འདི་ནི་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་ནང་དུ་སློབ་གཉེར་གནང་བཞིན་པའི་གྲྭ་རིག་པ་སྨྲ་བ་ལི་ཐང་རྩོམ་པ་པོ་ཨ་ཀ་ཚང་སྤེན་པ་ཚེ་རིང་ཀྱིས་རྩོམ་སྒྲིག་བྱས་ཤིང་།དེབ་འདིའི་ནང་གི་བརྗོད་བྱ་གཙོ་བོ་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླང་དམག་གི་སྤྱི་ཁྱབ་བཀོད་འདོམས་པ་ཛ་སག་མགོན་པོ་བཀྲ་ཤིས་མཆོག་གི་བཀའ་དྲན་རྗེས་སུ་དྲན་པའི་རྩོམ་ཡིག་ཕྱོགས་བསྒྲིགས་ཤིག་ཡིན་པ་དང་།དེབ་འདིའི་ནང་ལ་རྩོམ་ཡིག་ཚན་པ་དག་ནི།ལྷུག་རྩོམ།༧བཅད་རྩོམ།༥༣རང་མོས།༥ལོ་རྒྱུས།༢བཅས་འདུགདེབ་འདིའི་ནང་གི་རྩོམ་པ་པོ་དག་གི་མཚན་རེ་རེ་ནས་སྨྲོས་ན།རྩོམ་པ་པོ།<>༡༽ཆབ་མདོ་ངག་དབང་ཕུན་ཚོགས།༢༽ཀླུ་ཤིང་ལོ།༣༽སྡེ་དགེ་བསོད་ནམས་རྒྱལ་མཚན།༤༽མགར་འཇམ་དབྱངས།༥༽ཕ ུ་ཚང་བློ་བཟང་བསྟན་རྒྱལ།༦༽ལི་ཐང་ཨ་སྤེན།༧༽དགེ་བཤེས་དགེ་འདུན་དཀོན་མཆོག<>༨༽རྭ་རྒྱ་བློ་བཟང་དཔལ་ལྡན།༩༽འབྲོང་ངུར་ཆོས་རྗེ།༡༠༽ཚ་རུ་མའི་ཐབས་མཁས།༡༡༽སྤུ་བླ་སྐལ་བཟང་།༡༢༽བསོད་ནམས་དབང་ཆེན།༡༣༽རོང་བོ་བློ་བཟང་སྙན་གྲགས།༡༤༽ལྷ་རམ་པ་མཁྱེན་རབ་དཔལ་འབར་།༡༥༽བེ་རི་འཇིགས་མེད་དབང་རྒྱལ།༡༦༽ཐུབ་བསྟན་སྦྱིན་པ།༡༧༽ལི་ཐང་བློ་བསྟན།༡༨༽འབྲོང་ངུར་བསྟན་འཛིན་ལ མ་བཟང་།༡༩༽སེར་སྨད་བློ་དགའ།༢༠༽བྱ་ཁྲ་བསོད་ནམས།༢༡༽དོལ་པོ་འགྱུར་མེད།༢༢༽གོ་འཇོ་རྡོ་རྗེ།༢༣༽གུ་ཡང་བག་ཕེབས།༢༤༽ཉག་རོང་ཚུལ་ཁྲིམས།༢༥༽དཀོན་མཆོག་དར་རྒྱས།༢༦༽སྒོ་མང་ཆོས་རྒྱལ།༢༧༽རྒྱལ་ཐང་ཡོན་ཏན།༢༨༽འཆམ་ར་དྲི་མེད།༢༩༽ཐུབ་བསྟན་བཀྲ་ཤིས།༣༠༽འབའ་འཆི་མེད།༣༡༽ཨ་རིག་དགེ་མཐོང་།༣༢༽གཡུང་དྲུང་བཀྲ་ཤིས།༣༣༽གྲྭ་འབུམ་ཨ་ཁུ།༣༤༽བྱམས་པ་འབྱུང་གནས།༣༥༽གསེར་རྟ་ཚུལ་ཁ ྲིམས།༣༦༽དོན་འགྲུབ་དཔལ་ལྡན།༣༧༽ཀླུ་སྨྱོན་ཧེ་རུ་ཀ།།༣༨༽སྐལ་བཟང་འཕྲིན་ལས།༣༩༽ཤིས་ཚང་ལྗང་སྨྱུག༤༠༽ཐུབ་བསྟན་དངོས་གྲུབ།༤༡༽གཅན་དཀར་སྲས།༤༢༽པངྨ་དབང་ཆེན།༤༣༽ལྕོག་རི་ཕུར་བུ།༤༤༽མཁྱེན་རབ་རྒྱ་མཚོ།༤༥༽ཚངས་སྲས།༤༦༽མིའུ་བུད་ངྡ།༤༧༽བསོད་ནམས་ནོར་བུ།༤༨༽བློ་བཟང་ཚུལ་ཁྲིམས།༤༩༽བཀྲ་ཤིས་ཚེ་བརྟན།༥༠༽དཔལ་ལྡན་རྣམ་རྒྱལ།༥༡༽འཇིགས་མེད་དཔལ་ལྡན།༥༢༽འགྱུར་མེད་རབ་བརྟ ན།༥༣༽བསྟན་པ།༥༤༽ལུང་རྟོགས།༥༥༽བློ་བཟང་རིན་ཆེན།༥༦༽ལི་སྨྱུག༥༧༽ཀུན་བཟང་ཚུལ་ཁྲིམས།༥༨༽ཐུབ་བསྟན་ཕུན་ཚོགས།༥༩༽བསམ་བློ་བཟོད་པ།༦༠༽བློ་བཟང་ཆོས་འཕེལ།<>༦༡༽གངས་སྒྲ།༦༢༽སངས་རྒྱས་བསྟན་འཛིན།༦༣༽མེ་ལྕེ།༦༤༽བཀྲ་ཤིས་དོན་འགྲུབ།༦༥༽ཚང་སར་འཕྲིན་ལས།༦༦༽<>སངས་རྒྱས་ཚེ་རིང་།བཅས་ཁྱོན་རྩོམ་པ་པོ་དྲུག་ཅུས་དམ་པ་གང་གི་བཀ འ་དྲན་རྗེས་སུ་དྲན་པའི་གདུང་བའི་དབྱངས་སུ་གྱེར་འདུག
གླེང་རིན་ལྡན་པའི་མི་བུའི་རིན་ཐང་ལ་དཔྱད་འཇོག་དགོས་པ་ལོ་རྒྱུས་ཀྱི་དཔང་འདེད་སྟངས་ཤིག་རེད། ཡིིན་ཡང་། སྔོན་གཤེགས་དཔའ་བོ་དག་གི་མཛད་རྗེས་ནི་ཕྱིས་འབྱུང་མི་བུ་སོ་སོའི་མངོན་འདོད་དང་ཁེ་སང་གི་ཆེད་དུ་ཁ་ཡར་བསྒྱུར་མར་བསྒྱུར་ཅི་ཡང་མེད་པར། བདེན་པ་དང་གནས་ལུགས་ཀྱི་ཐད་ནས་ང་ཚོས་ཅིས་ཀྱང་རྗེས་འདེད་ཐུབ་དགོས་པ་ཡིན། དེ་མིན་གསེར་རི་ལྟ་བུའི་བྱས་རྗེས་ཇེ་ཆུང་དུ་འགྲོ་ཉེན་ཤིན་ཏུ་ནས་ཆེ་བས། ཅི་བཞིན་བདེན་ཐུབ་ཀྱིས་གླེང་ཐུབ་ཡོད་པའི་རེ་བ་ཡོད། ཞོར་ནས་འབྲེལ་ཡོད་རྩོམ་སྒྲིག་པ་དང་རྩོམ་འབྲི་བ་ཡོངས་ལ་ཐུགས་རྗེ་ཆེ་ཞེས་ཞུ་གི་ཡིན།
དེབ་འདིའི་པར་གཞི་གཅིག་གུས་པར་བསྐུར་གནང་ཡོང་བ་ཞུ།
ལི་ཐང་རྩོམ་པ་པོ་ཨ་ཀ་ཚང་སྤེན་པ་ཚེ་རིང་ལ་བཀའ་དྲིན་ཆེ་ཞུ།
ཀླུ་སྨྱོན་འདི་དེང་སང་དྲ་ཐོག་ནས་སློང་མོ་རྒྱག་མཁན་ཞིག་ཏུ་གྱུར་འདུག ཆི་མ་ཉན་ནི་རེད་ཀོ
མིང་དོན་མཚུངས་པའི་དཔའ་བོ་ཞིག་གི་རྗེས་དྲན་ཕྱོགས་བསྒྲིགས་གནང་བར་འབྲེལ་ཡོད་ཀུན་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།
མིང་དོན་མཚུངས་པའི་དཔའ་བོ་ཞིག་གི་རྗེས་དྲན་ཕྱོགས་བསྒྲིགས་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན།
བོད་མི་རིགས་ཀྱི་དཔའ་བོ་ཆེན་པོ་ཨ་འབྲུག་མགོན་པ་བཀྲིས་མཆོག་རྗེས་དྲན་གྱི་དེབ་ཐོན་པར་ཡི་རངས་བསྔགས་བརྗོད་ཞུ།
ཨ་འབྲུག་ཚང་དང་། ཁམས་རིག་གི་མ་གཏོགས་ཆུ་བཞི་སྒང་དྲུག་གི་དང་བླང་སྒྲིག་ཚུགས་དེར་བྱས་རྗེས་འཇོག་མཁན་མེད་པ་ལྟ་བུ་འདས་པའི་ལོ་ངོ་ལྔ་བཅུ་ལྷག་ཙམ་ནང་དེབ་དང་། རྗེས་དྲན་རྩོམ་ཐུང་། དེ་བཞིན་ཁ་རྒྱུན་གླེང་བཞིན་ཡོད་པ་ནི་ད་བར་བློ་གཟུ་བོར་གནས་པའི་ཐོག་དཔྱད་བརྗོད་དང་། ཡོང་བསྒྲགས་ཀྱིས་བསྒྲགས་གཏམ། གསུངས་བཤད་དམ་གཏམ་བཤད་བྱ་མཁན་བཙན་བྱོལ་གྱི་སྒྲིག་ཚུགས་སམ་གཞུང་། ཚོགས་པ། སྒེར་བཅས་ནས་སུ་གང་ཡང་བྱས་མ་སོང་བསམ་གྱི་ཡོད་དེ་ནི་ངེས་ཚོའི་སྐྱོན་ཆེ་ཤོས་དེ་ཡིན། རྒྱུ་མཚན་ནི་ཆུ་བཞི་སྒང་དྲུག་གི་དམག་སྒར་ཚུགས་ཡུལ་ས་ཆ་འདི་ནི་ལྷོ་ཁ་ས་ཁུལ་ཡིན་པ་དང་། དེའི་མཐུན་རྐྱེན་བཟོ་མཁན་གཙོ་བོ་ནི་དེ་ཁུལ་གྱི་ཡུལ་མི་དེ་དག་ཡིན་པ། ལྷག་པར་དུ་སྤྱི་ནོར་༸གོང་ས་མཆོག་༸བཙན་བྱོལ་ཕེབས་ལམ་གཙོ་བོའམ་བརྒྱ་ཆ་དགུ་བཅུ་ལྷག་ལྷོ་ཁའི་ས་ཁུལ་བརྒྱུད་ནས་ཕེབས་པས་དེའི་ཡུལ་མིས་ལུས་སྲོག་བློས་གཏོང་གི་བསྟན་དགྲ་རྒྱ་མིེར་ཁ་གཏད་ཀྱིས་རང་ས་སྲུང་ནས་གོང་ས་མཆོག་སྐྱེལ་ཞུས་ཡོད་པ་ད་བར་དེབ་རིགས་གང་ལ་ཡང་ཁ་གསལ་ཞིག་མེད་པ་བློ་ཕམ་གྱི་རང་བཞིན་ཡིན་ལ། དོན་དངོས་བཙན་བྱོལ་ནང་ལྷོ་ཁུལ་གྱི་མི་རིགས་དེ་གྲངས་ཉུང་དང་ཉམ་ཆུང་གཞུང་སྲང་ཡིན་པས་རྒྱུ་མཚན་གི་ཡིན་ངེས། དེ་ཚོ་དངོས་ཡོད་གནས་ཚུལ་ཡིན་པས་དགོས་མཁོ་མཆིས་ཚེ་རྗེས་སུ་བརྗོད་ཆོག།
གནའ་དུས་སུ་སྐད་གྲགས་ཆེ་བ་ཙམ་དུ་མ་ཟད་བོད་བསྟན་སྲིད་མྱུར་སྐྱོབ་ཐད་བྱས་རྗེས་བླ་ན་མཐོ་བའི་ཆུ་བཞི་སྒང་དྲུག་གི་དཔའ་བོ་རྣམས་བོད་ཆོལ་ཁ་གསུམ་གྱི་ནང་ནས་རང་སྲོག་འབེན་ལ་བཞག་པ་ཤས་གཅིག་ཡིན་མོད་ཀྱང་། དེང་སང་སྐབས་འཚོལ་བ་མང་པོ་ཞིག་གིས་ཆུ་བཞི་སྒང་དྲུག་དེ་མདོ་སྟོད་ཀྱི་མི་བྱས་པ་ཅན་ཁ་ཤས་ཤིག་ལ་ངོས་འཛིན་བྱེད་པ་འདི་ཅི་འདྲའི་ཐབས་སྐྱོ་བོ་དང་ཕྱོགས་ལྷུང་གི་ན་ཚ་ཞིག་རེད་མི་འདུག་གམ། བྱེད་སྟངས་འདི་དག་ལ་བལྟས་ན་བོད་ཆོལ་ལ་གསུམ་ཇི་ལྟར་རྡོག་རྩ་ཆིག་སྒྲིལ་ཡོང་ཐུབ་བམ། ཆུ་བཞི་དང་སྒང་དྲུག་གི་ངོས་འཛིན་གསལ་བོ་ཞིག་གནང་སྟེ་ཕྱོགས་ལྷུང་དང་སྐབས་འཚོལ་གྱི་ལས་མི་བྱེད་པར་ཆོལ་ཁ་གསུམ་མཉམ་འཛོམ་ཡོང་བའི་ལས་ལ་འབད་འཚལ།
དཔྱད་བརྗོད་པ་དེ་དག་གི་མིང་བྱང་ལ་བལྟས་ན་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱི་དངོས་ཡོད་མི་ཚེ་ལོ་རྒྱུས་འབྲི་ཐུབ་མཁན་ཉིན་སྐར་ཙམ་དུ་ཟད་འདུག མ་ཟད་སྙན་ངག་བསྟོད་བརྗོད་བྱས་པ་ཙམ་གྱིས་མི་སྣ་དེའི་མི་ཚེའི་རིན་ཐང་ཇི་ལྟར་མཐོང་ཐུབ་བམ།
དྲང་བདེན་མེད་པ་སྐྱབས་བཅོལ་བོད་མིའི་གཤིས།།
ཆོལ་ཁའི་ཕྱོགས་ཞེན་ཆེ་བ་སྐྱབས་བཅོལ་གཤིས།།
རང་ཉིད་ཟོལ་བསྟོད་སྐྱབས་བཅོལ་བོད་མིའི་གཤིས།།
སྐྱབས་བཅོལ་བོད་མིའི་འཇོན་ཐང་དཀྲུག་ཤིང་ཙམ།
དྲང་བདེན་མེད་པ་དང་། ཕྱོགས་ཞེན་ཆེ་བ་དེ་ཚོའི་ནང་དུ་འཇམ་དབྱངས་ཁྱོད་རང་ཚུད་མེད་པར་ཤོག
ཨ་སྤེན་འདུས་པའི་ཆུ་སྒང་ཟེར་བ་དེས་ད་བར་དེབ་ཕྲེང་བཞི་བཏོན་ནས་༧གོང་ས་མཆོག་དང་རང་གཞུང་ལ་ཁྱད་གསོད་ཅི་ཙམ་བྱས་ཡོད་མེད་ཚང་མས་མཁྱེན་གསལ་རེད། འདི་ཚོའི་རིགས་འདིའི་བོད་སྤྱིའི་དམ་ཚིག་ལ་ཕན་མི་ཐོག་པ་དེ་གསལ་བོ་རེད། ཉི་མ་ཁ་དཀར་ངོ་དཀར་ལ་ཨ་འབྲུག་སྦྱིན་བདག་མཆོག་གི་ལུས་སྲོག་ལོངས་སྤྱོད་བློས་བཏང་བ་རྣམས་ཁ་ལ་ཁྱེར་ནས་བག་མེད་བྱེད་པ་ལས་འབྲས་གང་ནས་མཐུན། དངོས་གནས་ཨ་འབྲུག་ཆོས་སྐྱིད་གཙོ་བོ་ཡིན་པའི་ཆུ་སྒང་གསར་པའི་ཉེ་འཆར་བསྒྲགས་གཏམ་སྤེལ་འདུག་པ་བཞིན། བོད་སྤྱིའི་དམ་ཚིག་ལ་གནོད་གཞིའི་ལས་རིགས་སྤངས་ནས་སྨོན་ལམ་ལོག་པའི་རྒྱུད་གཏམས་པའི་དེབ་རྣམས་ཕྱིར་འཐེན་བྱས་ཏེ། གངས་ལྗོངས་ཆོས་སྲིད་གཉིས་ལ་ངེས་པ་དོན་གྱི་སྲི་ཞུ་ཞིག་སྒྲུབ་ན་ཅི་མ་རུང། ད་མུས་འདི་ལྟར་སོང་ཚེ། དབུས་གཙང་ཨ་མདོ་གཉིས་ཀས་ཀྱང་ཞེ་དྲག་བོད་སྤྱི་ཟེར་མདོག་ཁ་བོ་མ་རེད། དེ་ལྟར་ཕྱིན་པ་ཡིན་ན། གླེན་པ་སྣ་ཐུང་གང་དུ་མང་ན་དེས་ཁུངས་མི་འཁྱོལ་བ་དེ་གསལ་བོ་ཡིན་སྟབས། ཐུགས་བསམ་བཞེས་རོགས། དུས་རབས་གསར་པར་མི་རབས་གསར་པའི་ཁྲོད་གླེང་སྙོག་འདི་དག་མཇུག་བསྡུས་ཏེ་སྔར་འགྱོད་ཕྱིས་སྡོམ་བྱ་གལ་ཆེ་བར་འདོད།།།
ཕྱོགས་ཞེན་གླུད་གཏོར་ནག་པོ་ཕ་མཐའ་རུ་བསྐྲད་ནས།།
དྲན་བདེན་ལ་རྒྱའི་དུང་དཀར་ཕྱོགས་ཀུན་ཏུ་བསྒྲགས་ཏེ།།
གངས་ཅན་བོད་ཀྱི་ཚིག་འདིའི་སྙིང་པོ་ཡི་སྙིང་པོར།།
གངས་ཅན་པ་རྣམས་འདུ་བའི་རེ་བ་དེ་ཆེ་ཨང་།།
ཁྱོད་ལ་ཤེས་བྱ་ཡོན་ཏན་མེད་ན་ཡང་ཆོག་གི།
ཁྱོད་ལ་རྒྱུ་ནོར་ལོངས་སྤྱོད་མེད་ན་ཡང་འགྲིག་མོད།།
ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་གོང་བུ་འདི་མེད་ན།།
བོད་མིའི་རྒྱལ་ཁའི་གླུ་དབྱངས་ཇི་ལྟར་དུ་སྒྲོག་ཨང་།།
ཀྱེ་ཀྱེ་ཁ་བ་རི་བའི་བདེ་སྡུག་ལ་བསམ་ཞིང་།།
ཀྱེ་མ་བོད་རིགས་སྤྱི་ཡི་ལས་དབང་ལ་བསམ་ནས།།
ཨེ་མ་རང་འཁྲིའི་ལས་འགན་ཕྲག་སྟེང་དུ་བླངས་ན།།
ཨེ་ཧོ་ཆོལ་ཁའི་ཕྱོགས་ཞེན་བྱེད་ཐབས་ཤིག་འདུག་གམ།།
བསམ་བློ་ནན་ཏན་མཛོད། ཁྱོད་ཀྱི་དགྲ་བོ་བོད་མི་མ་རེད། གལ་སྲིད་ཁྱེད་ལ་བོད་མདོ་དབུས་ཁམས་གསུམ་ཁྲག་ལྟར་དཀྲུག་ཅིང་། ཆོས་བརྒྱུད་ཕན་རྣག་ལྟར་ཕན་མེད་དུ་གཏོང་བའི་སྙིང་ཁམ་དེ་ཡོད་ན། ཁྱོད་ཀྱི་ཕ་མེས་དང་ཡང་མེས་གསོད་པའི་དགྲ་བོ། ཁྱོད་ཀྱི་ས་གཞི་དང་གཞིས་ཁྱིམ་འཕྲོག་པའི་དགྲ་བོ་རྒྱ་དམར་ལ་ཁ་གཏད་རེ་གཅོག་ཐུབ་པའི་བློ་ཁོག་ཅིས་ཀྱང་བསྐྱེད་འཚལ། བོད་རིགས་ནང་ཁུལ་ཁྱོད་དཔའ་བོ་དང་ང་འཇོན་པོ་ཡིན་པའི་ཞབས་འདྲེན་དེ་མཚམས་བཞག་ན་མི་ལེགས། དུར་ཁུང་ན་བལྟས་པའི་འདས་པོ་དེ་དག བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་ཞུགས་ལ་ཕུལ་བའི་དཔའ་བོ་དང་དཔའ་མོ་ (ད་བར་༤༢ བྱུང་ཟིན།) དེ་དག་ལ་ཇི་ལྟར་དག་སེལ་བྱེད་ཐུབ།
མཚམས་བཞག་ན་ལེགས།
ང་ཆེ་ངས་བྱས་ཤོད་མཁན་མང་པོ་ཡོད་ནེ་རེད་ཡིན་ན་ཨ་འབྲུག་མགོན་པོ་བཀྲིས་ནི་བོད་རང་ཚུགས་ཤོར་བའི་སྐབས་སུ་ཁོང་ལྟ་བུའི་འཇན་ཐང་དང་ཁོག་རྒྱ་ནུས་པ་ཡོད་མཁན་མི་དཀོན་པོ་ཆག་ཡོ་པ་གསལ་པོ་རེད་སྐབས་དེ་དུས་ཆུ་སྒོང་གི་རྒྱབ་གཉེར་བོད་གཞུང་གཙོས་བོད་མི་ཡོངས་རྫོགས་བྱས་པ་ཡིན་ན་ད་ལྟ་བཞིན་བོད་རྒྱ་འོག་ལ་ཤོར་མེད་པ་དང་བོད་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ཡོད་ནེ་རེད་དེ་མེད་པ་བཟོ་མཁན་བོད་གཞུང་གི་སྐུ་གྲགས་མི་ངན་འཕགས་ལྷ་སོགས་ཀྱིས་བྱས་པ་རེད།
ངས་ཁོང་གི་རྗེས་དྲན་སྟོད་བརྗོད་གནང་མཁན་རྣམས་ལ་ཡིད་རངས་ཞུ་རྒྱུ་ཡིན།
མདོ་དབུས་ཁམས་གསུམ་གྱི་དཔའ་བོ་ཨ་འབྲུག་ཚང་
བོད་མཆོལ་ཁ་གསུམ་གྱི་དཔའ་འབོ་ཨ་འབྲུག་གཚང་
བདོ་དབུས་ཁམས་གསུམ་གྱི་ཆུ་བཞི་གང་དྲུག་
བོད་མཆོལ་ཁ་གསུམ་གྱི་ཆུ་བཞི་གངས་དྲུག་
མཆོལ་གསུམ་གཅིག་བསྒྲིལ་གྱི་ཆུ་བཞི་གངས་དྲུག་གོ་།
དཔེར་ན། ཆུ་བཞི་སྒང་དྲུག་རྙིང་པ་ཟེར་བའི་ཕྱོགས་གཏོགས་ཀྱི་རྩོམ་པ་པོར་སྙད་པའི་བེ་རི་འཇིགས་མེད་དབང་རྒྱལ་གྱིས་བརྩམས་པའི་ཆུ་བཞི་སྒང་དྲུག་གི་དེབ་ཕྲེང་རྣམས་སུ་བོད་མི་ནང་ཁུལ་འཆལ་མཐུན་མི་ཡོང་བའི་ཚིག་ཇི་ཙམ་བེད་སྤྱོད་བཏང་འདུག བློ་ཕྱོགས་སུ་མ་ལྷུང་བར་གཟུ་བོར་གནས་ཏེ་བལྟས་ན་ཤེས་ཐུབ་ངེས་ཡིན། དེ་བཞིན་ད་རེས་ཨ་འབྲུག་མགོན་བཀྲ་མཆོག་གི་སྐོར་ལ་བྲིས་པའི་རྩོམ་ཡིག་དེ་དག་ཀྱང་ཆོལ་ཁ་དང་ལུང་ཚན་ཕན་ཚུན་དཀྲུག་ཤིང་དུ་མི་འགྲོ་བ་ཞིག་བྱུང་ཡོད་ན་རབ་རེད།
ང་ཚོ་བཙན་བྱོལ་ལ་ཡོད་མཁན་བོད་ཡིག་ཤེས་མཁན་ཚང་མ་ནི་སྔར་བཞིན་ཆོས་ལུགས་རྨོང་དད་ལ་སོགས་པའི་བོད་པ་རང་གི་རིག་གནས་ཤེས་བྱ་ཕྲན་ཙམ་ཤེས་པ་ལས་དེང་རབས་བསམ་བློ་ཆབ་སྲིད་རིག་གནས་ཚན་རིག་སློབ་གསོ་ལ་སོགས་པའི་བལྟ་རྒྱ་ཐོས་རྒྱ་གང་ཡང་མེད་པས་ན་དེ་ཚོས་རྩོམ་དང་དེབ་ལ་སོགས་པ་གང་ཤིག་བྲིས་ཀྱང་དེ་དག་ནི་བོད་སྤྱི་ལ་བལྟ་བའི་མིག་ནི་རྒྱ་ཁབ་ཀྱི་བུ་ག་ཙམ་མེད་ལ་ཆབ་སྲིད་བསམ་བློའི་ཁོག་ཡངས་ནི་དེ་བས་ག་ལ་ཡོད་དེ། ཁོང་ཚོ་ལྟར་ན་ལོ་རྒྱུས་ཟེར་ན་མི་ག་གེ་མོ་ཞིག་དང་ལུང་པ་ག་གེ་མོ་ཤིག་གིས་བཟོས་པར་ངོས་འཛིན་དང། ལོ་ངོ་སྟོང་ལ་ཉེ་བའི་ལོ་རྒྱུས་ཡོད་པའི་གཞུང་དང་དེ་སྐྱོ་མཁན་ལ་འཕྱ་རྨོད་བྱེད་པ། ལུང་པ་གཅིག་གི་མི་ནི་ལུང་པ་གཞན་དེ་ལས་སྤྱང་བ་དང་འཇོན་པ་ཡོད་པར་འདོད་པ། རང་གི་མ་ཐོས་མ་གོ་ན་དེ་དག་མེད་པར་བརྩི་བ་སོགས་མདོར་ན་དེ་ཚོར་མངའ་བ་ཐམས་ཅད་ནི་མདོ་དབུས་ཁམས་གསུམ་ཀུན་ན་མཆིས་པའི་ལུང་ཁུག་ལྐུགས་མིའི་་ཨུ་བཙུགས་དང། ཆོས་ལུགས་རྨོངས་དད་ཀྱི་དོབ་དང་འཐེན་འཁྱེར། བོད་པ་ནང་ཁུལ་ལ་ང་རྒྱལ་ཕྲ་དོག་དང་རྫིག་མདོག་དཔའ་ངོམས་བྱེད་རྒྱུ་བཅས་ཀྱི་སྨྱོ་ཆུས་བཟི་ནས་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་རྒྱུ་ལས་གཞན་གང་ཡང་རེད་མི་འདུག
ང་ཚོ་ནི་ད་ལྟ་རྩ་ཆུ་བཟང་ངན་གྱིས་སྐྱས་སྤོ་བ་དང། སུ་ལའང་བརྩི་མི་དགོས་པར་རང་སྣང་གང་དྲན་གྱིས་རལ་གྲི་གནམ་དབྱུགས་བྱེད་པའི་འབྲོག་ལྐུགས་དེ་ཚོ་མ་ཡིན་པས་འདས་ཟིན་པའི་སྤྱི་མཐུན་གྱི་གལ་ཆེའི་ལོ་རྒྱུས་སོགས་འབྲི་སྐབས་ཀ་ངོ་ཆོད་ཙམ་ཀྱི་སྐྱ་སེར་སྒེར་པས་གཡག་ཞར་གྱིས་རྩ་བཟའ་བྱེད་པ་ལྟར་མ་ཡིན་པར་སྒྲིག་བཙུགས་རང་ནས་མིག་གཉིས་ཀ་ཐང་ཐང་ཅན་གྱི་བོད་བཞུགས་མཁས་དབང་གདན་འདྲེན་་བཀོད་སྒྲིག་ཞུས་ནས་ཏ་ལའི་བླ་མའི་མཛད་རྗེས་བྲིས་པ་ལྟར་འགྲོ་སོང་བཏང་ནས་བོད་ཀྱི་ལོ་རྒྱུས་གཡུ་ཡི་ཕྲེང་བ་མ་བྱུང་ནའང་ཨར་གོང་གཅིག་དང ཆུ་བཞི་སྒང་དྲུག་དང་། གསུམ་བཅུའི་ངོ་རྒོལ། བོད་དམག་གི་ལོ་རྒྱུས། དམངས་གཙོའི་བཅོས་བསྒྱུར། རིག་གནས་གསར་བརྗེ། སྙེ་མོའི་ཨ་ནེ། པན་ཆེན་སྐུ་ཕྲེང་བཅུ་པ། ལི་ཐང་ཨ་བཀྲ་ལ་སོགས་སྐབས་མི་འདྲའི་ནང་ཐོན་པའི་བྱས་པ་ཅན་གྱི་ལོ་རྒྱུས་མི་སྣ་སོགས་ཀྱི་ལོ་རྒྱུས་འབྲི་་ཐུབ་ན་ཆུང་ཟད་དྲང་བདེན་སྤུས་དག་ཡོང་གི་རེད་ལ་ད་ལྟའི་མི་རབས་ཙམ་མ་ཟད་མ་འོངས་པར་ཕན་རླབས་ཆེན་པོ་ཡོད་པ་གླེང་མེད་བཅས།
ཕྱོགས་རིས་བྲལ་ནས་བདེན་པ་བདེན་ཐུབ་ཀྱི་དཔའ་བོ་མཛད་རྗེས་ལ་བསྟོད་པ་ཡིན་པའི་རེ་བ་ཡོད།
ད་དུང་སྡུག་སྐད་མང་ཙམ་ཡིན་ད་ཁྱོད་ཚོ་ངོ་མ་སྙིང་རྗེ་གྱི་འདུག ཕྱོགས་རིས་གདོན་གྱི་མྱོས་པའི་བླུན་རྒན་ཁྱོད་ཚོའི་གང་བཤད་རུང་མདོ་བསྟོད་དཔའ་བོ་དཔའ་མོ་དག་གིས་མཛད་རྗེས་ག་དུཡིན་རུང་ནག་བསུབ་གཏོངས་མི་ཐུབ། ད་དུང་༧གོང་ས་མཆོག་ཕེབས་ལམ་ནས་ཡིན་ན་ཞིག ཧམ་བཤད་རི་བོ་ཙམ་གྱི་ཞོར་དུ་བདེན་པ་གཡག་ཙམ་ཐོབ་དུ་རེ་བ་ནི་ངོ་མ་སྙིང་རྗེའི་གནས་སུ་རང་འདུག ༧གོང་ས་མཆོག་ཕེབས་ལམ་ནས་ཕྱག་དབང་ཞུས་ཡིན་ཐོབ་སོང་། དེའི་དུས་ཆུ་དགོང་དམག་དཔུང་༧གོང་ས་མཆོག་གིས་ཆུབ་ཞབས་སུ་འདུག་ལོབ་དང་བདེན་ཁ་གཏད་་ངེས་རེད། དེ་མིན་བོད་བསྟན་སྲིད་སྤྱིའི་དོན་དུ་སྤྱི་ཚོགས་གསར་བརྙིང་གཉིས་ཀ་ཡི་ནང་དུ་ངམ་རིན་ཡོད་པའི་བྱས་རྗེས་ག་ཚོད་འཇོག་ཡོད་རེ་རེ་བཞིན་ཤོད་དང་།
འཇམ་གཅེས་ཞེས་པའི་དྲྭ་གྲོགས་འདི། མྱོས་འགྱུར་གྱིས་བཟི་སྟེ། མཆན་བཏབ་པ་འདྲ་འདུག ཚང་མས་གཟིགས་དང་། ཁོ་པའི་མཆན་གྱི་ནང་དོན་དང་དག་ཆར། ཁ་གང་སྐར་མ་གཅིག་གི་རིན་ཐང་མི་འདུག ཅུང་ཟད་གོ་བ་ལོན་པ་ནི། ཕྱོགས་རིས་དང་ཀླད་སྟོང་གི་སྐད་ཆ་རེད། ཁོ་རེ་བོད་ཡིག་ལེགས་ཙམ་སྦྱངས་ཏེ། ཐོས་རྒྱ་ཅུང་བསགས་ནས་བསམ་བློ་ཞིག་ཐོངས། ཁྱོད་ཀྱི་མི་ཚེར་ཕན་པའི་གདམ་ངག་ཡིན། དེ་མིན་ཁྱོད་ཀྱི་བུ་རབས་ཚ་བོ་རྣམས་ལ་ཡང་ཀླད་ངན་དེ་ཕྱི་བྱུགས་ནང་བྱུགས་བྱ་ན། ཨ་ཁ་ཁ། འཇོན་པོ་རྒོད་པོ་མ་ཤོད། ད་ལྟ་ང་ཚོ་རང་གི་གནས་བབ་ནས་འཇོན་པོ་རྒོད་པོ་བྱས་པའི་ལོ་རྒྱུས་བྱུང་མི་འདུག རང་ངོ་རང་གི་ཤེས་པར་གྱིས།
ངོ་མ་མཇམ་གཅེས་ཟེར་བ་འདི་སྨྱོས་འདུག་་་་མདོ་བསྟོད་དཔའ་བོ་དཔའ་མོ་ནས་ཞེས་ཆུ་སྒང་དེ་མདོ་སྟོད་གཅིག་པུ་ལ་བརྗོད་པ་འདི་དོན་དུ་ཕྱོགས་ཞེན་ངོ་མ་འདི་རེད།་་་་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་ཅེས་པ་ལས་མདོ་སྟོད་གཅིག་པུར་གོ་བ་དེ་ག་རེ་རེད་དམ།་་་དེའི་ནང་ན་དཔའ་བོ་དང་དཔའ་མོ་མདོ་སྟོད་གཅིག་པུ་མ་གཏོགས་མེད་པ་རེད་དམ།་་་་ངོ་མ་ད་ཕྱོགས་འཐེན་པ་འདི་ཚོས་ཁ་ནས་ཅི་བཤད་འདི་བཤད་ཟེར་བ་ཞིག་མེད་ཐལ།་་་་
ད་མདོ་སྟོད་སྨད་མ་རྩོད་ན་ལེགས་ཚང་མ་ལ་བོད་ཀྱི་དོན་དུ་བྱས་རྗེས་ཡོད་ནེ་རེད་སོ་སོ་རང་རང་གི་དཔའ་བོ་དཔའ་མོའི་བྱས་རྗེས་ལོ་རྒྱུས་ལ་འགོད་ཐུབ་ན་ཡག་ཀེ་ཡ། ཕྲག་དོག་སྐྱེ་དགོས་དོན་མི་འདུག་མོད་ཡ།
ང་ཚོས་རླབས་ཆེན་གྱི་རང་རེའི་མེས་པོ་དམ་པ་རྣམས་ཀྱི་མཛད་རྗེས་ལ་རྗེས་དྲན་དང་ཁོང་ཚོས་བཞག་པའི་ཤུལ་བཞག་ནོར་བུ་ལ་མི་རྗེས་ང་ཚོས་མི་ཉམས་རྒྱུན་འཛིན་དང་གོང་འཕེལ་བར་གལ།
ང་ཚོས་རླབས་ཆེན་གྱི་རང་རེའི་མེས་པོ་དམ་པ་རྣམས་ཀྱི་མཛད་རྗེས་ལ་རྗེས་དྲན་དང་ཁོང་ཚོས་བཞག་པའི་ཤུལ་བཞག་ནོར་བུ་ལ་མི་རབས་རྗེས་མ་ང་ཚོས་མི་ཉམས་རྒྱུན་འཛིན་དང་གོང་འཕེལ་དུ་གཏོང་བར་གལ
༄ །། བཀའ་དྲིན་ཅན་གྱིས་ཨ་འབྲུག་མགོན་པོ་བཀྲ་ཤིས་ནི་མདོ་སྟོད་མི་དམངས་ཀྱིས་རྒྱལ་པོ་རེད་། ཁོང་གི་མཛད་རྣམས་ནི་ཧ་ཅང་གལ་ཆེན་ཡིན་།
ཀརྨ་སྐལ་བཟང་ཁམས་པ། ངས་ནི་ཛ་སག་ཨ་འབྲུག་ཁོང་བོད་ཁ་བ་ཅན་ལ་ཤ་ཞེན་ཆེ་ཞིང་ས་ཡ་དྲུག་པོས་བཀུར་གནས་སུ་བསམ་མོད། ཁྱེད་ཁམས་པ་ཁམས་པ་རྒྱུས་ཆེ་བས་ཁོང་ཁམས་པའི་རྒྱལ་པོ་ཙམ་རེད་འདུག དེ་རིང་ཧ་གོ་སོང་། ཡ་ཡ་ད་ནས་བཟུང་ཨ་འབྲུག་འདི་སྐྱེས་བུ་རླབས་ཆེན་ཞིག་ལ་ངོས་འཛིན་ཞུ་མི་ཐུབ། གནད་གསང་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། ཁམས་པ་དཔའ་བོ་ལགས།
ལོ་རྒྱུའི་གསར་པ་རྩོམ་པ་པོ་རྣམས་ལ་འཚམས་འབྲི་ཡོད།
ཀརྨ་སྐལ་བཟང་སྐད་ཆ་དེ་དགོད་བྲོ་བའི་གཏམ་རེད། ལར་ནས་ཆུ་སྒང་གི་དམག་གི་ལོ་རྒྱུས་དེ་འཛམ་གླིང་མི་གཞན་ལ་བཤད་ན་གད་མི་ཤོར་བའི་གནས་སུ་གྱུར། གང་ལ་ཞེ་ནའཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཡུ་རོབ་ནང་ཁུལ་དང་། ཉི་ཧོང་། ཨ་རི་སོགས་དམག་གི་ལོ་རྒྱུས་དང་། དེ་རྗེས་ཀོ་རི་ཡ་ལྷོ་བྱང་གཉིས། ཝི་ཏི་ནམ་ལྷོ་བྱང་གཉིས། ཨུ་རུ་སུ་དང་ཨཕ་གྷ་ནིསྟན་་སོགས་དེ་ཚོའི་དམག་གི་ལོ་རྒྱུས་ཡག་པོ་བལྟས་ན་ང་ཚོའི་དམག་ནི་ཁྲོན་པའི་ལྦལ་པ་རང་རེད། ཧ་ཧ་ཧ་ཧ་
གངས་ཕྲུག་ལགས་བོད་ཀྱི་ཆེད་དུ་ཆུང་སྒོང་གིས་རྒྱ་དམར་ལ་དམག་འཁྲུག་བྱེད་ཐུབ་མཁན་སུ་ཡོད་རེད་ཅིག་གསུང་དང་། ངས་ལྟས་ན་སྐབས་དེ་དུས་བོད་རྒྱལ་ཁབ་དམག་ཤུགས་ཆུང་བ་དང་ཆུ་སྒོང་དབང་ཆ་ཡོད་རྒྱུ་ཕར་བཞག་ཆུ་སྒོང་ལ་སྐུ་གྲགས་དང་བོད་མི་རྒྱ་དགའ་འགའ་ཞིག་གིས་རྒྱ་དམར་ཁ་ལ་རྒྱུག་ནས་ཇག་པ་ཞེས་ག་ཚོད་བཤད་ཡོད་ཆུ་སྒོང་དམག་མི་སོ་སོ་རང་རང་གི་དངུལ་བཏང་ནས་གོ་མཚོན་ཉོས་པ་ལས་བོད་གཞུང་གི་རོགས་སྐྱོར་བྱས་པ་ཞིག་མེད་མོད། དམག་འཁྲུག་དེ་ཙམ་བྱུང་བ་དང་ཕྱི་ཡི་རྒྱལ་ཁབ་ལ་བྲེལ་བ་དེ་ཙམ་བྱེད་ཐུབ་ན་ང་ཚོ་བོད་པའི་གཟི་བརྗིད་རེད་ལོ་རྒྱུས་རྡོ་རིང་ཐོག་འགོད་ཐུབ་ཡག་པོ་འདུག་དྲན་གྱི་འདུག དེ་ལས་ལྡོགས་སྟེ་ལོ་རྒྱུས་རྡོ་རིང་ཐོག་འགོད་རྒྱུ་ཕར་བཞག་ད་དུང་མི་འདོད་པ་དང་ཤོད་སྟངས་བདུག་པོ་དེ་ལྟར་བྱས་ན་ང་ཚོ་བོད་ཀྱི་རང་ཆེད་དུ་འགྲོ་མཁན་ག་ཚོད་འབྱུ་ཇི་རེད་བློ་ཕམས་པོའི་སྐད་ཆ་དེ་འདྲ་མ་བཤད་མ་བཟང་ས་རེད་བོད་མི་ཚོ།
བདག་མེད་ཟེར་མཁན་དེ་སྙིང་རྗེ། ཤ་ཚ།
བདག་མེད་ལགས། དང་པོ་རྒྱ་དམར་བོད་ཤར་ཕྱོགས་ལ་བཙན་འཛུལ་སྐབས། སོ་སོའི་ལུང་པའམ་མི་དང་རྒྱུ་ནོར་དགོན་པ་སོགས་སྲུང་སྐྱོབས་ཆེད་འཛིང་རེས་ཆུང་ཆུང་དེ་འདྲ་བྱེད་ཡོད། དེ་དུས་བོད་སྤྱིའི་དོན་ལ་བསམ་མཁན་མེད། ་ཕྱིས་སུ་མདོ་སྟོད་སྨད་གཉིས་རིམ་བཞིན་ཤོར་དུས་དབུས་ཁུལ་དུ་བོད་དོན་ནམ་བསྟན་སྲུང་དྭང་བླངས་ཀྱི་མིང་བཏགས་ནས་ཟིང་འཁྲུགས་ཉུང་ངུ་བླངས་ཡོད། ཁོང་ཚོའས་བོད་རིགས་ནང་ཁུལ་ལ་ཐུབ་ཚོད་མང་པོ་བཏང་ཡོད། དགྲ་ལ་འཛིངས་རྒྱུ་ཉུང་ཉུངརེད་། དེ་ཚོ་དངོས་ཡོད་གནས་ཚུལ་རེད།
དབྱིན་ཇི་ཞིག་གི་ཆུ་སྒང་ལོ་རྒྱུས་བྲིས་འདུག དེའི་ནང་ཁམས་པ་དེ་ཚོ་རྒྱ་མགོ་མཐོ་དུས་རྒྱ་མགོ བོད་་མགོ་མཐོ་དུས་བོད་མགོ་ཞེས་བྲིས་འདུག དེ་ཚོ་དངོས་ཡོད་རེད། དེབ་དེའི་མིང་རྗེས་སུ་ངའི་བཀོད་མཆོག
གང་ལྟར་ཨ་འབྲུག་ཁོ་རང་བྱས་རྗེས་ཅན་རེད། དེ་མིན་གཞན་པ་ཚོ་འདྲེས་མ་རེད། བསྟན་སྲུང་དྭངས་བླངས་ནང་བོད་ཆོལ་ཁ་གསུམ་གྱི་ཡོད་རེད། ཕྱིས་སུ་གློ་དམག་སྒར་ལ་བོད་ནས་བྲོས་བྱོལ་ཡོང་མཁན་ཚོར་སྡུག་པོ་བཏང་རབས་མང་པོ་བཤད་ཀྱི་འདུག ངའི་ཨ་གུ་ཡང་དེ་གའི་དམག་མི་རེད། ཁོ་ལ་དེ་ཚོ་བཤད་ན་རླུང་ལང་གི་རེད། ཁོང་ཚོར་བསྟོད་ར་མ་གཏོགས་སྨད་ར་འགྲོ་ས་ཡོད་མ་རེད། དངོས་ཡོད་གནས་ཚུལ་ནི་བསུབ་ཏུ་མེད་པ་ཞིག་རེད། མདོར་ན་གླིང་གེ་སར་སྒྲུང་ནང་བཤད་པ་བཞིན། གླུ་གོན་རྣ་བའི་བུ་རམ་གྱིས། ། མ་གོ་གླུ་ལ་འབྲེལ་བ་མེད།