེད། འདིར་ངས་རྒྱ་མི་ཞེས་བརྗོད་འདོད་མེད། འདི་ནི་ང་ཚོ་མི་ཟེར་བ་དེར་བཟང་ངན་གྱི་ངོས་གཉིས་ཡོད་པ་ལས་ངན་པའི་ཕྱོགས་ཀྱི་ངོས་དེ་རེད། གུང་ཁྲན་ཏང་ལ་དཔྱད་པ་དགུ་བ་ཞེས་པའི་རྒྱ་ཡིག་གི་དེབ་དེ་འདི་ལས་ཀྱང་ཧ་ལས་ཧོན་འཐོར་བ་ཞིག་རེད་དེ་ད་ཅི་བྱེད།
སྐུ་ཞབས་གཡང་སྐྱབས་རྒྱལ་ལགས། ངེད་ཚོའི་རྩོམ་པ་པོའི་ཁྲོད་དུ་རིགས་གཉིས་འདུག རིགས་གཅིག་གིས་རྩོམ་ཡིག་ཡག་བཙོག་གང་ཞིག་བྲིས་ཀྱང་རང་གི་མིང་དེ་འདོན་ཐུབ་ཐབས་གཙོ་བོར་བྱེད་ཀྱིན་འདུག ཁ་ཤས་ཤིག་གིས་རང་གི་མིང་དེ་གསང་ཐབས་བྱེད་ཀྱིན་འདུག ལེགས་པར་བརྟགས་ན་རིགས་སྔ་ཕྱི་གཉིས་ཆར་སྐྱོན་དང་ཡོན་ཏན་གྱི་ཆ་གཉིས་ཆར་འདུག དེར་བརྟེན་ང་ཚོ་ཀློག་པ་པོས་རྩོམ་པ་པོའི་རྒྱབ་ལྗོངས་འཚོལ་བ་ལས་ཀྱང་རྩོམ་ཡིག་གི་ལེགས་ཉེས་གཙོ་བོར་འཛིན་རྒྱུ་དེ་གལ་ཆེན་ཡིན་ངེས། རང་རེའི་ཁ་བརྡ་དྲྭ་རྒྱ་ལྟ་བུར་མཚོན་ན་དེང་སྐབས་རྩོམ་པ་པོའི་མིང་འགོད་མི་དགོས་པའི་ཐོག་གླེང་གཞི་ལ་བཀག་རྒྱ་དང་འདོར་ལེན་མི་བྱེད་པས་ལེགས་པའི་མཐར་ཐུག་ཅིག་ཏུ་སེམས།
རྩོམ་འབྲི་བ་སྤོབས་པ་ལགས
རིགས་གཉིས་ཡོད་པ་དེ་རྩོམ་པ་པོ་མ་རེད། གཉིས་ཀ་སྐབས་འཚོལ་བ་རེད། ཁ་བརྡ་ལྟ་བུར་མཚོན་ན་རྩོམ་འབྲི་བའི་མིང་འགོད་མི་དགོས་བའི་ཐོག་ནས་གླེང་གཞི་སྤེལ་ཆོག་རུང༌། གླེང་གཞི་སྤེལ་མཁན་རྣམས་སྐབས་འཚོལ་བ་བྱེད་འདོད་མེད་ན་སོ་སོའི་མིང་ངོ་མ་ཚུར་བཏོན་ནས་རྩོམ་ཡིག་སྤེལ།
ལས་གཞི་འདིའི་འགོ་ཡང་ང་ཚོ་གླེང་གཞི་སྤེལ་མཁན་དང་རྩོམ་ཡིག་སྤེལ་མཁན་རྣམས་ནས་འཛུགས་དགོས། རྩོམ་ཡིག་ལ་ལེགས་ཉེས་ཅི་ཡོད་ཀྱང་རུང༌། བསམ་བློ་གུ་ཡངས་པོ་བྱོས་དང༌།་ སོ་སོའི་བསམ་ཚུལ་འགྲོ་ས་ཡོད་པའི་སྤྱི་ཚོགས་གུ་ཡངས་པོ་ཞིག་བསྐྲུན་ཐུབ་ཀྱི་རེད།
རང་མིང་སྟག་དང་སེང་གེ་སོགས་ཀྱི་རྒྱབ་ཏུ་ཡུབ་ནས་མི་ལ་ངན་གཏམ་མཁན་དེ་ཚོ་དོན་ངོ་མ་ཁྱི་རྐུན་ཞིག་དང་ཁྱད་མེད་རེད། དེ་ཚོའི་ནམ་ཡང་སོ་སོའི་མིང་ངོ་མ་ཕྱིར་སྟོན་ཐུབ་ཀྱི་མ་རེད་གང་རེད་ཟེར་ན། ཁོ་ཚོ་རྐུན་མའི་རྗེས་འཇུག་པ་རེད།