རྒྱང་འདྲི་བ། ཐོར་རྒོད་པ་སྤྱན་ཆབ།
ཐོར་རྒོད་པ་སྤྱན་ཆབ། ཐོག་མར་ཁྱོད་ཀྱི་སློབ་སྦྱོང་གི་རྒྱུད་རིམ་དང་འབྲེལ་ནས་ངོ་སྤྲོད་ཅིག་བྱེད་རོགས་གནོངས།
ཉི་ཟླ་ལྕེ་ནག་ཚང། ངའི་མིང་ལ་སྨན་པ་ཉི་ཟླ་ལྕེ་ནག་ཚང་ཟེར་། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གླིང་འཛུག་མཁན་དང་བོད་སྨན་གསོ་རིག་རྒྱུད་བཞི་ དང་ གཡུ་ཐོག་སྙིང་ཐིག་གི་སློབ་ཁྲིད་དགེ་རྒན་ཡིན། སྔགས་མང་ཞིབ་འཇུག་ཁང་འཛུག་མཁན་དང་སློབ་སྟོན་པ་ཡིན།ཆུང་དུས་ལོ་དྲུག་ཙམ་ནས་ རྨ་ལྷོ་དམག་ཁྲང་འབྲོག་པའི་སྦྲ་གུར་སློབ་གྲྭར་བསྐྱོད། དེ་རྗེས་སུ་རྨ་ལྷོ་མི་རིགས་སློབ་འབྲིང་དུ་ཞུགས། ༡༩༨༥ལོར་ནས་༡༩༨༩ལོར་བར་རེབ་གོང་དགེ་འོས་སློབ་གྲྭ་འགྲིམས་ལ་རྗེས་སུ་རྨ་ལྷོ་ སོག་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ལོ་གཅིག་ལྷག་བྱས། ༡༩༩༠ལོར་ནས་རྨ་ལྷོ་རྫོང་སོག་བོད་སྨན་ཁང་དུ་བོད་སྨན་གཞུང་ལུགས་དང་ལག་ལེན་ གཉིས་ཆར་སློབ་སྦྱོང་བྱས། ༡༩༩༡ལོར་ནས་༡༩༩༦ལོ་བར་དུ་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ་རུ་དེང་རབས་ གསོ་རིག་གི་རྨང་གཞི་དང་། བོད་ཀྱི་གསོ་བ་རིག་པ་ལ་སློབ་གཉེར་བྱས། ༡༩༩༦ལོར་བོད་ཀྱི་གསོ་རིག་གི་ལག་ལེན་ནི་ལྷ་ས་སྨན་རྩིས་ཁང་དང་ལྷོ་ཁ་སྨན་རྩིས་ ཁང་དུ་སྦྱངས། ཁྱད་པར་དུ་མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་དང་མཁན་པོ་ཁྲོ་རུ་ཚེ་རྣམ་མཆོག་ཟུང་ལས་ བོད་ཀྱི་གསོ་བ་རིག་པ་དང་གཡུ་ཐོག་སྙིང་ཐིག གསང་སྔགས་སྐོར་ལ་སོགས་པ་སྦྱངས། དེ་དང་མཉམ་དུ་རྣལ་འབྱོར་མ་ངག་དབང་རྒྱལ་མཚན་དང་ཆོས་ཉིད་རིན་པོ་ཆེ་ལ་སོགས་པ་ ནས་རྙིང་མའི་ཆོས་སྐོར་བཀའ་གཏེར་གྱི་དབང་ལུང་ཁྲིད་གསུམ་མང་དུ་ཞུས། ༡༩༩༧ལོར་ལྷ་ས་མྱུར་སྐྱོབ་སྨན་ཁང་དུ་དེང་རབས་སྨན་གྱི་སློབ་སྦྱོང་དང་དེའི་ སྐོར་ལ་སྐད་བསྒྱུར་བྱས། འདི་གསོ་རིག་དྲྭ་བ་ལས་བཤུས། www.sorig.net
ཐོར་རྒོད་པ་སྤྱན་ཆབ། ཉིད་ཀྱིས་རྒྱུད་རིམ་འདྲ་མིན་དང་སྤྱི་ཚོགས་སྣ་མིན་གྱི་ཁྲོད་ནས་རྙེད་པ་ཡོད་ ཚད་ལས་སྤྱི་ཚོགས་སུ་བཞག་པའི་དཔེ་དེབ་དག་ངོ་སྤྲོད་མདོར་བསྡུས་ཤིག་གནང་ན་གང་ འདྲ་འདུག
ཉི་ཟླ་ལྕེ་ནག་ཚང། ཆུང་དུས་ནས་སྙན་ངག་འབྲི་རྒྱུ་དགའ་པོ་བྱུང་། གཅེན་པོ་ལྗང་བུའི་ཤུགས་རྐྱེན་དང་། སྤྱིར་བོད་ལ་སྙན་ངག་འབྲི་མཁན་མང་པ་ཚོའི་ཤན་ཤུགས་ཀྱིས་༡༩༩༦ལོ་ལ་སྙན་ངག་དེབ<ངས་ཁྱེད་རང་ཁུ་སུམ་
ཐོར་རྒོད་པ་སྤྱན་ཆབ། ཁྱོད་ཀྱིས་བསམ་ན་བརྩེ་དུང་བའི་སེམས་ཁམས་དང་སྨན་པའི་སེམས་ཁམས་བར་ན་འབྲེལ་བ་ཡོད་དམ། ཡོད་ན་དེ་གང་འདྲ་ཞིག་རེད།
ཉི་ཟླ་ལྕེ་ནག་ཚང། སྤྱིར་མི་ཚང་མ་སྤྱིར་བཏང་གི་བརྩེ་དུང་པ་ཡིན་པ་ཤེས་སླ། བརྩེ་བ་དང་དུང་ཞེན་ནི་མི་ཚང་མར་ཡོད་ཀྱང་། དེའི་ཚད་གཞི་ནི་འདྲ་
མིན་ རེད། སྨན་པ་ཞིག་གིས་ཤེས་དགོས་པའི་སེམས་ཁམས་རིག་པ་ལ་བརྩེ་དུང་གི་སེམས་ཁམས་ཤེས་ རྒྱུ་ཤིན་ཏུ་གལ་ཆེ། སེམས་ནད་མང་པོ་ཞིག་གི་རྒྱུ་རྐྱེན་བརྩེ་དུང་གི་རྙོག་འཛིང་དང་དཀའ་ངལ་ལ་རག་ལས་ ཡོད་སྟབས། བོད་སྨན་པ་ཞིག་གི་ཆ་ནས་སྨན་སྤྲོད་རྒྱུ་ཁོ་ན་མིན་པར་སེམས་ཁམས་ཀྱི་དཀའ་ངལ་ སེལ་ཤེས་དགོས། དེང་དུས་ནུབ་ཕྱོགས་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་མང་པོར་སེམས་ནད་ཀྱི་ ནད་པ་ནི་དུས་རིམས་བཞིན་མཆེད་པ་མགྱོགས་པའོ།།
ཐོར་རྒོད་པ་སྤྱན་ཆབ། གོང་ཞུས་བཞིན་ཁྱོད་ཉིད་སྙན་ངག་འབྲི་རྒྱུར་དགའ་བ་དང་སྐད་རིགས་སློབ་སྦྱོང་ལ་ ཤིན་ཏུ་དགའ་བ།བོད་ཀྱི་གསོ་རིག་སྐོར་ལ་རྩོམ་རྒྱུར་དགའ་སྤྲོ་ཤིན་ཏུ་ཆེ་བ་ལགས་ ནའང་། ཉིད་ཀྱིས་དེང་སང་ཕྱག་ལས་ཐད་ཀར་སྨན་པ་ཁོ་ན་བྱེད་དོན་ཅི་ཡིན། ཡང་ན་དེང་སང་ད་དུང་ཉིད་ཀྱིས་སྙན་ངག་འབྲི་བཞིན་ཡོད་དམ་དེའི་རྒྱུ་མཚན་ཅི་ཡིན།
ཉི་ཟླ་ལྕེ་ནག་ཚང། སྨན་པའི་ལས་དོན་ནི་ཤིན་ཏུ་རྒྱ་ཆེ་བ་ཞིག་ཡིན་པས་དོན་དག་གཞན་སྒྲུབ་རྒྱུ་ལ་ དུས་ཚོད་མང་པོ་མེད། སྨན་པ་བྱེད་པ་དང་། སྨན་གྱི་སློབ་ཁྲིད་དང་། སློབ་ཁྲིད་ཕྱོགས་དང་གསོ་རིག་ཞིབ་འཇུག་སོགས་ལ་དུས་ཚོད་ཧ་ཅང་མང་པོ་དགོས་སྟབས། ཕལ་ཆེར་ལོ་རེ་ལ་བདུན་ཕྲག་གསུམ་ཙམ་གྱི་གུང་གསེང་ལེན་རྒྱུ་ཡང་ཁག་པོ་རེད། འོན་ཀྱང་། ཞོར་དུ་ཨུ་རུ་སུའི་སྐད་དང་སི་པན་ཡ་སྐད་སོགས་སྦྱང་བཞིན་ལ། སྙན་ངག་ཙམ་རེ་སྐབས་སུ་འབྲི་བཞིན་ཡོད། དེ་ནི་ཞོར་གྱི་སྤྲོ་བ་ཡོང་ཆེད་དང་བརྩེ་སེམས་ཙམ་རེ་མཚོན་དོན་ཡིན།
ཐོར་རྒོད་པ་སྤྱན་ཆབ། ལགས་རེད། ཡིན་ན་ངས་ཉིད་ལ་བཅར་འདྲི་བྱེད་བཞིན་པའི་སྐབས་འདིའི་ཁྱེད་ཉིད་ཀྱི་བྱ་བཞག་གལ་ ཆེའི་རིགས་དང་ཡང་ན། ཉིད་ཀྱི་ཉིན་གཅིག་གི་ཕྱག་ལས་གནངས་སྟངས་དེ་གང་འདྲ་ཞིག་ཡིན་ནམ་ངོ་སྤྲོད་ཞིག་ གནང་རོགས་ཞུ།
ཉི་ཟླ་ལྕེ་ནག་ཚང། ཨ་རི་ལ་འབྱོར་ནས་ཉིན་ཤས་འགོར་སོང་། ཐོག་མར་ཁྱེད་ཚོར་མཚམས་འདྲི་ཡོད། ངའི་ལས་ཀ་མང་ཆེ་བ་སློབ་ཁྲིད་ཡིན། ཉིན་རེ་ལ་སྔ་དྲོ་ཆུ་ཚོད་གསུམ་གྱི་སློབ་ཁྲིད་དང་ཕྱི་དྲོ་ཡང་ཆུ་ཚོད་གསུམ་བཅས་ ཉིན་རེ་ལ་ཆུ་ཚོད་དྲུག་གི་སློབ་ཁྲིད་ནི་ཕལ་ཆེར་ཆད་མེད་ཡིན། དེ་རྗེས་ནད་པ་བལྟ་བ་དང་། དེ་ནས་སློབ་ཁྲིད་གྲྭ་སྒྲིག་དང་དཔེ་ཆ་སྒྲིག་པ་བཅས་ཕལ་ཆེར་ཆུ་ཚོད་བཅུ་ནས་བཅུ་ གཉིས་ཙམ་ལ་ལས་དོན་འདུག གཙོ་བོ་ནི་རིག་གནས་འདི་ལ་བསྲུང་སྐྱོབ་དང་རྒྱུད་འཛིན་དང་དར་སྤེལ་བྱ་ཐུབ་ན་ བསམ་པ་ཡིན། ལོ་རེ་ལ་རྒྱལ་ཁབ་བཅོ་ལྔ་ནས་ཉི་ཤུ་བར་འགྲུལ་བསྐྱོད་དང་སློབ་ཁྲིད་བྱ་དགོས་ སྟབས་དུས་ཚོད་ནི་ཧ་ཅང་དཀོན་པོ་ཞིག་རང་བཞིན་གྱིས་ཆགས། སྐབས་རེར་གནམ་གྲུ་ཐང་དང་མེ་འཁོར་འབབ་ཚུགས་སུ་རང་ཉིད་གཅིག་པུ་ཡིན་དུས་འབྲི་ བཞིན་པའི་དཔེ་ཆ་རིགས་ཀྱང་འབྲི་ཁོམ་ཡོད་པ་དང་ཐ་ན་སྐད་རིགས་གཞན་རྣམས་ཀྱང་ཅུང་ སྦྱང་ཁོམ་རེ་ཡོང་བས་སེམས་པ་སྐྱིད་ཙམ་འདུག དཔེ་ཆ་བལྟ་ཀློག་སྐོར་ཕལ་ཆེ་བ་འགྲུལ་བསྐྱོད་བར་མཚམས་ཁོ་ན་ཡིན།
ཐོར་རྒོད་པ་སྤྱན་ཆབ། བོད་ཀྱི་གསོ་རིགས་ཀྱི་ཕྱོགས་ལ་ཕྱི་རྒྱལ་ཁག་ཏུ་ཤེས་ཚད་དང་གདེང་འཇོག་ཅི་འདྲ་ ཡོད་པ་དང་ད་སྔར་སྐུ་ཉིད་ཀྱིས་དེའི་ཐད་ལ་ནུས་པ་ཅི་ཙམ་ཐོན་པར་ངོས་འཛིན་བྱེད་ ཀྱིན་ཡོད།
ཉི་ཟླ་ལྕེ་ནག་ཚང། དེང་དུས་ཕྱི་རྒྱལ་དང་ནུབ་ཕྱོགས་རྒྱལ་ཁབ་མང་པོར་བོད་སྨན་ལ་དོ་སྣང་བྱ་མཁན་ཧ་ཅང་མང་། ཉིན་རེ་ནས་ཉིན་རེར་མང་དུ་
འགྲོ་ བཞིན་ཡོད་ཅེས་བཤད་ཆོག དེའི་ནང་དུ་ཆེད་ལས་མཁས་པ་དང་། ཞིབ་འཇུག་པ་དང་། སྨན་པ་དང་སློབ་མ་དང་དགའ་ཞེན་པ་སོགས་སྣ་ཚོགས་ཡོད། བོད་སྨན་གྱི་གདེང་འཇོག་ཚད་གཞི་མཐོ་ནས་མཐོ་རུ་འགྲོ་བཞིན་ཡོད་ལ། ཁྱད་པར་སྨན་རྫས་ཞིབ་འཇུག་དང་དཔྱད་བཅོས་སྐོར་སོགས་ནི་དར་སྤེལ་ཆེ། རྒྱལ་སྤྱའི་བོད་ཀྱི་གསོ་རིག་གླིང་དང་ཡན་ལག་གསོ་རིག་ཁང་ནི་བོད་གསོ་རིག་གི་ སློབ་གསོ་དང་ཁྱབ་སྒྲག་ལ་ནུས་པ་མགྱོགས་ཤོས་དང་ཆེ་ཤོས་ཚོང་ལས་མིན་པའི་གསོ་ རིག་ཚོགས་པ་ཞིག་ཡིན་ལ། བདག་གི་ནུས་ཤུགས་གཙོ་བོ་གསོ་རིག་ཁང་གི་ཕྱོགས་ལ་གཏོང་གིན་ཡོད།
ཐོར་རྒོད་པ་སྤྱན་ཆབ། ཉིད་ཀྱི་ནུས་ཤུགས་གཙོ་བོ་བྱེད་སའི་གསོ་རིག་ཁང་དང་རྒྱལ་སྤྱིའི་བོད་ཀྱི་གསོ་ རིག་གླིང་།ཡན་ལག་གསོ་རིག་ཁང་སོགས་ས་གནས་གང་དུ་ཡོད་པ་དང་དབུ་འཛུགས་ནམ་གནང་ ངོ་སྤྲོད་ཅིག་གནང་ན་འགྲིག་གམ།
ཉི་ཟླ་ལྕེ་ནག་ཚང། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གླིང་གི་གནས་ཚུལ་གསལ་པོ་དྲྭ་རྒྱ་ཁག་ལས་ཤེས་ ཐུབ། འདིའི་གསོ་རིག་དྲྭ་བ་ནི་སྐད་རིགས་མང་ཤོས་དང་རྒྱུག་ཆེ་ཤོས་ཀྱི་གསོ་རིག་དྲྭ་ བ་ཡིན་པས་ངོ་སྤྲོད་ཅུང་ཞུས་ན།
1.རྨང་གཞིའི་དྲྭ་བ་ནི་ www.iattm.net ཡིན་ པ་དང་དེ་ནི་གཙོ་བོ་དབྱིན་སྐད་དང་། གཞན་ཕ་རན་སི་སྐད་དང་། ཨི་ཊ་ལི་སྐད། ཕེན་ལན། ཨུ་རུ་སུའི་སྐད། འཇར་པན་སྐད་བཅས་སུ་ཡོད་པ་དང། དེ་རུ་གསོ་རིག་འབྲེལ་གཏུག་ཁ་བྱང་རྒྱལ་ཉི་ཤུ་ལྷག་ཡོད།
2.ལྟ་ན་སྡུག་གསོ་རིག་སློབ་གྲྭ་ཆེན་མོ་ཟེར་བ་ནི་དྲྭ་ཐོག་བརྒྱུད་ནས་སློབ་ཁྲིད་བྱ་བཞིན་པའི་བོད་སྨན་གྱི་དྲྭ་ཕྱེས་སློབ་གྲྭ་ཆེན་མོ་ (Open University) ཆེས་ཐོག་མ་ཡིན་ལ། དེའི་དྲྭ་བའི་ཁ་བྱང་་ནི།www.tanadukuni.com
3.ཨ་རིའི་བོད་ཀྱི་གསོ་རིག་དྲྭ་བ་ནི www.thesoriginstitute.com
4.ཨི་ཊ་ལིའི་བོད་ཀྱི་གསོ་རིག་དྲྭ་བ་ནི། www.medicinatibetana.com
5.ཕོར་ཏོ་རྒལ་སྐད་ཀྱི་བོད་ཀྱི་གསོ་རིག་དྲྭ་བ་ནི། www.medicinatibetana.pt
6.ཉི་ཧོང་ངམ་འཇར་པན་གྱི་བོད་ཀྱི་གསོ་རིག་དྲྭ་བ་ནི www.tibetan-igaku.com
7. འཇར་མན་སྐད་ཀྱི་གསོ་རིག་དྲྭ་བ་ནི། www.attm.de
8.སུད་སིའི་གསོ་རིག་དྲྭ་གནས་ནི།
9.ཨེ་ས་ཏོ་ཡི་ཡའི་སྐད་ལ། www.tibetamedicine.et
10.ཡུ་གི་རེན་སྐད་ཀྱི་གསོ་རིག་དྲྭ་བ་ནི། www.iattm.com.uc
11.ཞི་ཕན་ཡ་སྐད་ཀྱི་བོད་ཀྱི་གསོ་རིག་དྲྭ་བ་ནི www.medicinatibetana.eu
12. ཨུ་རུ་སུའི་བྷོ་རི་ཡ་ཐུའི་སྐད་ཀྱི་གསོ་རིག་དྲྭ་བ་ནི། www.yuthokling.ru
13.རོ་མ་ཉི་ཡའི་སྐད་ཀྱི་གསོ་རིག་དྲྭ་བ་ནི། www.iamtt.ro
14.ལིའི་ཐོ་ཉི་ཡའི་སྐད་ཀྱི་གསོ་རིག་དྲྭ་བ་ནི།། www.tibetanmedicine.lt
15. སྨན་ རྩིས་ཀྱི་དྲྭ་བ་ནི་གསོ་རིག་སློབ་མ་དང་ཆེད་ལས་པ་རྣམས་ལ་དམིགས་པའི་རྩིས་ལུགས་ ལས་སྨན་བཅོས་ལ་ཆེད་དུ་མཁོ་བ་རྣམས་ཉིན་ལྟར་དྲྭ་ཐོག་ཏུ་ཡོད་ལ་ད་ལྟ་དབྱིན་སྐད་ དང་ཕ་རན་སིའི་སྐད་གཉིས་སུ་ཡོད།་ www.sorigastro.com
16.བོད་ཀྱི་གསོ་རིག་ལས་གཡུ་ཐོག་སྙིང་ཐིག་དྲྭ་བ་ནི། www.yuthokling.com
17.བོད་སྐད་ཀྱི་གསོ་རིག་དྲྭ་བ་ནི། www.sorig.net
18.གསོ་རིག་དཔེ་སྐྲུན་གྱི་དྲྭ་གནས་ནི། www.sorigpublications.com
19. གཞན་ཐོན་བཞིན་པ་ནི་ www.sorig.cn
20. གསོ་རིག་འགྲུལ་བསྐྱོད་ www.sorigtravel.com
ཐོར་རྒོད་པ་སྤྱན་ཆབ། ལགས་ཡིན་ན་ཉིད་ཀྱིས་ད་ལན་གྱི་གོ་སྐབས་འདི་བཟུང་ནས་དབྱངས་གསལ་སོ་བཞིའི་བདག་ པོའི་སྤྱི་ཚོགས་འདིར་སེམས་ཀྱི་སྐད་ཆ་ཅི་ཞིག་འཆད་འདོད་ཡོད་དམ།
ཉི་ཟླ་ལྕེ་ནག་ཚང། བོད་མི་སུ་ལ་མཚོན་ན་ཡང་རང་ཉིད་ཀྱི་སྐད་ཡིག་སློབ་གཉེར་ཡང་དག་ཅིག་བྱས་ནས་བོད་ རང་ཉིད་ཀྱི་རིག་གནས་ལ་རྒྱུན་འཛིན་དར་སྤེལ་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ། བོད་ཀྱི་རིག་གནས་ཆེ་ཆུང་བཅུ་གང་འདྲ་ཞིག་ཡིན་ན་ཡང་། སྤྱི་ཚོགས་གསར་བ་དང་མི་རབས་གསར་བའི་སེམས་ཁམས་དང་མཐུན་པར་དར་སྤེལ་དང་རྒྱུད་ འཛིན་བྱ་རྒྱུ་དང་། གཞན་སྐད་ཡིག་གཞན་གང་མཁོ་སློབ་སྦྱོང་དང་། ཁྱད་པར་དུ་རིག་གནས་གསར་བ་དང་ཚན་རིག་དང་ལག་རྩལ་གསར་བ་སོགས་ལ་སློབ་སྦྱོང་ ལེགས་པོ་བྱས་ཏེ་ལས་དོན་སྐྱོང་དགོས། མདོར་ན་མི་རབས་གསར་བ་ལ་སློབ་གསོ་ཚད་ལྡན་དང་ཆོས་སྲིད་ཀྱི་གོ་རྟོགས་བཟང་པོ་ ངེས་པར་དུ་དགོས་པར་སྙམ་མོ།།
2012/06/21 ཉིན་གྲུབ་པར་བྱས།
གནས་ཚུལ་མཁོ་སྤྲོད་བྱེད་པ་ཐུགས་རྗེ་ཆེ། དངོས་གནས་ཕྱག་ལས་ཡག་པོ་གནང་བཞིན་འདུག་པས་ཐུགས་རྗེ་ལེགས་འབུལ་ཡོད།
ངོ་མ་བཟང་གི མྱི་གཅིག་གི་སྒང་ན་པ་པོ་བ་བོ་མང་པོ་ཅན་དེ་གོ་ཁྱོ་རེད། གུས་བཀུར་ཡོད།
ཨ་དྲིན་ཆེན་ཚོ། འདི་འདྲ་མང་པོ་ཞིག་ཨེ་བདེན་ནམ། དཀོན་མཆོག་མཁྱེན། ངོ་མ་རླབས་ཆེན་རེད།
ཉི་ཟླ་འདི་མྱི་རེ་བ་ཅན་ཞིག་ཡིན། ཁོའི་ཡོན་ཏན་འཇིགས་ཀི
ད་དངོས་ནས་ཡག་པོ་འདུག ང་ཚོ་བཙན་བྱོལ་བའི་སྤྱི་ཚོགས་ནས་ཤེས་འཇོན་པ་དེ་ལྟ་བུ་ཐོན་མི་ཐུབ་པ་ཅི་ཡིན་ནམ། ང་ཚོས་རྒྱུན་གཏན་བརྗོད་བཞིན་པའི་རྒྱ་དམར་གིས་ང་ཚོའི་རིག་གཞུང་རྩ་མེད་བཟོ་ཀྱི་འདུག ཡིན་ནའི་ཁོང་ནི་རྒྱ་གཞུང་སློབ་ཐར་སོན་པ་ཞིག་ཡིན་པས་ད་ང་ཚོར་ག་རེ་བརྗོད་འདུག་གམ
གླིང་དཀར་ལྷ་རྗེ་ལགས། རྒྱུ་མཚན་ནི། བོད་དུ་བོད་མི་འབུམ་ ༥༩ ཡོད་པ་དང་བཙན་བྱོལ་དུ་བོད་མི་འབུམ་ ༡ ཡོད་པའི་ཁྱད་པར་གྱིས་སོ།། གལ་ཏེ་འབུམ་ ༣༠ རེ་འདྲ་མཉམ་གྱིས་བོད་ཕྱི་ནང་གཉིས་སུ་ཡོད་ན་ཁྱོད་ཀྱི་དྲི་བ་དེ་གནད་དུ་ཁེལ་བ་རེད། གཞན་དུ་བཙན་བྱོལ་ལ་ཟུར་ཟ་ཙམ་གྱིས་གར་ཡང་མི་ཕྱིན་ཏོ།།
ངོ་མ་མི་བུ་འཇོན་ཐང་ཅན་ཟེར་བ་ཁོང་རེད་འདུག་་་་ཕྱག་ལས་དེ་འདྲ་མང་པོ་ཞིག་གནང་དང་གནང་མུས་དག་ནི་ཅི་འདྲའི་རླབས་ཆེ་ཞིང་དོན་སྙིང་ལྡན་པ་ཞིག་རེད་ཨང་།་་་སླད་ནས་ཁྱོད་ཀྱི་བྱ་གཞག་ཐམས་ཅད་ཡར་ནས་ཡར་ལྡན་དུ་འགྲོ་བའི་སྨོན་འདུན་ཞུ།
སྔགས་རྒན་ལྕེ་ནག་སང་ལ་བསྔགས་བརྗོད་ཡོད་མོད། དྲ་འུར་ཙམ་མིན་པར་མུ་འཐུད་དུ་འབོད་ཨ།
ངོ་མ་རླབས་ཆེན་རེད། བྱ་བཞག་ཀུན་བཀག་མེད་ཡིད་བཞིན་ཏུ་འགྲུབ་པར་སྨོན།
རྩོམ་པ་བོ་དང་སྨན་རམས་པ་ཉི་ཟླ་ནི་ངེས་དོན་གྱི་རྣམ་དཔྱོད་ལྡན་པའི་བོད་མི་ཅིག་ཡིན་པ་སྔ་མོ་ནས་ཐོས་མྱོང་བས།ཁོང་ལ་ཕྱག་ལས་ལམ་འགྲོ་ཡོང་བར་སྨོན།
ལྕེ་ནག་ཚང་གི་བུ་རབས་ཚ་རྒྱུད་དེ་དག་གཅིག་ནས་གཅིག་འཇིགས། ཉི་ཟླས་གསོ་རིག་སྐྱོབས། ལྗང་བུས་སྙན་ངག་སྐྱོབས། ཚེ་སྐྱིད་ཀྱིས་སྒྱུ་རྩལ་སྐྱོབས། ཨ་ཨ་ཨ།
ལོ་གཉིས་ཙམ་སྔོན་ནས་གསོ་རིག་དྲ་བ་བརྒྱུད་ཁོང་གི་སྐོར་ལ་རྒྱུས་ཡོད་དུ་གྱུར་བ་དང་ལྷན་དུ་ཁོང་གི་ཕྱག་ལས་གནང་ཕྱོགས་དང་དམིགས་འདུན་ལ་ཡིད་སྨོན་དང་ཡི་རིངས་བཅོས་མིན་བྱུང་། དེ་དང་མཉམ་དུ་བོད་སྐད་ཡིག་ནང་གསོ་རིག་དྲ་བ་འདི་མུ་མཐུད་མདུན་སྐྱོད་ཅིག་བྱས་ན་བསམ་ནས་རེ་སྐུལ་མང་པོ་བྱས་ཀྱང་། མངོན་གསལ་ཅན་གྱི་ཡར་རྒྱས་ཞིག་ཕྱིན་མ་སོང་། གང་ལྟར། ཁྱད་མི་འདུག དེ་རིང་གི་གོ་སྐབས་འདི་བརྒྱུད་ཁོང་ལ་བཀྲིས་བདེ་ལེགས་དང་། ཕྱག་ལས་ལམ་ལྷོང་བའི་སྨོན་འདུན་ཞུ།
ཤ་བག་ལེབ་ཅེས་པའི་གཞས་གཏོང་མཁན་ཀརྨ་ཟེར་པ་དེ་ཡང་ཉི་ཟླ་ཚང་འདི་དང་མགོ་སེར་མ་ཞིག་གི་བུ་རྒྱུད་རེད་ཟེར་པ་དེ་བདེན་ནམ།
ཉི་ཟླ་ལྕེ་ནག་བོད་པ་མ་རེད་ཟེར། དྲ་ལྟ་ཚོ།
དངོས་གནས་སྐྱེས་བུ་རླབ་ཆེན་ཞིག སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་དགོས།
ལྕེ་ནག་ཚང་བོད་པ་ཡིན་པ་བཤད་མ་དགོས་མོད། བོད་ལ་ཤ་ཞེན་མེད་པ་བདེན་པ་རེད། ཡིན་ན་ཡང་ཁོ་རང་ཉིད་ཀྱི་ཕྱོགས་ནས་བོད་ཀྱི་གསོ་བ་རིག་པ་དང་། ཕྱི་གླིང་བའི་གསོ་རིག་སྡེབ་སྦྱོར་གཅིག་ཏུ་སྤུངས་ཏེ་ཆེད་སྦྱོང་འཛིན་གྲྭ་མང་པོ་ཞིག་འཚོགས་བཞིན་པ་ཤིན་ཏུ་ལེགས།
མཚམས་འདྲི་དང་བསྔགས་བརྗོད་ཡོད།
དྲ་གྲོགས་ཚོ་བསམ་བློ་ཐོངས་ཨ།ཉི་ཟླ་དང་ལྗང་བུ་སོགས་བོད་པ་མིན་ན་འཇུ་བསྐལ་བཟང་སོགས་ཀྱང་བོད་པ་མ་རེད་ད།
ཁྲི་རལ་པ་ལགས། ཉི་ཟླ་དང་ལྗང་བུ་རྣམ་པ་གཉིས་བོད་མི་ངོ་མ་ཡིན་པར་མནལ་ཞིག་སྐྱོལ་དང་ངའི་དཔང་རྟགས་སྟོན་ཆོག དགོས་པ་ཡོད་ན་དེ་མོས་ཟིག་ཡིན་ཐ།
དོན་མེད་མ་རྩོད། ལྗང་བུ་དང་ཉི་ཟླ་གཉིས་སོག་པོ་རེད།
ལྕེ་ནག་ཚང་མི་ཚང་དེ་ལས་མི་འཇོན་ཐང་ཅན་དང་། ཤེས་ཡོན་ཅན། བོད་ལ་ལ་རྒྱ་ཅན་མང་པོ་བྱུང་བཞིན་འདུག་པས་ན་དངོས་ནས་དགའ་འོས་པ་དང་། སྤོ་པ་བྱེད་དགོས་པ་ཤ་སྟག་རེད་བཞག
སྨན་པ་ལྕེ་ནག་ཚང་ཉི་ཟླ་མཆོག་ཤེས་ཡོན་ཆེ་ལ་འཇོན་ཐང་ལྡན་པ། བློ་རྒྱ་ཡངས་ཤིང་ལ་རྒྱ་ཆེ་བ། ཚུལ་ཁྲིམས་མངའ་ལ་གཞུང་དྲང་ཅན་ཞིག་ཡིན་པ་མང་དུ་གོ་རྒྱུ་འདུག
གཞན་སོག་པོ་ཡིན་མིན་མི་ཤེས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཡུམ་ཡིན་ནའང་རྒྱ་མོ་རེད། རུས་གང་ཡིན་མིན་བརྩད་བཅོད་བྱས་ན་ང་ཚོ་ཚང་མའི་རུས་དེ་མཐའ་མ་གང་ཡིན་མིན་སུས་ཤེས།
མེ་ཏོག་དཀར་པོ་ལ། བཙན་བྱོལ་ནང་ནས་གཞུང་ནས་ལྟོ་གོས་སྤྲད་ནས་སློབ་སྦྱོང་སྤྲད་པས་མི་ཉི་ཟླ་ལྟ་བུ་ཞིག་སྟོན་དང་འདི་ནི་ཟུར་ཟ་མིན།
ཡང་འདི་ཚོས་རྫོར་རྟགས་བསྟན་ཡོང་གི སྡེ་བུ་བལྟས་ན་བཟོ་ལྟ་ཡོད་པ། སྟག་ཤ་རའི་ཕོ་ཉམས་དོད་པ། ནང་ན་ཤེས་བྱ་ཡོན་ཏན་ཡོད། ང་ཚོ་བོད་པར་འདི་ལྟ་བའི་ཕོ་གསར་ཡོད་ན་ཡང་། ཡང་བོད་པ་གཙང་མ་མ་རེད་སོགས་དོན་མེད་ཀྱི་སྐད་ཆ་ཉ་ག་ཉོག་གེ ཨ་ཁ་ཁ། ང་ཚོ་ཟིན་བྲིས་པ་རྣམས་ལ་ཅིག་འགྲིག་མི་འདུག དེ་ནས་ཡང་སྐོར་ཞིག་གིས། བཙན་བྱོལ་ནང་ན་ཉི་ཟླ་འདྲ་བ་གཅིག་ཀྱང་མི་འདུག་ཟེར། སྐད་ཆ་དེ་ཡང་བྱིས་པའི་སྐད་ཆ་རང་རེད། གཅིག་བསྟོད་དུས་ཚད་ལ་བརྒལ་བའི་བསྟོད་པ། གཅིག་སྨད་དུས་ཚད་ལ་བརྒལ་བའི་སྨད་བཞག་པ་དེ་ཚོ་ག་རེ་ཡིན་ནམ། ཚད་དང་རན་པ་ཞིག ད་དུང་དོན་དངོས་ལ་གནས་པ་ཞིག་བསྟོད་པ་བྱས་ན་དག་དག་རེད། མ་རེད་དམ།
གླིང་དཀར་ལྷ་རྗེ། བློ་བཟང་སེངྒེ་ཡོད།
ལར་ནས་ཟུར་ཟ་ཡིན་དང་མིན་བཤད་མི་དགོས་པར་ཁྱོད་ཀྱིམཆན་བུ་ཐུང་ཐུང་དེས་ཁ་གྲགས་ཡོང་གི་འདུག་ག
ངས་བཤད་པ་བཞིན་འབུམ་ ༥༩ དང་འབུམ ༡ སྡུར་མ་ཡོངས། ཧེ་བག་ཆེན་པོ་དེ་འདྲ་བསྡུར་ནས་དཀའ་ལས་ཁག་རོགས་ཡིན་དྲོ།
གླིང་དཀར་ལྷ་རྗེ་ལགས། ངས་ཁྱོད་ལ་མི་སྣ་སྐོར་ཞིག་ངོ་སྤྲོད་བྱེད། འབྲུག་རྒྱལ་བོའི་ཆོས་རིག་བློན་ཆེན་ཁོང་ང་ཚོ་བོད་གཞུང་གིས་འགྲོ་སོང་བཏང་ནས་རྣམ་གྲོལ་གླིང་ནས་སློབ་མཐར་ཕྱིན་པ་རེད། རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་བློན་ཆེན་མཚོ་སྣ་རིན་པོ་ཆེ་བཙན་བྱོལ་བོད་གཞུང་གིས་འགྲོ་སོང་བཏང་ནས་འབྲས་སྤུངས་ནས་སློབ་མཐར་ཕྱིན་པ་རེད། ལ་དྭགས་ཁུལ་མངའ་རིས་རིན་པོ་ཆེའི་སྐུ་ཚབ་དགེ་བཤེས་ཕུར་བ་ལགས་བཙན་བྱོལ་བོད་གཞུང་གིས་འགྲོ་སོང་བཏང་ནས་སློབ་མཐར་ཕྱིན་པ་རེད། གོང་གསལ་འདི་དག་གིས་གཞུང་གི་ལས་ཀ་ལས་དགོས་པར་མ་ཟད། བོད་ཡིག་གི་སློབ་གྲྭ་ག་ཚོད་བཙུགས་ཡོད་པ་རེད། དགེ་རྒན་ག་ཚོད་ལ་ལས་ཀ་སྤྲད་ཡོད་པ་རེད། དེ་དག་ནི་མཚོན་ཙམ་ཡིན། ད་དུང་བཙན་བྱོལ་བོད་གཞུང་གི་ལས་ཀ་ལས་བཞིན་པ་བཀའ་བློན་ཁྲི་བ་སོགས་གྲངས་ཀྱི་མི་ལངས་པ་ལོས་ཡོད། འདི་དག་མཚོན་ཙམ་ཞུས་ནས་ཁྱོད་ལ་བསམ་བློ་གཏོང་ཕྱོགས་ཅིག་ཞུས་པ་ལགས།
གླིང་དཀར་ལྷ་རྗེས་གསུངས་སྟངས་བྱས་ན། བཙན་བྱོལ་བོད་གཞུང་ལས་རྒྱ་ནག་གཞུང་བོད་ལ་བཀའ་དྲིན་ཆེ་བའི་སྒྲུབ་བྱེད་ལྟ་བུ་འེ་རེད། བོད་ལ་བཀའ་དྲིན་སུ་ཆེ་ཟེར་ན་ད་དུང་གླེང་དགོས་ལ་རྩོད་པ་བྱེད་དགོས་པ་ཞིག་རེད། འོན་ཀྱང་བོད་ཡིག་ཕྱོགས་ནས་གླེང་ན་དེ་ལས་ཀྱང་དོན་སྙིང་ལྡན། སྔར་པན་ཆེན་རིན་པོ་ཆེ་བཞུགས་དུས་རྒྱ་གཞུང་གིས་བོད་ཡིག་སློབ་གྲྭ་མང་པོ་བཙུགས་པ་བདེན་པ་རེད། འོན་ཀྱང་བོད་ཡིག་གི་ལས་ཀ་སློབ་གྲྭའི་དགེ་རྒན་མ་གཏོགས་ལས་ཀ་སྤྲོད་ཀྱི་མེད་པས། བོད་ཡིག་གི་འཁོར་ཡུག་བོད་ནང་ནས་ཆུང་རུ་ཆུང་རུ་འགྲོ་བཞིན་པ་དང་། ད་དུང་སློབ་གྲྭ་ཁག་གིས་ཀྱང་བསླབ་གཞི་བསྒྱུར་བཅོས་བྱེད་ཀྱི་ཡོད་པའི་བཟོ་ཐོས་ཡ་འདུག
དེ་རིང་གཞོན་ནུ་ངོ་ནག་རོག་རོག་འདྲ་ཞིག་བྱས་ཏེ་སླེབས་འདུག་ག སློབ་ཕྲུག་སྤྲ་ཚག་ཚོས་ལན་འདེབས་མི་ཤེས་པའི་དྲི་བ་དེ་འདྲ་དྲིས་པ་མ་རེད་དམ།
སློབ་ཕྲུག་འདི་ཚོ་ལོ་ཆུང་དྲག་ནས་དྲི་བ་བཀོད་སྟངས་མི་ཤེས་པར་མ་ཟད། ལན་བཏབ་ན་ཡང་ཡག་པོ་ཉན་ཤེས་ཀི་མི་འདུག ད་ཅི་བྱ།
ཧ་ཧ་ཧ་
གོང་ས་སྐུ་ཕྲེང་ན་རིམ་ལས་བཞི་བ་སོག་པོ། ལྔ་བ་ཟ་ཧོར།དྲུག་པ་མོན་པའི་རྒྱུད། བཅུ་བཞི་མཐའ་ཧོར་རིགས་སོགས་ཏེ་གཞན་རྣམས་བརྟག་པར་འཚལ། དེ་ནས་འཇུ་མི་ཕམ་སོགས་འཇུ་རིགས་བྱང་ཧོར་རྒྱུད་ཡིན་པ་ངེད་འཇུ་ཚང་གི་རུས་མཛོད་ལ་གཟིགས། དེང་སང་མི་རེ་འགས་བོད་མ་རེད་རྒྱལ་རོང་རེད་ཁམས་པ་རེད་འབྲུག་པ་རེད་ལ་དྭགས་པ་རེད།སོགས་ཟེར་བར་ གོ་རྒྱུ་གང་འདྲ་འདུག། དེང་སང་ཚེ་རིང་འོད་ཟེར་རྒྱ་མོ་རེད། ལྷ་རྗེ་ཉི་ཟླ་སོག་པོ་རེད།བློ་བཟང་སེང་གེ་རྫུན་མ་རེད། རྩོམ་པ་ལྗང་བུར་བོད་ཞེན་མེད། ནམ་མཁའི་ནོར་བུ་བོན་པོ་རེད། ཨ་ཁུ་པད་མ་སོ་པ་རེད། མཁར་རྨེ་བསམ་གཏན་དད་ལོག་རེད། སེང་གེ་རྡོ་རྗེ་ཡེ་ཤུ་རེད། དོང་སྤྲུག་ཞོགས་དུང་ནང་རུལ་རེད་སོགས་ཁ་ཁོམ་པ་དག་ལ་དྲ་མཆན་གྱི་རྩོམ་མང་པོ་འབྲི་བའི་གཞི་ས་བོན་མང་པོ་འདུག་ག།།།།
ད་དུང་ཡོད། བོད་ནང་ན་བཞུགས་པའི། Microsoft word ནང་ལ་བོད་ཡིག་ཧི་མ་ལ་ཡ་བཟོ་མཁན་དང་། རྒྱ་བོད་དབྱིན་གསུམ་གྱི་ཚིག་མཛོད་སྔོ་ལྡང་མ་བཟོ་མཁན་ཚེ་རིང་ཤྰཀྱ་ཡང་བཙན་བྱོལ་བོད་གཞུང་གིས་འགྲོ་སོང་བཏང་ནས་མ་སོ་རི་སློབ་གྲྭར་གསོ་སྐྱོང་གནང་པ་རེད།
ཀྲུང་གོས་གསོ་སྐྱོང་ག་ཚོད་བྱས་ན་ཡང་བོད་མི་ཞིག་ལ་རྒྱལ་ཁབ་ཅིག་གི་བཀའ་བློན་གསོ་སྐྱོང་མི་བྱེད་ཁོ་ཐག་ཡིན། མངའ་སྡེ་བློན་ཆེན་ཡང་གསོ་སྐྱོང་བྱེད་མི་ཐུབ་ཁོ་ཐག་ཡིན། གཅིག་བྱས་ན་ཚོགས་ཆེན་འཐུས་མི་ཙམ་གསོ་སྐྱོང་བྱེད་ཐུབ་ངེས། ཚོགས་ཆེན་འཐུས་མི་ཙམ་རྩིས་ན་གྲངས་ཀྱི་མི་ལངས་པ་ཡོད། ལ་དྭགས་བླ་མ་བློ་བཟང་། བླ་མ་ཆོས་འཕེལ་བཟོད་པ། འདི་ཚོ་ཚང་མ་རྒྱ་གར་རྒྱལ་ཁབ་ཀྱི་རྒྱལ་ཡོངས་འཐུས་མི་རྐྱང་རྐྱང་རེད་ལ། བོད་གཞུང་གིས་གསོ་སྐྱོང་བྱས་པ་རྐྱང་རྐྱང་རེད། ད་དུང་འབྲུག་རྒྱལ་གྱི་འཐུས་མི་ཕར་ཞོག བློན་པོའི་གྲས་ན་ཡང་བཙན་བྱོལ་བོད་གཞུང་གིས་གསོ་སྐྱོང་བྱས་པའི་བློན་པོ་ཡོད་པ་མཁྱེན་དགོས་སོ།
ཚིག་མཛོད་སྔོ་ལྡང་མ་རྩོམ་སྒྲིག་བྱེད་མཁན་བཀྲ་ཤིས་ཚེ་རིང་རེད། ཁོས་བོད་མ་ཤོར་གོང་རྒྱ་གར་ནས་དབྱིན་ཡིག་ཏོག་ཙམ་སྦྱངས་པ་དང་། དེ་ནས་ཨ་རིའི་ང་ཡོད་སའི་ཞིང་ཆེན་འདི་ནས་དབྱིན་ཡིག་སྦྱངས་རྗེས། རིག་གསར་མགོ་མ་ཚུགས་ཙམ་ལ་བོད་དུ་ཕྱིར་ལོག་པ་རེད། ཚེ་ཤཱཀ་ལ་ཡང་ཚིག་མཛོད་ཅིག་ཡོད་ན་ལོགས་ཀ་རེད།
དེ་ངས་རང་འཐག་མཇའ་མགོ་ནས་འཁོར་རྒྱུ་མང་དྲག་ནས་ཚག་ར་འཐག་ནི་རེད། སྐལ་ཆད་ཀོ་ཁྱོད་འདིས་འཚག་ར་ཅི་ཡང་འཐག་གི་མི་འཇུག་ནོ་ཆི་ཟིག་རེད་ཀོ
ཟླ་མེད། བདེན། ད་དུང་གསུང་སྒྱུར་ཐུབ་སྦྱིན་སོགས་མང་ནི་རེད།
ཤེས་ཡོན་གྱི་ཕྱུག་པའི་མི་སྣ་འདི་འདྲ་ཞིག་ང་ཚོའི་སྤྱི་ཚོགས་ནང་བྱུང་བ་ནི་ནད་གདུང་གིས་མནར་བའི་འགྲོ་བ་ཡོངས་ཀྱི་གསོས་སྨན་དུ་གྱུར་། འོན་ཀྱང་གསོ་རིག་གི་ཐོག་ལ་ལོ་ངོ་ཁ་ཤས་ལས་སློབ་སྦྱོང་མི་གནང་བར་དགེ་རྒན་ཆེན་མོ་གནང་བར་ཡ་མཚན་ཤིན་ཏུ་ཆེ། དེ་སྔོན་བླ་སྨན་ཞིག་གིས་གསུངས་གསལ་ལ་བོད་ཀྱི་གསོ་བ་རིག་པ་ནི་རྒྱ་མཚོ་ལྟ་བུ་ཞིག་ཡིན་ཞིང་དེའི་ནང་ནས་གསོ་རིག་གི་ནོར་བུ་ལེན་མཁན་ནི་ཉིན་མོའི་སྐར་མ་འདྲ་ཞེས་གསུངས་པར་གཞི་བཞག་ན་ད་བར་བཙན་བྱོལ་ལ་ཡོངས་ནས་མི་ལོ་ ༦༠ ལྷག་ཤིང་ལོ་ངོ་ ༦༠ རིང་སློབ་སྦྱོང་བྱས་ཀྱང་ཕུལ་དུ་བྱུང་བ་རེ་ཟུང་ལས་མེད་སྟབས་ངོ་མ་ཡིད་ཆེས་ཤིན་ཏུ་ནས་དཀའ་ལ་དེ་བས་ཀྱང་བསམ་མི་རུང་བ་ཇི་སྙེད་ཅིག་བཅོལ་མིན་གྱི་སེམས་ཁོངས་སུ་ཤར།།།