ཨོྃ་སྭྰ་སྟི།།
ཀུན་ཕན་གསོ་བྱེད་རིག་པའི་གནས་ལ་མཁས།།
གཞན་དོན་བྱམས་དང་སྙིང་རྗེའི་བདག་ཉིད་ཆེ།།
གཡུང་དྲུང་གཉུག་མའི་བསྟན་པ་འཛིན་པའི་རྗེ།།
བན་བོན་བླ་མ་རོང་ལེ་ཞབས་བརྟན་ཤོག།
ཅེས་མཁན་པོ་འོད་གསལ་མཐའ་ཡས་ཀྱིས་བསྐུལ་ངོར་ཤྲྰིས་སོ། །
དེང་དུས་བན་བོན་གྱི་རྩོད་པ་དེ་རྒྱུ་འབྲས་དང་ལུང་རིགས་མེད་པར་ང་བཟང་ཁྱོད་ངན་གྱི་སྒྲོ་བཀུར་མང་པོ་མཐོང་བས་རྐྱེན་དང་། ཞེ་འཁོན་ཅན་འགའ་རེས་བདག་གི་མིང་ཡང་གང་དྲན་དྲན་དུ་བེད་སྤྱོད་ནས་མུན་ནག་མདའ་འཕེན་གྱིས་ཁྱོད་ཚོ་དུས་ཚོད་དང་རང་རྒྱུད་ཆུད་ཟོས་གཏོང་བ་དག་ལ་སྙིང་རྗེ་ནས་ཁ་བརྡ་དྲ་ལ་འདི་བསྐུར་བ་ཡིན། །
དེ་ཡང་བན་བོན་གྱི་བླ་མ་རོང་ལེ་ཞེས་པ་འདི། བན་བོན་གཉིས་ཀའི་མཚན་གཞི་བཞག་ཆོག་པའི་བླ་མ་ཞིག་ཡིན། ཆུང་དུས་བོན་གྱི་སྤྲུལ་སྐུ་རུ་ངོས་བཟུང་ནས་བོན་དང་བན་གྱི་སྔོན་འགྲོ་ནས་ཡ་ཀི་རྫོགས་ཆེན་བར་དུ་ཉམས་བཞེས་གནང་བཞིན་ད་ལྟ་སྒ་སྟོད་ཇོ་བོ་ཞལ་དཀར་གྱི་མདུན་ཞོལ་ན་བཞུགས། བན་བོན་གཉིས་ཀ་ཡང་འགལ་མེད་ཀྱིས་ཁ་ཙམ་མིན་པར་སེམས་ཐོག་ནས་དག་སྣང་ཐོབ་པ་དང་། སྒོམ་པ་ཡང་བན་བོན་རྩ་གསུམ་ཆོས་སྐྱོང་ཆིག་སྒྲིལ་གྱིས་ཉམས་སུ་ལེན་མཁན། འབྲས་བུ་ཡང་གཞན་ཕན་ཁོ་ནས་ནད་པ་ལ་སྨན་དང་། སྤྲང་པོ་ལ་ཟས། ཉམ་ཐག་རོགས་དན། རང་དོན་ཆོས་བརྒྱད་ལ་གཏན་ནས་མི་དགའི་སྔགས་པ་ཞིག་བཞུགས། གཙོ་བོ་བོད་མི་རིགས་ཀྱི་སྲོག་རྩ་སྐད་རིག་དར་སྤེལ། གསོ་སྨན་ཡང་རིན་མེད་ཐོག་ནས་ཞིང་འབྲོག་ཉམས་ཐག་བརྒྱ་སྟོང་མང་པོ་ལ་ཕན་བདེ་སྦྱིན། ། ཁོས་བཤད་པ་ཞིག་འདིར་འདྲེན། ཇི་སྐད་དུ། རང་ངོས་ནས་བསམ་པ་དག་ན་གཞན་ཕྱི་རོལ་ཞིག་ནས་གནོད་པ་གང་ཡང་གཏོང་མི་ཐུབ་པ་དེ་སེམས་ཀྱི་ཞི་བདེ་རེད། ང་ཚོའི་བན་བོན་ཡབ་མེས་ཀྱི་ཆོས་ལ་རྩ་ཆེན་འཛིན་དགོས། དགོས་པ་དང་དགག་བྱ་ངོས་ཟིན་དགོས། དེས་ན་ཐོས་བསམ་སྒོམ་པ་འབད་དགོས། ཁ་ཡི་བཤད་པ་རྐྱང་པས་གང་ཡང་ཕན་པ་མེད། བསམ་དཔྱད་དགོས། བསམ་བློ་གཏོང་བ་ཁོ་ནས་གང་ཡང་མི་ཕན། རང་རྒྱུད་ལ་གོམས་དགོས། ལོག་རྟོག་སྤོང་དགོས། ལེགས་བཤད་གོམས་ན་སྒོམ་པ་རེད། ང་ཚོའི་འཛམ་གླིང་འདིར་མི་ཚེའི་བདེ་སྐྱིད་བསྐྲུན་པའི་ཆོས་ལུགས་འདྲ་མིན་རྣམས་ཡོད་ཀྱང་། དོན་དུ་དགེ་སྒྲུབ་དང་སྡིག་སྤོང་བྱས་ནས་སེམས་ལ་ཆོས་མཐུན་གྱི་ཞི་བདེ་དང་། བྱམས་བརྩེ། དྲང་བདེན་བྱ་རྒྱུ་དེ་རེད། དེས་ན་ང་ཚོ་ཚང་མས་རང་ཁོ་ན་ཞིག་ལ་མི་སེམས་པར་གཞན་ཕ་རོལ་པོ་ལ་བསམ་བློ་གཏོང་དགོས། གཞན་ཕན་སྒྲུབ་ན་དགེ་བ་རེད། ང་ཚོ་ཚང་མ་སྤྱི་སེམས་ཀྱི་ལྷག་བསམ་ལྡན་ཞིང་། བླང་དོར་ལ་མཁས་ཤིང་བརྩོན་འགྲུས་རྒྱུན་སྐྱོང་ན་ཞི་བདེའི་ཁོར་ཡུག་ཅིག་བསྐྲུན་ཐུབ་པའི་རྒྱལ་ཁ་ཐོབ་རྒྱུ་རེད། ཅེས་སོགས་བཤད་འདུག དུས་དེབ་ཨེ་ཝྃ་རིག་པའི་མེ་ལོང་ལས་བཤུས། །
ནུབ་གླིང་ནས་མཁན་ཆེན་བླ་མ་འམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་ལྷག་བསམ་དག་པས་ཕུལ་བ་དགེའོ། །
གཞན་ཕན་བྱེད་པ་ཆོས་ཡིན་ཅིང་།
གཞན་གནོད་བྱེད་པ་སྡིག་པ་ཞེས།
སྔོན་གྱི་རབས་ཀྱི་ཡིག་ཚང་ཞེས།
ལེགས་སྦྱར་སྐད་དུ་བཀླགས་པ་དྲན།།
བསྟན་གཉིས་གླིང་པའི་ཞབས་པད་རྟག་བརྟན་ཤོག
ཨ་ཧོ་དཔལ་དགྱེས་འདི་ཅི་ཞིག་ཟེར་གྱི་ཡོད་མེད་མི་ཤེས་ཀི།
སྔོན་མ་སྔོན་མ་ཁོས་བོན་པོ་ནི་འདྲེ་མཐོང་མཐོང་རེད། གཅིག་བྱེད་ན་སྨྱུག་མིང་གཞན་གྱི་འོག་ནས་བོན་པོའི་ཁ་གཏད་དེ་ལངས་སྨྱུག་མིང་གཉིས་པ་དེ་ནས་བསྟོད་ཁུལ་འདྲ་བྱེད་ཕྱི་རྒྱལ་ལ་ཆོས་ཁྲིད་དུས་བོན་གྱི་རྗེས་འབྲེང་ཕྱི་རྒྱལ་བ་དེ་ཚོར་གདོང་འབག་ཁ་ཁ་ཞིག་བསྟན་འདོད་ཡིན་རྒྱུ་རེད། ད་གང་བགྱིས་ན་གྱིས། སྨྱུག་མིང་གི་འོག་ནས་ཡར་གནམ་ལ་བསྐྱག་མར་ས་ལ་བསྡབ་གང་བྱེད་ཀྱང་རྙིང་མ་དེ་ཚོར་ཡིད་ཆེས་རང་མེད། མཁན་པོ་ཚུལ་བློས་རང་གི་མཁན་ཆེན་འཇིག་མེད་ཕུན་ཚོགས་མཆོག་གི་དག་སྣང་སྒོམ་སྟངས་དེ་ཚོར་དཔེ་མ་བླང་བྱས། བོན་ལ་སྡང་བའི་གཏམ་བཤད་དང་རྒྱ་ཡིག་སྟེང་དུ་མང་པོ་མང་པོ་བྲིས་འདུག་སྦས་སྐུང་བྱེད་ཐབས་མེད། དེ་ནས་དཔལ་ཡུལ་དར་ཐང་དགོན་གྱི་རྩོམ་དེབ། ༼ཨ་མྲའི་ལྗོན་ཤིང༽གི་རྩོམ་པ། ཨ་མ་མ་གཏོགས་ངོ་མི་ཤེས། གོ་ཁ་མ་གཏོགས་ས་ངོ་མི་ཤེས་མཁན། ཨོ་རྒྱན་བརྩོན་འགྲུས་ཟེར་བ་དེ་ཡིས། བན་དེ་བ་རྒན་ནོར་སྡེ་བ་ཆེན་པོས་མཛད་པའི་མགོ་ལོག་རིག་གནས་ལོ་རྒྱུས་དེབ་གཉིས་པའི་ནང་དུ། སྤྱིར་བོན་ཆོས་གཉིས་ཀྱི་གཞུང་ལུགས་ལ་འདྲ་ས་མང་པོ་ཡོད་པ་དང། ཁྱད་པར་བོནཔོའི་ལྟ་སྒོམ་སྤྱོད་གསུམ་པའི་གཞུང་དང། སྔ་འགྱུར་རྙིང་མའི་རྫོགས་པ་ཆེན་པོའི་ཆོས་སྐོར་ལ་ཚིག་དོན་གཉིས་ཀྱི་ཆ་ནས་གཅིག་མཚུངས་ཀྱི་རྣམ་པ་ཤིན་ཏུ་མང་བས་ན། འདི་གཉིས་ཀྱི་ཁུངས་གཅིག་གམ་། ཡང་ན་ཕན་ཚུན་ཤན་ཞུགས་པ་ཡིན་སོགས་དཔྱད་གཞི་ཤིན་ཏུ་ཆེ། ཞེས་པར་བསྙད་དེ་བོན་དཀར་བོན་ནག་ལས་སོགས་ཆུ་ལེན་བུད་མེད་ཀྱི་གཏམ་འཆལ་ནང་བཞིན་བྲིས་ཡོད་འདུག དེ་ཡིས་རྐྱེན་བྱས་ཏེ། བན་དེ་་བ་འབའ་དོན་འགྲུབ་རྒྱལ་གྱིས། དགག་ལན་སྤྲིན་གྱི་སྒྲ་དབྱངས། རྩོད་ལན་ནམ་མཁའི་ཀློང་ཆེན། ཤཱཀ་གཤེན་དགྱེས་པའི་མཆོད་སྤྲིན། ཞེས་པ་ལས་སོགས་ཀྱིས་དགག་ཡིག་གནད་ལ་ཁེལ་བར་བྲིས་འདུག ཨོ་བརྩོན་ལ་འདི་ལྟར་བྲིས་ཞེས་སེར་རྟའི་མཁན་པོ་ཚུལ་བློས་བསྐུལ་བྱུང་ཟེར་འདུག དེ་ལྟར་ན་སེར་རྟའི་མཁན་པོ་ཚུལ་བློ་འདི་ཡང་སྙིང་ཅི་འདྲ་ཞིག་ཡིན་མིན་ཤེས་སོང།
མདོར་དེད་ན་མཁན་ཚུལ་བློར་སྡང་སེམས་ཅན་ཞིག་རེད། ཧཧཧཧཧཉི་ཤར་སྤར་མོས་འགེབ་ཐུབ་གི་མ་རེད། ཡིན་ན་ཡང་དྲང་བདེན་དང་ནགས་ལུགས་ཀྱི་མིག་ལོང་བ་དང་རྣ་འོན་པ་དག་ལ་གནས་ལུགས་དང་རྒྱུ་མཚན་བཤད་ས་མེད་པ་ཤེས་ཡོད། དེའི་ཕྱིར་ལན་གྱི་སྤྲོས་པའི་དགོས་པ་པ་མི་འདུག
དེ་དེ་བཞིན་རེད།དེང་གི་དུས་འདིར་རྙིང་མས་གྲྭ་བ་དང་བླ་མ་ཁ་ཤས་ནས་དམིགས་ཡུལ་དང་ཀུན་སློང་གང་ཡིན་ཆ་མ་འཚལ་མོད་རྒྱ་ཡུལ་དང་ནུབ་ཕྱོགས་ལུང་བ་ཁག་ནས་བོན་བསྟན་ལ་སྨད་ཅི་ཐུབ་བྱས་ནས་དམ་པའི་ཆོས་པའི་གཟུགས་བརྙན་འཆིང་བ་ནི་རྟོགས་ལྡན་དམ་པ་རྣམས་བཞད་གད་ཀྱི་རྒྱུ་ལས་གང་ཡང་མ་རེད།དེ་ཡང་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མཁན་པོ་བསོད་དར་རྒྱས་གཉིས་ལ་རྒྱ་ཡུལ་དུ་སློབ་མ་ཧ་ཀྱང་མང་པོ་འདུག སློབ་མ་དེ་དག་ལ་ཁ་བརྡ་བྱས་ནས་གཞུང་ལ་སླེབས་དུས་ང་གྲུབ་མཐའ་བོན་ཡིན་ཞེས་བཤད་དུས་ཞེན་སྣང་དང་བཅས་འོ་ན་ངེད་གཉིས་ཁ་བརྡ་མེད་ཅེས་མཚམས་འཇོག་དགོས་བྱུང་གིན་འདུག་འདི་ནི་མཁན་པོ་ཁོང་གཉིས་ནས་གནང་བའི་དམ་ཚིག་ཟབ་མོ་དེ་རེད།ད་དུང་བོན་པོ་ཡོད་ས་ནས་མཁན་པོ་ཚུལ་བློས་བོན་གྱི་གྲྭ་བ་ཡང་དགེ་འདུན་པ་རེད་བན་གྱི་གྲྭ་བ་ཡང་དགེ་འདུན་པ་རེད།ཅེས་གསུངས་ཞིང་ལྐོག་ནས་བོན་པོ་ཕྱི་རོལ་བ་ཡིན་རབས་ཀྱི་གཏམ་གླེང་འདྲ་མིན་སྤེལ་ནས་རྒྱ་ཡུལ་ཁ་ཤས་ནས་བོན་པོའི་ཆོས་ཚོགས་འཛུགས་ས་ཡང་མེད་པར་བྱས་འདུག འདི་ནི་མཁན་པོ་ཁོང་གི་མཛད་པ་རླབས་ཆེན་རེད།ད་ང་ཚོས་ཞིབ་མོ་བྱས་ནས་བལྟ་དང་ཉེ་ལམ་མཁན་པོ་ཚུལ་བློ་ཉག་རུང་ཡེ་ཤེས་དགོན་དུ་ཡོང་ནས་གཏམ་གླེང་སྤེལ་རྒྱུ་རེད་ཟེར།གོ་སྐབས་དེ་དང་བསྟུན་ནས་བོན་གྱི་དགེ་བཤེས་དག་གིས་ཁོ་ལ་བགྲོ་གླེང་བྱེད་རྒྱུ་རེད་འདུག ཡང་ཁོས་རང་ཚུགས་ཤོར་ཡོང་།
བོན་རྒན་ནག་རིས་འདིས་ཤྲྰི་སྨྱོན་ལ་ཕྱག་འཚལ་གྱིན་ཡོད་པ་ཤེས་སོང་། ཧ ཧ དེ་འདྲས་བན་བོན་རིས་མེད་འགྲུབ་ནི་མ་རེད་ཀོ མགོ་གཉིས་ལྕེ་བརྒྱ་སྤྲུལ་པ་བོན་བླ་སྨག་རི་འདྲ་ཡོད་ས་རེད། བོན་ལ་དཀར་ནག་ཡོད་ད་ཡོད། དེ་ཟེར་མི་ཆོག་དོན་ཅི་ཡོད། ཆོས་ཟེར་དུས་ཀྱང་ཆོས་ལ་ཞི་བདེ་ཆོས་སུ་སྨྲ་བ་དང་འཚེ་བ་ཆོས་སུ་སྨྲ་བ་དང་ཆོས་ལོག་ཟེར་བ་ཡང་ཟེར་ཆོག་གི་འདུག ཆོས་དང་བོན་གཉིས་ཀྱི་གོ་དོན་དོ་མཉམ་པར་བཤད་མཁན་དང་དེ་ལྟར་བཟོ་མཁན་ཁྱོད་ཚོ་རེད། གུ་དོགས་དྲགས་པ། བཙན་དྲགས་པ། རང་ཤེད་ཆེ་དྲགས་དུས་ག་དུས་ཡིན་ན་ཡང་ཡག་པོ་ཞིག་མ་རེད།
ཁ་བརྡ་དྲ་བས་དྲ་འབུ་རྩ་མེད་ལ་གཏོང་དགོས་པ་མི་འདུག སྐྱག་འབུ་དྲ་འབུ་ཁྱེད་རང་ཚོས་མི་ཞིག་གིས་རྩོམ་གྱི་མཇུག་རྐུབ་ཁུང་ནང་ལ་འཛུལ་ནས་འབུ་སྐད་རྒྱག་མ་འདུག་དང་ཁྱོད་ཚོ་སྡོད་མི་འཇུག་མཁན་སུ་གཅིག་ཀྱང་ཡོད་པ་མ་རེད།
དཔལ་གྱེས་ཟེར་བ་འདི་ཁོ་རང་ཆོས་ལུགས་་གཅིག་པུ་ཡང་དག་པ་ཡིན་ཟེར་ནས་གཞན་བན་བོན་གཉིས་ལ་འདྲེ་མཐོང་མཁན་མ་ངན་དམ་ཉམས་ཞིག་རེད།དེ་རིང་ཁ་བརྡ་དྲྭ་རྒྱ་ནང་འདི་བཀོད་ཡག་རྙོག་ཟིང་བཟོ་བསམ་ནི་ངན་གཡོ་བྱས་ནི་བཀོད་པ་ཞིག་རེད།
བོན་ལ་དཀར་ནག་ཡོད་ན་གང་བོན་དཀར་རེད་གང་བོན་ནག་རེད།ཚད་ཐུབ་ཀྱི་དཔང་རྟགས་ཞིག་ཡོད་དམ།དེ་ལས་ལྡོག་སྟེ་རང་བློས་བཟོ་བཅོས་བྱས་པ་ཞིག་ཡིན་ན་དེ་ནི་མགོ་སྒུར་སྒུར་དང་དཔའ་ཞུམ་ཞུམ་བྱས་ནས་དང་བླང་བྱེད་དགོས་པའི་རྒྱུ་མཚན་མེད།སྤྱིར་ཁྱེད་ཀྱིས་བོན་ཀྱི་ལོ་རྒྱུས་དང་གཞུང་ལུགས་ལ་ཞིབ་འཇུག་བྱེད་ཨེ་མྱོང་།ཁྱེད་རང་གི་འདོད་པ་ལྟར་བོན་དཀར་བོན་ནག་གཉིས་ཀྱི་གཞི་ལམ་འབྲས་གསུམ་ལ་ཁྱད་པར་ཡོད་ནས་བཞག་པ་རེད་དམ།ཡང་ན་དེ་ལས་གཞན་པའི་ཧེ་བག་དམིགས་གསལ་བ་ཞིག་ཡོད་པ་རེད།ལན་རྣལ་མ་ཞིག་གསུང་དང་ཉན་འདོད་ཡོད།
གཡུང་དྲུང་བོན་གྱི་རྫོགས་ཆེན་ཚད་མ་གལ་མདོ་ལས།
༧¬ ཀྱེ་གསོན་དང་རྒྱལ་བློན་བན་བཙུན་གླེན་དང་རྨོངས།
བདག་འདྲ་མུ་ཙ་ལོ་ཙ་སྒྲ་མཁས་ཀྱིས།
ཚེ་སྟོད་གཡུང་དྲུང་བོན་གྱི་སྒོར་ཞུགས་སྤྱད།
མིང་ཡང་བ་གོར་རིན་ཆེན་གསས་སུ་བཏགས།
ཚེ་སྨད་དམ་པ་ཆོས་ཀྱི་སྒོར་ཞུགས་སྤྱད།
མིང་ཡང་བ་གོར་བེ་རོ་ཙ་ནར་བཏགས།
བོན་ཆོས་གདུལ་བྱའི་དབང་དུ་ཐ་དད་ཅན་ཙམ་ལས།
དོན་ལ་དབྱེར་མེད་ངོ་བོ་གཅིག་པ་ལ།
གུད་གུད་ལོག་བཅས་བཟུང་བ་འཁྲུལ་ཞིང་གོལ།
བོན་བསྣུབས་ཆོས་དར་དུས་ཀྱི་འཁོར་ལོ་འདི།
བསྟན་པའི་འཁོར་ལོ་རེས་འཇོག་ཡིན་པས་ན།
དེས་ཀྱང་མཐའ་རུ་བོན་ཀྱང་དར་བར་སྤྱད།
བོན་ཆོས་འཇིག་རྟེན་ཉི་མ་ཟླ་བ་བཞིན།
གཉིས་ཀ་དེ་བཞིན་དར་ནས་བདག་གི་སྨོན་ལམ་མཐུས།
མཐའ་རུ་གཉིས་ཀ་མི་ནུབ་དར་བར་སྨོན།
སྤྲུལ་པ་བུ་ཡིས་སྤེལ་བར་སྨོས་ཅི་དགོས།
ཞེས་སློབ་དཔོན་བེ་རོ་ཙ་ནས་གསུངས་འདུག་པས་འདིའི་ཚུལ་ལ་བློ་ཡི་དཔྱད་པ་གཏོང་ཤེས་ན་བན་བོན་གཉིས་ཀ་སངས་རྒྱས་ཀྱི་བསྟན་པ་ཡིན་པ་ལ་ཁྱད་པར་སྤུ་ཙམ་མེད་པས་གཉིས་ཀ་ལ་དད་མོས་གུས་པས་སྤྱི་བོར་ཁུར་ཏེ་བསྟན་གཉིས་ལ་ངག་འཁྱལ་སྦངས་ནས་དག་སྣང་སྦྱོང་དགོས་པ་དང་དེ་འདྲ་སུས་བྱེད་ཐུབ་ན་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པའི་མཛད་སྤྱོད་ཡིན་པས་རང་གཞན་ཚང་མས་ཡི་རངས་ཕུལ་ན་བསོད་ནམས་གསོག་པར་ངེས་སོ།
ཁ་བརྡའི་སྒང་དུ་བོན་གྱི་སྐོར་ཚིག་གཅིག་ཀྱང་སྤེལ་མི་ཆོག་པ་དང་། དེ་ནི་ཁ་བརྡའི་རྩ་ཁྲིམས་དང་འགལ་བར་བརྩིས་ན་ག་འདྲ་འདུག གང་ཡིན་ཟེར་ན་དྲ་འབུ་མང་པོ་ཞིག་གིས་རང་སྡིག་གསོག་བྱེད་ཀྱི་རྒྱུ་་ལས་མ་འདས་སོ། ཐབས་གཞན་ཡོད་དམ།
ངའི་བསམ་པར་བོན་པོ་དང་ནང་པའི་འཐབ་འཁྲུག་གིས་བསམ་བློ་གཏོང་ཕྱོགས་ལ་མི་ཕན་པ་ལྟ་མིན་འདུག་སྟེ། བཀའ་སྐྱོན་མང་དྲབ་མང་དྲབ་འདུག རྟིང་ཚིག ཟུར་ཟ། ཚིག་རྩུབ། འཚང་འབྲུ་སོགས་ཀྱིས་བརྒྱ་ཆ་ ༧༠ ཟིན་གི་འདུག་
དོན་ངོ་མ་ལ་བརྒྱ་ཆ་ ༣༠ དེ་ཡང་བྱེ་མའི་ནང་ཆུ་སིམ་པ་ལྟར་མཐོང་ངོ་། །
གོང་དུ་གནམ།མེས་པོའི་ཐེམ་སྐས་ནས་བཤད་པ་བཞིན་ཁ་བརྡའི་ནང་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཡན་བོད་ཀྱི་རིག་གཞུང་སྐོར་གླེང་མི་ཆོག་པ་དང་། བོད་ཀྱི་ལེགས་ཆ་ཡོད་ཚད་ཀྱི་ཁུངས་རྒྱ་གར་བཏུགས་དགོས་པ་དང་། ཐོན་མི་དང་པད་འབྱུང་སོགས་སྒྲུང་གཏམ་གྱི་མི་སྣ་དེ་དག་བོད་ཀྱི་མུན་སེལ་ཡིན་པའི་ངོས་ལེན་དགོས་པ་དང་། དར་ཐང་ཨོ་བརྩོན་དང་མཁན་པོ་ཚུལ་བློ་སོགས་རྒྱ་མིའི་གསོས་ཕྲུག་དེ་ཚོ་དུས་རབས་ཉེར་གཅིག་པའི་བོད་ཀྱི་དཔའ་བོ་དང་མཁས་དབང་དུ་འདོད་དགོས་པ་སོགས་ཀྱི་རྩ་ཁྲིམས་ཁ་ཤས་ཤིག་གཏན་འབེབ་བྱས་ན་གང་འདྲ་འདུག དྲ་གྲོགས་ཚོ་བསམ་ཚུལ་ཤོད་དང་།
ཨ་ཅེ་སྨན་མོ། དེ་འདྲ་ངར་མོ་རེད་འདུག་་་ ད་མཚམས་འཇོག་ན་ལེགས་པ་མ་ཡིན་ནམ།
བན་བོན་གཉིས་ཀྱི་དབར་ལ་རྩོད་མི་བྱེད།
དེ་ལས་སྡུག་པ་གཉིས་པོ་མཉམ་བསྲེས་བཏང་།
བོན་པོ་བོན་པོའི་གཞུང་ལ་གཏོར་གཤིག་དང་།
བན་པོ་བན་པོའི་ཁྱད་ཆོས་བརླག་པར་བྱེད།
རིས་མེད་གཏམ་ཁ་རྣ་ལ་སྙན་མོས་ཀྱང་།
དོན་དུ་རང་མེད་མི་མེད་བཟོ་བའི་ལས།
རབ་ལ་བྱུང་ན་གཉིས་ཀར་གུས་ཞབས་མཛོད།
དེ་མིན་རང་གི་གཞུང་ལུགས་རང་གིས་སྦྱོང་
གཞན་ལ་དམོད་པ་བྱེད་པ་ཀུན་ནས་སྤོངས།
མིང་གྲགས་གཞན་བཀུར་ལྟོ་ལ་བརྔམས་དྲག་ནས།
རིས་མེད་ཁ་ལ་ཁྱེར་ནས་དམ་ཆོས་སྤོངས།
གཏམ་ལ་རེ་ནས་ཨ་མ་བསད་པ་དང་།
དེ་དང་འདྲ་བ་ཆོས་ལུགས་བསྲེས་པ་སྐྱོ།
དང་པོ་གཞན་ལ་སྐུར་བ་སྤོངས་དང་གཅིག
གཉིས་པ་རང་གི་གཞུང་ལུགས་སྦྱོང་དང་གཉིས།
གསུམ་པ་རྟག་ཏུ་བྱམས་པ་སྒོམ་དང་གསུམ།
དེ་དག་ཚང་ན་བན་བོན་གང་ཡང་ཆོག
ཆོས་ལུགས་བསྲེས་པ་བླ་མའི་གདམས་ངག་མིན།
གཞན་ལ་སྡིག་པ་ཆོས་ཀྱི་དགོས་པ་མིན།
བཅོམ་ལྡན་འདས་ཀྱིས་ཕྱི་ནང་དབྱེ་བ་མཛད།
དེ་ལས་ལོག་ན་ཆོས་པ་ཡིན་ནམ་མིན།
མཁན་སློབ་ཆོས་གསུམ་བན་པོའི་ཆེད་དུ་ཕེབས།
སྟོན་པ་གཤེན་རབས་བོན་གྱི་ཆེད་དུ་ཕེབས།
རང་རང་སོ་སོར་དམིགས་བསལ་དགོས་པ་ཡོད།
མཉམ་བསྲེས་བྱེད་པ་སྨྱོན་པའི་སྨྱོན་པ་ལགས།
ཤ་ཚ་ལ་རྒྱ་ཡིན་ཁུལ་མཉམ་བསྲེས་བཏང་།
མེས་པོ་རྣམས་ཀྱི་ཐུགས་ལ་འཁུར་པོ་བཟོ།
རང་རང་གཞུང་ལ་ཐོས་བསམ་མེད་པ་ཡིས།
ཕ་ཆོས་སྟོང་བ་བན་བོན་གཉིས་ཀར་གནོད།
གལ་ཏེ་བན་བོན་གཅིག་ལ་ངོས་འཛིན་ན།
ཅི་ཡི་ཕྱིར་ཏུ་ནང་པའི་གྲུབ་མཐའ་དང་།
བོན་གྱི་གྲུབ་མཐའ་ཐ་དད་འགྱུར་བ་ལགས།
ཅི་ཡི་ཕྱིར་ཏུ་རང་རང་གཞུང་ལུགས་སྐྱོང་།
ཐམས་ཅད་གཅིག་པ་ཡིན་དགོས་སུ་ཡི་བཀའ།
རང་རང་ཁྱད་ཆོས་སྟོང་བ་སུ་ཡི་ཆེད།
རང་མེད་མི་མེད་བཟོ་བ་ཆོས་པ་ཨེ།
འདི་འདྲ་འདི་འདྲའི་ཁྲོད་ནས་སྡིག་པ་གསོག
བོན་ལ་ཁྱད་ཆོས་ལྡན་པ་བོན་པོའི་རྒྱན།
བན་ལ་ཐུན་མིན་གཞུང་ལུགས་བན་པོའི་རིགས།
མཉམ་བསྲེས་བྱེད་པ་གཉིས་ཀའི་འདོད་པ་མིན།
དེ་ལྟར་སྤངས་ན་གཉིས་ཀར་ཕན་པ་ཆེ།
མཐུན་སྒྲིལ་ཟེར་ན་གཅིག་པ་ཡིན་དགོས་ཨེ།
གུས་ཞབས་ཟེར་ན་གཅིག་གཅོད་བྱེད་དགོས་སམ།
ངོ་ཁ་སྲུང་བ་ཆོས་ཀྱི་དགོས་པ་ཨེ།
བསམ་བློ་ཐོངས་དང་དགྱེས་པ་རྡོ་རྗེ་ལགས།
ཐོག་མཐའ་བར་ལ་ཆོས་ལ་དགའ་བ་ཁྱེད།
རིག་པ་བཟང་བ་བླ་མའི་བྱིན་རླབས་ལྡན།
བསོད་ནམས་བཟང་བ་བླ་མ་མང་པོ་མཇལ།
ཆོས་ལུགས་བསྲེས་ན་ཚེ་ལ་སྙིང་བོ་གང་།
ཐོས་བསམ་བྱེད་པ་ཅི་ཡི་ཆེད་དུ་ལགས།
གདམས་ངག་ཞུ་བ་དགོས་པ་གང་གི་ཕྱིར།
སྒོམ་སྒུབ་བྱེད་པ་འབྲས་བུ་གང་ལ་དམིགས།
བན་བོན་བསྲེས་ནས་སུ་ལ་མཉེས་པར་བྱེད།
ཐུགས་རྗེས་གཟིགས་སོ་བླ་མ་རྒྱལ་དབང་རྣམས།
བུ་ཚ་འཁྲུལ་ནས་བསྟན་པ་གཏིང་ནས་གཤིག
བླ་མའི་དགོངས་པར་འཁྲུལ་བ་བདུད་ཀྱི་གཞི།
ཅི་ནས་ཐོལ་ལོ་གཤགས་སོ་བླ་མ་མཁྱེན།
བོན་པོ་བོན་པོའི་ཆོས་ལ་ཁྱད་ཆོས་ལྡན།
འདུལ་བྱ་དམིགས་བསལ་ཆེད་དུ་བྱོན་པ་ཡིན།
བན་པོ་བན་པོ་ཆོས་ལ་ཁྱད་ཆོས་ལྡན།
འདུལ་བྱ་དམིགས་བསལ་ཆེད་དུ་བྱོན་པ་ཡིན།
སྨན་གྱིས་ནད་རིགས་གསོ་བ་སྨན་གྱི་མཐུ།
སྨན་པའི་ངག་དང་བསྟུན་པ་གདམས་ངག་མཆོག
ཅི་སྟེ་དབྱེ་མེད་གང་མཐོང་ཁ་ལ་བཏབ།
གསོ་བ་མིན་པ་འཆི་བའི་རྒྱུ་ཁོ་ན།
ཉག་རོང་ནས་གསར་དུ་རྙེད་པའི་བོན་གྱི་བཀའ་བསྟན་ནམ་བཀའ་བརྟེན་ལ་དོག་གཞི་ཆེ་བ།
དེ་ཡང་བོན་གྱི་བཀའ་བསྟན་ནམ་དམ་བཀའ་བརྟེན༼ད་དུང་མིང་གཏན་འཁེལ་མེད། བཀའ་དང་བཀའ་བརྟེན་ཞེས་འདོགས་དགོས་ལུགས་མཁར་རྨིའུ་བསམ་གཏན་གྱི་རེ་བ་ཡིན།༽ མདོར་ན་བཀའ་བརྟེན་ཟེར་བའི་ཡིག་ཚོགས་ཆེན་པོ་དེ་སྟོན་པ་གཤེན་རབ་དང་ཁོང་གི་རྗེས་འཇུག་མཁས་པའི་གསུང་རབ་ཕྱོགས་བསྒྲིགས་ཤིག་ཡིན་ཟེར། ཡིན་ན་ཡང་དཔེ་རྒྱུན་དེ་ཚར་གཅིག་ཁོ་ན་མ་གཏོགས་རྙེད་མེད། རྙེད་ཡུལ་དེ་ཉག་རོང་ཁོགས་ནས་ཡིན། རང་རང་གི་སྟོན་པའི་གསུང་རབ་ཟེར་བ་དེ་ཆོས་ལུགས་གང་ཡིན་ཡང་ཡོད་ན་དེས་ཆོག་དང་མེད་ན་དེས་ཕུང་དེ་རེད། བོན་པོ་ནི་བོད་ནང་ཙམ་མིན་པར་བལ་ཡུལ་མཐའ་མཚམས་སོགས་སུ་དར་རྒྱ་ཧ་ཅང་ཆེན་པོ་རེད། བལ་ཡུལ་སོགས་ཀྱི་བོན་དགོན་དེ་ཚོར་རྒྱ་དམར་སོགས་བཀག་འགོག་གཏོར་བྱེད་མཁན་ནི་གཏན་ནས་སླེབས་མྱོང་མེད། དགོན་པ་དེ་ཚོར་རང་གི་སྟོན་པའི་གསུང་རབ་ཕྱོགས་བསྒྲིགས་ཤིག་ཀྱང་མེད་དོན་ག་རེ་ཡིན་ནམ། གཅིག་བྱས་ན་ཉག་རོང་བ་ཁ་ཤས་ཤིག་གིས་རིག་གནས་གསར་བརྗེའི་སྔ་གཞུག་ཅིག་ལ་གཏེར་ནས་བཏོན་པ་ཡིན་པ་འདྲ།
སྤྱིར་ན་བོན་གྱི་གསུང་རབ་ཕྱོགས་བསྒྲིགས་ལྟ་བུ་རིག་གནས་གསར་བརྗེའི་སྔོན་དུ་ཡོད་ཚུལ་འདུག་མོད་འདི་ལྟ་བུའི་ཡིག་ཚོགས་ཆེན་པོ་ཞིག་མ་རེད།
གནའ་དེང་གི་སྐབས་སུ་རང་རེའི་མཁས་པར་རློམ་པ་ཕྱོགས་ལྷུང་ཆགས་སྡང་གི་མྱོས་ཆུས་རྣམ་པ་ཀུན་ཏུ་བཟི་ཁ་མ་དྭངས་པ་རེ་འགས་རང་གི་ལྟ་ངན་ཉི་ཚེ་བ་དེ་འདོར་བར་མི་ནུས་པའི་ཁར། དེའང་མཆོག་ཏུ་རློམ་སྟེ་ལོ་རྒྱུས་ཀྱི་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་མདོག་གིས་ཆེ་བཤད་འུད་ཆེན་པོ་རེ་བསྒྲགས་ཀྱང་དོན་དུ་རང་གི་བསམ་པ་ལྟར་དུ་ཉེ་བའི་ཕྱོགས་ཙམ་གང་སར་འཚོལ་བསྡུ་བྱས་ཙམ་དང་། དེ་ལས་གཞན་གྱི་ལོ་རྒྱུས་ཁུངས་མེད་བཙན་སྒྲིག་ཏུ་ལོག་པར་འགྲེལ་ཞིང་དེ་དང་མཐུན་རིགས་བྱུང་ན་ངོ་སོ་དང་བསྟོད་ར་ཚད་ལས་འདས་པར་བྱེད་ལ། དེ་ལས་ལྡོག་པའི་གཞན་གྱི་ལྟ་སྟངས་དང་ལུང་རིག་གིས་གྲུབ་པ་གང་ཞིག་ཡིན་རུང་སྣང་མེད་ཟུར་ཟ་དང་ངན་སྨྲས་ཅི་རིགས་པའི་ལས་ལ་གཞོལ་བའི་མཁས་བླུན་ཕོད་ཚོད་ཅན་ཡོད་དོ་ཅོག་རྣམས་ཀྱི་རྣ་བར་གཟན་པའི་བདེན་གཏམ་རིག་པའི་ཁོང་འཕྲུལ། དཔྱད་གསུམ་དག་པའི་ལམ་ནས་དྲངས་པ་འདི་སྐད་ཅེས་ཏེ།
མཁས་དབང་ནམ་མཁའི་ནོར་བུའི་གསུང་རྩོམ། བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ནོར་བའི་དོ་ཤལ་ལས།
ཁོ་བོ་ནི་བོད་རིགས་ཤིག་ཡིན་པ་དང་། རང་གི་རིག་གཞུང་ལ་ཤ་ཞེན་དང་ལྡན་པ་ཞིག་ཡིན་སྟབས་བློས་མ་བཟོད་ནས་མཁས་པ་ཆེན་པོ་དེ་དག་གི་སྙན་གྲགས་དང་། གྲོགས་འབྲེལ་སོགས་ལ་མ་ལྟོས་པར། བོད་ཀྱི་ལོ་རྒྱུས་ཡང་དག་ལ་ཁུངས་བརྟེན་ཅིང་། དཔྱད་པ་རྣམ་གསུམ་གྱིས་གཏན་ལ་ཕབ་ནས། བདེན་དོན་འཚོལ་བ་ལ་ཕྱོགས་པར་ལགས་པས། ཕྱི་ནང་གི་མཁས་པ་ཐམས་ཅད་དགོངས་ཁྲེལ་མེད་པ་ཞུ་འཚལ། ཞེས་དང་།
ཡང་དེ་ཉིད་ལས། བོད་ལ་རང་གི་ཡི་གེ་དང་ཤེས་རིག་ཡོད་ན་ཐོན་མིས་བོད་ཡིག་གསར་དུ་བརྩམས་པ་དང་། རྒྱ་གར་ནས་དམ་པའི་ཆོས་སོགས་སྤྱན་དྲངས་པའི་དགོས་པ་མེད་དོ་ཞེ་ན། ཧ་ཅང་ཐལ་ཏེ། བོད་ལ་དེ་སྔོན་ཡི་གེ་མེད་ན་བོད་ཀྱི་ལོ་རྒྱུས་མཁན་པོ་རྣམས་ཞལ་མཐུན་པར། བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་། གནམ་གྱི་ཁྲི་བདུན། སྟོད་ཀྱི་སྟེང་གཉིས། བར་གྱི་ལེགས་དྲུག ས་ཡི་ལྡེ་བརྒྱད། འོག་གི་བཙན་གསུམ། ལྷ་ཐོ་ཐོ་རི་སོགས་རྒྱལ་རབས་ལྔ་སྟེ་རྒྱལ་རབས་སུམ་ཅུ་སོ་གཉིས་ཀྱི་ལོ་རྒྱུས་བཤད་པ་དེ་དག་མི་འཐད་པར་ཐལ་ཏེ། བོད་ལ་ཡི་གེ་མེད་པའི་ཕྱིར། གྲུབ་སྟེ། བོན་སྡེ་དང་། སྨན་དང་རྩིས་དང་། ལོ་རྒྱུས་ཇི་སྙེད་ཅིག་ཡོད་པ་དེ་ཀུན་དེ་དུས་ཀྱི་བོད་མི་ཚོས་བློ་འཛིན་ཐུབ་པའི་སྒྲུབ་བྱེད་འདྲ་ཡོད་ན་དེ་ལྟར་ཡིན་སྲིད་ནའང་། བོད་མུན་པའི་གླིང། རྒྱལ་བློན་དང་མི་སྡེ་ཚང་མ་བླུན་རྨོངས་དུད་འགྲོ་ལྟར་ཡི་གེ་ཙམ་ཡང་སྤྱོད་མི་ཤེས་པ་དེ་འདྲ་བ་ལ་མི་བརྗེད་པའི་གཟུངས་ཡོང་བའི་ཁུངས་མེད་པ་ནི་མངོན་སུམ་ཚད་མས་གྲུབ་ཅིང་། ཁོ་བོ་ཅག་གིས་རང་རང་གི་བླ་མའི་ཞལ་གདམས་སོགས་ཉུང་ངུ་རེ་ཙམ་ཡང་ཡི་གེར་མ་འཁོད་པར་ལོ་མང་བློ་འཛིན་མི་ཐུབ་པ་མངོན་སུམ་གྱིས་གྲུབ་ན། དེ་ལས་ཆེས་རིང་བ་བོད་ཀྱི་རྒྱལ་རབས་སུམ་ཅུ་རྩ་གཉིས་ཀྱི་ལོ་རྒྱུས་བློ་འཛིན་མི་ཐུབ་པ་ན། དེ་ལས་ཀྱང་ཆེས་གསལ་ཞིང་ཤེས་ཐུབ་པ་ཡིན་ནོ། རྒྱལ་རབ་གསལ་བའི་མེ་ལོང་ལས། དེར་རྒྱལ་བུ་དེ་ནར་སོན་དུས། བཟོ་དང་། རྩིས་དང་། སྒྱུ་རྩལ་དང་། རིག་པའི་གནས་ལྔ་ལ་མཁས་ཤིང་ཡོན་ཏན་དུ་མ་དང་ལྡན་པར་གྱུར་པས། བློན་པོ་རྣམས་ན་རེ། འོ་ཅག་ཚོའི་རྗེ་འདི་ནི་ཡོན་ཏན་དུ་མ་དང་ལྡན་ཏེ་ཐུགས་ཤིན་ཏུ་སྒམ་མོ་ཟེར་བས།་མཚན་ཡང་སྲོང་བཙན་སྒམ་པོ་ཞེས་གྲགས་སོ། དེ་ནས་རྒྱལ་པོ་དེ་དགུང་ལོ་བཅུ་གསུམ་ལོན་དུས་ཡབ་འདས་ཏེ་རྒྱལ་སར་བྱོན་པ་ཡིན་ནོ། ཞེས་བཤད་པས། རྒྱལ་པོ་ནར་སོན་ཏེ་ཡོན་ཏན་དང་ལྡན་པར་གྱུར་ནས་རྒྱལ་སར་ཕེབས་པ་དངོས་སུ་གསལ་ཞིང་། དེ་ལྟར་ན། རྒྱལ་པོ་རྒྱལ་སར་མ་ཕེབས་པའི་གོང་དུ་ཐོན་མི་རྒྱ་གར་དུ་ཕྱིན་པའི་ལོ་རྒྱུས་མེད་ཅིང་། དེ་མེད་པས་དེའི་སྐབས་སུ་ཆོས་དང་ཡི་གེ་མེད་པར་གྲུབ་ཅིང་། འོ་ན། རྒྱལ་བུ་དེ་རྩིས་དང་རིག་པའི་གནས་ལྔ་ལ་མཁས་ཤིང་ཡོན་ཏན་དང་ལྡན་པར་གྱུར་པའི་བསླབ་བྱའི་ཡོན་ཏན་དེ་དག་མེད་པར་ཐལ་ཏེ། བོད་དུ་ད་དུང་ཡི་གེ་དང་ཆོས་དང་རིག་པའི་གནས་ལྔ་སོགས་མེད་པའི་ཕྱིར། ཞེས་དང་།
ཡང་དེ་ཉིད་ལས། བོད་ཡིག་གི་ཚིག་ཇི་ལྟར་གྲུབ་ཚུལ་གྱི་སྟེང་ནས་དཔྱད་ནའང་། བོད་ཀྱི་སྐད་ཡིག་གི་ཁུངས་དེ་རྒྱ་གར་གྱི་སྐད་ཡིག་མ་ཡིན་པར་མངོན་སུམ་ཚད་མས་གྲུབ་ཏེ། བོད་ཡིག་ལ་སྔོན་འཇུག་དང་། བརྩེགས་འདོགས་སོགས་ཞང་ཞུང་གི་སྐད་ཡིག་དང་འདྲ་བ་མང་པོ་ཞིག་ཡོད་ནའང་། རྒྱ་གར་གྱི་སྐད་ཡིག་གསར་རྙིང་གང་དུའང་མེད་པའི་ཕྱིར་དང་། ཐོན་མི་མཁས་པ་ཆེན་པོ་ཞིག་གིས་བོད་ཡིག་གཞི་ནས་གསར་བརྩམས་གནང་བ་ལ་ལེགས་སྦྱར་གྱི་དཔེ་ལེན་མི་མཁྱེན་པ་མི་སྲིད་པའི་ཕྱིར་རོ། ཚིག་སྒྲུབ་ཀྱི་དབང་དུ་བྱས་ནའང་། བོད་ཀྱི་སྐད་ཡིག་གི་ཁུངས་དེ་ཚད་ལྡན་ཞང་ཞུང་དང་མཚུངས་པར་སྟོན་པ་ལས། རྒྱ་དཀར་ནག་སོགས་བོད་ཀྱི་མཐའ་སྐོར་དུ་གནས་པའི་སྐད་ཡིག་གང་ཡང་མི་མཚུངས་པ་མངོན་སུམ་ཚད་མས་གྲུབ། ཅེས་དང་།
ཡང་དེ་ཉིད་ལས། དེ་ལྟར་ན་སྐད་ཡིག་འདི་དག་ཕྱོགས་ཙམ་འདྲ་བ་ནི་ཀུན་ལའང་སྲིད་དེ། མིའི་འགྲོ་བ་གཅིག་པའི་ཕྱིར། འོན་ཀྱང་ཚིག་སྒྲུབ་དང་། ཡི་གེའི་གྲུབ་ཚུལ། ཕྲད་དང་། རྣམ་དབྱེའི་འབྱུང་ཚུལ་སོགས་ཕྱོགས་ཀུན་ཏུ་འདྲ་བ་ནི་བོད་ཞང་ཞུང་ཙམ་ལས། འབྲེལ་ཡོད་ཀྱི་སྐད་ཡིག་གཞན་དག་ཏུ་མེད་པའི་རྒྱུ་མཚན་དེ་ལ་བརྟེན་ནས། བོད་ཀྱི་སྐད་ཡིག་གི་ཁུངས་དེ་ཞང་ཞུང་ཡིན་ངེས་པ་དང་ཞང་ཞུང་གི་སྐད་ཡིག་གི་ཁུངས་ནི་ཞང་ཞུང་རང་སྟེ། མདོར་ན་རྒྱ་དཀར་ནག་སོགས་དང་འདྲ་བ་ལོ་རྒྱུས་ཡོད་པ་ནས་བཟུང་རང་གི་ཤེས་རིག་རང་རྐྱ་ཐུབ་པ་ཞིག་ཡིན་པ་མངོན་སུམ་ཚད་པས་གྲུབ་པའི་ཕྱིར་རོ། ཞེས་སོ།
ཡང་དེ་ཉིད་ལས། དེས་ན་དེང་དུས་རང་རེས་རང་རིགས་ཀྱི་ལོ་རྒྱུས་དང་ཤེས་རིག་གི་ཁུངས་ཡང་དག་པ་དང་། བདེན་པ་དང་། རང་རྐྱ་ཐུབ་པ་ཞིག་རྟོགས་པར་བྱ་བའི་སླད་དུ། ཞང་ཞུང་གི་ལོ་རྒྱུས་དང་གནས་ལུགས་སོགས་ལ་ཉམས་ཞིབ་ནན་ཏན་དུ་གནང་དགོས་པ་ཤིན་ཏུ་གལ་ཆེའོ། ཞེས་དང་།
ཡང་མཇུག་ཏུ་གདམས་པ་ནི། དམ་པའི་ཆོས་ལ་ཟུར་ཟ་བྱས་ཞེས་ཆོས་པ་འགའ་ཞིག་འཁངས་པ་དང་། གཡུང་དྲུང་བོན་གྱི་བཀའ་བརྟེན་སྨད་ཅེས་བོན་པོ་འགའ་ཞིག་ཁྲོ་ཡང་སྲིད། ཆོས་དང་བོན་ལ་དག་སྣང་སྦྱངས་ནས་བོད་ཀྱི་ལོ་རྒྱུས་སྟོར་བ་ནི། ཆོས་དང་བོན་གྱི་དགོངས་པ་མིན་པ་བློ་དང་ལྡན་པས་དཔྱད་ན་གོ ཆོས་པས་བོན་ལ་བཀྱོན་ཞེས་མ་གསུངས་བོད་རིགས་བོན་གྱི་གྲོགས་པོ་དག བོན་པོས་ཆོས་ལ་བཀྱོན་ཞེས་མ་གསུངས་བོད་རིགས་ཆོས་ཀྱི་གྲོགས་པོ་རྣམས། རིས་སུ་ཆད་པའི་བཀྱོན་པ་མ་གནང་བོད་རིགས་རིས་བྲལ་གཞོན་གྲོགས་ཀུན། དཔྱད་གསུམ་དག་པས་རང་རིགས་ལོ་རྒྱུས་འཚོལ་བ་འདི་ཀོ་ང་ཚོའོ་འགན། ཞེས་གསུངས་པ་འདི་ལྟའི་ལེགས་བཤད་ངོ་མཚར་ཅན་ལ་སློབ་སྦྱོང་ཡག་པོ་བྱོས་ཤིག
སྔ་དུས་སུ་བོད་ཡིག་ཐོན་མིས་བཟོས་མིན་སྐོར་རྙོག་གཏམ་ཆེས་མང་པོ་གླེང་མྱོང་ཡོད། བར་སྐབས་རིང་བཏང་སྙོམས་ངང་ལྷགས་ཡོད་ཀྱང་ཉེ་སྔོན་དྲ་རྒྱ་དང་ཚགས་ཤོག་གྲགས་ཅན་དུ་མའི་ནང་༸རྒྱལ་དབང་ཐམས་ཅད་མཁྱེན་པས་བོད་ཡིག་གི་ཕྱི་མོ་ཞང་ཞུང་སྨར་ཡིག་ཡིན་པ་དང་། དེ་ཡང་མ་མཐའ་ལོ་བཞི་སྟོང་གི་ལོ་རྒྱུས་ཡོད་པར་ར་འཕྲོད་པའི་སྐོར་གཟུར་བོར་གནས་པའི་བཀའ་སློབ་སྔ་གཞུག་དུ་མར་གནང་བ་དག་འཛམ་གླིང་གང་སར་རྒྱུད་བསྒྲགས་ཆེ་རུ་ཕྱིན་པ་མ་ཟད། རྒྱལ་སྤྱིའི་བོད་རིག་པའི་མཁས་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་མཁས་དབང་མཁར་རྨེའུ་བསམ་གཏན་མཆོག་ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོར་གདན་ཞུས་སྐབས་དྲི་བ་དྲི་ལན་ནང་ཐོན་ནི་མི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་མིན་ཐད་ད་དུང་གསལ་པོ་མེད་ཚུལ་དང་། གལ་སྲིད་ཁོང་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་པའི་དབང་དུ་བཏང་ཡང་བོད་ཡིག་གསར་བཏོད་གནང་ཞེས་པ་སྐྱག་རྫུན་ཡིན་པའི་སྐོར་དོན་དངོས་མཐུན་པའི་གཏམ་བཤད་གནད་ལ་ཁེལ་བ་གནང་ཡོད་པ་སོགས་ལ་བརྟེན་ནས། ཆོས་ཞེན་གྱི་དྲི་མ་མཐུག་པོའི་འོག་ཏུ་མགོ་འཁོར་ནས„་གནས་ལུགས་ཀྱི་རི་བོ་ལ་བལྟ་མ་མྱོང་བའི་ཐུབ་བསྟན་པ་འགའ་ཞིག་ཧ་ལམ་ཉིན་མོ་ཟས་དང་མཚན་མོ་གཉིད་མེད་པའི་གནས་སུ་གྱར་བཞིན་ཡོད་སྟབས། ༸གོང་ས་མཆོག་གི་བཀའ་སློབ་ལ་དེ་དག་ལ་དཔྱད་གཞིའི་རིན་ཐང་ཙམ་ཡང་མི་སྟེར་བར། སྙིང་རླུང་སྟོད་དུ་འཚང་བཞིན་ལམ་སང་ཐོན་མའི་སྒྲུང་གཏམ་ལ་བདེན་ཁ་བྱིན་པའི་གཏམ་རྙོག་ཡོད་ཚད་བསྡུ་རུབ་བྱ་ནས་ངེད་ཅག་བོན་པོ་ཚོ་ལ་སྡིག་དམོད་བྱ་རྒྱུའི་ལྟ་གོན་ལ་བྲེལ་བཞིན་པ་འདི་ཕྱོགས་གཅིག་ནས་བལྟས་ན་དགོད་བྲོ་བའི་གནས་སུ་མཐོང་། ཕྱོགས་གཞན་ཞིག་ནས་བསམ་ན་རྐུ་མས་གཡག་མགོ་རྐུབ་སྟེགས་སུ་བྱས་ནས་ཤག་རྭ་རྩེ་ནས་འདེབས་ཞེས་པའི་དཔེ་ལྟར་ཡོད་ཚད་རྐུ་འཕྲོག་བཅོམ་གསུམ་བྱས་ཚར་ན་ཡང་ད་དུང་བོན་ལ་དམོད་པའི་རྒྱུན་མ་ཆད་པ་ནི་ཧ་ཅང་གི་སྨྱོ་ཧམ་ཆེ་དྲགས་འདུག་པས། བོན་པོ་ཚོས་འདིའི་རིགས་ནམ་ཡང་རྒྱ་ཡན་དུ་མི་བཏང་བར་འཕྲིས་ལས་རྣམ་བཞིའི་ཟློས་གར་འཁྲབ་པའི་དུས་ལ་བབ་འདུག་སྙམ།
སྡོམ་མགོ་མ་ཐོན་སྔགས་པ་ཡིན་ནོ་སྐད།།
ཁྱིམ་མགོ་མ་ཐོན་ཆོས་པ་སྐད་དུ་བསྒྲགས།།
གཉི་ག་མ་འཁྱོངས་བན་བོན་མིང་སྤྱད་དེ།།
མི་ཚེ་སྡིག་ལ་སྐྱེལ་བ་ཡ་རེ་ང་།།
ཟོག་པོའི་མི་ལ་རྒྱབ་སྐྱོར་བྱེད་མཁན་དེ།།
ཟོག་རྫུན་ཞིག་ལས་ཡོང་བ་རྒྱ་ལམ་ཙམ།།
རོང་ལེ་རྒྱབ་རྩར་མཐའ་ཡས་ལངས་པ་ཡང་།།
བྱི་ལའི་སྐྱག་པ་སྦས་པའི་བརྟུལ་ཞུགས་ཉིད།།
ཀརྨ་ཡེ་ཤེ་ཁྱོད་ཀྱིས་བོན་ལ་མཐོང་དུས་བོད་རང་དབང་མེད་པར་བཟོ་མཁན་རྒྱ་དམར་མིན་པ་དང་བོན་པོ་ཡིན་པའི་བཟོ་འདྲ་བྱེད་ཀྱི་འདུག་ཁྱོས་བོན་པོ་ལ་དེ་ལྟར་གདོན་དགོས་པའི་དོན་ཅི་ཡོད་ཅིག་ཤོད་དང་ཁྱོད་ལ་ན་ཚ་རྙིང་པ་འདྲ་ཡོད་པའི་བཟོ་འདུག་ཡོད་ན་ཤོད་དང་དྲ་གྲོགས་ཚོས་སྡུག་བསྔལ་དེ་སེལ་ཐུབ་ཐབས་བྱེད་ནེ་རེད།
བོན་པོའི་ཡུམ་ལ་པོད་ཆེན་བཅོ་བརྒྱད་འདུག ཆོས་ཀྱི་ཡུམ་ལ་པོད་ཆེན་བཅུ་གཉིས་ལས་མེད་པ་འདིས་གསལ་བོ་རྟོགས་ཐུབ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་གདན་དྲངས་པར་བཤད་ཀྱང་ཐེ་ཚོམ་དུ་ཟད་དོ། ལྷག་མ་དྲུག་ནི་ཀླུ་ཡུལ་ནས་ལུས་པར་གྲགས་ཀྱང་། འདི་ལ་དཔག་ན་ཆོས་ཀྱི་ཡུམ་གྱི་ཁུངས་བོན་པོ་ཡིན་པ་འདྲ་བོ་འདུག། མདོར་ན་བོན་གྱིས་ཆོས་ལ་དཔེར་བླངས་ཆོས་ཀྱིས་བོན་ལ་དཔེར་བླངས་པ་དུ་ཞིག་མཆིས་པས་ཀུན་ལ་དག་སྣང་སྦྱང་བར་འཚལ་ལོ། །
དྲ་གྲོགས་ཚོ། བསམ་བློ་ཡག་པོ་གཏོང་དང་། བོན་དགྲ་ཇག་ཆོམ་རྐུན་ལ་མ་སྡང་ན་དེ་མིན་སྡང་དགོས་ས་ཅི་མེད་ད། རྒྱལ་བསྟན་སྤྱི་ཡི་དགྲ་བོ་བོན་དང་དོལ་རྒྱལ་ལས་གཞན་མེད་བ། རྒྱལ་བ་རིན་པོ་ཆེའི་ང་དང་ངའི་མི་དམངས་ཞེས་པ་ལ་ལྟོས་དང་གསལ། །གལ་ཏེ་རྒྱལ་བ་རིན་པོ་ཆེས་བོན་ཡིག་ཕྱི་མོ་དེ་འདྲ་ཡིན་པ་ཐག་བཅད་ཡོད་ན། སྔོན་རྒྱ་དམར་གཞན་དབང་དུ་ཤོར་ནས་རང་ས་ཤོར། ད་བོན་ནག་གཞན་དབང་དུ་ཤོར་ནས་བོད་ཡིག་མེད་བ་རེད། ༡༩༥༧་ལོར་བོད་མི་རྒྱ་ཡི་མངའ་ཁུངས་ཡིན་པའི་ས་ཡིག་རྒྱབ་པ་ནང་བཞིན་རེད། བོད་ས་མི་དགོས། བོད་ཡུལ་མི་དགོས། བོད་ཡིག་མི་དགོས། བོད་ཆོས་མི་དགོས། ནམ་ཞིག་བོད་མི་རིགས་མི་དགོས་ཚང་མ་གཅིག་པ་རེད། རང་བཙན་མི་དགོས་ཤོད་དང་། ཞི་བདེ་ལས་སླ་བོས་ཐོབ་ཀྱིན་རེད། ཧུན། རིག་རྡོར་གྱིས་རྒྱན་དྲུག་མཆོག་གཉིས་ཀྱང་རྐུན་མ་རེད་ཟེར་གྱིན་མི་འདུག་གམ། དེ་འདྲའི་དག་སྣང་ཡ་མཚན་ཅན། ཧ ཧ ད་ཡིན་ན་བྱིས་པ་ཚོ་ལ་གཏམ་ཉོག་གི་མཚམས་བཞག་པ་ཡིན། ཚང་མ་བདེ་མོ་གྱིས།
ཆོས་ལུགས་ཐ་དད་ཡིན་ཟེར་ན། རྩོད་རྙོག་མ་རེད། གཅིག་མཆོག་གཅིག་དམན་ཟེར་ན་འཁྲུག་རྩོད་སློང་བའི་ཆག་སྒོ་རེད། བོན་དང་ཆོས་གཉིས་ཐ་དད་རེད། དེ་ཁས་མི་ལེན་ན། ཁྱེད་གཞན་ལ་གུས་ཞབས་དང་རིས་མེད་ཟེར་བ་བརྫུན་གཏམ་ཁོ་ན་རེད། ཐད་དད་ཡིན་ཟེར་དུས་གུས་ཞབས་མེད་ཟེར་བ་མིན། དེས་ན། ང་ཚོས་དང་པོ་བན་ཆོས་གཉིས་ཐ་དད་ཡིན་པ་ཁས་ལེན། དེ་གཉིས་འདྲ་མཉམ་དང་གཉིས་ཀར་ཐོབ་ཐང་འདྲ་མཉམ་ཡིན་པ་ཁས་ལེན། དེ་ནས་རང་རང་སོ་སོའི་གཞུང་ལུགས་ལ་སྦྱངས། ཧུར་བརྩོན་ཆེན་པོས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་པ་གཟུར་གནས་ཀྱི་བསམ་བློ་རེད།
དེང་སང་། རིས་མེད་ཟེར་ན་ཤིན་དུ་དགའ་འགྲོ་བ་དང་སོ་སོའི་ཆོས་ལུགས་གཙང་མར་སྐྱོང་མཁན་ལ་སྙོན་འཛུགས་བྱེད་པ་འདི་སྲིད་དབང་སྒེར་གཅོད་པའི་གཤིས་ཀ་རེད། བོད་ཀྱི་རིག་གཞུང་མ་ཚང་བ་མེད་པ་དེ་དག་ཅུང་ལེགས་ཙམ་ཉར་ཐུབ་པ་འདི། རིག་གཞུང་བྱེ་བྲག་པ་སོ་སོའི་རྗེས་བྲངས་རྣམས་ཀྱིས་དཀའ་ངལ་རྒྱབ་ནས། སོ་སོའི་ཆོས་རྒྱུད་གཙང་མར་ཉར་བའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། དེ་དག་ལ་བྱས་རྗེས་ཅན་ངོས་འཛིན་དགོས།
བོན་པོའི་ཆོས་ལུགས་ནང་ལ་ཐུན་མིན་ཁྱད་ཆོས་ཡོད་པ་དེ་དག་རྩལ་ཏུ་བཏོན་ནས་ཉར་ཚགས་དང་རྒྱུད་སྤེལ་ཐུབ་པ། དེ་བཞིན་ནང་པའི་ཆོས་རྒྱུད་མི་འདྲ་བ་སོ་སོའི་ནང་ལ་རང་རང་ཐུན་མིན་གྱི་ཁྱད་ཆོས་ཡོད་པ་དེ་དག་བརླག་པར་ཉར་སྲུང་བྱེད་པ་ནི་ཤིན་དུ་གལ་འགངས་ཆེ།
དལྟ་བོན་ཆོས་དང་ཁྱད་ཆོས་ཤིན་དུ་ཐག་ཉེ་བ་འདི་སྔ་འགྱུར་རྙིང་མའི་གཞུང་དེ་དག་ཆགས་ཡོད། བོན་པོའི་རྫོགས་ཆེན་དང་སྔ་འགྱུར་རྙིང་མའི་རྫོགས་ཆེན་གྱི་གཞུང་གཉིས་དབྱེ་བ་འབྱེད་དགོས་ན་ ཁག་པོ་འདུག
ཤིན་དུ་མཚུངས་པའི་དཔེ་ལྟ་བུ་རེད། འོན་ཀྱང་། དེས་བོན་ཆོས་གཉིས་གཅིག་པ་ཡིན་ཟེར་ན། མི་འགྲིགས། དཔེར་ན། ས་སྐྱའི་གཞུང་ལུགས་དང་བོན་གཉིས་ཡོངས་སུ་ཐ་དད་ལ་གྱུར། དེ་བཞིན་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་དང་ཆོས་གཞུང་ནི་བོན་ཆོས་དང་ཡོངས་སུ་ཐ་དད་རེད། དེ་བཞིན་དགེ་ལུགས་དང་ཇོ་ནང་ལ་སོགས་ལ་རང་སོ་སོའི་ཆོས་བརྒྱུད་ཀྱི་བླ་མ་གོང་མ་དག་དང་གྲུབ་མཐའ། ཕྱག་ལེན་སོགས་ཐུན་མིན་གྱི་ཁྱད་ཆོས་ཡོད།
དེར་བརྟེན། ཆོས་ལུགས་མཐུན་སྒྲིལ་གྱི་རྨང་ཞིག་ནི་ཆོས་ལུགས་ཚང་མ་འདྲ་མཉམ་དང་རང་རང་སོ་སོའི་ཁྱད་ཆོས་མི་འདྲ་བ་ཡོད་པ་དེ་དག་ཚང་མ་འགྲོ་བ་མིའི་རིགས་ལ་ཞབས་འདེགས་ཞུ་ཆེད་ཡིན་པའི་འདུ་ཤེས་ཐོག་ཕན་ཚུན་འབྲེལ་བ་འཛུགས་ན་ལེགས་སྙམ།
ཆོས་རྒྱུད་དུས་ཚོད་ཀྱི་གོ་རིམ་སྔོན་ལ་ཡོང་བ་འདི་རྗེས་མའི་མ་ཕྱི་ཡིན་ཟེར་ན་མི་འགྲིགས། བོན་པོ་སྔོན་ལ་ཡོང་བའི་རྨང་གཞིར་བརྟེན་ནས་བན་པོའི་མ་ཕྱིར་འདོད་ན་མི་ཐད། ཅ་ིའི་ཕྱིར། རྒྱུ་མཚན་ནི། མིའི་ཤེས་རིག་གི་རྣམ་དཔྱོད་དང་ཁམས་ལ་བསམ་མི་ཁྱབ་པ་ཡིན་སྟབས། གསར་གཏོད་དང་བློ་རྩལ་ནི་སུ་ལ་ཡང་བདག་མེད། སོ་སོའི་ཁྱད་ཆོས་ཚང་བའི་སྒོ་ནས་སོ་སོའི་གཞུང་ལུགས་ཐ་དད་བཙུགས་ཐུབ་ན་འདི་ལ་གུས་ཞབས་བྱེད་དགོས། དེ་ནི་ཆོས་ལུགས་མཐུན་སྒྲིལ་ཡོང་བའི་རྨང་གཞི་རེད།
དེ་བཞིན་དུ། སྔ་འགྱུར་རྙིང་མ་ཡང་བོད་ཀྱི་ཆོས་རྒྱུད་གཞན་དག་ཚོའི་མ་ཕྱི་ཡིན་ཟེར་ན་མི་འགྲིགས། རྒྱུ་མཚན་ནི། ཆོས་རྒྱུད་གཞན་དེ་དག་གི་འགོ་པ་རྣམས་ཁུངས་དང་ལུང་ཐ་དད་རེད། ས་སྐྱ་ལ་བལྟོས་ན། ས་སྐྱའི་ལམ་འབྲས་ཀྱི་རྒྱུད་པའི་མགོ་རྩོམ་མཁན་དེ་རྙིང་མའི་ཆོས་རྒྱུད་གསར་གཏོད་བྱེད་མཁན་དེ་དག་མ་རེད། ས་སྐྱ་སོ་སོ་རེད། ཅིའི་ཕྱིར་རྙིང་མ་ནང་ལ་འདྲེན་དགོས་སམ། ལམ་འབྲས་བླ་རྒྱུད་ལ་ལྟོས་དང་། མཁན་སློབ་ཆོས་གསུམ་མིན་འདུག། འདི་བདེན་པ་ཡིན། དེ་བཞིན་བཀའ་བརྒྱུད་པ་ཡང་ཏེ་ལོ་པ་དང་ན་རོ་པ། མར་མི་དྭགས་གསུམ་ནས་བྱོན་པ་རེད་མ་གཏོགས་མཁན་སློབ་ཆོས་གསུམ་གྱིས་རྗེས་བྲངས་པས་བཙུགས་པའི་ཆོས་ལུགས་ཤིག་མ་རེད། དགེ་ལུགས་པ་ནི་སྨྲོས་མེད་རེད་ལ། ཇོ་ནང་ཡང་འདི་ལྟར་རེད། དེར་བརྟེན་ཆོས་ལུགས་འདྲ་མཉམ་ལ་གུས་བརྩི་དང་རང་རང་ཐ་དད་ཡིན་པའི་འདུ་ཤེས་བཞག་ནས་འབྲེལ་བ་བཙུགས་ན་ཤིན་དུ་ལེགས། འདི་ནི་དམངས་གཙོ་དང་རང་དབང་ལོངས་སྤྱོད་ཀྱི་སྐལ་བའི་མི་རྣམས་ཀྱི་ཐོབ་ཐང་རེད།
ད་ལྟ་ཆོས་ལུགས་གྲུབ་མཐའི་རྙོག་འདྲ་ཡོང་བའི་གཞི་གཙོ་བོ་འདི། རང་གི་ཆོས་ལུགས་དེ་ཡང་དག་པ། གཞན་གྱི་ཆོས་ལུགས་དེ་ཡང་མ་དག་པའི་དུག་སྐྱོན་ཅན་གྱི་བསམ་བློ་འདིས་བོད་མི་རིགས་འདི་རྒྱལ་ཁབ་གཅིག་དང་རྒྱལ་པོ་གཅིག་ནས། རྒྱལ་ཕྲན་དུ་མ་དང་རྒྱལ་འབངས་དུ་མར་འགྱུར་ནས། མཐའ་མ་ཁེ་ཕན་དེ་རང་དགྲ་རྒྱ་ལ་སྦྱིན་སོང་། བོད་མི་རིགས་འདི་ནམ་ཞིག་མགོ་བོ་སྟེགས་དགོས་ན། དང་པོ་རང་རང་སོ་སོའི་ཐུན་མིན་གྱི་ཆོས་དང་རིག་གཞུང་ལ་གུས་ཞབས་མཛད། དེ་ནས་མི་རིགས་ཁྱོན་ཡོངས་ལ་ཐུན་མིན་གྱི་རིག་གཞུང་ཚང་མ་བདག་པོ་ཡོང་བའི་ཆིག་སྒྲིལ་གྱི་དམིགས་ཡུལ་ཞིག་བཟོ་ཐུབ་ན་མདུན་ལམ་ཡོད།
ད་ལྟའི་དུག་སྐྱོན་གྱི་དཔེ་ཁ་ཤས་བརྫོད་ན། བོན་གྱི་རྗེས་བྲངས་པ་ཚོས། བན་པོའི་གཞུང་ལུགས་དེ་བོན་ནས་བརྐུ་རྒྱབ་ཟེར་ན་སྨོད། རྙིང་མའི་རྗེས་བྲངས་པ་ཚོས་ཆོས་རྒྱུད་གཞན་རྣམས་ནུས་པ་མེད་པ། བྱིས་པའི་རྩེད་མོ་ལྟ་བུ་རེད་ཟེར། གསར་མ་ཚོས། རྙིང་མའི་རྫོགས་ཆེན་འདི་ནང་ཆོས་མ་རེད། འདི་ཤཀྱ་ཐུབ་པའི་གསུང་མིན། དེ་བཀའ་འགྱུར་དང་བསྟན་འགྱུར་ནང་མེད་ཟེར། རྫོགས་ཆེན་ཟེར་བའི་ཚིག་འདི་རྒྱ་གར་གྱི་སྐད་ལ་ཡང་མེད་ཟེར། རྙིང་མ་དང་བཀའ་རྒྱུད་པས་དགེ་ལུགས་དང་ས་སྐྱ་བདུད་གསོལ་མཁན་གྱི་ཆོས་ལུགས་རེད་ཟེར། ས་སྐྱས་དགེ་ལུགས་ཀྱི་དབུ་མའི་ལྟ་བ་འདི་ཆད་ལྟ་རེད། འདི་གོ་རམས་པས་བཀག་ཡོད་ཟེར། དགེ་ལུགས་པས་ས་སྐྱ་དང་རྙིང་མའི་ཆོས་རྒྱུད་ལ་སྡོམ་པ་མེད་པས་བཅོམ་ལྡན་འདས་ཀྱི་ཆོིས་རྒྱུད་ག་ལ་ཡིན་ཟེར། ཞབས་འདྲེན་གྱི་སྐད་ཆ་འདི་དག་ཚང་མ། དབྱིན་ཇིའི་ནང་ལ་བོད་པའི་བླ་མ་ཚོས་རང་གི་ཕྱི་རྒྱལ་སློབ་མ་ཚོར་བཤད་ན། སྒྲ་འཇུག་དང་ཡིག་ཆ། བརྙན་པར་སོགས་ཀྱི་ནང་ལ་གསལ་པོ་འདུག། ཟོག་བརྫུན་གྱི་བླ་མ་འདི་དག་ནི་ངོ་མ་བོད་མི་རིགས་གཏོར་གཤིག་གཏོང་མཁན་གྱི་བདུད་པོ་གཙོ་བོ་དེ་དག་རེད། དེ་དག་ཆོས་རྒྱུད་ཚང་མའི་ནང་ལ་འདུག
བོད་ཀྱི་མི་རབས་རྗེས་མ་ཚོས་བལྟས་ན། ངོ་ཚ་དགོས་པ། ཁོང་ཁྲོ་ཟ་དགོས་པ། ཆིལ་མ་འདེབས་དགོས་པར་འགྱུར་ངའི་ངེས་པ་མིན་འདུག
ཁྱེད་google ནང་ལ་ཕྱིན་ནས་འཚོལ་དང་། གོང་གི་རྙོག་འདྲ་འདི་དག་ཚང་མ་འཐོན་གྱི་འདུག
གང་ལྟར་ཀྱང་བོན་གྱིས་བོད་ལ་གནོད་པའི་ལས་ཤིག་མ་གཏོགས་ཕན་པའི་ལས་ཤིག་བྱུང་མྱོང་མེད།
བོན་པོ་ནང་པ་མིན་བཞིན་དུ་ད་རུང་ཁྱོད་ཚོའི་ནང་པའི་གྲལ་དུ་འཚངས་ནས་ཅི་ཞིག་ཐོབ་ལ་རེ་བཞིན་ཡོད།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ནས་མ་ཡིན་པ་ཞིག་རེད་དང་ཡིན་པ་ཞིག་མ་རེད་གསུང་ཐུབ་ཀྱི་མ་རེད
བོན་རྣམས་སྐུ་ཚེ་རབ་བརྟན་ཅིང་།།
བོན་བླ་མཛད་འཕྲིན་རབ་རྒྱས་ཏེ།།
བོན་ཕྲུག་ལོག་རྟོག་རབ་བཅོམ་མཐར།།
བོན་ཆོས་ཞི་མཐུན་མཉམ་གནས་ཤོག །།
བན་བོན་རྩོད་པའི་མེ་ལྕེ་ཡིས།།
བན་ཕྲུག་བཅས་པའི་རང་སྲེག་ཀུན།།
བན་པོ་ཞུགས་ལ་བཅུག་པ་ལྟར།།
བན་པོ་ཐལ་བར་བསྒྱུར་འདིས་ནོངས།།།
བོད་ས་ཡོངས་རྫོགས་རྒྱ་ལ་ཤོར་བའི་རྗེས་ལ། བོད་སྤྱི་ཡོངས་ཀྱི་ཁེ་ཕན་བསམ་ནས། ཆོས་རྒྱུད་ཚང་མ་འདྲ་མཉམ་དང་ཚང་མར་རིན་ཐང་ཡོད་པར་སེམས་གཏིང་ནས་གུས་ཞབས་ཡོད་པའི་ཐོག ཆོས་ལུགས་དང་རིག་གཞུང་སླར་གསོར་ཞབས་འདེགས་སྒྲུབ་མཁན། ཆབ་སྲིད་དང་ཁེ་དབང་ལ་རེ་བ་མེད་པ། བདག་པས་གཞན་གཅེས་པ། སྒེར་ལས་སྤྱི་གཙོ་བ། རང་ལུགས་ལས། སྤྱིའི་ཁེ་མཁན་ལ་བསམ་བློ་གཏོང་མཁན་གྱི་བླ་མ་འགའ་ཤས་བྱོན་སོང་། འདིིའི་ནང་ལ་གཤམ་གྱི་བླ་མ་དེ་ཚོས་ངོ་མ་བྱས་རྗེས་བཞག་སོང་། ཁོང་ཚོར་བོད་སྤྱི་པའི་ཞབས་ཞུ་བའི་རྡོ་རིང་ཞིག་བཞེངས་ཐུབ་ན་ལེགས།
༡༽། ། ནམ་མཁའི་ནོར་བུ་རིན་པོ་ཆེ། ཁོང་གི་བྱས་རྗེས་ནི། རང་རྙིང་མའི་རྫོགས་ཆེན་པའི་ཡོན་ཏན་ལེགས་པར་བྱང་བ། གཞན་བོན་དང་ས་སྐྱའི་རིག་གཞུང་ལ་མཁས་ཤིང་དོ་སྣང་ཆེན་པོས་དར་སྤེལ་མཛད་པ།
༢༽། ། དུང་དཀར་བློ་བཟང་འཕྲིན་ལས་རིན་པོ་ཆེ། རང་དགེ་ལུགས་པའི་ཡོན་ཏན་ཀུན་ལ་མཁས་ཤིང་བྱང་བ། གཞན་ཆོས་རྒྱུད་གཞན་རྣམས་ཀྱི་ཡོན་ཏན་ལེགས་པར་སྦྱངས་ནས། སློབ་མ་སྐྱོང་མཁས་པ།
༣༽༽། ། ཁྲོ་རུ་ཚེ་རྣམ་རིན་པོ་ཆེ། རང་བཀའ་བརྒྱུད་པའི་ཡོན་ཏན་ལེགས་པར་བྱང་བ། གཞན་ས་དགེ་བཀའ་རྙིང་སོགས་ལ་མཁས་ཤིང་གཞན་ལ་སློབ་ཁྲིད་གནང་ཐུབ་པ།
༤༽། ། གཟན་དཀར་ཐུབ་བསྟན་ཉི་མ་རིན་པོ་ཆེ། རང་རྙིང་མའི་ཆོས་རྒྱུད་དྭངས་མར་འཛིན་པ་ལ། གཞན་ས་དགེ་བཀའ་རྒྱུད་བཅས་ཀྱི་ཆོས་ལུགས་ལ་བསན་རྒྱ་ཆེ་ཞིང་། སློབ་མ་མང་པོར་རོགས་རམ་གནང་བ།
༥༽། ། འཁྲུལ་གཞིགས་རིན་པོ་ཆེ། རང་རྙིང་མའི་གཞུང་ལ་མཁས་ཤིང་བྱང་བ་ལ། གཞན་ཆོས་རྒྱུད་གཞན་རྣམས་ལ་ཐོས་བསམ་ཆེ་ལ་སློབ་མ་སྐྱོང་བར་མཁས་པ།
༦༽། པན་ཆེན་སྐུ་འཕྲེང་བཅུ་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན། རང་དགེ་ལུགས་པའི་ཆོས་ལ་མཁས་ཤིང་བྱང་བ་ལ། གཞན་ཆོས་རྒྱུད་ཚང་མའི་རིག་གཞུང་སླར་གསོར་བྱས་རྗེས་ཞལ་དུ་མེད་པ་འཇོག་ཐུབ་མཁན།
བོད་ཀྱི་ཤ་ཁྲག་རུས་གསུམ་མིའུ་གདུང་དྲུག་ནས་མཆེད་པ་བསྙོན་དུ་མེད་ཀྱང་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་འཕེལ་རིམ་གྱི་ཆ་ནས་བོད་ལ་ལྟ་གྲུབ་སྣ་ཚོགས་དང་ཆོས་ལུགས་སྣ་ཚོགས་ཤིག་རིམ་བརྒྱུད་བྱུང་ཡོད་པ་རེད། བོན་ཟེར་ན་ལྟ་གྲུབ་ཅིག་གམ་དེའི་སྲོལ་འཛིན་པའི་གང་ཟག་ལ་གོ་དགོས། །སྲོང་བཙན་ཡར་སྔོན་དུ་བོན་གྱི་བསྟན་པ་རྒྱ་ཆེར་དར། བོན་ཤེས་པ་ཅན་བཅུ་གཉིས་ཀྱིས་རྒྱལ་ཕྲན་བཅུ་གཉིས་རྒྱལ་པོའི་ཚབ་བྱས་ནས་རྒྱལ་པོ་ལ་སྲིད་དབང་བསྐུར་བ་དེ་ཡང་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་འཕེལ་རིམ་གྱིས་འགྱུར་བ་རེད། ཆོས་འབྱུང་བའི་དགའ་སྟོན་ལས། དེ་ཚེ་བོད་མི་སྐལ་ལྡན་འགའ་ཡིས་མཐོང་། བཙན་པ་ལྷོ་དང་གཉགས། བཙུན་པ་ཁྱུང་དང་སྣུབས། གཉན་པ་སེ་དང་སྤོ་སྟེ་ཡབ་འབངས་རུས་དྲུག་དང་། ཞེས་པ་འདི་མིའུ་བུ་གདུང་དྲུག་དང་མི་བུ་རིགས་དྲུག །མི་བུ་རུས་དྲུག་སྟེ་མིང་མི་འདྲ་བ་བྱུང་ཡང་བོན་པོའི་རུས་རྒྱུད་ཡིན་མིན་དཔྱད་དགོས། དེ་ལས། ལྷ་བོ་ལྷ་སྲས། སེ་བོན་རྨ་བོན། ཅོག་ལ་བོན། ཞང་ཞུང་བོན། ཚེ་མི་བོན་སོགས་ཤེས་པ་ཅན་བཅུ་གཉིས་དང་མཇལ། ཞེས་གསུངས་པ་ལྟར་བོད་འབངས་ཡོངས་ཀྱིས་ཁས་ལེན་པ་ཞིག་སྟེ། སྲོང་བཙན་ཡར་སྔོན་གྱི་རྒྱལ་པོ་རེ་རེ་ལ་སྐུ་སྲུང་ངམ་སྐུ་གཤེན་མཐུ་ནུས་ཆེ་བ་རེ་བསྐོ་བཞག་བྱེད་སྲོལ་ཡོད་པ་ལྟར་དེ་དག་གིས་རྒྱལ་པོ་གནམ་ནས་ཆད་པའམ་བོན་ལྷ་ག་གེ་མོའི་སྤྲུལ་བ་ཡིན་ཚུན་བསྒྲགས་ནས་བོན་དད་དམངས་ཚོགས་ཀྱི་བསམ་བསམ་བློའི་ཁ་ཕྱོགས་སྤྱད་ནས་རྒྱལ་པོའི་ཆབ་སྲིད་སྲ་བརྟན་དུ་བཏང་ཡོད། ལས་འབྲས་ཀྱི་རྣམ་བཞག་བསྟན་པ་ལ་འབྲས་བུའི་བོན་ནི་བདེ་འགྲོ་མཐོ་རིས་ཀྱི་ལམ་སྟོན་པ་དང་དང་རྒྱུའི་བོན་ནི་མི་ནོར་རྒྱས་བྱེད་ཕྱྭ་གཡང་འགུགས་པ། བར་ཆད་སེལ་ཕྱིར་མདོས་གཏོར་འཕེན་པ། ལེགས་ཉེས་སྟོན་ཕྱིར་མོ་རྩིས་བྱེད་པ་སོགས་ནི་ད་ལྟའི་བར་བོད་ཀྱི་ཆོས་ལུགས་ཀུན་ལ་དར་ཁྱབ་ཡོད་པ་དེ་རེད། བོན་ཆོས་དར་ནས་བོད་ཀྱི་སྤྱི་ཚོགས་དང་བདེ་འཇགས་ལ་ནུས་པ་གང་མང་ཞིག་བཏོན་ཐུབ་ཡོད་པ་རེད། ལྷ་གསོལ་འདྲེ་མཆོད་ཀྱི་སྲོལ་དེ་གང་ལས་བྱུང་བ་རེད་དམ་ཟེར་ན། རྒྱལ་རབས་གསལ་མེ་ལས། རྒྱུའི་བོན་པོ་རིགས་བཞི་ནི། སྣང་གཤེན་བལ་ཐོད་ཅན། འཕྲུལ་གཤེན་བལ་ཚོན་ཅན། ཕྱ་གཤེན་ཇུ་ཐིག་ཅན། དུར་གཤེན་མཚོན་ཆ་ཅན། ཞེས་པ་དེ་དག་གིས་ཕྱྭ་དང་གཡང་འགུག །མདོས་དང་ཡས་གཏོང་། སྲིད་དང་རྟེན་འཛུགས་བྱས་ནས་འཕྲལ་གྱི་རྐྱེན་ངན་སེལ་བར་བྱེད། ལྷ་འདྲེ་མཆོད་པའི་ཕན་ཡོན་དང་མ་མཆོད་པའི་ཉེས་དམིགས་བཤད་དེ་དར་ལྕོག་རྨུ་ཐག་འཐེན་པ་དང་དམར་མཆོད་བྱེད་པ་སོགས་བྱུང་བ་རེད། ལྷག་པར་མོ་རྩིས་བྱེད་པའི་སྲོལ་འདི་ཆབ་སྲིད་དང་འབྲེལ་བའི་བྱ་བ་ཆེ་ཆུང་ཚང་མར་རྒྱུགས་ཆེ་བ་དང་རིམ་བཞིམ་དགའ་ལྡན་ཕོ་བྲང་བར་དུ་བྱུང་། ཐུའུ་བཀན་གྲུབ་མཐའ་ལས། བོན་ཞེས་སྨད་ཀྱང་གལ་ལ་ཐུག་པའི་ཚེ།།བོན་པོ་ཇུ་ཐིག་ཅན་ལ་བླང་དོར་འདྲི།།ཞེས་པ་ལྟར་བོད་ཀྱི་སྤྱི་ཚོགས་ཐོག་མོ་དང་པྲ་ཕབ། ལྷ་ཕབ་སོགས་དར་ཁྱབ་ཆེ་བ་དེ་རེད། གྲི་གུམ་གྱིས་བོན་བསྣུབས་པ་ལས་བྱུང་བའི་ཆབ་སྲིད་བོན་གྱིས་བསྐྱངས་བ་མཇུག་རྫོགས། སྟོན་པ་གཤེན་རབ་བོད་ལ་ཕེབས་པའི་དུས་སྐབས་ཡིན་མིན་དཔྱད་དགོས། དེ་ནས་གླང་དར་སྐབས་བན་ཆོས་བསྣུབས་པ་ལས་བྱུང་བའི་ཡ་ང་བའི་ཆགས་འཇིག་དང་བན་བོན་གྱི་འཐབ་རྩོད་དེས་རྒྱལ་སྲིད་ཆོས་ཀྱིས་དབང་བྱེད་པའི་ཆོས་རྒྱལ་གདུང་རྒྱུད་མཇུག་རྫོགས་པར་བྱས་ཟིན་པ་རེད། བཀའ་བསྡུས་ལས། ཆོས་རྒྱལ་དེ་ཡིས་ཆོས་ཁྲིམས་འཛུགས་པར་བྱེད།།བདུད་རྒྱལ་དེ་ཡིས་ཆོས་ཁྲིམས་བཤིག་པར་བྱེད།ཐ་མ་བོད་འདི་རྒྱ་ཡི་འོག་ཏུ་འཇུག །ཅེས་བ་ལུང་བསྟན་ཐོག་ཏུ་བབས་སོ།།
བོན་པོ་ཆོས་ཅན། ཕྱི་རོལ་༼མུ་སྟེགས་༽པ་མ་ཡིན་ཏེ། བོད་ལ་ཡོད་པའི་ཕྱིར། ཞེས་པའི་སྦོྱོར་བ་དེ་ཉིད་དེང་སང་རྟགས་ཡང་དག་ཡིན་ནམ་མིན།
ཧ ཧ སྔགས་རྒན་འདི་ཤྲྰི་སྨྱོན་གྱི་ཕ་དེ་ཡིན་པ་འདྲ། བན་བོན་བླ་མ་རིས་མེད་ཟེར་ན་གཏན་ནས་མི་འགྲིག་པ་རེད། སྣྲོན་ངག་ཁྲི་སང་། འོ་ན། ཏང་སྲིད་ཆོས་ཅན། ནང་པ་ཡིན་ཏེ། བོད་ལ་ཡོད་པའི་ཕྱིར། དཔེར་ན་བོན་བཞིན། དེ་བཞིན་རེད་དོ།
དེང་སྐབས་ང་ཚོ་ཚང་མ་ཕ་སྤུན་བཞིན་དུ་མཐུན་སྒྲིལ་དམ་གཙང་རྡོག་གྲ་གཅིག་ཏུ་བསྒྲིལ་རྒྱུ་གལ་ཆེ། མ་གཞི་ནས་ཆོས་ལ་སྦྱང་པ་དེ་ཙམ་མེད་ཅིང་ཆོས་གཟུགས་འཛིན་པའི་ཚུལ་ཆོས་པ་དེ་རྣམས་བསྟན་པ་ནང་ཁུལ་དཀྲུགས་པར་ཤིན་ཏུ་བརྩོན་པ་དང་། བསྟན་འཛིན་གྱི་སྐྱེ་བུ་དམ་པ་རྣམས་ནི་བསྟན་པ་྄ཐམས་ཅད་འགལ་མེད་དུ་རྟོགས་པས་ཕན་ཚུན་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་མཛད།
ལར་ད་ལྟ་གངས་རིའི་ཁྲོད་འདི་ན།
རང་བསྟན་པ་འཛིན་པར་ཁས་བླངས་ཤིང་།
གཞན་བསྟན་འཛིན་དགྲ་བོའི་དང་མར་འཛིན།
ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས། ཞེས་འཕགས་མཆོག་དགེ་འདུན་གྲུབ་པས་གསུངས་པ་ལྟར་ལགས།
བོད་ཀྱི་བོན་པོ་དང་བན་དེ་གཉིས་མཐུན་ལམ་ལོས་བྱེད་དགོས། ང་ཚོ་ཚང་མ་མི་རིགས་གཅིག་པ་རེད་བ། སྐད་ཡིག་གཅིག་པ་རེད་བ། གོམས་གཤིས་གཅིག་པ་རེད་བ། ཡུལ་ལུང་གཅིག་པ་རེད་བ། ཡིན་ནའང་བོན་པོ་དང་བན་དེ་གཉིས་བོད་ཡུལ་དུ་ཐོབ་གོ་གནས་གཅིག་པ་བྱེད་དགོས་ཟེར་ན་བན་རྒན་ཚོ་ཧ་ཅང་སྣང་བ་སྐྱིད་ཐག་ཆོད་སོང་བ་རེད། དེ་ཡོང་རྒྱུ་རྩ་བ་ནས་ཡོད་མ་རེད། བོད་ཀྱི་གཞུང་འབྲེལ་ཆོས་ལུགས་ཀྱི་ཐོག་གོ་གནས་གཙོ་བོ་ཁག་བོན་པོས་ངེས་པར་དུ་བདག་གཉེར་བྱེད་དགོས་པ་རེད། དཔེར་ན་བོད་པ་ཚོ་རྒྱ་གར་ལུང་པར་སླེབས་དུས་བོད་པའི་སྐད་དང་རིག་གཞུང་གོམས་གཤིས་བཅས་ལ་རྒྱ་གར་བས་ཐོབ་གོ་གནས་གཅིག་པ་སྤྲོད་ཀྱི་འདུག་གམ། བོད་པ་ཚོ་བལ་ཡུལ་དུ་སླེབས་དུས་བལ་པོ་ཚོས་བོད་པ་ལ་ཐོབ་གོ་གནས་གཅིག་པ་སྤྲོད་ཀྱི་འདུག་གམ། བོད་པ་ཚོ་འབྲུག་ཡུལ་དུ་སླེབས་དུས་འབྲུག་པ་ཚོས་བོད་པ་ལ་ཐོབ་གོ་གནས་གཅིག་པ་སྤྲོད་ཀྱི་འདུག་གམ། བོད་པ་ཚོ་ཕྱི་རྒྱལ་དུ་སླེབས་དུས་ཕྱི་རྒྱལ་བས་ཁྱེད་ཚོ་བོད་པ་རེད་ཟེར་ནས་ཐོབ་ཐང་དང་གོ་གནས་གཅིག་པ་སྤྲོད་ཀྱི་འདུག་གམ། ད་བན་ཆོས་བོད་ལ་སླེབས་པ་དང་གླེན་པ་གང་ཞིག་གིས་ལབ་སེང་ཐོབ་དང་གོ་གནས་སྤྲད་པ་རེད། དེ་ནོར་འཁྲུལ་ཆེན་པོ་བྱས་པ་རེད། བོད་པོ་ཚོ་ལོ་ངོ༥༠་ཙམ་མི་ཡུལ་དུ་བསྡད་པ་ཡིན་ནའང་མི་ཡུལ་གྱི་ཐོབ་ཐང་དང་གོ་གནས་གཅིག་པ་རགས་ཀྱི་མི་འདུག་བ་དེ་ག་རེ་བྱས་ནས་མ་རགས་པ་རེད་དམ། རྒྱ་གར་གྱི་ཡུལ་འཁྱར་བན་ཆོས་བོད་ལ་སླེབས་པ་དང་དེ་འདྲ་ལམ་སེང་མི་གྲལ་དུ་འཇོག་མཁན་དེ་སུ་རེད། རང་ཡུལ་ལ་སྲིད་པ་ཆགས་པ་ནས་ཡོད་པའི་བོན་ལུགས་ལ་གདོན་དུ་བལྟས་ནས་བརྩིས་མེད་དུ་གཏོང་མཁན་དེ་སུ་རེད། ད་གམ་ཕྱི་གོ་ལོག། རྔ་མ་གྱེན་ལོག་ཟེར་བ་དེ་ཁྱེད་ཚོ་མིན་ན་སུ་རེད། ད་དུང་རང་བཙན་ཡིན་ན་གཅིག། རང་བཙན་རྒྱུ་མ་དེ་ག་རེ་རེད། དེ་ལས་གཞན་བཙན་དགོས་ཟེར་ན་ཁྱེད་ཚོ་ལ་ཡག་ས་རེད་བ། ཁྱེད་ཚོས་གཞན་གྱི་ཆོས་ལུགས་བཙན་པོ་བཟོས་འདུག་བ། ངོ་མ་བསམ་བློ་ཡག་པོ་བཏང་བ་ཡིན་ན་ཡིད་ཐང་ཆད་ཡ་རེད་བཞག། ཡིན་ནའང་འདིར་བན་ཆོས་སྡུག་པོ་རེད་ཟེར་ལབ་ཀྱི་མེད། གང་ལྟར་འགྲོ་སྟངས་ཡོད་པ་ཞིག་དགོས་ཀྱི་འདུག་ཟེར་ཤོད་ཀྱི་ཡོད། བསམ་བློ་ཐོང་། །
ཀརྨ་ཡེ་ཤེས་ཟེར་བ་དེ་མི་མ་རེད་བཞག མི་ཡིན་ན་མོ་ཤམ་གྱི་བུ་རེད་འདུག མེད་ངེས་རེད་འདུག ཕ་མེད་མ་མེད་རོང་མཚམས་མཚོ་པད་མ་ནས་ཡིན་པ་ཐག་ཆོད་རེད། གང་ཡིན་ཟེར་ན། ཀརྨ་ནི་ལས་ལ་གོ་དགོས་རེད། དེ་ནི་མི་མ་རེད། ཡེ་ཤེས་ནི་ཤེས་པ་རེད། དེ་ནི་མི་མ་རེད། དེས་ན་ཀརྨ་ཡེ་ཤེས་ཟེར་མཁན་དེ་ནི་སྨྲ་ཤིང་དོན་གོ་མིན་པ་ཐག་ཆོད་རེད། དེ་ལ་མི་ཡི་རྣམ་དཔྱོད་མེད་པ་ཐག་ཆོད་རེད། དེ་ནི་མིའི་མཚན་ཉིད་མ་ཚང་བ་ཐག་ཆོད་རེད།
དྲ་འབུ་ཚོ་ཧ་གོ་སོང་ངམ།?
༡༢༡༽ དབང་ཆེན་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༨ གི་ཆུ་ཚོད་ ༩ སྐར་མ་ ༤༥
གངས་སེང་། གོང་གི་མཆན་བུ་༧༣་པར་དངོས་ལན་མ་མཐོང་མདོག་བྱེད་ཀྱི་འདུག ངས་སྐྱར་དུ་འགོད་ཆོག མཁས་པའི་དབང་པོ་ཆེན་པོ་ཚེ་ཏན་ཞབས་དྲུང་གིས་་་ད་ལྟའི་བོན་པོའི་བཤད་ཚུལ་ལ་བོད་ཡིག་འདི་ཐོན་མིས་བཟོས་པ་མིན་ཟེར་བ་དེ་ལ་ལུང་དང་རིགས་པ་བརྒྱ་ཕྲག་གིས་གནོད་དེ། ལུང་གིས་གནོད་པ་ནི། ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས་པའི་སྐར་ཆུང་རྒྱལ་སྡེའི་གཙུག་ལག་ཁང་གི་རྡོ་རིང་གི་ཡིག་གཟུགས་དང་། དེའི་སྲས་ཁྲི་རལ་བ་ཅན་རིང་གི་ལྷ་སའི་ཇོ་ཁང་མདུན་གྱི་རྡོ་རིང་གི་ཡིག་གཟུགས་དང་། དེའི་དུས་ཀྱི་བོད་ཡིག་འབྲི་སྟངས་ཅན་ཏུན་ཧོང་ནས་བུད་པ་རྣམས་དང་། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་རྒྱ་གར་གྱི་པཎྜི་ཏ་ཀ་མ་ལ་ཤཱི་ལ་དང་། རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡ་ན་གཉིས་ཀྱིས་རྩོད་པ་མཛད་སྐབས། ཀ་མ་ལ་ཤཱི་ལས་མཛད་པའི་ཧཱ་ཤང་གི་དགག་ཡིག་སྒོམ་རིམ་དང་པོ་བར་བ་མཐའ་མ་གསུམ་ནི་དེང་སང་བསྟན་འགྱུར་ནང་དཔར་དུ་བཀོད་ཡོད་ཀྱང་། ཧཱ་ཤང་གིས་ཅི་ཡང་ཡིད་ལ་མི་བྱེད་པ་སྒོམ་དུ་སྒྲུབ་པའི་མདོ་ལུང་བརྒྱད་ཅུ་དྲངས་ཟེར་བའི་གཏམ་རྒྱུད་ཙམ་ལས། མདོ་གང་དང་གང་དྲངས་པ་ལོ་རྒྱུས་སོགས་སུ་གསལ་བོར་བཀོད་མེད། ཉེ་ཆར་ཝང་ཡོ་ཀྱོ་ཧྲིག་དབང་རྒྱལ་གྱིས་ཧྥ་གོའི་རྒྱལ་ས་པཱ་ལིས་ནས་དཔར་ལ་བརྒྱབ་པའི་དཔེ་ཆ་འགའ་ང་ལ་བྱིན་ཡོད། དེའི་གཅིག་ནི་ཧྭ་ཤང་མ་ཧཱ་ཡ་ནའི་མདོ་ལུང་བརྒྱད་ཅུ་བ་དེ་རེད། དེར་བརྩིས་ན་མདོ་ལུང་རེ་བཞི་ཙམ་ཡོད་དོ།། དེའི་མ་ཕྱི་ཏུན་ཧོང་ནས་ཕྱི་གླིང་ལ་ཁྱེར་བའི་གྲས་རེད། དེ་དག་གི་ཡིག་གཟུགས་ཀྱང་ཏུན་ཧོང་གི་བོད་ཡིག་གནའ་བྲིས་ཀྱི་བཟོ་ལྟ་དེ་མ་གཏོགས་སྨར་ཆེན་སྨར་ཆུང་གི་དྲི་ཙམ་ཡང་མི་བྲོ། ད་ཤེས་སོང་པ།
༡༢༥༽ གངས་སེང་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༨ གི་ཆུ་ཚོད་ ༡༡ སྐར་མ་ ༢༩
དབང་ཆེན་ལགས། ངས་གོང་དུ་མཁས་པ་ཚེ་ཏན་ཚང་གིས་གསུང་ཚུལ་དེ་ནི་དྲང་དོན་དགོངས་པ་ཅན་རེད་ཟེར་ནས་བཤད་ཚར་ཡོད། གལ་སྲིད་ཁྱོད་རང་གི་འདོད་པ་ལྟར་ཚེ་ཏན་རང་གི་བཞེད་ཚུལ་དོན་དངོས་ཡིན་ན་ཁོང་གི་གསུང་ཚུལ་ལ་ནང་འགལ་དུ་མ་འདུག་སྟེ། བོད་ཡིག་འདི་ཐོན་མིས་བཟོས་པའི་རྒྱུ་མཚན་ནི་བསམ་ཡས་དང་ལྷ་སའི་རྡོ་རིང་ཏོན་ཧོང་ནས་ཐོན་པའི་ཡི་གེ་སོགས་བོད་ཡིག་ཐོག་ཏུ་བྲིས་ཡོད་པ་དང་། གལ་སྲིད་ཐོན་མིའི་གོང་དུ་ཡི་གེ་ཞིག་ཡོད་ན་དེ་ནི་རྡོ་རིང་སོགས་ཀྱི་ཐོག་ཏུ་ངེས་པར་དུ་འབྱུང་དགོས་ཚུལ་བཤད་པ་དང་། ཡང་ཚེ་ཏན་ཁོང་གིས་གནའ་དང་བོ་བོན་པོ་ཁོ་རང་རྣམས་ཀྱིས་ཆོས་འདོན་སྤྱད་ཀྱི་ཡི་གེ་ཞིག་ཡོད་ཐང་ཡང་དེ་ཁྱབ་གདལ་ཅན་ཞིག་གཏན་མ་ཡིན་ཞེས་ཐོན་མིའི་གོང་དུ་བོན་པོའི་ཆོས་འདོན་གྱི་ཡི་གེ་ཡོད་པར་ཁས་བླངས། དེ་རྡོ་རིང་ཐོག་ཏུ་མི་འབྲི་བའི་རྒྱུ་མཚན་མེད་པ་ཁོང་གིས་རྒྱུ་མཚན་བཤད་པའི་ཤུགས་ཀྱིས་གྲུབ། དེས་ན་རྡོ་རིང་ཐོག་ཏུ་ཡོད་པའི་ཡི་གེ་དེ་གནའ་བོའི་བོན་པོའི་ཆོས་འདོན་གྱི་ཡི་གེ་ཡིན་པ་དོན་གྱིས་གྲུབ་འདུག་པས། དེ་ལ་རིག་པ་སྨྲ་བ་སུས་ཀྱང་བསྙོན་དུ་མེད་དམ་སྙམ། དེས་ན་ཁོང་གིས་བཤད་པའི་རྒྱུ་མཚན་དེ་དག་ངེས་པ་མེད་པའི་མཚན་མ་ཅན་དུ་སོང་བས་དེ་ལ་ཁྱོད་ཀྱིས་ག་རེ་ཟེར་གྱི་ཡིན། གཞན་ཡང་རྡོ་རིང་ཐོག་ཏུ་བྲིས་པའི་ཡི་གེ་དང་། ཏོན་ཧུང་ཡིག་རྙིང་སོགས་ནི་ཐོན་མིས་བོད་ཡིག་བཟོས་པའི་རྒྱུ་མཚན་མ་ཡིན་པ་དེ་ལས་ལྡོག་སྟེ་ཐོན་མིས་བོད་ཡིག་མ་བཟོས་པའི་རྒྱུ་མཚན་རེད་འདུག་སྙམ། གང་ཡིན་ཟེར་ན་གལ་སྲིད་བོད་ཡིག་འདི་ཐོན་མིས་བཟོས་ཡོད་ན་རྡོ་རིང་དང་ཏོན་ཧུང་ཡིག་རྙིང་སོགས་ནི། བརྡ་སྤྲོད་ཀྱི་འགྲོས་དང་། སྙན་ངག་གི་ཉམས། རྩོམ་ཚུལ་གྱི་གཤིས་གང་ཅིའི་ཐད་ནས་ཐོན་མིའི་ཡིག་ཕུད་ཟེར་བའི་ཤོ་ལོ་ཀ་འགའ་ཤས་ཤིག་འདུག་པས་དེ་དང་གཉིས་སུ་མེད་པར་གྱུར་དགོས་པ་ལས། དེ་དག་རྩ་བ་ནས་མི་འདྲ་འདུག་པས་རྡོ་རིང་དང་ཏོན་ཧོང་གི་ཡི་གེ་ཁོ་རང་རང་གིས་ཁ་གྲགས་པ་ལྟ་བུ་ང་ནི་ཐོན་མིའི་ཤུགས་རྐྱེན་གཏན་ནས་མེད་ཟེར་གྱིན་མི་འདུག་གམ། ཡཱ་དབང་ཆེན་ལགས། དེ་ལ་ག་རེ་ལབ་ཀྱི།
ད་ཁྱེད་ཚོས་རྩོད་པ་བརྒྱབ་ད་ཡ། གཅིག་གིས་གཅིག་ལ་ཚིག་ངན། ཚིག་རྩུབ། དམའ་འབེབས། མཐོང་ཆུང་། བརྙས་བཅོས། ཁ་གསག ཟུར་ཟ། སྡིགས་མོ་སོགས་སེམས་ལ་གང་དྲན་དྲན་ཞིག་དང་། མཛུབ་རྩེར་གང་ཐོན་ཐོན་ཞིག་བྲིས་སོང་། ངས་དེ་ཡག་པོ་རེད་བསམ་གི་ཡོད། ཁ་བརྡས་ཀྱང་དྲ་སྒོ་བརྒྱབ་མ་སོང་། དེ་ཡང་ཡག་པོ་རེད་བསམ་གི་ཡོད།
ངས་འདི་དག་ནི་གྲུབ་མཐའ་ཕན་ཚུན་བར་དཀྲུག་ཤིང་ཞིག་ཏུ་འགྱུར་གྱི་རེད་རྩ་ནས་བསམ་གྱི་མེད།
རྩོད་པ་འདི་རིགས་ནི་ཕྱོགས་མི་མཐུན་པ་གཉིས་མཐུན་ཕྱོགས་སུ་བསྐྱོད་པའི་སྔོན་འགྲོ་ལྟ་བུ་ཞིག་རེད། ཁ་སངས་པོ་བྱས་ནས་རྩོད་གླེང་བྱས་པ་དང་སེམས་ནང་གི་ན་ཚ་ཆུང་ཙག་རིགས་ཕྱིར་འདོན་ཐུབ་པ་དེ་ཡག་པོ་བྱུང་བ་རེད། བར་རོལ་ཞིག་ལ་རྩོད་གླེང་འདི་རིགས་མི་རེ་རེའི་སེམས་ནང་དུ་སྤྱིར་བཏང་ཞིག་ཆགས་འགྲོ་གི་རེད། གཅིག་གཅིག་ལ་གནོད་རྒྱུ་ཡང་ཡོད་པ་མ་རེད།
སྐད་ཆ་ངར་པོ་འདི་རིགས་ཀྱི་རྒྱབ་ལོགས་སུ། རང་བཞིན་གྱིས་རང་གཞན་གཉིས་ཕྱོགས་ཀྱི་ཡོན་ཏན་ལ་སློབ་སྦྱོང་དང་། སྐྱོན་ལ་ངོས་འཛིན་འཐོབ་ཀྱི་ཡོད་པ་རེད། མ་ཤེས་པ་ཤེས་པ་ལ་བརྟེན་ནས་ཕྱོགས་གཞན་པ་དེ་ལ་རྒྱུས་ལོན་ཐོབ་ཀྱི་ཡོད་པ་རེད། ཕན་ཚུན་ཕྱོགས་གཉིས་ཀའི་སྐྱོན་ཡོན་ཤེས་པའི་རྗེས་སུ་ད་རྩོད་པ་བྱ་རྒྱུའང་ལྷག་ཡོད་པ་མ་རེད། ཅིག་གིས་ཚིག་ངན་ཞིག་བརྗོད་པ་ཡིན་ན་དེ་ལ་ཡང་གོམས་པར་གྱུར་ནས་སྤྱིར་བཏང་ཞིག་ལས་ཅི་ཡང་མིན་པ་རེད། དེ་བས་ན། ཕྱོགས་རིས་ཕྱོགས་ཞེན་གྱི་རྩོད་གཞིའང་ཉུང་དུ་ཕྱིན་པ་རེད། མཐན་སྒྲིལ་ངོ་མ་དེ་དེ་ན་ཡོང་གི་ཡོད་པ་རེད།
ཁ་སངས་པོ་དང་མངོན་གསལ་དོད་པོ། ཚིག་རྩུབ་པོས་ཕན་ཚུན་ལ་རྩོད་གླེང་སྦྱངས་བཤད་དང་སྐྱོན་སེལ་བྱེད་ཐུབ་པ་འདི་ང་ཚོ་བོད་པ་ཚོའི་བླ་ན་མེད་པའི་ཁྱད་ཆོས་བཟང་བོ་ཞིག་རེད། མཚམས་རེ་ཁོང་ཁྲོ་ཅུང་ཟད་རེ་ཕན་ཚུན་ལ་བཟོ་ཡི་ཡོད་ནའང་རྩ་བས་གཅིག་གིས་གཅིག་ལ་གོ་རྟོགས་ཤིག་སྤེལ་གྱི་ཡོད་པར་འདོད། ཆེས་ཉེན་ཁ་ཚ་ཤོས་དེ་གཅིག་གིས་གཅིག་ལ་རྩོད་གླེང་དང་རྒྱུས་ལོན་སྦྱངས་བཤད་སོགས་ཀྱི་གོ་སྐབས་མེད་པར་ཐག་རིང་པོ་དང་སྤམ་པོ་བྱས། གཅིག་གཅིག་ལ་རྣམ་འགྱུར་བཅོས་མ་ཞིག་སྟོན་ཏེ་ཕན་ཚུན་ལ་ཡིད་ཆེས་མེད་པར་སྡོད་པ་དེ་རེད། དེ་འདྲ་ཡིན་ན། ནམ་ཡང་གཅིག་མཐུན་ཟེར་བའི་སྐད་ཆ་དེ་ཡོད་པ་མ་རེད།
མི་མཐུན་སར་རྩོད་གླེང་ཆུང་ཙག་རེ་མ་ཡོང་བར་ཕན་ཚུན་ཤེས་རྟོགས་དང་། གཅིག་མཐུན། དག་སྣང་། འཆམ་མཐུན་ཟེར་བ་ཞིག་ཡོང་ཐབས་ཡོད་པ་མ་རེད། ཚང་མས་ཁ་སངས་པོས་རྩོད་གླེང་བྱས་པར་དགའ་སྤྲོ་སྐྱེས་སོང་ལ། རྩོད་གླེང་བྱེད་སར་སྐབས་རེར་ཚིག་རྩུབ་རེ་ཡོང་སྲིད་པ་ནི་སྤྱིར་བཏང་གི་དོན་དག་ཅིག་ཡིན་པས་དམིགས་མེད་དབྱིངས་སུ་ཡལ་བར་ངེས། མི་མཐུན་སར་རྩོད་པ་རྒྱོབས། ནོར་བ་ལ་ངོས་ལེན་གྱིས། ཚིག་ངན་ཆ་ངེ་ཆུང་ངེ་སེམས་ལ་མ་འཛིན། ཁོག་རྒྱ་ཆེན་པོ་སྐྱེད། མི་མཐུད་རྩོད་པ་གྱིས།
པདྨ་ལགས།
ཕྱི་རོལ་པ་མ་ཡིན་ན་ནང་པ་ཡིན་པས་ཁྱབ་པར་ཐལ། ཁྱེད་ཀྱི་མགོ་མཚུངས་རིགས་པ་བཅོས་མའི་སྦྱོར་བ་དེའི་ཕྱིར།
ཁོ་བོས་བོད་ལ་ཡོད་ན་ཕྱི་ནང་གང་རུང་ཡིན་དགོས་པའི་ཁྱབ་པ་གང་ཡང་དངོས་ཤུགས་
བརྒྱུད་གསམ་གར་བརྗོད་མེད་པ། རིགས་ལམ་ལ་བྱང་བའི་ཕྱི་གླིང་བ་དང་། བོད་ཀྱི་བྱིས་པ་དག་གིས་ཀྱང་མཁྱེན་ངེས་ཡིན་པ་ཞིབ་ཏུ་གཟིགས་མཛོད།།
ན་ནིང་མཁན་ཆེན་ཁོ་རང་གི་ངོ་དེབ་སྟེང་ནས་སི་ཏུ་དང་ཀརྨ་པ་ལ་མཚན་སྨོད་མི་འདྲ་བ་ཞིག་བྱས་ཡོད་པ་མཐོང་མྱོང་། ད་ལྟ་དག་སྣང་ཡོད་མཁན་ཞིག་བྱེད་བཞིན་པ་འདི་ངོ་མ་ཡ་མཚན་རེད་ཡ། ཁྱེད་ཚོ་ནི་བོད་ཀྱི་མཁན་ཆེན་གྱི་མིང་འཛིན་མཁན་དང་བོད་བརྒྱུད་ནང་བསྟན་དར་སྤེལ་བྱེད་མཁན་གྱི་རིག་པའི་དཔའ་བོ་ཏག་ཏག་ཡིན་པས།ཚུལ་འཆོས་འདི་འདྲ་བྱས་ན་མི་ལེགས་ཀི་འདོད །
འདི་བོན་ལུགས་ཡང་དག་པ་ཞིག་ཡིན་ཞེས་འཛིན་པ་ཡོད་ན། དེ་ཡང་བདུད་ཀྱིས་བསླུས། འདི་བན་ལུགས་ཡང་དག་པ་ཞིག་ཡིན་འཛིན་པ་ཡོད་ན། དེ་ཡང་བདུད་ཀྱི་བསླུས། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་པྱིན་པའི་ལུགས་ཡིན། དེའི་རྗེས་སུ་དཔལ་ལྡན་ས་སྐྱ་པས། འཛིན་པ་འབྱུང་ན་ལྟ་བ་མིན། ཞེས་གསུངས།
དོན་ལ་མ་ཡིན་པར་སྒྲ་ལ་དཔྱད་པར་བྱ་སྟེ། བོད་ནུབ་ཕྱོགས་ན། ཆུའི་སྐད་དོད་དུ། ཏི། ཞེས་པ་མང་དུ་འབྱུང་བའི་སྒྲ་འདི་ཞང་ཞུང་རྒྱལ་ཁབ་ཆེན་པོའི་བཤུལ་ནས་དར་བའི་བོན་གཞུང་གི་བསྟན་བཅོས་རྣམས་ན་ཡོད་དམ་མེད་ཅེས་བོན་གཞུང་མཁྱེན་པ་པོ་རྣམས་ལ་དྲི་བ་ལགས་སོ།།
བསོད་ནམས་ལགས།
གོང་གི་༸རྒྱལ་མཆོག་དགེ་འདུན་གྲུབ་པའི་བཀའ་ལུང་དེ་དངོས་སུ་གསུངས་ཡུལ་དེ་སུ་སུ་ཡིན་ནམ། ཤུགས་ལ་གང་ཞིག་སྟོན་གྱི་ཡོད་དམ། ཀུན་སློང་བཟང་པོའི་
ངང་ནས་དཔྱད་པ་མ་བྱེད་གསུངས་ཀྱི་ཨེ་ཡོད་ན། དེ་ལྟར་ཡིན་ན་གདན་སའི་ཆོས་རར་ཡང་རིགས་པ་འདྲ་མིན་གྱི་སྒོ་ནས་རྟགས་གསལ་ཚ་
ཐག་ཆོད་བཏང་ནས་ཕྱོགས་ཕན་ཚུན་ལ་དགག་བཞག་གནང་གི་ཡོད་པས་དེ་དག་ལའང་གནོད་མི་འགྲོའམ་རྒྱུ་མཚན་མཚུངས་པའི་ཕྱིར།
སེམས་ཁྲལ་མ་གནང་ཀུན་སློང་བཟང་པོས་རྩོད་ན་འཕྲལ་ཡུན་ཀུན་ཏུ་ཕན་པ་འབའ་
ཞིག་ལས་གནོད་མི་སྲིད་སྙམ།
ལ་དྭགས་བློ་འཇམ་ལགས་གཤམ་གྱི་དྲ་བྱང་ལ་གཟིགས་ན་འབྱོར་ངེས་སྙམ།
http://www.rgbm123.com/forum/217/
གོང་ས་མཆོག་གིས། ནང་ཆོས་ཀྱི་ཚན་རིག་དང་ནང་ཆོས་ཀྱི་ལྟ་གྲུབ། ནང་ཆོས་ཀྱི་ཉམས་ལེན་ཞེས་སྡེ་ཁག་གསུམ་དུ་དབྱེ་བ་དེ་གནད་འགག་ཆེན་པོ་མཐོང་གི་འདུག །དཔེར་ན་མི་དེ་ནང་པ་ཡིན་མིན་ནི་ཁོ་བསམ་པ་བཟང་བ་ཅན་ཡིན་མིན་དང་ཁོའི་རྒྱུད་ལ་སྲོག་གཅོད་སྤངས་བའི་ལས་ཡོད་མེད་ཀྱི་ཆ་ནས་མ་ཡིན་པར་ལྟ་གྲུབ་ཀྱི་ཐོག་ནས་འཇོག་དགོས་པ་རེད། ཁ་ཆེ་བའི་རྒྱུད་ལ་སྲོག་གཅོད་སྤངས་བའི་ལས་དང་སེམས་པ་བཟང་པོ་ཡོད་པའི་ཕྱིར་ནང་པ་ཡིན་ཟེར་གི་མ་རེད། དགེ་སྡིག་ནི་རང་བྱུང་ཁམས་ཀྱི་རྣམ་འགྱུར་ཞིག་ཡིན་པ་རེད། དེ་ནི་དཀོན་མཆོག་གིས་བསྐྲུན་པ་མ་རེད་ལ། མིའི་རྣམ་རྟོག་གིས་བཟོས་པའང་མ་རེད། དེ་བཞིན་བདེ་འགྲོ་མཐོ་རིས་དང་ངན་འགྲོ །འགྲོ་བ་རིགས་དྲུག །དགེ་བཅུ་དང་མི་དགེ་བཅུ། བདེན་གཉིས། བདེན་པ་བཞི། ས་བཅུ་ལམ་ལྔ་དེ་དག་ཀྱང་རང་བྱུང་ཁམས་ཀྱི་ཆོས་ཉིད་རེད། བརྒྱད་སྟོང་བ་ལས། སྟོན་པ་འཇིག་རྟེན་དུ་བྱོན་ཀྱང་རུང་མ་བྱོན་ཀྱང་རུང་། ཆོས་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་བཞིན་དུ་གནས་སོ། །ཞེས་པ་ལྟར་སྟོན་པ་འཇིག་རྟེན་དུ་བྱོན་ནས་གདུལ་བྱ་རང་རང་གི་བློ་དང་འཚམས་པར་ཐ་སྙད་སྣ་ཚོགས་ཀྱི་སྒོ་ནས་རང་བྱུང་ཁམས་ཀྱི་ཆོས་ཉིད་དེ་དག་སྟོན་པར་མཛད་པ་རེད། །ལམ་ཟེར་ན་སྡུག་བསྔལ་སྤོང་བྱེད་ཀྱི་ནུས་པ་ཞིག་རེད། ནང་པ་ཡིན་མིན་སྐྱབས་འགྲོས་འབྱེད་པ་དང་ལྟ་གྲུབ་ཀྱིས་འབྱེད་པ་གཉིས་ཡོད་ཀྱང་སྐྱབས་འགྲོས་འབྱེད་པ་ཇོ་བོ་རྗེའི་དགོངས་པ་རེད། ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས། སྟོན་པ་གཤེན་རབ་སྤྱན་རས་གཟིགས་དབང་ཡིན།།གཙང་མའི་བོན་དང་ཆོས་ལ་ཁྱད་པར་མེད།།ཅེས་གཙང་མའི་བོན་ནང་པ་ཡིན་པར་གསུངས་ལ། པཎ་ཆེན་བསོད་ནམས་གྲགས་པས་བོད་ལ་ཕྱི་རོལ་བ་མེད་གསུངས་པ་སློབ་དཔོན་གྱིས་བརྟན་མ་བཅུ་གཉིས་ལ་བཀའ་བསྒོས་ནས་བོད་ཀྱི་ས་མཚམས་བརྒལ་ནས་རྒྱ་གར་གྱི་ཕྱི་རོལ་བ་རྒྱ་བོ་དེ་ཚོ་བོད་ལ་འཛུལ་མ་བཅུག་པ་བཟོས་ཡོད་པ་རེད། ཀུན་མཁྱེན་བླ་མས། བོད་ཀྱི་ཕྱི་རོལ་བའི་མཚན་གཞི་ལ་བོན་པོ་བཞག་འདུག །ལམ་རིམ་ཆེན་མོར་བོན་ལ་སོགས་པར་སྐྱབས་སུ་འགྲོ་བར་མི་བྱ་གསུངས་པའི་དགོངས་པ་དང་བསྟུན་པ་ཡིན་ཚོད་འདུག །བོན་པོ་དེ་རིགས་འཚེ་བ་ཆོས་སུ་སྨྲ་བའམ་དམར་མཆོད་བྱེད་མཁན་ཡིན་ན་ནི་དེ་ལྟར་ཟད། དེ་མིན་བོན་པོའི་ཚུལ་བཟུང་པའི་ནང་པ་ཡང་ཡོད་པས་སོ།།མ་གཞི་ནས་ཆོས་ལུགས་ཟེར་ན་ཁ་མདོག་དང་རིགས་རུས་ཀྱིས་འབྱེད་པ་མིན་པར་ལྟ་བས་འབྱེད་དགོས་པ་ཡིན་ཡང་སློབ་དཔོན་ཆོས་གྲགས་ཚེ་སྟོད་ཕྱི་རོལ་བ་དང་ཚེ་སྨད་ནང་པར་འགྱུར་བ་དེས་ཀྱང་ཤེས་པའི་ཕྱིར། གདོད་མའི་སྲོལ་རྒྱུན་གྱི་ཆོས་ལུགས་དང་། ཕྱི་གླིང་བར་neo Buddhist ཞེས་པ་ལྟ་བུའི་རྒྱལ་བ་བྱམས་པའི་སྤྲུལ་བ་སོགས་ཀྱི་མིང་རྫུན་ཁུར་ནས་ཨ་གསར་གྱི་ཆོས་ལུགས་སྣ་ཚོགས་ཤིག་བྱུང་ཡོད་པ་རེད།
དྲ་གྲོགས་ཚོ་ལས་ལེགས་ཆ་མང་པོ་རྙེད་སོང་། སྣྲོན་ལགས་ཁྱོད་ཀྱི་འདོད་པ་ལ་འདྲ་མཚུངས་བྱས་པ་ཡིན། བོན་སྐད་དུ། མུ་ཙུག་སྨར་རོ། ཝེར་གྱེར་རོ།
ལར་ད་ལྟ་གངས་རིའི་ཁྲོད་འདི་ན།
རང་བསྟན་པ་འཛིན་པར་ཁས་བླངས་ཤིང་།
གཞན་བསྟན་འཛིན་དགྲ་བོའི་དང་མར་འཛིན།
ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས།
ཚིགས་བཅད་འདི་ནི་རྗེ་དགེ་འདུན་གྲུབ་ཀྱིས་གཞན་སུ་ལ་ཡང་མ་གསུངས་པར་ད་ལྟ་བོད་ཡུལ་ལ་དེ་འདྲ་ཡོད་པ་ལ་ཐུགས་སྐྱོ་བའི་ཚུལ་དུ་གསུངས་པར་གོ གཞན་རྩོད་པའི་སྐབས་ཀུན་སློང་ཇི་ལྟར་དགོས་ཚུལ་ཁོ་བོས་ལོ་ཁ་ཤས་སྔོན་ཁ་བརྡར་བཀོད་པ་སླར་དོན་དུ་གཉེར་བ་ཡོད་ན། སློབ་གྲྭའི་རྗེས་སུ་འབྲི་ཆོག ད་ལྟ་སློབ་གྲྭར་འགྲོ་རན།
ད་ལྟ་བོད་ན་བོན་པོའི་རིག་གཞུང་ལྷག་མེད་ན་ང་ཚོ་བོད་པ་ཡིན་པ་མཚོན་བྱེད་ཀྱི་རྟགས་གང་ཡང་མེད། བོན་པོའི་རིག་གཞུང་གི་བཀའ་དྲིན་གྱིས་ང་ཚོ་ལ་སྐད་ཡིག་རང་རྐྱ་བ་ཡོད། རིག་གཞུང་ཡོད། ལུགས་སྲོལ་ཐུན་མོང་མ་ཡིན་པ་ཡོད་ཟེར་ནས་འཛམ་གླིང་མི་མང་གི་སྔོན་དུ་སྤོབས་པ་བྱེད་རྒྱུ་འདི་བྱུང་བ་རེད། བོད་ཀྱི་སྐད་ཡིག་བོན་པོའི་སྐད་ཡིག་རེད། །བོད་ཀྱི་རིག་གཞུང་བོན་པོའི་རིག་གཞུང་རེད། །བོད་ཀྱི་མི་རིགས་བོན་པོའི་མི་རྒྱུད་རེད། །ཧཧཧཧ།
ཀརྨ་ཡེ་ཤེས་ཁྱོས་བོན་རྒྱལ་བསྟན་སྤྱི་ཡི་དགྲ་བོ་རེད་ཅེས་བཤད་སོང་རྒྱལ་བསྟན་སྤྱི་ཡི་དགྲ་བོན་ག་རེ་བྱས་ནས་བྱུང་སོང་བ་རེད་དོལ་རྒྱལ་བསྟན་སྤྱི་ཡི་དགྲ་བོ་ཆགས་དགོས་དོན་དེ་བགེ་ལུགས་པ་ནང་འཁྲུག་ཤོར་བའི་དོན་རེད་དེ་ཡང་ཁྱོད་དང་མ་འགྲིག་པའི་དོན་རེད་པས་མི་ངན་ཁྱོད་ལ་མཚོན་ན་རྒྱལ་བསྟན་ལ་ཕན་ཐོགས་མཁན་ཡིན་ན་དགེ་ལུགས་པ་ལ་ཕན་ཐོགས་མཁན་དགོས་ཀྱི་རེད།
ངས་ཁྱོད་ཀྱིས་ཤོད་སྟངས་ལ་བལྟས་ན་ཁྱོད་བོད་ཀྱི་དགྲ་བོ་ངོ་མ་རེད་འདུག་ཁྱོད་དགེ་ལུགས་པ་ནང་འཕྲུག་བཟོས་མཁན་གྲས་སུ་ཡོད་ཚོད་རེད་མ་ཚད་ད་ལྟ་ཡང་བོན་དང་དགེ་ལུགས་བར་འཁྲུག་ཟིང་བཟོ་གི་འདུག
རྒྱལ་བ་རིན་པོ་ཆེའི་ང་དང་ངའི་མི་དམངས་ཞེས་གསུངས་པ་དེས་བོན་པོ་བོད་ནས་མཐའ་སྐྲོད་གཏོང་གི་ཡོད་པ་ཁོང་གི་གསུངས་དེ་ཡི་ནང་ཚིགས་ག་རེས་བསྟན་གྱི་འདུག་ཤོད་དང་ངས་ལྟས་ན་ཁྱོད་ངོ་ལོགས་པ་ཅིག་ཡིན་ཐག་ཆོད།
པར་ངོས་བཞི་པ། བོད་མིའི་རང་དབང་བདུན་རེའི་གསར་ཤོག
༸ གོང་ས་མཆོག་ནས་སྨར་ཡིག་ནི་མི་ལོ་སུམ་སྟོང་གི་བོད་ཀྱི་ཡི་གེ་ཐོག་མ་དེ་ཡིན་པར་ར་འཕྲོད་ཀྱི་བཀའ་སྩལ།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གདུལ་བྱ་སྟོང་ཕྲག་མང་པོར་གསུང་ཆོས་བཀའ་དྲིན་ཆེ་བའི་སྐབས་ལ་སྨར་ཡིག་ནི་མི་ལོ་སུམ་སྟོང་བཞི་སྟོང་གོང་གི་བོད་ཀྱི་ཡི་གེ་ཐོག་མར་ཡིན་པའི་ར་འཕྲོད་བྱུང་ཡོད་པའི་སྐོར་ལ་བཀའ་སློབ་ཕེབས་པ་གནང་སོང། དེ་ནི་སྤྱི་ནོ་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་དུས་བཞུགས་སྒར་དུ་གདུལ་བྱ་རྣམས་ལ་ཕྱི་ནང་གྲུབ་མཐའི་རྣམ་བཞག་དང་ལམ་རིམ་མདོིར་བསྡུས་བཅས་ཀྱི་བཀའ་ཁྲིད་བཀའ་དྲིན་ཆེ་བའི་མུར་ཉེ་ལམ་བོད་ཀྱི་ས་འོག་ནས་དངོས་པོ་སྨར་ཡིག་འཁོད་པ་ཞིག་རྙེད་འདུག་པར་གཞིགས་ན། དེ་སྔ་མི་ལོ་སུམ་སྟོང་བཞི་སྟོང་གི་གོང་དུ་བོད་ཀྱི་ཡི་གེ་ཐོག་མ་དེ་སྨར་ཡིག་ཡིན་པ་ནི་ར་སྤྲོད་བྱུང་ཡོད་པའི་སྐོར་ལ་བཀའ་གནང་འདུག
༸གོང་ས་མཆོག་ནས་གསུང་དོན། དེ་ཡིན་དུས་ནམ་རྒྱུན་བོན་པོའི་བཤད་སྲོལ་ཞིག་ལ་ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་བོད་ཡིག་ཡར་རྒྱས་ཕྱིན་པ་ཞིག་རེད་མ་གཏོགས་བོད་ཡིག་གི་རྩ་བ་དེའི་གོང་ལ་སྨར་ཡིག་ཞེས་པ་དེ་ཡོད་ཅེས་བཤད་འདུག དེ་ནང་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པའི་དངོས་པོ་རྙིང་པ་ཞིག་ལ་སྨར་ཡིག་གི་ཡི་གེ་ཡོད་པ་རེད། བྱས་ཙང་ནམ་རྒྱུན་བོན་གཞུང་གི་ཐོག་ནས་བཤད་པའི་སྨར་ཡིག་ཟེར་བ་བོད་པའི་ཐོག་མའི་ཡི་གེ་དེ་སྨར་ཡིག་དེ་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པ་གསལ་པོ་ཞེ་དྲག་ཆགས་འདུགས།་ དེ་འདྲ་ཡིན་དུས་ང་རང་ཚོའི་བོད་ཡིག་དེ་བཞིན་ཧ་ཅང་རྙིང་པ་ཡིན་པའི་ཡི་གེ་ཞིག་ཆགས་བསྡད་ཡོད་པ་རེད། བོན་གཞུང་ཟེར་བ་སྟེ་བོན་ནི་གནའ་རབས་ཀྱི་ཆོས་རྒྱུད་ཞིག་ཆགས་བསྡད་ཡོད་པ་རེད་ཅེས་བཀའ་སྩལ་འདུག
ད་ཁྱོས་ཅི་ཤོད་རྒྱུ་ཡོད་ཤོད་དང་།
ཡང་ཁྱོས་སྔོན་རྒྱ་དམར་གཞན་དབང་དུ་ཤོར་ནས་རང་ས་ཤོར་ཞེས་བཤད་པ་གོ་རྒྱུ་མི་འདུག།
རྒྱ་དམར་གཞན་དབང་ཤོར་བ་ལ་བོད་རང་ས་ཤོར་བ་གོ་གི་ཡོད་ན་ཅི་ཡང་གོ་རྒྱུ་མི་འདུག
༡༩༥༧ལོ་བོད་མི་རྒྱ་ཡི་མངའ་ཁུངས་ཡིན་པ་སུ་ཡིས་ས་ཡིག་རྒྱབ་པ་རེད་གསལ་པོ་ཤོད་དང་དེ་ལ་དགག་པ་ཚ་ཐག་ཆོད་ཞིག་རྒྱོབ་དང་།
བོད་རང་དབང་མི་དགོས་པ་བཤད་མཁན་བོད་མི་སུ་རེད།
བོན་གཞན་དབང་ཤོར་ནས་བོད་ཡིག་མེད་བ་ཞེས་བཤད་པ་དེ་གོ་རྒྱུ་ཅི་ཡོད་འགྲེལ་བ་རི་འདྲ་ཅིག་སྒྱོབ་དང་།
ཁྱོད་ལྐུགས་པ་མ་ཡིན་ན་ད་ཤོད་ཤོག།
བན་བོན་འཁྲུག་རྩོད་ཀྱི་དམར་སྒར་འདི་ལ་སྤར་ཚར་འདུག་ཨ། དེ་རིང་གི་དམག་སྤྱི་ཆེན་མོ་སུ་རེད་གོ
དེ་རིང་བན་བོན་དམག་འཁྲུགས་འདི་གར་སྤོས་ནས་གཅིག་ལས་གཅིག་རྣོ་ཞིང་གཅིག་ཐུལ་བས་ངོ་མ་སུ་བདེན་སུ་འགྲིག་བཤད་དཀའ་ཡང་།་་་་ཚིག་རྩུབ་དང་།་་་འཕྱ་དམོད།་་་་་་ཟུར་ཟ།་་་་་གཅིག་ལས་གཅིག་རྒྱལ་གྱི་ང་རྒྱལ་དང་ཁེངས་དྲེགས་ཆེན་པོས་བན་བོན་གཉིས་ཀྱི་སྐྱེས་ཆེན་དམ་པ་ཚོ་ལ་མ་ཤེས་བསྐུར་འདེབས་ཀྱི་མགོ་བོ་ལེབ་བརྡུང་དང་འཁྱོགས་བཤད་སོགས་ནང་དམེ་ཡི་འཁྲུགས་རྩོད་དམེ་བོ་ཞིག་ལས་གཞན་ཅི་ཡང་མཐོང་གི་མི་འདུག་་་་ད་ཡིན་ན་མཚམས་བཞག་ན་མི་བཟང་ངམ།
ལ་སྟོད་པ་ལགས་དང་བོན་པོ་བ་ལགས་སོགས་བོན་གཞུང་ལ་མཁྱེན་རྒྱ་ཡངས་པ་རྣམས་ལ་ཞུ་བ། གཙང་གཡས་རུའི་ཆར་གཏོགས་འཇད་ཅེས་པའི་ཡུལ་དུ། རི་རྒྱལ་དགོན་རྩེ།
ཞེས་པའི་བོན་དགོན་བརྗིད་ཉམས་ལྡན་པ་ཞིག་དང་། དེར་བོན་གྱི་གདུང་རྒྱུད་རྩ་ཆེན་ཞིག་བཞུགས་འདུག་པ། ཡུལ་མི་རྣམས་ཀྱིས་བརྗོད་པར་གཞིགས་ན། དེ་ནི་༸པཎ་ཆེན་བསྟན་པའི་དབང་ཕྱུག་གི་གདུང་རྒྱུད་གཡས་རུ་ཐོབ་རྒྱལ་བྲུལ་ཚང་གི་གདུང་རྒྱུད་དང་གཅིག་མཚུངས། བོད་སྲིད་པ་ཆགས་པའི་སྐབས་ཀྱི་བོན་གྱི་བླ་མ་རྩ་ཆེན་ཞིག་གི་གདུང་རྒྱུད་འཁྲུལ་མེད་ཡིན་པར་གླེང་བ། རི་རྒྱལ་དགོན་རྩེ་དང་། གཡས་རུའི་གདུང་རྒྱུད་གཉིས་ཀྱི་སྐོར་ལ་མཁྱེན་མཁན་ཡོད་ན། ངོ་སྤྲོད་ཅིག་གནོངས།
ཨོ་རེད་ཟེར། དེའི་སྤུ་གུ་གཅིག་དབྱིན་ཇིའི་རྒྱལ་ས་ལན་ཌོན་ལ་ཁུར་ནས་ཚན་རིག་པས་རྟགས་དཔྱད་བྱས་བྱས་མཐར་དེ་ནི་བོད་ཀྱི་མིང་ཙམ་ཡང་མེད་པའི་དུས་བོན་གྱི་ཡིག་མཁན་ཞིག་གི་གདུང་རྒྱུད་ཡིན་པ་ར་འཕྲོད་གསལ་བོ་བྱུང་འདུག ཇི་འདྲའི་དགའ་བ་ལ།
ཁ་ཚ་ར་ལེགས་ནས་ཡིག་ཆ་དེ་བཀོད་པར་བཀའ་དྲིན་ཆེ། ཏི་སེ་ཞེས་པའི་སྒྲ་གནས་བརྟན་ཕྱག་མཆོད་དུ་ཡོད་ཀྱང་། དོན་དག་ལ་བསམ་བློ་མ་བྱུང་། དེ་ཡང་། གངས་རི་ཆེན་པོ་ཏི་སེ་ལ། འཕགས་པ་གནས་བརྟན་ཡན་ལག་བྱུང་། ཞེས་དགྲ་བཅོམ་པ་བཅུ་དྲུག་གི་དང་པོ་དེ་ཡིན། སེ་ཞེས་པ་ལྷ་ལ་འཇུག་གམ། འབྱུང་ཁུངས་ལ་འཇུག ཁུ་ནུའི་ཁ་སྐད་ཙམ་ལ་གཞི་མ་བཅོལ་བར་ཁུངས་གཞན་ལ་ཡང་གཏུགས་དགོས་པར་མཐོང་། ཏི་སེ་སྟེ། ཆུ་བོ་རྣམས་ཀྱི་འབྱུང་ཁུངས་ཞེས་ཟེར་ན་དེ་ཉིད་ཆེས་དོན་ལ་གནས་པ་ཞིག་ཏུ་མཐོང་ངོ་།།
ངའི་གྲོང་ཡུལ་དུ་ཁ་དང་སྣ་ནས་འཐོན་པའི་ཆུ་ལ་ཁ་ཏི། སྣ་ཏི་ཞེས་ཀྱང་། མིག་ཏི་ཞེས་མི་ཟེར། ཐོག་ནས་ཐིགས་པ་རྒྱབ་པ་ལ་ཅང་ཏི་དང་། ཆུ་འཕེལ་བ་ལ་ར་ཏི་ཟེར།
དེ་བཞིན་ཡུལ་གྱི་མིང་། ཉུང་ཏི། སྤྱི་ཏི། སྤྱི་ཞེས་ཡ་སྟ་མེད་པར་མ་བཟོ་བར་གནའ་བོའི་འབོད་སྟངས་བཞིན་ཀློག་པ་དང་། འབྲི་དགོས། དེ་བཞིན་ནུབ་བྱང་མཚམས་ན་སྦལ་ཏི་ཞེས་པ་ཡོད་ཅིང་། དེ་དག་གི་ཁ་སྐད་དུ་ཞང་ཞུང་གི་སྒྲ་མང་པོ་བོད་དབུས་སྐད་ཀྱིས་མ་བཅོམ་པར་འགའ་ཞིག་ལུས་ཡོད་ན་ཞང་ཞུང་གི་སྒྲ་རྩད་གཅོད་པ་པོ་རྣམས་ལ་ཐུགས་ཕན་གསོས་ངེས། སྤྱི་ལོ་བརྒྱ་རབས་བདུན་པ་ནས་ཡིན་ངེས། ཏན་ཏན་མི་ཤེས་བོད་དབུས་ཀྱི་དམག་སླེབས་ཏེ། ལ་དྭགས་དང་། སྦལ་ཏི་ཡུལ་སོགས་ལ་གནས་ཆགས་ཤིང་། ཡུལ་དེ་རྣམས་ཀྱི་སྐད་དང་རིག་གཞུང་བོད་དབུས་ཀྱི་ལུགས་ལྟར་དུ་འགྱུར་བ་བྱུང་། མདོ་སྡེ་ལས་བརྒྱ་པ་དང་། མདོ་མཛངས་བླུན་སོགས་བོད་དབུས་བསམ་ཡས་སོགས་སུ་བསྒྱུར་ཀྱང་། དེ་དག་ན་ཡོད་པའི་མིང་ཚིག་འགའ་ཞིག་ད་ལྟ་ཡུལ་དབུས་ན་མེད་པར་ལ་དྭགས་པའི་ཁ་སྐད་དུ་ཡོད་པ་ཇི་ལྟར་བྱུང་བ་ཡིན་ད་ལྟ་རྩད་གཅོད་ཀྱི་གཞིར་ཆགས་སོ།།
བོན་འདི་སངས་རྒྱས་ཤཀྱཱ་ཐུབ་པའི་ཆོས་ལུགས་དང་གཅིག་མཚུངས་ཡིན་ནམ།
སངས་ རྒྱས་པ་རང་ཉིད་ཀྱི་ལུགས་ལ་བསྟན་པ་གཅིག་ལ་སྟོན་པ་གཅིག་ཡོད་པ་དེ་སྟོན་པ་ཤཀྱཱ་ ཐུབ་པ་རེད། འཛམ་གླིང་ལོ་རྒྱུས་ཀྱི་སྟེང་ལ་སངས་རྒྱས་ཟེར་བའི་ལོ་རྒྱུས་མི་སྣ་ཞིག་བྱོན་པ་ དེ་རྒྱལ་བ་ཤཀྱཱ་ཐུབ་པ་རེད། ནང་པ་ལ་འཇུག་པའི་སྒོ་ལྟ་བུ་དེ་དེ་ལྟ་བུའི་སངས་རྒྱས་དེ་ཉིད་དང་། དེས་གསུངས་པའི་ཆོས། ཆོས་དེ་རྒྱུད་ལ་འདུས་པའི་དགེ་འདུན་བཅས་ལ་སྐྱབས་སུ་འགྲོ་དགོས་པ་དེ་གཞི་རྩ་ རེད། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད། ཅེས་པ་དེ་སྔོན་ནས་ཡོད་པའི་སྐད་ཆ་ཞིག་མ་གཏོགས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ ཀྱིས་གསར་དུ་བཟོས་པ་ཞིག་མ་རེད། ཇོ་བོ་བོད་དུ་བྱོན་སྐབས་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མིན་དང་ལྟ་བ་ བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མི་ལེན་ལས་འཇོག་དགོས་པ་དང་། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ལས་ཀྱང་སྐྱབས་འགྲོ་འདི་གལ་ཆེན་དུ་བཟུང་ཡོད། དཔེར་ན། ཉན་ཐོས་གནས་མ་བུ་པའི་སྡེ་བས་བདག་གཏན་མེད་དུ་མི་འདོད་པ་སོགས་ལྟ་བ་བཀར་བཏགས་ ཀྱི་ཕྱག་རྒྱ་བཞི་ཆ་ཚང་བ་ཞིག་ཁས་མི་ལེན་ན་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་ འགྲོ་བ་སོགས་རྒྱུ་མཚན་དུ་བྱས་ནས་སངས་རྒྱས་ཆོས་ལུགས་ཀྱི་ཁོངས་སུ་ཚུད་ཡོད་པ་ ལྟ་བུ་ཡིན། གལ་སྲིད་སྒྲིག་ཁྲིམས་དེས་འགྲིགས་མེད་ན་སྐྱོན་འཛུགས་ས་དེ་ཇོ་བོ་རྗེ་ཚུད་པའི་ སྔོན་གྱི་བླ་མ་ཚོ་ཡིན་པ་ལས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཁོ་ནའི་སྟེང་ལ་གྲུབ་ མཐའི་ཕྱོགས་རེས་པའི་འཕྱ་ར་ནག་པོ་འགེབས་ཆོག་ཆོག་ཅིག་མ་རེད། གལ་སྲིད་བོན་པོ་རང་ཉིད་ཀྱི་ངོས་ནས་རང་ཉིད་ཀྱི་ལུགས་དེ་རྒྱལ་བ་ཤཀྱ་ཐུབ་པའི་ ཆོས་ལུགས་དང་གཅིག་མཚུངས་ཡིན་ཟེར་བ་བདེན་ན་སྟོན་པ་ཤཀྱ་ཐུབ་པའི་སྐུ་བརྙན་ གཅིག་ཀྱང་བོན་གྱི་ལྷ་ཁང་དགོན་སྡེའི་ནང་ལ་བཞེངས་མི་ཐུབ་པ་དང་། ཞལ་འདོན་ཞིག་གི་ནང་ལ་སྟོན་པ་ཤཀྱཱ་ཐུབ་པ་ལ་ཕྱག་འཚལ་ལོ༎ཞེས་པའི་ཚིག་གཅིག་ འཇོག་མི་ཐུབ་པ་དང་། ཐ་ན་སྔར་ཡོད་གཤེན་རབ་སྐུ་བརྙན་ཤཀྱཱ་ཐུབ་པའི་སྐུ་བརྙན་དང་འདྲ་བ་དེའི་ཆ་ལུགས་ ཡན་ཆད་བཟོ་བཅོས་བྱེད་པའི་ངལ་བ་བརྟེན་དགོས་དོན་གང་ཡིན་ནམ།
ང་ཚོས་བགྲོ་གླེང་དགོས་པ་ནི་བོད་མི་རིགས་འདིའི་རིག་གཞུང་རྙིང་བ་སྔོག་འདོན་བྱེད་དགོས་རྒྱུ་དང་དེ་དག་གི་ཁུང་ལུང་ར་སྤྲོད་དགོས་པ་ལས་གཞན་དམིགས་ཡུལ་གང་ཡང་མེར་པར་བོད་རིགས་སྤུན་ཟླ་ཚོ་དཔུང་རྡང་བསྒྲིགས་ནས་རང་དབང་སླར་གསོ་ལ་ཆིག་སྒྲིལ་བྱེད་དགོས།
ཀར་ཤེས་ཟེར་བའི་དུན་ཙེའི་རྣ་བར་གཟན་པའི་བདེན་གཏམ་དབྱར་གྱི་རྔ་བསངས་ཞེས་བྱ་བ་འདི་སྐད་ཏེ། རང་གཞན་གྱི་ལོ་རྒྱུས་ལ་ཁུངས་མ་ཆོད་པའི་ཁར་བོན་ལ་ཟུར་ཟ་དང་སྡང་ཚིག་སྨྲ་བའི་ལས་ཁུར་དུ་བླངས་པའི་ཐོས་ཆུང་ཁྱོད་འདྲར། ཡ་ང་བ། ཀྱེ་མ་ཀྱེ་ཧུད། ཨ་ཙ་མ། རང་གཞན་གྱི་ལོ་རྒྱུས་སྨྲ་བ་དང་ལུང་རིག་གི་བརྒལ་བརྟག་འདྲེན་པ་ལ་ཁུངས་ལུང་བདེན་པའི་རྒྱབ་ལྗོངས་ཅི་ཡང་མེད་ཅིང་གཉིད་ལབ་ལྟར་གང་དྲན་བྱུང་རྒྱལ་དུ་སྨྲ་བ་ཁྱོད་འདྲའི་རིགས་ལ་འབད་རྩོལ་གྱིས་ཡ་ལན་སྤྲོད་རིན་ཅི་ཡང་དབེན་ནའང་། བླུན་པོའི་རིགས་ལ་ཁེངས་པ་མཐོ་བས་ངན་ལང་ཤོར་དུ་འགྲོ་ཉེན་ལ་བསམ་སྟེ་ལན་གཅིག་ངོ་སྤྲོད་པར་འདོད། རྣ་བར་བླགས་ཏེ་ཉོན་ཅིག མི་ལོ་སྟོང་ཕྲག་དུ་མའི་ཡར་སྔོན་དུ་༧སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་གིས་གསུང་གི་སྣང་བ་ལྷང་ལྷང་འཁོར་ལ་བྱིན་པའི་བཀའ་ཚད་མར་བྱོན་པ་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་གྲངས་མང་བ་བགྲང་བས་མི་ལོང་བ་བཞུགས་པ་དེ་དག་ལས་སྤྱི་བཤད་ཙམ་དུ་བསྟན་པ་འདི་ལྟར་ཏེ།
མདོ་དྲི་མེད་གཟི་བརྗིད་ལས། བཀའ་ལ་ཐོག་མཐའ་བར་བ་གསུམ། །དེ་ཡང་སོ་སོར་དབྱེ་བ་ན། །དང་པོ་ཀུན་རྫོབ་བདེན་གཉིས་གསུངས། །བར་བ་བདེན་གཉིས་དོ་མཉམ་གསུངས། །ཐ་མར་དོན་དམ་བདེན་པར་གསུངས། །དེ་ཡང་མཛད་པ་བཅུ་གཉིས་ཀྱིས། །བསྟན་སྤེལ་ཡན་ཆད་ཀུན་རྫོབ་ཚུལ། །རྗེས་བཞག་ཡན་ཆད་བདེན་གཉིས་ཚུལ། །མྱང་འདས་ཡན་ཆད་དོན་དམ་ཚུལ། །ཐོག་མར་བསྟན་སྤེལ་ཡན་ཆད་ལ། །རྣམ་པ་གཉིས་སུ་འཆད་པ་སྟེ། །རིག་པའི་གནས་དང་བསྟན་པའི་བོན། །ཐོག་མར་རིག་པའི་གནས་ལས་སུ། །དེ་ཡང་རྣམ་པ་ལྔ་རུ་སྟེ། །བཟོ་དང་སྒྲ་དང་གསོ་བ་དང་། །ཕྱི་ནང་རིག་པ་གཉིས་དང་ལྔ། །དང་པོ་འབྱུང་བའི་གནས་ལྔ་སྟེ། །བར་དུ་འབྱུང་བའི་རྒྱུད་ལྔ་དང་། །ཐ་མར་འབྱུང་བའི་བོན་ལྔ་སྟེ། །དང་པོ་འབྱུང་བའི་གནས་ལྔ་ནི། །བདག་ཉིད་སྐུ་ཡི་རྒྱུད་ལྔ་སྟེ། །ཡེ་མཁྱེན་སྒྲ་བླའི་རྒྱལ་པོ་དང་། །ཡེ་རྗེ་སྨན་ལྷའི་རྒྱལ་པོ་དང་། །ཡེ་དབང་ས་ཡི་རྒྱལ་པོ་དང་། །ཡེ་དཔལ་མཐུ་ཡི་རྒྱལ་པོ་དང་། །རིགས་བཞི་སངས་པོ་ཉིད་དང་ལྔ། །དང་པོ་འབྱུང་བའི་གནས་ལྔ་འོ། །བར་དུ་འབྱུང་བའི་རྒྱུད་ལྔ་ནི། །བསྐལ་སྲིད་འབྱུང་བའི་རྒྱུ་རྐྱེན་ལས། །མངོན་པ་བཟོ་ཡི་རིག་པ་བྱུང་། །ཡེ་རྗེ་རྒྱལ་པོ་བྱ་ཁྱུང་ལས། །འཆད་པ་སྒྲ་ཡི་རིག་པ་བྱུང་། །ཡེ་ཡོད་ནམ་མཁའི་བ་མོ་ལས། །ཀུན་སྐྱོབས་གསོ་བའི་རིག་པ་བྱུང་། །ས་བདག་གསེར་གྱི་རུ་སྦལ་ལས། །ཀུན་མཁྱེན་ཕྱི་ཡི་རིག་པ་བྱུང་། །ཆུ་སྲིན་ཡིད་བཞིན་རྒྱལ་བ་ལས། །ཡིད་བཞིན་ནང་གི་རིག་པ་བྱུང་། །བར་དུ་བྱུང་བའི་རྒྱུད་ལྔ་ཡིན། །ཐ་མར་བྱུང་བའི་བོན་ལྔ་ནི། །དེ་ཡང་རྣམ་པ་བཞི་རུ་སྟེ། །མདོ་འབུམ་གཟུངས་དང་མན་ངག་བཞི།
ཐོག་མར་བཟོ་ཡི་རིག་པ་ལ། །མདོ་འབུམ་གཟུངས་དང་མན་ངག་སྟེ། །དང་པོ་མདོ་ལ་རྣམ་པ་གསུམ། །མངོན་པ་མཛོད་ཆེན་བསྐལ་པའི་མདོ། །སྲིད་པ་སྟོང་རྩིས་སྲིད་པའི་མདོ། །ཆགས་གནས་འཇིག་སྟོངས་འབྱུང་བའི་མདོ། །གཉིས་པ་འབུམ་ལ་རྣམ་པ་གསུམ། །བསྐལ་བ་སྣང་སྲིད་འཁོར་ལོའི་འབུམ། །སྲིད་པ་མི་བུ་རྒྱུད་ཀྱི་འབུམ། །འབྱུང་བ་ཆགས་གནས་འཇིག་སྟོངས་འབུམ། །གསུམ་པ་གཟུངས་ལ་རྣམ་པ་གསུམ། །ཡོད་པ་སྐྱེད་བྱེད་རྟེན་པའི་གཟུངས། །མེད་པ་སྲིད་བྱེད་འཕེལ་བའི་གཟུངས། །སྣང་སྲིད་འཇིག་རྟེན་ཞི་བདེའི་གཟུངས། །བཞི་བ་མན་ངག་རྣམ་པ་གསུམ། །འབུམ་པ་དབལ་ཆེན་མཐུ་ཡི་རྒྱུད། །འབར་བ་དབལ་ཆེན་ཛོ་ཡི་རྒྱུད། །རམ་པ་དབལ་ཆེན་གཤེད་ཀྱི་རྒྱུད། །ཐམས་ཅད་ཀུན་ལ་སྤྱི་རྒྱུག་པའི།།མངོན་པ་སྤྱི་རྗེ་རིག་པ་ཡིན།
།གཉིས་པ་སྒྲ་ཡི་རིག་པ་ལ། །དེ་ཡང་རྣམ་པ་བཞི་ཡིན་ཏེ། །མདོ་འབུམ་གཟུངས་དང་མན་ངག་བཞི། །ཐོག་མར་མདོ་ལ་རྣམ་པ་གསུམ། །རིག་པ་ཁུ་བྱུག་རྒྱུད་ཀྱི་མདོ། །ཚད་མ་རྣམ་འགྲེལ་ལུང་གི་མདོ། །ཡིད་བཞིན་སྙིང་པོ་མན་ངག་མདོ། །གཉིས་པ་འབུམ་ལ་རྣམ་པ་གསུམ། །ལྷ་སྲིན་འཁྲུག་འབུམ་ནག་པོ་དང་། །སྒྲ་ཚད་རྩོད་འབུམ་ཁྲ་བོ་དང་། །དག་པའི་ལྷ་འབུམ་དཀར་པོ་གསུམ། །གསུམ་པ་གཟུངས་ལ་རྣམ་པ་གསུམ། །ལྷ་སྲིན་ཞི་བྱེད་གསང་བའི་གཟུངས། །སྡེ་བརྒྱད་གཟུངས་རིང་ཟློག་པའི་གཟུངས། །དག་པ་ཡེ་ཤེས་ལྷ་ཡི་གཟུངས། །བཞི་བ་མན་ངག་རྣམ་པ་གསུམ། །བསྐལ་བ་དུས་ཀྱི་འཁོར་ལོ་དང་། །སྲིད་པ་དུས་ཀྱི་འཁོར་ལོ་དང་། །འབྱུང་བ་དུས་ཀྱི་འཁོར་ལོ་དང་། །སྒྲ་ཚད་རིག་པའི་བོན་སྡེ་འོ། །
གསུམ་པ་གསོ་བ་རིག་པ་ལ། །དེ་ཡང་རྣམ་པ་བཞི་ཡིན་སྟེ། །མདོ་འབུམ་གཟུངས་དང་མན་ངག་གསུམ། །ཐོག་མར་མདོ་ལ་རྣམ་པ་གསུམ། །ཁྲི་སྡེ་རིག་པ་དཔྱད་ཀྱི་མདོ། །བདུད་རྩི་ཟིལ་པ་སྨན་གྱི་མདོ། །ཡན་ལག་བརྒྱད་པ་གསང་བའི་མདོ། །གཉིས་པ་འབུམ་ལ་རྣམ་པ་གསུམ། །གསོ་བྱའི་ནད་འབུམ་ནག་པོ་དང་། །གསོ་བྱེད་འཚོ་འབུམ་ཁྲ་བོ་དང་། །རྣམ་རྒྱལ་སྨན་འབུམ་དཀར་པོ་དང་། །གསུམ་པ་གཟུངས་ལ་རྣམ་པ་གསུམ། །ཉོན་མོངས་ནད་འཇོམས་རྩི་ཡི་གཟུངས། །བདུད་རྩི་འཁྱིལ་པ་སྨན་གྱི་གཟུངས། །བདུད་རྩི་གསང་བ་ཡོན་ཏན་གཟུངས། །བཞི་བ་མན་ངག་རྣམ་པ་གསུམ། །ཡེ་རྗེ་སྨན་ལྷའི་དཀྱིལ་འཁོར་དང་། །བདུད་རྩི་གསང་བའི་སྒྲུབ་པ་དང་། །དུག་འཇོམས་སྔགས་ཀྱི་སྦྱོར་བ་སྟེ། །གསོ་བ་རིག་པའི་བོན་སྡེ་འོ། །
བཞི་བ་ཕྱི་ཡི་རིག་པ་ལ། །དེ་ཡང་རྣམ་པ་བཞི་ཡིན་ཏེ། །མདོ་འབུམ་གཟུངས་གསུམ་མན་ངག་བཞི། །ཐོག་མར་མདོ་ལ་རྣམ་པ་གསུམ། །སྣང་སྲིད་ཀུན་གསལ་གཏོ་ཡི་མདོ། །རིན་ཆེན་ཀུན་གསལ་རྩིས་ཀྱི་མདོ། །གཙུག་ལག་གབ་ཙེ་དཔྱད་ཀྱི་མདོ། །གཉིས་པ་འབུམ་ལ་རྣམ་པ་གསུམ། །སྣང་སྲིད་གཏོ་འབུམ་ནག་པོ་དང་། །རིན་ཆེན་ཀུན་འབུམ་ཁྲ་བོ་དང་། །གཙུག་ལག་དཔལ་འབུམ་དཀར་པོ་གསུམ། །གསུམ་པ་གཟུངས་ལ་རྣམ་པ་གསུམ། །སྣང་སྲིད་ཁ་བསྐངས་གཏོ་ཡི་གཟུངས། །རིན་ཆེན་ཀུན་གསལ་རྩིས་ཀྱི་གཟུངས། །གཙུག་ཏོར་དཀར་མོ་གདུགས་ཀྱི་གཟུངས། །བཞི་བ་མན་ངག་རྣམ་པ་གསུམ། །གབ་རྩེ་བྱང་གླིང་དགུ་བསྐོར་དང་། །ཇུ་ཞགས་སྲིད་པའི་འཁོར་ལོ་དང་། །མན་ངག་དུས་འཁོར་རྩིས་འཛིན་གསུམ། །ཕྱི་ཡི་རིག་པའི་བོན་སྡེ་འོ། །
ལྔ་བ་ནང་གི་རིག་པ་ལ། །དེ་ཡང་རྣམ་པ་བཞི་ཡིན་ཏེ། །མདོ་འབུམ་གཟུངས་གསུམ་མན་ངག་བཞི། །ཐོག་མར་མདོ་ལ་རྣམ་པ་གསུམ། །གདུལ་བྱ་སྲིད་པ་རྒྱུད་ཀྱི་མདོ། །འདུལ་བྱེད་མན་ངག་དོན་གྱི་མདོ། །འདུལ་བ་ཐུགས་རྗེ་ཐབས་ཀྱི་མདོ། །གཉིས་པ་འབུམ་ལ་རྣམ་པ་གསུམ། །དྲག་པོའི་ཀླུ་འབུམ་ནག་པོ་དང་། །འདུལ་བའི་ཀླུ་འབུམ་ཁྲ་བོ་དང་། །གཙང་མའི་ཀླུ་འབུམ་དཀར་པོ་གསུམ། །གསུམ་པ་གཟུངས་ལ་རྣམ་པ་གསུམ། །སྡུག་བསྔལ་ཞི་བྱེད་ཐར་བའི་གཟུངས། །བཀྲ་ཤིས་ཕན་བདེ་སྨོན་ལམ་གཟུངས། །ཉོན་མོངས་ཐར་ལམ་བདེ་བྱེད་གཟུངས། །བཞི་བ་མན་ངག་རྣམ་པ་གསུམ། །ཡེ་དཔལ་མཐུ་ཡི་རྒྱལ་བོ་དང་། །གདོན་འདུལ་དབང་གི་རྒྱལ་བོ་དང་། །བདུད་འཇོམས་གསང་བའི་བདག་པོ་སྟེ། །ནང་གི་རིག་པའི་བོན་སྡེ་འོ། །དེ་ལྟར་རིག་པའི་གནས་ལྔ་ལ། །སོ་སོ་རྣམ་གྲངས་དབྱེ་བ་ཡི། །མདོ་འབུམ་གཟུངས་གསུམ་མན་ངག་བཞི། །སྤྱི་སྡེ་ཆེན་པོ་དྲུག་ཅུ་སྟེ། །སྒོས་སྡེ་གྲངས་ལས་འདས་པ་ཡི། །རིག་པའི་གནས་སུ་སྟོན་པ་འོ། །
གཉིས་པ་བསྟན་པའི་བོན་ལས་སུ། །བོན་ལ་རྣམ་པ་གསུམ་དུ་སྟེ། །སྤྱི་རུ་བརྒྱད་ཁྲི་བཞི་སྟོང་སྟེ། །སྒོས་སུ་གསས་མཁར་སུམ་བརྒྱ་དང་། །ཡང་དགོས་ཐེག་པ་རིམ་དགུ་སྟེ། །དེ་ཡང་འདུལ་དང་གཉེན་པོ་གཉིས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལ། །བོན་སྒོ་བརྒྱད་ཁྲི་བཞི་སྟོང་སྟེ། །འཁྲུལ་རྟོག་སུམ་བརྒྱ་དྲུག་ཅུ་ལ། །གསས་མཁར་སུམ་བརྒྱ་དྲུག་ཅུ་སྟོན། །མ་རིག་འཁྲུལ་བ་སྒོ་དགུ་ལ། །བོན་སྒོ་ཐེག་པ་རིམ་དགུ་བསྟན། །བོན་སྒོ་ཐེག་པ་རིམ་དགུ་ལ། །རྒྱུ་འབྲས་ཐེག་པ་བརྒྱད་དུ་བསྟན། །ཐོག་མར་རྒྱུ་ཡི་ཐེག་པ་ལ། །ཕྱྭ་སྣང་འཕྲུལ་སྲིད་རྣམ་པ་བཞི། །ཕྱྭ་གཤེན་ཐེག་པའི་བོན་སྒོ་ལ། །གཏོ་རབས་ཤིང་ལོ་རྒྱས་པ་དང་། །དཔྱད་རྒྱུད་བདུད་རྩི་ཟིལ་བ་དང་། །ཀུན་རྫོབ་སྒྱུ་འཕྲུལ་འཁོར་ལོ་དང་། །སྨྲང་རྒྱུད་ཆུ་བོ་གཞུང་རིང་བཞི། །དེ་ལ་སོ་སོར་གྱེས་པ་ཡི། །ཕྱྭ་གཤེན་ཐེག་པ་བསམ་མི་ཁྱབ། །གཉིས་པ་སྣང་གཤེན་ཐེག་པ་ལ། །ལྷ་ལ་ཡོན་འབུལ་བགེགས་ལ་གླུད། །གཏོ་ཡི་རྩི་དང་ཕན་གྱིས་སོད། །སྲིད་པ་རབ་འབྱམས་མདོས་བསྐང་སྟེ། །གཏོ་རིགས་སུམ་བརྒྱ་དྲུག་ཅུ་དབྱེ། །གསུམ་པ་འཕྲུལ་གཤེན་ཐེག་པ་ལ། །སྟོབས་ལྔ་ཐབས་དྲུག་ལས་རིམ་གྱིས། །རྫུ་འཕྲུལ་བཅུ་གསུམ་མཐུ་ཡི་རྒྱུད། །བཙོ་དབལ་ཐིས་གསུམ་དྲག་པོ་གསུམ། །རྒྱུད་སྡེ་ཆེན་པོ་བཞི་རུ་དབྱེ། །བཞི་བ་སྲིད་གཤེན་ཐེག་པ་ལ། །ཤི་ཐབས་སུམ་བརྒྱ་དྲུག་ཅུ་དང་། །འདུར་ཐབས་བཞི་བཅུ་རྩ་གཉིས་སྟེ། །འདི་ཕྱི་ཕན་བདེའི་བོན་སྡེར་དབྱེ། །ལྔ་བ་དགེ་བསྙེན་ཐེག་པ་ལ། །དགེ་བསྙེན་རྒྱུ་འབྲས་དཀའ་སླ་སྟེ། །མདོ་སྡེ་ཆེན་པོ་བརྒྱད་དུ་སྟེ། །སྣོད་བཅུད་འབྱུང་རྫོགས་བསྐལ་པའི་མདོ། །ཆགས་གནས་འཇིག་སྟོངས་འབྱུང་བའི་མདོ། །དྲག་རྩུབ་ཞི་བྱེད་བསྙོམས་པའི་མདོ། །ཐུགས་རྗེ་ཤེས་རབ་དྲྭ་བའི་མདོ། །བསྲུང་ཁྲིམས་ཡོན་ཏན་ངོ་མཚར་མདོ། །སེམས་བསྒྲུབ་སེལ་བུ་དོན་གྱི་མདོ། །བསྐལ་སྲིད་འབྱུང་དེད་ལུང་གི་མདོ། །དེ་ལྟར་མདོ་སྡེ་གཞུང་བརྒྱད་ལ། །མདོ་ཕྲན་ཉིས་བརྒྱ་ལྔ་བཅུ་སྟེ། །དགེ་བསྙེན་ཐེག་པའི་བོན་དུ་དབྱེ། །དྲུག་པ་དྲང་སྲོང་ཐེག་པ་ལ། །འབུམ་སྡེ་བཞི་ཡི་གཟུངས་ལ་འབྲེལ། །གཙང་དག་རྒྱས་པ་ཡུམ་གྱི་འབུམ། །གྱ་དོར་སེལ་མ་ལྷ་ཡི་འབུམ། །བོན་ཉིད་རབ་འབྱམས་སྲིད་པའི་འབུམ། །འགྲོ་འདུལ་ཤེས་རབ་དྲྭ་བའི་འབུམ། །དེ་དག་འབུམ་སྡེ་བཞི་ལས་སུ། །འབུམ་ཕྲན་བརྒྱ་དང་རྩ་བརྒྱད་དབྱེ། །དྲང་སྲོང་ཐེག་པའི་བོན་སྡེ་འོ། །བདུན་པ་ཨ་དཀར་ཐེག་པ་ལས། །སྔགས་སྡེ་ཆེན་པོ་དགུ་རུ་སྟེ། །གསང་སྔགས་རིག་སྔགས་གཟུངས་སྔགས་དང་། །ཐིས་སྔགས་དབལ་སྔགས་སྤུར་སྔགས་དང་། །དམོད་སྔགས་དྲག་སྔགས་ངན་སྔགས་སྟེ། །གསང་བ་སྔགས་ཀྱི་སྡེ་དགུ་ལས། །ཡན་ལག་སུམ་བརྒྱ་དྲུག་ཅུ་དབྱེ། །ཨ་དཀར་ཐེག་པའི་བོན་སྡེ་འོ། །བརྒྱད་པ་ཡེ་གཤེན་ཐེག་པ་ལ། །ལྟ་སྒོམ་སྤྱོད་འབྲས་བཞི་རུ་དབྱེ། །རྒྱུད་ལ་མན་ངག་སྤྱི་ཁོག་དབུགས། །རྩ་རླུང་ཐིག་ལེ་བདེ་དྲོད་སྦྱར། །མན་ངག་གནད་དོན་བསམ་མཐའ་ཡས། །ཡེ་གཤེན་ཐེག་པའི་བོན་སྡེ་འོ། །དགུ་བ་བླ་མེད་ཐེག་པ་ལ། །ཐེག་བརྒྱད་སྤྱི་ལ་ཁྱབ་པ་སྟེ། །གཡུང་དྲུང་སྤྱི་ལུང་ཆེན་པོ་ཡིན། །དེ་ལྟར་གནས་ལྔ་ཐེག་པ་དགུ། །དང་པོར་གསུངས་པའི་བཀའ་ལུང་ངོ་།
།བར་བ་བདེན་གཉིས་གསུང་ཚུལ་ལས། །སྒོ་བཞི་མཛོད་དང་ལྔ་རུ་དབྱེ། སྒོ་བཞི་མཛོད་ལྔའི་རིམ་པ་ནི། །དཔོན་གསས་མན་ངག་ལུང་གི་སྒོ། །ཆེན་པོ་ལྔ་རུ་དབྱེ་བ་སྟེ། །གསས་མཁར་ཆེན་པོ་དབྱེ་བ་དང་། །སྤྱི་ལུང་ཆེན་པོར་དབྱེ་བ་དང་། །ཐེག་པ་ཆེན་པོར་དབྱེ་བ་དང་། །རྫོགས་པ་ཆེན་པོར་དབྱེ་བ་དང་། །རྒྱུད་ལུང་ཆེན་པོར་དབྱེ་བ་འོ། །ཆབ་ནག་སྲིད་པ་རྒྱུད་ཀྱི་སྒོ། །རྒྱུད་སྡེ་བཅུ་རུ་དབྱེ་བ་སྟེ། །གཏོ་རྒྱུད་ཤིང་ལོ་རྒྱས་པ་དང་། །དཔྱད་རྒྱུད་བདུད་རྩི་ཟིལ་བ་དང་། །སྨྲང་རྒྱུད་ཆུ་བོ་གཞུང་རིང་དང་། །སེལ་རྒྱུད་དྲྭ་མ་གཞུང་བཞི་དང་། །ལྷ་རྒྱུད་ཐུགས་དཀར་ཕྱྭ་རབས་དང་། །མཐུ་རྒྱུད་སྒྲ་བླ་གཉེན་མཁར་དང་། །སྲིད་རྒྱུད་ཡེ་རྗེ་སྨོན་རྫོང་དང་། །གསང་རྒྱུད་བ་བཱ་སང་དེ་དང་། །དབང་རྒྱུད་ལྷ་རབས་འོད་དཀར་དང་། །སྐོས་རྒྱུད་རབ་འབྱམས་འཁོར་ལོ་སྟེ། །སྲིད་པ་རྒྱུད་ཀྱི་བོན་སྡེ་འོ། །འཕན་ཡུལ་རྒྱས་པ་འབུམ་གྱི་སྒོ། །བོན་སྡེ་ཆེན་མོ་བཅུ་གཉིས་ཏེ། །བྱེ་མ་ཉི་ཁྲི་ཆུ་ཡི་འབུམ། །ཤེས་རབ་ཕར་ཕྱིན་ཡུམ་གྱི་འབུམ། །ཁམས་བརྒྱད་རིག་པ་གཏན་འབེབས་འབུམ། །མུ་ཏྲ་འཕྱོ་བཞི་བྱ་བྱེད་འབུམ། །ཡེ་གཤེན་བཀོད་པ་དོན་གྱི་འབུམ། །གཡུང་དྲུང་ས་བཅུ་ལམ་གྱི་འབུམ། །རྣམ་དག་ཚུལ་ཁྲིམས་འདུལ་བའི་འབུམ། །དགེ་རྒྱས་ཚོགས་ཆེན་ཡོན་ཏན་འབུམ། །ཕུན་སུམ་ཚོགས་པ་བདལ་བའི་འབུམ། །མངོན་རྟོགས་རིག་པ་རྩེ་མོའི་འབུམ། །ཡེ་ཤེས་ཉི་མ་དགུ་ཤར་འབུམ། །གསང་བའི་ཡེ་ཤེས་དོན་གྱི་འབུམ། །འབུམ་སྡེ་ཆེན་པོ་བཅུ་གཉིས་ལ། །འདོན་མཆོད་འབུམ་ཕྲན་གཉིས་སུ་དབྱེ། །འཕན་ཡུལ་རྒྱས་པའི་བོན་སྡེ་འོ། །ཆབ་དཀར་དྲག་པོ་སྔགས་ཀྱི་སྒོ། །རྒྱུད་ལུང་མན་ངག་གསུམ་དུ་དབྱེ། །རྒྱུད་ལ་རྣམ་པ་གསུམ་དུ་དབྱེ། །ཕྱི་རྒྱུད་ནང་རྒྱུད་གསང་རྒྱུད་གསུམ། །ལུང་ནི་རྣམ་པ་གཉིས་སུ་སྟེ། །སྤྱི་ལུང་ཕུན་སུམ་ཚོགས་པ་དང་། །སྒོས་ལུང་གསལ་བའི་སྒྲོན་མེ་འོ། །མན་ངག་རྣམ་པ་གསུམ་དུ་སྟེ། །བསྙེན་བསྒྲུབ་ལས་དང་གསུམ་དུ་འོ། །དེ་ལྟར་རྒྱུད་ལུང་མན་ངག་ལ། །སོ་སོར་དབྱེ་བ་གྲངས་ལས་འདས། །ཆབ་དཀར་སྔགས་ཀྱི་བོན་སྡེ་འོ། །སྒོ་བཞི་སྤྱི་ལ་རྒྱུག་པ་ཡི། །མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་སྒོ། །མདོ་སྡེ་བཞི་རུ་དབྱེ་བ་སྟེ། །དུས་གསུམ་གཤེན་རབ་འབྱུང་ཁུངས་མདོ། །ཁམས་གསུམ་སེམས་ཅན་སྐྱེ་འཆི་དང་། །སྣོད་བརྟེན་འབྱུང་བ་ཆགས་འཇིག་དང་། །བླ་མེད་གོ་འཕང་སྒྲུབ་ཐབས་དང་། །མདོ་སྡེ་ཆེན་པོ་ཟུང་བཞི་ལ། །སོ་སོར་དབྱེ་བ་བཞི་བཅུ་སྟེ། །འདུས་པ་བརྒྱ་དང་དྲུག་ཅུ་སྟེ། །མདོ་ཕྲན་སྟོང་དང་རྩ་གཉིས་ནི། །མཐོ་ཐོག་མཛོད་ཀྱི་བོན་སྡེ་འོ། །དེ་ལ་སོ་སོར་དབྱེ་བ་ནི། །མདོ་འབུམ་གཟུངས་དང་རྣམ་པ་གསུམ། །རྒྱུད་ལུང་མན་ངག་གསུམ་དང་དྲུག །བཀའ་རྒྱུད་ཟུང་གསུམ་ཡ་དྲུག་སྟེ། །སྡེ་སྣོད་ཟུང་གསུམ་ཡ་དྲུག་དང་། །ཟུང་འབྲེལ་བཅུ་གཉིས་སྤྱི་རུ་ཁྱབ། །བར་བ་བདེན་གཉིས་ཟུང་འབྲེལ་བོན། །བར་དུ་གསུངས་པའི་བཀའ་ལུང་ངོ་།
།ཐ་མ་ཕྱི་ནང་གསང་གསུམ་སྟེ། །ཕྱི་རྒྱུད་འདུལ་བ་ཁྲིམས་ཀྱི་སྡེ། །ནང་རྒྱུད་གསང་བ་སྔགས་ཀྱི་སྡེ། །གསང་རྒྱུད་བླ་མེད་དོན་གྱི་སྡེ། །ཡང་དག་དོན་དུ་གསུངས་པ་སྟེ། །བཀའ་ལུང་ཐོག་མཐའ་བར་གསུམ་མོ། །དེ་ལྟར་བཀའ་ཡི་བསྡུ་བ་ལས། །དེ་ལྟ་བསྟན་པ་རྗེས་བཞག་དུས། །གསོ་བ་རིག་པའི་སྡེ་ལྔ་དང་། །བོན་སྒོ་ཐེག་པ་རིམ་དགུ་དང་། །གསས་མཁར་སུམ་བརྒྱ་དྲུག་ཅུ་དང་། །བོན་སྒོ་བརྒྱད་ཁྲི་བཞི་སྟོང་རྣམས། །ཐབས་དང་ཤེས་རབ་ཟུང་འབྲེལ་བས། །མི་བརྗེད་གཟུངས་ཐོབ་གཤེན་རྣམས་དང་། །འཕྲུལ་གྱི་ཡི་གེ་མཁན་རྣམས་ཀྱིས། །རིན་ཆེན་སྣ་ལྔའི་གླེགས་བམ་བརྩོམ། །སྒོ་བཞི་མཛོད་དང་ལྔ་རུ་དབྱེ། །ཕྱི་རབས་འགྲོ་བ་དྲང་ཕྱིར་དུ། །བསྟན་པ་རྗེས་སུ་བཞག་པར་བྱ། ཞེས་གསུངས་པ་དེས་བཀའ་རྣམས་སྤྱི་སྡོམ་གྱི་ཚུལ་དུ་བསྟན་པ་ཞིག་ཡིན།
གཉིས་པ་བཀའ་བརྟེན་རྩོམ་པར་གསུང་གིས་གནང་བ་བྱིན་ཚུལ་བསྟན་པ་ནི། མདོ་འདུས་ལས། ང་ནི་མྱ་ངན་འདས་འོག་ཏུ། མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་ཏེ། འཁོར་རྣམས་བཀའ་ནི་བསྡུ་བ་གྱིས། སྟོན་པ་གནས་འཁོར་དུས་དང་བཀའ། ཕུན་སུམ་ཚོགས་པ་ལྔས་ཤོད་ཅིག ཅེས་དང་། བསྟན་པ་རྗེས་བཞག་གི་མདོ་ལས། བཀའ་ལ་བཀའ་བརྟེན་བོན་དུ་ཕྱེས། སེམས་ཅན་བློ་ཡི་ཚད་དང་སྦྱོར། ཞེས་དང་། ཡང་། སྟོན་པའི་བཀའ་ལ་སློབ་དཔོན་བཀའ་ཡི་བརྟེན། ཞེས་གསུངས་པ་ལྟར། བཀའ་རྣམས་སྟོན་པ་སངས་རྒྱས་དེ་ཉིད་ཀྱིས་སྐུའི་དུས་སུ་གཏན་ལ་ཕབས་ནས་རྗེས་བཞག་མཛད་ཅིང་གདུང་འཚོབ་མུ་ཆོ་ལྡེམ་དྲུག་དང་སྡུད་འཁོར་སོགས་ལ་བདག་ཉིད་སྐུ་མྱ་ངན་འདས་རྗེས་སུ་སེམས་ཅན་བློ་ཡི་ཚད་དང་སྦྱར་ཞིང་བཀའ་ལ་དབྱེ་ཤག་མང་དུ་ཕྱེས་ཏེ་མདོ་འབུམ་རྒྱུད་མཛོད་བཞི་རུ་བསྡུ་དགོས་པ་དང་བཀའ་ལ་བརྟེན་པའི་བཀའ་བརྟེན་རྩོམ་པའི་གསུང་གིས་གནང་བ་ཡང་བསྩལ། དེ་ལྟར་སྟོན་པ་མཆོག་སྐུ་མི་རྟག་ཚུལ་བསྟན་མྱ་ངན་འདས་རྗེས་གསུང་གི་བསྟན་པའི་དབུར་གདུང་འཚོབ་མུ་ཆོ་དང་སྡུད་འཁོར་རྣམས་ཀྱིས་བཀའ་རྣམས་མདོ་འབུམ་རྒྱུད་མཛོད་བཞི་རུ་བསྡུས་ཏེ། བཀའ་བརྟེན་མངོན་པ་སྡེ་བཞི་སོགས་བརྩམས་གནང་མཛད་པ་ནས་བཀའ་བརྟེན་གྱི་དབུ་ཐོག་མར་དེ་ནས་བརྙེས་པ་ཡིན་པར་བོན་ལུགས་སུ་ཡོངས་སུ་གྲགས་པས་ཕྱི་རབས་ཞང་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་ཀྱང་ཐུན་མིན་གྱི་ཐ་སྙད་དེ་རྒྱུན་ཆགས་སུ་བཀོལ་སྤྱོད་མཛད་ཡོད་པ་ནི་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་གྱི་སྡེ་སྣོད་རྒྱ་མཚོ་ལྟ་བུའི་ནང་དུ་གསལ་པོར་མཇལ་དུ་ཡོད། དེས་ན་མཁར་རྨེའུས་ཀྱང་(མདའ་དང་འཕང་)ལས། “བཀའ་བརྟེན་ཞེས་མཁས་པའི་བརྩམས་ཆོས་ལ་ཟེར་བའི་ཐ་སྙད་དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་ཐ་སྙད་བསྟན་བཅོས་ཞེས་པར་ལད་མོ་བྱས་པ་ཞིག་མ་ཡིན་པར་བོན་རང་གི་ཐ་སྙད་ཅིག་ཡིན་ནོ།” ཞེས་པ་ལྟར་རོ། དེས་ན་སྔར་ཁྱོད་ལ་སྒེར་ལུགས་པའི་ལྷ་འདྲེས་ལུང་བསྟན་པ་ལྟར་མ་ཡིན་པ་དྭངས་གཙང་ཁ་འབབ་རྣམ་བཞིའི་གཞུར་རྒྱུན་ལྟར་གཞན་གྱིས་བསྲེས་ལྷད་མ་ཞུགས་པ་ལོ་རྒྱུས་ཀྱི་གཞུང་རིང་མོ་འདི་ལྟ་བུ་ཞིག་མངོན་སུམ་དུ་གྲུབ་འདུག་པས། ད་ཕན་ཁྱོད་འདྲར་ལུང་དང་རིག་པའི་རྒོལ་གཏམ་གྱིས་དབུལ་ན་ཡང་གཞན་གཞུང་མཐོང་རྒྱ་མེད་ཁར་གང་ཟག་ག་གེ་མོའི་ཟེར་སྒྲོས་ཡིན་ཟེར་འདྲ་བོ་འོལ་ཚོད་ཀྱི་འཆལ་ལབ་དཔྱད་གཞིའི་རིན་ཐང་ཟད་པ་སྔར་ཟེར་ཟེར་མི་སྨྲ་བར་ཅིས་ཀྱང་ངོ་འཕྲོད་པར་གྱིས་ཤིག །