བོན་རྒྱ་བསྟན་འཛིན་རབ་རྒྱས།
སྐྱབས་ཡུལ་དགེ་འདུན་པར་རྟ་ལྕག་གིས་ཉེས་ཆད་གཅོད་བཞིན་པའི་ཐད་བཏོན་པའི་
ཐོག་མའི་བསམ་འཆར།
སྟོན་པ་ཏཱ་ལའི་བླ་མ་ལ་ཕྱག་འཚལ་ལོ།།
དང་པོར་སྙིང་རྗེས་ཀུན་ནས་བསླངས་པ་ཞིག །
བར་དུ་རྒྱུ་འབྲས་དཔང་པོར་བཅོལ་བ་ཞིག །
ཐ་མར་རིགས་པས་ཐག་གིས་བཅད་པ་ཞིག །
སྡུག་སྲོན་མིག་ཆུས་གཤེར་ན་ཞེ་རེ་ཕམ། །
༡ གླེང་གཞི།
ང་ཚོ་ནང་བ་སངས་རྒྱས་པ་ནི། སྤྱོད་པ་འཚེ་བ་མེད་པ་དང་ལྟ་བ་རྟེན་འབྱུང་བཀར་བཏགས་ཀྱི་ཕྱག་རྒྱ་ལ་གནས་པའི་ཆོས་ལུགས་པ་ཞིག་རེད་ལ། སྟོན་པ་ཐུགས་རྗེ་ཅན་ནསྋགོང་སྋསྐྱབས་མགོན་ཆེན་པོ་ལ་ཐུག་གི་བར་གྱི་འདུལ་བའི་མངའ་བདག་ཆེན་པོ་དག་དང༌། མཁས་གྲུབ་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་དག་གིས་ཀྱང་འཚེ་བ་མེད་པ་ཕྱི་གསལ་ནང་གསལ་ཞིག་ཉམས་བཞེས་གནང་ནས་འོངས་པ་རེད། རྗེས་འཇུག་གདུལ་བྱ་ང་ཚོས་ཀྱང་ཁོང་དག་གི་རྨད་དུ་བྱུང་བའི་རྣམ་ཐར་ལ་གུས་འདུད་དང༌། ཉམས་ལེན་གང་ནུས་ཅི་ཐུབ་བྱེད་དགོས་པ་ནི། ང་ཚོའི་སྐྱེས་ཐོབ་ཀྱི་ཆོས་སུ་ལས་དབང་གིས་བཞེངས་པ་ཞིག་རེད། དེའི་ཕྱིར་དགེ་འདུན་གྱི་སྡེ་ལ་ཉེས་ཆད་གཅོད་པའི་ལམ་ལུགས་ལ་འཚེ་བ་མེད་པའི་དམ་ཚིག་དང་མི་འགལ་བ། དམ་ཆོས་འདུལ་བའི་དགོངས་དོན་དང་མི་འགལ་བ། ལམ་རིམ་བློ་སྦྱོང་གི་ཀུན་སྤྱོད་དང་མི་འགལ་བ་ཞིག་ངེས་པར་དུ་དགོས་མོད། ད་ལྟའི་གདན་ས་དག་ན་འདུལ་བ་དང་ལམ་རིམ་བློ་སྦྱོང་ན་མི་གསལ་ལ། ཐ་ན་གྲྭ་ཚང་རང་རང་གི་བཅའ་ཡིག་ནའང་མི་གསལ་ཞིང༌། འཚེ་བ་མེད་པའི་ཀུན་སྤྱོད་དང་གཏན་འགལ་དུ་གྱུར་བའི་སྒྲིག་ལམ་སྣ་ཚོགས་ཤིག་གིས། དགེ་འདུན་པར་ཉེས་ཆད་གཅོད་བཞིན་ཡོད་པས། འདི་ལ་ངེས་པར་དུ་ལས་ཀྱི་སྣེ་མོ་བ་དག་གིས་བསམ་ཞིབ་ནན་ཏན་དང༌། དུས་རབས་འགྲོས་བསྟུན་གྱིས་མགྱོགས་མྱུར་ངང་བསྒྱུར་བཅོས་གཏོང་དགོས་པ་ཞིག་རེད།
དེང་སང་ལས་སྣེ་ཁ་ཤས་ཀྱིས་མིའི་རྣམ་འགྱུར་ཡག་མིན་ལ་བལྟས་ནས་ཉེས་པའི་ལྕི་ཡང་ཐག་གཅོད་པ་དང༌། ཁ་ཤས་ཀྱིས་གང་འདོད་ཚོད་མེད་དུ་གཅར་རྡུང་བྱེད་པ། ཚོད་མེད་ཀྱི་སྡང་སྡིགས་སྟོན་པ། ཐ་ན་དུད་འགྲོ་རྟ་ཁ་ལོ་སྒྱུར་བྱེད་ཀྱི་རྟ་ལྕག་ཀྱང་ཡ་ང་ཞེད་སྣང་མེད་པར་སྐྱབས་ཡུལ་དགེ་འདུན་པའི་སྐུའི་སྟེང་འཕྱར་བའི་སྙིང་ཁམས་ཆེན་པོ་ཅན་གྱི་ལས་སྣེ་བ་སྐོར་ཞིག་ཡོད་ལ། དེ་དག་ནི་མགོན་པོ་ཀླུ་སྒྲུབ་ཀྱིས༌། དགེ་སློང་གནས་ལ་དབང་བྱེད་བདག་པོ་དང༌། །གནས་བརྟན་ལས་བྱེད་པ་དང་ནང་ཁྲིམས་པ། །དགེ་བསྐོས་གཙང་སྦྱོར་བ་དང་དམ་བཞག་པ། །གང་ཟག་ལས་བྱེད་རྣམས་སུ་བདག་མ་སྐྱེས། །ཞེས་དང༌། ཡང་ཇི་སྐད་དུ། དགེ་འདུན་ལས་བྱེད་ལས་ཀྱི་ཐ་མ་སྟེ། །དགེ་འདུན་ལས་བྱེད་པ་རུ་བདག་མ་སྐྱེས། །ཞེས་ཐུགས་སྐྱོ་མཛད་པའི་འདི་ཕུང་ཕྱི་ཕུང་གི་ལས་སྣེའི་རིགས་སུ་གཏོགས་པས་ལམ་ལུགས་ངན་པ་འདི་རྒྱ་ཡན་དུ་བཏང་ན། ལས་སྣེ་བ་མང་པོ་ཞིག་འདི་ཕུང་ཕྱི་ཕུང་ལ་སྦྱོར་བ་མ་ཟད། བོད་བསྟན་པ་ཆབ་སྲིད་ཀྱི་མ་འོངས་ལེགས་ཚོགས་བྱ་བར་ཡང་མིང་ཆད་ཆེན་པོ་ཐེབས་ངེས་ཡིན། ལྷག་པར་གདན་ས་ཁག་ལྟ་བུའི་འཚེ་མེད་ཞི་བདེའི་བསྟི་གནས་ཆེན་པོ་ཞིག་གི་ལས་སྣེ་བ་ནི། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བཅའ་ཡིག་ལམ་རིམ་ཆེན་མོ་གཞི་ལ་བཞག དམ་ཆོས་འདུལ་བའི་བཅོས་ཁྲིམས་ལས་གཏན་ལ་ཕབ་པའི་ནན་ཏུར་གྱི་ལས་ཀྱི་རྣམ་གྲངས་བཅོ་བརྒྱད་ཀྱི་སྒོ་ནས་ཐག་གཅོད་པ་དང༌། མཐར་གཏུགས་ན། ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་ཞིང༌། དམན་སྤྱོད་ལྔ་དང་དུ་ལེན་པའི་ཉེས་ཆད་གཅོད་དགོས་པར་གསུངས། དེ་ཡང་ཀུན་སློང་སྙིང་རྗེ་དང༌། ཉེས་པ་ལ་འཇུག་པ་འཕྲོ་གཅོད་པ། ཕྱིན་ཆད་མི་འཇུག་པའི་ཐབས་སུ་འགྲོ་བ་ཞིག་དགོས་པར་གསུངས་པ་ལས་ཕྱོགས་རིས་འཐེན་འཁྱེར་དང༌། མིས་མི་ལ་བཟོ་ལྟ་བཟོ་རྒྱུ་ཞིག་རྩ་བ་ནས་གསུངས་མི་འདུག་ལོ། གཏུམ་དྲག་དང་སྨྱོ་སྤྱོད་དེ་འདྲ་ལག་ལེན་ལ་བསྟྟར་ན། ང་ཚོ་ནི། འཚེ་མེད་ཞི་བདེའི་མཚོན་རྟགས་སུ་གྱུར་བའིྋགོང་ས་སྐྱབས་མགོན་ཆེན་པོའི་རྗེས་འཇུག་ཐོག་མ་ཞིག་ཡིན་པར་ཁས་འཆེ་བས་དེ་ལས་ངོ་ཚ་ཆེན་པོ་ཞིག་མེད་ལ། དེ་ནི་བློས་དཔྱད་མི་བཟོད་པའི་ལྟག་ཆོད་རྣོན་པོ་ཞིག་ཀྱང་རེད། གླེན་པའི་བསམ་ཕྱོགས་ཤིག་ལ་བྱེད་སྤྱོད་དེ་དག་གིས་ལན་རེརྋགོང་ས་མཆོག་ལ་བསམ་བཞིན་ཁ་གཏད་བྱས་བ་ལྟ་བུ་ཞིག་ཏུའང་མཐོང་བས། ངས་ཐོག་མའི་བསམ་འཆར་འདི་ལྟ་བུ་ཞིག་ཁྱེད་ཅག་གི་སྙན་སར་འབུལ་བར་སེམས་ཐག་བཅད་པ་ཡིན།
རྟ་ལྕག་སྔོན་ཆད་འདི་ལྟར་བྱུང་བ་ཨེ་རེད།
༢ འཚེ་བའི་ཉེས་ཆད་ཀྱི་བྱུང་རབས།
ལོ་རྒྱུས་ཐོག་སྔོན་ཆད་འཚེ་བའི་ཉེས་ཆད་ལག་བསྟར་བྱས་པའི་དབང་གིས་ང་ཚོས་བྲན་གཡོག་ལམ་ལུགས་ཀྱི་མིང་ཆད་འཁུར་དགོས་བྱུང་བ་རེད། རྒྱ་ནག་གིས་ཀྱང་ང་ཚོ་ལ་བྲན་གཡོག་ཡིན་པའི་རྒྱུ་མཚན་ཆེ་ཤོས་ཤིག་མི་སེར་ལ་ལྕག་ཚན་གཞུ་བ་དེ་འགོད་ཀྱི་ཡོད་ལ། དེ་ང་ཚོས་ལག་བསྟར་བྱས་མྱོང་བའང་བདེན་པ་རེད། ཡིན་ནའང༌། དེ་ནི་དང་པོར་རྒྱ་ནག་གོང་མ་ཟེར་བ་དག་གི་ཚུལ་མིན་ལུགས་སྲོལ་ནག་པོ་ལས་བྱུང་བ་རྒྱ་ནག་རང་གི་ཡིག་ཚང་ཁག་ན་གསལ་བར་མ་ཟད། རྒྱ་ནག་རང་གི་ལོ་རྒྱུས་གློག་བརྙན་དག་གི་ནང་དུའང་ཡང་ཡང་སྟོན་གྱིན་ཡོད། ང་ཚོ་བོད་ལ་སྲོལ་ངན་དེ་ནམ་ཐོན་པའི་དུས་མཚམས་གསལ་བོ་མེད་ནའང༌། སྔོན་བོད་ལ་གཞུང་སའི་མི་སེར་དང༌། སྐུ་དྲག་གི་མི་སེར། དགོན་པའི་མི་སེར་གསུམ་བྱུང་འདུག་ལ། མི་སེར་དེ་དག་གིས་ལོ་རེ་བཞིན་ཁྲལ་འཇལ་དགོས་པ་དང༌། ཁྲལ་འཇལ་མ་ཐུབ་ན་སྐུ་དྲག་དང་གཞུང་སའི་ངོས་ནས་ལྕག་ཚན་གཞུ་བ་དང༌། ཐ་ན་རྒྱང་འཕུད་གཏོང་བ་སོགས་བྱེད་པ་དང༌། དགོན་པས་ཉེས་པའི་ལྕི་ཡང་ལ་དཔགས་ནས་ལྕག་ཚན་གཞུ་བའི་སྲོལ་ངན་ཞིག་བྱུང་འདུག དེ་རིམ་འགྱུར་གྱིས་རྟ་ལྕག་སྐྱབས་ཡུལ་དགེ་འདུན་པའི་སྐུའི་སྟེང་ལའང་འཕྱར་བའི་ད་ལྟའི་སྲོལ་ངན་འདི་བྱུང་བ་འདྲ།
འདི་ལྟར་རྒྱ་ནག་ནས་རིམ་བརྒྱུད་ཀྱིས་བོད་ཀྱི་གནའ་བོའི་བྲན་གཡོག་གི་སྡེ་དང༌། དེ་ནས་རིམ་བཞིན་དགོན་སྡེ་ལ་ཐོན་པ་ཞིག་ལས། ནང་བའི་ཆོས་ལུགས་རང་གི་ལྟ་གྲུབ་སྐོར་དང༌། འདུལ་ཁྲིམས་སྐོར། ཀུན་སྤྱོད་དང་ཆོ་ག་སོགས་གང་གི་ནང་དུའང་ཉེས་ཆད་འདི་འདྲ་གཅོད་པའི་ལམ་ལུགས་ཤིག་གི་ཟུར་ཙམ་ཡང་མེད། ཡིན་ནའང༌། ལས་སྣེ་བླུན་པོ་སྐོར་ཞིག་གིས་རང་སྣང་གང་དྲན་གྱིས་གནའ་ནས་ད་ལྟའི་བར་དུ་དམ་ཆོས་འདུལ་བ་དང༌། དགོན་པའི་བཅའ་ཡིག ལམ་རིམ་བློ་སྦྱོང་སོགས་གང་ལའང་ལྟོས་མེད་དུ་ང་རང་དགོན་པ་གྲྭ་ཚང་གི་དོན་དུ་དམྱལ་བར་འགྲོ་དགོས་ཀྱང་འགྱོད་པ་མེད་ཅེས་དཔའ་སྐད་འཐེན་ནས་རྣམ་སྨིན་དང་ལས་འ྄བྲས་ཁྱད་དུ་བསད་དེ། ཤེས་མདོག་འཇོན་མདོག་གིས་ཉམ་ཆུང་བའི་གྲྭ་རྐྱང་དང༌། ཐ་ན་ཉེ་འཁོར་གྱི་ཉམ་ཐག་མི་སེར་ཚུན་ཆད་ལ་རྟ་ལྕག་གིས་དེད་ནས་ཡོང་ཡོད་ལ། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱི་བཤེས་སྤྲིངས་ལས། ཁྱོད་ཀྱི་རྗེས་འཇུག་དགེ་སློང་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང༌། །འཁོར་གྱི་སླད་དུའང་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །ཞེས་གཞན་གྱི་ཆེད་དུ་སྡིག་པ་ཅི་ཙམ་བྱས་ནའང་དེའི་རྣམ་པར་སྨིན་པ་རང་གིས་མྱོང་རྒྱུ་ལས་སྐལ་བགོས་ནས་མྱོང་རོགས་བྱེད་མཁན་མེད་པར་གསུངས་པས་ཤིན་ཏུ་ནས་གཟབ་དགོས་པ་ཞིག་ལགས་སྙམ། ད་དུང་སྲོལ་ངན་འདིའི་མཚམས་ཆད་མེད་པ་མ་ཟད་དར་རྒྱས་སུ་འགྲོ་བའི་གཏམ་ངན་ཡ་མཚན་རེའང་ཕྱོགས་བཞི་མཚམས་བརྒྱད་ནས་གོ་འོང་གིན་འདུག
རྟ་ལྕག་གི་ཁྲག་རྗེས་ཐ་ཐོར་དང་གྲིབ་ནག་ཡོར་ཡོར།
༣ གནའ་དེང་ཡིག་ཚགས་ཁག་ལས་བྱུང་བའི་འཚེ་བའི་ཉེས་ཆད།
འདིས་བོད་ཀྱི་བསྟན་པ་ཆབ་སྲིད་ལ་སྔོན་ཆད་མིང་ཆད་ཆེན་པོ་བྱས་མྱོང་བ་བོད་རྒྱ་དབྱིན་གསུམ་སོགས་ཡིག་རིགས་འདྲ་མིན་དང༌། དྲ་རྒྱ་ཁག་ན་གླེང་སློང་ཆེན་པོ་བྱེད་ཀྱིན་འདུག་པ་མ་ཟད། རྒྱ་ནག་གིས་ཀྱང་ལྕག་ཚན་གཞུ་བ་རྟགས་སུ་བཀོད་ནས་བོད་འདི་མུན་ནག་དང༌། ཀླ་ཀློ། ཞིང་བྲན་རེད་ཅེས་དགག་པ་དང་དམའ་འབེབ་བྱེད་ཀྱིན་པ་ཉེ་རབས་ལོ་རྒྱུས་རྣམས་སུ་ལན་གྲངས་དུ་མར་བཤད་ཡོད། ལྷག་པར་དུ་འབའ་བ་ཕུན་ཚོགས་དབང་རྒྱལ་གྱི། ༼བོད་མི་གསར་བརྗེ་བ་ཞིག༽ ༨༠ ལས། ང་དེར་སླེབས་སྐབས། ཁོང་ཚོས་མོའི་རྐེ་ནས་སྐེད་པ་བར་གྱི་གྱོན་གོས་གཤགས་ཏེ་རྟ་ལྕག་གཞུ་གྱིན་འདུག བུ་མོ་དེས་འོ་དོད་དང་ཆོ་ངེ་དྲག་པོ་འདོན་བཞིན་འདུག་ལ་རིམ་པས་མི་ཚོགས་ཀྱང་འདུ་འགོ་ཚུགས། དེ་ནི་མཐོ་རིམ་མངའ་བདག་གིས་མི་མང་དཀྱུས་མར་གཉའ་གནོན་དང་བརྫུ་བག་བསྟན་པའི་དཔེ་མཚོན་གསལ་ཤོས་རེད་ཅེས་འཁོད་ཡོད་ལ། ཉེ་རབས་བོད་ཀྱི་ལོ་རྒྱུས་གྲགས་ཆེན༼ནགས་ཚང་ཞི་ལུའི་སྐྱིད་སྡུག༽ནང་དུ་ཁོང་གི་ཕ་ལགས་ལ་དགེ་བསྐོས་ཀྱིས་རྟ་ལྕག་བྲབ་པ་མ་བཟོད་ནས་བྱིས་པ་ནགས་ཚང་ནུས་བློས་མིག་ཆུ་ཤོར་རབས་དེ་སྡེ་ཚན་གཅིག་ལ་བགོས་ནས་བཤད་ཡོད། དེབ་འདི་གཉིས་ད་ལྟ་བོད་རྒྱ་དབྱིན་གསུམ་ལ་འགྱུར་ཡོད་ལ། རིམ་པས་སྐད་རིགས་བཅུ་ཕྲག་ཁ་ཤས་ལ་བསྒྱུར་བར་གཞུང་སྒེར་གཉིས་ནས་འབད་བརྩོན་གནང་བཞིན་པ་རེད།
དེ་བཞིན་སྐྱབས་རྗེ་ཕ་བོང་ཁ་བའི་ལམ་རིམ༼རྣམ་གྲོལ་ལག་བཅངས༽ ༢༥༩ ལས། ལུས་ཆེན་པོར་ལྕགས་ནག་བསྲེགས་པའི་ཐིག་མང་པོར་བཏབ་ནས། དེ་ཚིག་པའི་ཤུལ་དུ་ཐིག་ནག་པོ་བྱུང་བ་ན། ཤིང་བཟོ་བས་ཤིང་ལ་ཇི་ལྟར་བྱེད་པ་བཞིན་དུ་འགའ་ཞིག་གིས་སོག་ལེས་དྲ། འགའ་ཞིག་སྟ་གྲིས་གཤག འགའ་ཞིག་སྟེའུས་གཞོག དེ་ལྟར་གཤེག་པ་ན། ཕན་ཚུན་དུ་འཐོར་བའི་ཤ་ཁམ་ཚད་དང་ཁྲག་ཐིགས་པ་ཙམ་ལྕགས་སྲེག་སྟེང་ལྷུང་བ་ཚུན་ལ་རང་གི་རྣམ་ཤེས་ཀྱིས་མ་བཏང་བར་ཟིན་ཏེ་སྡུག་བསྔལ་རང་ཐོག་ཏུ་མྱོང༌། དེར་སྐྱེ་བའི་རྒྱུ་ནི་མི་དགེ་བ་བཅུ་ཆར་དང༌། མི་ལ་རྟ་ལྕག་བཏང་བ་སོགས་ཀྱིས་ཀྱང་བྱེད་པ་ཡིན། ཞེས་མི་ལ་རྟ་ལྕག་གིས་བྲབ་པ་དམྱལ་བ་ཐིག་ནག་ལ་སྐྱེ་བའི་རྒྱུར་གསུངས་པ་དང༌། ལམ་རིམ༼ལས་འབྲས་གསལ་བའི་མེ་ལོང་༽༡༣ སོགས་ལས། ལས་ཀྱི་རྣམ་གྲངས་ང་བཅུ་ང་གཅིག་གསུངས་པའི་ཁྲོད་ཀྱི་ནད་མང་བར་འགྱུར་བའི་ལས་ལ། མི་དང་དུད་འགྲོ་སོགས་ལ་རྡེག་པ་དང༌། གཞན་ལ་བརྡེག་ཏུ་བཅུག་པ་དང༌། བརྡེགས་པ་ལ་ལེགས་པར་བརྗོད་པ་སོགས་བཞག་ཡོད་ལ། ལྷག་པར་སྙིགས་དུས་ཀྱི་སེམས་དཔའ་ཆེན་མོ་སེར་བྱེས་མཁན་ཟུར་རིན་པོ་ཆེ་བློ་བཟང་དབང་ཕྱུག་གི་མཛད་རྣམ ༤༧ ནང་དུ། དེ་ཡང་རྒན་རིན་པོ་ཆེ་དགེ་བསྐོས་མཛད་དེ་རྒྱུད་སྨད་ཨེ་ཝཾ་དུ་ཚོགས་པའི་སྐབས་ཤིག་ལ། གསར་བུ་བ་ངག་དབང་ལེགས་བཤད་སོགས་འགའ་ཞིག་ཚོགས་ཆེན་ཞལ་ངོས་རྐུན་མར་རྟ་ལྕག་གཞུ་སར་ལྟ་བར་ཕྱིན་ནས་ཚུར་འོང་བ་དང༌། དགེ་བསྐོས་ནས་ག་བར་ཕྱིན་པ་གསུངས་པ་ན་ཞེད་སྣང་ཚད་མེད་སྐྱེས་ཀྱང་ལན་དྲང་བོར་གསོལ་བས། ཅི་འདྲ་ཅི་བྱེད་འདུག་གསུངས་པར་ལུས་གཅེར་བུར་བཏོན་ཏེ་གླང་ལྕག་གཞུ་གི་འདུག་ཞུས་པས། སྤྱན་ཆབ་ཆར་རྒྱུན་བཞིན་བསིལ་ཏེ་ཁོང་བ་ཚོར་ཡང་བཀའ་བཀྱོན་པ་སོགས་མ་བྱུང་ཞེས་གསལ་བས། འཚེ་བའི་ཉེས་ཆད་ཀྱི་ལམ་ལུགས་ངན་པ་འདིས་ཉེ་རབས་ལོ་རྒྱུས་ཡིག་ཚགས་དག་གི་ནང་ལ་ཁྲག་གི་རྐང་རྗེས་འཇིགས་རྔམ་གྱིས་དཔར་ཡོད།
དུས་རབས་ཉེར་གཅིག་པའི་ནང་རྟ་ལྕག་འཛིན་པ་ལས་གླེན་རྟགས་ཤིག་ཡོད་དམ།
༤ ཉེ་དུས་སུ་བྱུང་བའི་འཚེ་བའི་ཉེས་ཆད།
ཉེ་བའི་ཆར་པ་ཀི་སི་ཐན་གྱི་ཁ་ཆེ་སྲོལ་རྒྱུན་མཁྲེགས་འཛིན་པ་སྐོར་ཞིག་གིས། ཁ་ཆེ་མི་རིགས་དེང་རབས་ལ་དགའ་བ། གདོང་ཁེབ་མི་འགེབ་མཁན་དང༌། སྤྱོད་པ་ཁྲ་ཟིང་བྱེད་མཁན་དག་ལ་སྤྱི་ལོ་ཉིས་སྟོང་དགུ་ལོ་འདིར་ཡང་ཐེངས་བཅོ་བརྒྱད་ཙམ་ལ་རྟ་ལྕག་བྲབ་ཡོད་པ་དང༌། ཉེ་བའི་ཆར་ཁ་ཆེ་བུད་མེད་ལོ་བཅོ་བརྒྱད་ཅན་ཞིག་གཟའ་ཟླ་དང་ལྷན་ཏུ་སྲང་ལམ་ནས་གཅེར་བུར་ཕུད་དེ་རྟ་ལྕག་བྲབ་ཡོད་འདུག གནས་ཚུལ་དེ་གསར་ལམ་མཐའ་དག་ལ་རྒྱ་ཁྱབ་ཏུ་དར་རྐྱེན་དེང་སང་འཛམ་གླིང་མི་མང་གིས་ཁ་ཆེ་ཆོས་ལུགས་པ་དང༌། ཁ་ཆེ་སྲོལ་རྒྱུན་མཁྲེགས་འཛིན་པ་དག་ལ་ཁ་རྡུང་དྲག་པོ་གཏོང་བཞིན་ཡོད་པ་རེད། ནམ་ཞིག་ང་ཚོས་ཀྱང་ཁ་རྡུང་འདི་འདྲ་ཞིག་ཉོ་དགོས་བྱུང་ན྄། དེ་དུས་ང་ཚོས་འགྲེལ་བཤད་རྒྱག་ས་དང༌། འཚེ་བ་མེད་པ་ཞེས་ལབ་རྒྱག་ས་ཅི་ཡང་ཡོད་པ་མ་རེད། དེ་དུས་ང་ཚོ་ཕམ་སོང་བ་རེད་ལ། ང་ཚོས་འཛམ་གླིང་མི་མང་ལ་འཚེ་བ་མེད་པའི་རྒྱུགས་མ་འཕྲོད་པ་རེད། ང་ཚོས་འདང་ཞིག་རྒྱོབས་དང་ལས་སྣེ་ཁ་ཤས་ཀྱིས་འདུ་ཚོགས་རྒྱས་ས་དང༌། སྲང་ལམ་ཆེ་ས་ཡིན་མིན་དང༌། ཕྱི་གླིང་བ་ཡོད་མེད་སོགས་ལ་སྣང་དོགས་ཅི་ཡང་མེད་པར་དུག་སྦྲུལ་ལྟ་བུའི་རྟ་ལྕག་རྫོབ་རོ་དེ་སྟོན་པའི་ན་བཟའི་སྟེང་ལ་ཤོམ་ངོམ་བྱེད་རྐྱང་དང༌། གྲལ་ཡར་སྣུར་མར་སྣུར་དང༌། མགོ་གཡས་གཡོན་ལ་འཁོར་བ། ཁ་བརྡ་ཕྲན་ཙམ་བྱས་པ་ཚུད་ཆད་ལ་ཡ་ང་ཐེ་ཚོམ་མེད་པར་རྟ་ལྕག་གཞུ་རྐྱང་བྱེད་པ་མ་ཟད། རྟ་ལྕག་བྲབ་ནས་ཁྲག་གི་ནང་ལ་བསྙལ་བ་དང༌། གཅིན་སྐྱག་ཤོར་བ། མཁལ་མ་ནད་པར་སོང་བ་སོགས་འཇིགས་སུ་རུང་བའི་གནས་ཚུལ་སྣ་ཚོགས་ཤིག་ང་ཚོའི་སྤྱི་ཚོགས་ནའང་བསྟུད་མར་གོ་རྒྱུ་འདུག་ལ། དེ་དག་ནི་རྒྱལ་ཁབ་གཞན་དང་ལྷག་པར་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་ཡང་གཏན་འགལ་དུ་གྱུར་ཡོད་པས། ང་ཚོ་ཡང་ཁ་ཆེ་བ་དག་ལྟར་འཛམ་གླིང་མི་མང་གི་ཁ་རྡུང་དྲག་པོའི་འབེན་དུ་ལངས་མི་འདུག་གམ། ལྷག་པར་དུ་ལས་སྣེ་བཙན་པོ་ཁ་ཤས་ཀྱིས་བླ་མ་དང་དགེ་བཤེས། དབུ་སྐྲ་ཚུན་ཆད་ཡལ་ཚར་བའི་གྲྭ་བ་རྒན་པ། འཛིན་གྲྭ་འདུལ་བར་སླེབས་ཡོད་མཁན་དག་ལའང་རྟ་ལྕག་མགོ་ལ་བསྐོར་ནས་གཞུ་རྐྱང་བྱེད་ཀྱིན་པ་དག་མཐོང་ན་མིག་གིས་གཏན་ནས་བལྟ་མི་བཟོད་པ་མ་ཟད། ཉིན་དེར་ཟ་མ་ཟོས་ནའང་བྲོ་བ་མེད་པ་ལྟ་བུ་ཞིག་རེད། དེ་དག་མི་སྐྱ་ཞིག་ཡིན་ན་བུ་ཕྲུག་ལྔ་དྲུག་ཅིག་གི་ཕ་མར་གྱུར་ཡོད་མོད་ད་དུང་ཁོང་དག་རྟ་ལྕག་འོག་ན་དུད་འགྲོ་ལྟར་གུག་ཅིང་བྱིས་པ་བཞིན་བྲོས་ཐར་བྱེད་ཀྱིན་པ་རེད། མི་རྟོག་མི་དཔྱོད་པའི་མི་དག་ལ་ཚོར་སྣང་ཅི་ཡང་མེད་སྲིད་མོད། ང་ལྟ་བུ་ཞིག་ཡིན་ན་རང་ཉིད་ལ་གཞུས་པ་ལས་ཀྱང་དེ་དག་ལ་རྟ་ལྕག་གིས་གཞུས་པ་དེས་ཟུག་གཟེར་ཆེན་པོ་སློང་གིན་འདུག ཁ་ཐུག་གི་ཉེས་པ་ཆུང་ཆུང་ཞིག་ལ་རྐྱེན་བྱས་ནས་མི་ནད་མེད་ཅིག་གི་མཁལ་མ་ནད་པར་གཏོང་གིན་ཡོད་པ་རེད། ལག་པ་སྙིང་ཁར་སྦྱོར་ལ་འདང་ཞིག་རྒྱོབས་དང༌། འདི་ལས་འཇིགས་ཡེར་བ་ཞིག་གང་ན་ཡོད།
ང་ཚོ་ལ་རྟ་ལྕག་ལས་ལྷག་པའི་ལག་ཆ་ཞིག་མེད་པ་ཡིན་ནམ།
༥ འཚེ་བ་མེད་པ་དང་དུས་རབས་འགྲོས་བསྟུན་གྱི་ཉེས་ཆད་གཅོད་ཐབས།
ང་ཚོས་རང་གི་དམ་ཆོས་འདུལ་བ་ན་གསུངས་པའི་ཉེས་ཆད་གཅོད་ཐབས་དེ་ལག་ལེན་བསྟར་ན། དུས་རབས་ཀྱི་འགྲོས་དང་མཐུན་པའི་འཆི་མེད་རྒས་མེད་ཀྱི་ཞི་བའི་ཐབས་ལམ་ཞིག་ཡིན། བསྟན་པའི་མཛེས་རྒྱན་དམ་ཆོས་འདུལ་བའི་གཞུང་ལས་བྱུང་བ་ལྟར་ན། ཆེས་ལྕི་བའི་ཉེས་པ་བྱུང་ནའང་གྲལ་ཕབ་པ་དང༌། བསླབ་པ་རྒན་པའི་དགེ་འདུན་པར་ཞབས་ཏོག་སྒྲུབ་པ་སོགས་ལས་འཚེ་བའི་ཉེས་ཆད་གཅོད་པ་དང༌། དངུལ་གྱིས་ཉེས་ཆད་གཅོད་པ། འགྲིག་བདག་གི་ཁམས་ལ་བསྟུན་ནས་ཉེས་ཆད་གཅོད་པའི་ཐབས་ལམ་ཞིག་ནན་ཏུར་གྱི་ལས་ཀྱི་རྣམ་གྲངས་བཅོ་བརྒྱད་པོ་གང་དུའང་མེད་དོ། ། དགེ་ལུགས་པ་ལ་མཚོན་ན། བཅའ་ཡིག་ཆེན་མོ་ནི་ལམ་རིམ་ཆེན་མོ་ཡིན་ལ་དེར་འཚེ་བའི་ཉེས་ཆད་གཅོད་ཐབས་ཀྱི་སྐོར་ཏིལ་འབྲུ་ཙམ་ཡང་མེད། དགོན་པ་དག་གི་བཅའ་ཡིག་ནང་དུའང་གཅར་རྡུང་བྱས་ནས་ཉེས་ཆད་གཅོད་པའི་རིགས་ཤིག་གཏན་ནས་མཐོང་མ་མྱོང་བ་མ་ཟད། ང་རང་ཉིད་སོང་མྱོང་བའི་དགོན་པ་དག་གི་བཅའ་ཡིག་ནང་དུ་གཡས་གྲལ་གྱི་དགེ་འདུན་པ་ཞིག་ལ་ཉེས་པ་ཕོག་ན། ཐེངས་དང་པོ་དང་གཉིས་པར་གཡོན་གྲལ་ནས་ཚོགས་གཏམ་ཕུལ་ཏེ། གོ་བརྡ་སྤྲོད་པ་ལས་གདོང་ལ་བལྟས་ནས་ཉེས་འཛུགས་མི་ཆོག་པ་སོགས་ཐལ་མོ་སྦྱར་བའི་འོས་སུ་གྱུར་བའི་ཉེས་ཆད་གཅོད་ཐབས་ཤིག་ལས་འཚེ་བ་ཅན་གྱི་ཉེས་ཆད་གཅོད་ཐབས་ཤིག་གཏན་ནས་མཐོང་མ་མྱོང་ལ། ཐ་ན་བོད་གཞུང་གི་ཞལ་ལྕེ་དང༌། བཅའ་ཁྲིམས་དག་གི་ནང་དུའང་འཚེ་བའི་ཉེས་ཆད་གཅོད་ཐབས་ཀྱི་རྣམ་གྲངས་ཤིག་གནའ་ནས་ད་ལྟ་བར་དུ་བཀོད་མྱོང་མི་འདུག ཡིན་ནའང༌། གྲྭ་བ་སྒྲྀག་གིས་འཚོ། ངང་བ་ཆུས་འཚོ་ཟེར་བ་བཞིན་སངས་རྒྱས་རང་ཉིད་ཀྱིས་དགེ་སློང་ལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་ལྷག་མཛད་ཡོད་པ་རེད། དེ་དག་ཆ་ཚང་ལ་འཚེ་བའི་ཀུན་སྤྱོད་ཀྱི་ཟུར་ཙམ་ཞུགས་མེད་པར་མ་ཟད། ཐམས་ཅད་བདག་གཞན་གཉིས་ཕན་དང་རིགས་པས་དཔྱད་བཟོད་པ་འབའ་ཞིག་གི་ངོ་བོར་སོང་ཡོད་པ་རེད།
ད་ལྟའི་གནས་སྐབས་སུ་འང་འཚེ་བའི་ཕྱོགས་སུ་མ་ལྷུང་བ། དུས་རབས་དང་འགྲོས་མཐུན་པ། འདུལ་བ་དང་ལམ་རིམ་བློ་སྦྱོང་གཞི་ལ་བཞག་ནས་ཉེས་པ་གཅོད་ཐབས་རྣམ་གྲངས་ཅན་ཞིག་ཡོད་དེ། དཔེར་ན། གུང་གསེང་ཉིན་དགེ་བསྐོས་དང་ཆབ་རིལ་གྱི་ར་བར་དཔེ་ཆ་སྐྱོར་དུ་འཇུག་པ་དང༌། ཉེས་པའི་ལྕི་ཡང་ལ་བལྟས་ནས་དཔེ་ཆ་བློ་འཛིན་བྱེད་དུ་འཇུག་པ། ཚོགས་གྲལ་ལ་ཕྱག་འཚལ་དུ་འཇུག་པ། དགོན་པའི་གླིང་བར་ལ་གད་བདར་བྱེད་དུ་འཇུག་པ། གནས་བརྟན་བགྲེས་སོང་དག་གི་ན་བཟའ་བཀྲུ་རུ་འཇུག་པ། འདུལ་བ་དང་མཐུན་ཞིང་དུས་རབས་དང་མཐུན་པ། འཚེ་བ་མེད་པའི་དམ་ཚིག་དང་མ་འགལ་བ། གཞན་གྱིས་ཡིད་སྨོན་དུ་གྱུར་བའི་ཉེས་ཆད་གཅོད་ཐབས་ཡོད་བཞིན་དུ་ཅིའི་ཕྱིར་གནའ་བོའི་ཡོ་རོབ་དང༌། རྒྱ་ནག་གོང་མ། བོད་ཀྱི་བྲན་གཡོག་ལམ་ལུགས་ལག་བསྟར་བྱེད་དགོས་པ་རེད། ང་ཚོ་ཅིའི་ཕྱིར་ཁ་ཆེ་མཁྲེགས་བཟུང་བའི་བྱ་སྤྱོད་ལ་ཞུགས་དགོས་སོང༌། ྋགོང་ས་མཆོག་གིས་ཕྱོགས་བཞི་མཚམས་བརྒྱད་དུ་འཚེ་བ་མེད་པའི་ཀུན་སྤྱོད་དང་སེམས་ཁམས་ཤིག་སྐྲུན་ཐབས་ལ་སྐུ་ངལ་ཚད་མེད་གནང་དུས་འདིར་ང་ཚོས་ཅིའི་ཕྱིར་འདི་འདྲའི་འཚེ་བ་ཅན་གྱི་ལས་ཀ་ཞིག་མུ་མཐུད་དགོས་སོང༌། ཅིའི་ཕྱིར་ྋགོང་སྋསྐྱབས་མགོན་ཆེན་པོའི་ལྡོག་ཕྱོགས་ཀྱི་བྱ་ངན་འདི་བྱེད་དགོས་བྱུང་སོང༌།
རྟ་ལྕག་དང་ལྷག་བསམ་མཉམ་དུ་འཛིན་མཁན་ཚོ་ལས་སྙིང་རྗེ་བ་ཞིག་གང་ན་ཡོད།
༦ ལྷག་བསམ་དང་ལག་ལེན་བར་གྱི་འགལ་ཟླ།
ད་ལྟའི་གདན་སའི་ལས་ཀྱི་སྣེ་མོ་བ་རེ་ཟུང་ཙམ་ལས་མང་ཆེ་བས་སེམས་ཤུགས་དང་ལྷག་བསམ་དཀར་བོ་དུང་འདྲ་བ་རེ་ཁུར་ནས་ཉེས་ཆད་གཅོད་པ་དང་གཅར་རྡུང་བྱེད་ཀྱིན་ཡོད་པ་རེད། ཡིན་ནའང༌། སེམས་ནས་བསྟན་པ་ལ་ཤ་ཚ་བ། དགོན་པ་ལ་ཤ་ཚ་བ་གང་ཡིན་ནའང་ལག་ལེན་དངོས་ཀྱི་སྟེང་ནས་འཚེ་བའི་ལས་ཀ་རུ་སོང་ཡོད་པས། ལག་ལེན་གྱི་འབྲས་བུ་ལས་སེམས་ཀྱི་འབྲས་བུ་ལ་ཚེ་འདིར་ཐག་གཅོད་དཀའ་ཞིང༌། ད་དུང་ཞིབ་འཇུག་པ་དག་གིས་ཀྱང་མིག་གིས་མཐོང་ཡུལ་གྱི་འཚེ་བའི་ལས་ཀ་ལ་ལྟ་བ་ལས་མིག་གིས་མི་མཐོང་བའི་སེམས་ཀྱི་ལྷག་བསམ་ལ་གཏན་ནས་ཞིབ་འཇུག་བྱེད་མི་ཤེས། དཔེ་གསལ་བོ་ཞིག་བླངས་ནས་བལྟས་ན་གནའ་བོའི་དགེ་བསྐོས་ཤིག་གིས་བུད་མེད་ཆང་མ་ཞིག་ལ་རྟ་ལྕག་བྲབ་ནས་དམར་ཕྱོགས་པ་ཕུན་དབང་གིས་སྙིང་རྗེ་སྟེ་ལག་ནས་འཕྲོག་པ་དང༌། ཡང་དགེ་བསྐོས་ཤིག་གིས་ནགས་ཚང་ནུས་བློའི་ཕ་ལགས་ལ་གཅར་རྡུང་བྱས་ནས་བྱིས་པ་ནགས་ཚང་ནུས་བློའི་མིག་ཆུ་ཤོར་རབས་བྲིས་པ་དེ་གཉིས་ལ་གཞི་བྱས་ནས། དགེ་བསྐོས་དེ་གཉིས་ཤི་ནས་ལོ་ལྔ་བཅུ་འགོར་བའི་དེ་རིང་གི་ཉིན་མོ་འདིར་འཛམ་བུ་གླིང་ལ་སྐད་གྲགས་ཆེ་བའི་བསྟན་དགྲ་དང༌། ཉེས་ཅན་པ། ཞབས་འདྲེན་པ། འཛམ་གླིང་མི་མང་གིས་ཁ་རྡུང་བྱེད་ས་ཞིག་ཏུ་གྱུར་བ་རེད། འདི་ལ་བརྟེན་ནས་སངས་རྒྱས་ཆོས་ལུགས་ལའང་དད་ལོག་བྱེད་མཁན་བྱུང་དང་འབྱུང་འགྱུར་གྱི་རྒྱུ་ཚོགས་བསྐྲུན་པ་མ་ཟད། གནའ་བོའི་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་བྲན་གཡོག་ལམ་ལུགས་ཡིན་པའི་བདེན་དཔང་གལ་ཆེན་ཞིག་ལ་གྱུར་ཡོད་པ་རེད། བོད་བསྟན་སྲིད་གཉིས་ལ་འདི་འདྲ་ཞིག་གནོད་འགྲོ་བ་ཁོང་གཉིས་ཀྱི་སེམས་ལ་དྲན་མེད་པ་མ་ཟད། ད་དུང་བསྟན་པ་དང་དགོན་པ་བཅས་ལ་ལྷག་བསམ་དཀར་བོ་དུང་འདྲ་བ་ཞིག་བཟུང་ནས་གཅར་རྡུང་བྱས་ཡོད་སྲིད་པ་རེད། ཡིན་ནའང༌། ལག་ལེན་དེ་འཚེ་བ་ལ་སོང་བའི་ཆ་ནས་དེའི་འབྲས་བུའང་ནག་པོ་འདི་འདྲ་ཞིག་སྨིན་པ་རེད། དེ་ནི་འཚེ་བའི་ལས་ཀ་དེ་ལ་བརྟེན་ནས་ཚེ་འདིར་ཕུང་བའི་འབྲས་རྟགས་དམར་རྗེན་མ་ཞིག་རེད་ལ། ང་ཚོའང་ནམ་ཞིག་དགེ་བསྐོས་དེ་གཉིས་ལྟ་བུ་ཞིག་ལ་འགྱུར་མི་སྲིད་པ་མིན་པས་ང་ཚོས་ངེས་པར་དུ་གཟབ་གཟབ་དང་འཚེ་བའི་ཉེས་ཆད་དེ་དག་མཚམས་འཇོག་དགོས།
ཡང་འཚེ་བའི་ཉེས་ཆད་དེ་ལ་བརྟེན་ནས་ཕྱི་མར་དམྱལ་བ་ཐིག་ནག་ལ་སྐྱེ་བ་དང༌། ཚེ་འདིར་ཡང་སྙིང་རྗེའི་གཞན་དབང་དུ་གྱུར་བའི་སྐྱེས་ཆེན་དམ་པ་མང་པོ་ཞིག་ལྐོག་གྱུར་གྱིས་བཤུམས་ནས་འདུག་དགོས་པ་སོགས་སྐྱེས་བུ་དམ་པའི་ཐུགས་དཀྲུགས་པའི་ཉེས་པ་ཚབས་ཆེན་གསོག་བཞིན་ཡོད་པ་ནི་གོང་དུ་དྲངས་པའི་མཁན་ཟུར་རིན་པོ་ཆེའི་མཛད་རྣམ་ལས་དཔོག་ནུས་ལ། སྐྱེས་བུ་དམ་པ་ལ་སྨོད་པ་ཙམ་ངན་འགྲོ་མི་བཟོད་པའི་རྒྱུ་ཕུལ་ཏུ་ཕྱིན་པར་མདོ་རྒྱུད་ཀུན་ནས་གསུངས་ཡོད་ན་དགོངས་པ་དཀྲུག་པ་ནི། དེ་ལས་ཀྱང་ཚབས་ཆེ་བ་སྨྲ་ག་ལ་དགོས། མཁན་ཟུར་རིན་པོ་ཆེའི་མཛད་རྣམ་འདི་ལས་ང་ཚོ་ལ་ངེས་པར་དུ་གཟབ་དགོས་པའི་ལམ་སྟོན་ཅི་ཞིག་མཛད་ཡོད་པ་ལའང་ངེས་པར་དུ་བསམ་བློ་གཏོང་དགོས་པ་མ་ཟད། རྗེས་འཇུག་གདུལ་བྱའི་ཉམས་ལེན་ཟེར་བ་དེ་ཡང་བསམ་བློ་ངེས་པར་དུ་གཏོང་དགོས་པ་ཞིག་རེད། ད་དུང་ཚོགས་ནས་རྟ་ལྕག་ཆལ་ཆིལ་བྲབ་པ་ལ་བརྟེན་ནས་ཡི་དམ་ལྷའི་དཀྱིལ་འཁོར་སྒོམ་མཁན་དང༌། ཟབ་མོ་སྟོང་བ་ཉིད་ལ་མཉམ་པར་འཇོག་མཁན་གྱི་སྐྱེས་བུ་དམ་པ་དག་གི་སྒོམ་དཀྲུག་ཉེན་ཆེ་བ་ནི། སྒྲུབ་ཁང་བ་དགེ་ལེགས་རྒྱ་མཚོའི་མཛད་རྣམ་དང་འབྲེལ་བའི་ཁ་རྒྱུན་ཡོངས་གྲགས་ལྟར་ཡིན་ལ། དངོས་བཤམས་ཡིད་སྤྲུལ་གྱི་དཀྱིལ་འཁོར་བཤིགས་པ་དང༌། ཟབ་མོ་ལྟ་བའི་སྒོམ་རིམ་དཀྲུགས་པ་སོགས་ཁ་ནས་འདོན་པར་ཡང་ཞེད་སྣང་སྐྱེ་བའི་ཆོས་སྤོང་གི་ཉེས་པ་འདི་འདྲ་ནི་གསེར་འོད་ལམ་ལེམ་གྱི་ལྷ་སྐུ་བཤིགས་པ་ལས་ཀྱང་འཇིགས་སུ་རུང་བས། དེ་ལས་ཚེ་འདི་ཕྱིར་ཕུང་བའི་ལས་ཀ་ཞིག་གང་ན་ཡོད། སྤྱིར་དགེ་འདུན་གྱི་སྡེ་ཡུལ་གཉན་པོ་ཡིན་ཟེར་བ་དང༌། མགོན་པོ་ཀླུ་སྒྲུབ་སོགས་སེམས་དཔའ་ཆེན་པོ་དག་གིས་དགེ་འདུན་ལས་བྱེད་པ་ནི་ལས་ཀྱི་ཐ་མ་ཡིན་པས་དེ་རུ་བདག་མ་སྐྱེ་ཞེས་ཐུགས་སྨོན་མཛད་པ་དེ་ཡང་ང་ཚོ་ལྟ་བུའི་རྨོངས་འཐོམ་གྱི་མི་དག་དགེ་འདུན་ཀྱི་ལས་བྱེད་པར་ཁེལ་ན། ཚེ་འདི་ཕྱི་ལ་བསམ་བློ་གཏོང་མ་ཤེས་པར་འདི་ཕུང་ཕྱི་ཕུང་བྱེད་པའི་ཆ་ནས་གསུངས་པ་ལས་ཁོང་སྐུ་སྒེར་གྱི་ཆེད་ག་ལ་ཡིན།
སྐུ་མཁྱེན། ད་ནས་བཟུང་རྟ་ལྕག་མ་འཛིན་རོགས།
༧། ཐ་མའི་ཞུ་འབོད།
དེང་སང་བཙན་བྱོལ་ནང་གི་གདན་ས་ཆེན་པོའི་ནང་དང༌། གོ་ཐོས་ལ་བོད་ཀྱི་ལུང་ཀྱོག་དགོན་ཆུང་རེ་ཟུང༌། སོག་ཡུལ་གྱི་དགོན་པ་ཁ་ཤས། མོན་དང༌། ལ་དྭགས། འབྲུག་སོགས་ཀྱི་དགོན་པ་ཁ་ཤས་བཅས་སུ་གཅར་རྡུང་བྱས་ནས་ཉེས་ཆད་གཅོད་པའི་ལམ་ལུགས་འདི་མུ་མཐུད་ནས་རྒྱུན་འཛིན་དང༌། དགོན་པ་ཁ་ཤས་ཀྱིས་གསར་བཏོད་བྱེད་ཀྱིན་པའང་གོ་ཐོས་འདུག་པས། འདི་ནི་དགོན་པ་དེ་དག་གིས་དུས་རབས་ཀྱི་འགྱུར་བ་དང༌། འཛམ་གླིང་གི་འགྱུར་བ་མ་མཐོང་བ་དང༌། འདས་པའི་ལོ་རྒྱུས་ལ་ཕྱིར་དྲན་དང་མ་འོངས་པའི་ལོ་རྒྱུས་ལ་སྔ་འདང་མ་ཕོག་པ་འབའ་ཞིག་རེད་སྙམ། དེང་སང་རྒྱ་ནག་དམར་ཕྱོགས་པའི་དབང་འོག་ལ་ཤོར་བའི་གཞིས་ཀྱི་གདན་ས་ཁག་ན་གཅར་རྡུང་གི་ལམ་ལུགས་ནག་པོ་འདིའི་ཤུལ་རྗེས་ཙམ་ཡང་མི་མངོན་མོད། མང་གཙོ་དང་འཚེ་བ་མེད་པའི་རང་དབང་གི་ཡུལ་དུ་གནས་པའི་བྱེས་ཀྱི་གདན་ས་ན་ད་དུང་འཚེ་བའི་ལམ་ལུགས་ལག་བསྟར་བྱེད་ཀྱིན་པ་འདི་དག་ནི་བསམ་ཞིང་བསམ་ཞིང་ངུ་བྲོ་བ་ཞིག་རེད། བདག་གི་མི་ཚེ་ཕལ་ཆེ་བ་རྟ་མཆོག་གི་ཡུལ་གྲུ་ལྟ་བུའི་བོད་ཀྱི་འབྲོག་ཐང་ནས་བསྐྱལ་ཡོད་ལ། ལོ་བཅུ་ཙམ་གྱི་སྔོན་ནས་རེབ་གོང་རོང་བོ་དགོན་ཆེན་དང༌། གཞིས་ཀྱི་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་བཅས་སུ་སློབ་གཉེར་བྱས་མྱོང་མོད། རྟ་ལྕག་གིས་མི་ལ་གཞུ་བ་ཕར་ཞོག་དུད་འགྲོ་རྟ་ལ་གཞུ་བའང་མཐོང་མ་མྱོང་བས། འུ་ཅག་གིས་སྐྱབས་ཡུལ་དགེ་འདུན་གྱི་སྡེ་ལ་འཚེ་བའི་ཉེས་ཆད་གཅོད་སྟངས་འདི་དག་ནི་རྒྱ་ནག་གི་རིག་གསར་སྐབས་ཀྱི་འཐབ་རྩོད་ཟེར་བ་དེ་དང་ཡང་ཆ་འདྲ་བ་ཞིག་འདུག་པས། འདི་དག་ལ་བསམ་ཞིང་བསམ་ཞིང་སྙིང་ནས་བཟོད་པ་ཞིག་གཏན་ནས་མ་རེད།
མདོར་ན། ངའི་སྐད་ཆ་འདི་དག་ནི། མི་སྒེར་ལ་འཁོན་འཛིན་དང༌། གྲྭ་ཚང་བྱེ་བྲག་པ་ལ་གཟས་པ་དང༌། ཁ་ཐུག་གི་ཁོང་ཁྲོ་ཐུང་ཐུང་རེ་ལ་རྐྱེན་བྱས་པ། ཡང་ན། ཟླ་བ་གཅིག་དང་ལོ་གཅིག་རེ་ཙམ་ལས་བསམ་གཞིག་མ་བྱས་པ་དེ་འདྲ་མིན་པར། ལོ་རྒན་བཅུ་ཕྲག་ལྷག་ཅིག་ལ་བོད་ཕྱི་ནང་གི་དགོན་ཆེན་དག་གི་ཆོས་གྲྭ་འགྲིམ་ཞིང༌། དེ་དག་གི་རིང་ལ་བསྟན་པ་རིན་པོ་ཆེ་ཡུན་རིང་གནས་ཐབས་སུ་བསམ་གཞིག་དང་སེམས་ཁུར་ལན་མང་བྱས་ནས་བྲིས་པ་ཡིན་ལ། ཐ་ན་འདི་འགྲེམ་མིན་ཐད་ལའང་བསམ་གཞིག་གང་མང་བྱས་མཐར་བཀྲམ་པ་ལས་ཧོལ་རྒྱུག་དང༌། གསར་བུའི་སྣང་བ། སྨྱུག་རྩལ་ངོམ་པ་སོགས་ཅི་ཡང་མིན་པར། དང་པོ་སེམས་ཀྱིས་བཟོད་མ་ནུས་པའི་སྙིང་རྗེའི་ཀུན་སློང་དང༌། བར་དུ་རྒྱུ་འབྲས་དཔང་པོར་བཞག ཐ་མར་དྲང་བདེན་གྱི་རིགས་པ་གྲངས་ཀ་བརྒྱབ་ནས་བཤད་ཁུལ་ཡིན་པས། བསྟན་པ་ལ་ཤ་ཚ་ཞིང་བསྟན་པ་རིན་པོ་ཆེ་ཡུན་རིང་གནས་འདོད་ཀྱི་ཆོས་ཀྱི་གྲོགས་པོ་རྣམས་ཀྱིས་བདག་གི་རླབས་ཆེ་བའི་ལས་དོན་འདི་ལ་རྒྱབ་སྐྱོར་གང་ལེགས་གནང་རྒྱུ་དང༌། ད་ལྟའི་ཆར་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་གི་ལས་རིགས་སུ་བཞེངས་པའི་རླབས་ཆེན་དབུ་འཛིན་དག་གིས། བདག་གིས་བཤད་པའི་འཚེ་བའི་ཉེས་ཆད་ཀྱི་ཉེས་དམིགས་འདི་དག་ལ་ཐུགས་ཞིབ་ནན་ཏན་གནང་སྟེ་སྙིང་བོ་ཆེར་མེད་ན། དེ་ལུགས་ཀྱི་གསལ་བཤད་ཁ་གསལ་ཞིག་ཡིག་ཐོག་ནས་གནང་རྒྱུ་དང༌། བདེན་པར་འདུག་ན་བྱེས་ཀྱི་དགོན་སྡེ་དབུ་འཛིན་དག་གིས་མགྱོགས་མྱུར་ངང། འཚེ་བའི་ཉེས་ཆད་གཅོད་པའི་ལམ་ལུགས་འདི་འཕྲལ་དུ་མཚམས་འཇོག་གི་གྲོས་ཆོད་དགེ་ལྡན་སྤྱི་ལ་ཁྱབ་པའི་བཅའ་ཡིག་ཆེན་མོ་དང༌། དགོན་སྡེ་རང་རང་གི་བཅའ་ཡིག་ནང་གཏན་འབེབ་གནང་རོགས་མཁྱེན་མཁྱེན་ཞེས་བོད་རྒྱལ་ལོ༢༡༣༦ རབ་གནས་ས་གླང་ལོའི་ས་ག་ཟླ་བའི་ཚེས༡༥ ཉིན་བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་ལམ་དྲག་པོ་དང་བཅས་བོན་རྒྱ་བ་བསྟན་འཛིན་རབ་རྒྱས་ཀྱིས་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ་སྤྱི་ལོ་༢༠༠༩ ཟླ༦ ཚེས༧ ཉིན་གུས་པ་ཆེན་པོས་བཏེགས་པའི་ཞུ་ཡིག
ངོ་བཤུས།
༡ དཔལ་ལྡན་སྐུ་སྒེར་ཡིག་ཚང༌།
༢ རང་གཞུང་ཆོས་རིག་ལས་ཁུངས༌།
༣། གདན་ས་གསུམ་གྱི་གྲྭ་ཚང་དྲུག་དང་རྒྱུད་གྲྭ་སྟོད་སྨད་ཀྱི་མཁན་རིན་པོ་ཆེ་རྣམ་པ།
གསལ་བཤད། རྩོམ་ཡིག་འདི་ནི་བདག་གིས་གོང་གསལ་མི་སྣ་ཆ་ཚང་ལ་འབུལ་ཐབས་བྱེད་རྒྱུ་ཡིན་ལ། ང་རང་དངོས་སུ་ངོ་བཅར་ཐུབ་ན་རང་ཉིད་དངོས་སུ་བཅར་ནས་འབུལ་རྒྱུ་ཡིན། འདི་ནི་ང་ལྟ་བུའི་གྲྭ་རྐྱང་གཉོམ་ཆུང་དག་གི་སྐྱིད་སྡུག་ལ་འབྲེལ་བ་དམ་ཟབ་ཡོད་པས་བརྒྱུད་ལམ་ཁག་གང་ཞིག་ཡིན་ཡང་འདི་བརྒྱུད་འགོད་བྱས་ཆོག་པ་ཡིན། ཡིན་ནའང་། ཕྱེད་གཏུབ་དང་བར་འཇུག་སོགས་མ་བྱེད་རོགས།
བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ནས་། བོད་ཀྱི་བསྟན་པ་ཆབ་སྲིད་སྤྱི་ལ་དགོངས་པ་ཆེར་བཞེས་ཀྱིས་། དཔྱད་རྩོམ་འདི་འདྲ་བ་ཞིག་བཀོད་པར་སྙིང་ནས་རྗེས་སུ་ཡི་རང་ཡོད་། །
བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་སུ།
ཁྱེད་ནས་གླེང་གཞི་ཅན་གྱི་གནས་ཚུལ་འདི་འདྲ་ཐོག་མར་བསམ་ཕོད་པ། བར་དུ་ཤོད་ཕོད་པ། ཐ་མར་འགྲེམས་ཕོད་པའི་ལྷག་བསམ་དང་སྙིང་སྟོབས་ལ། བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ།
དེང་སང་སྤྱི་ཚོགས་ནང་བསམ་དཀར་དང་ལྷག་བསམ་བྱེད་མཁན་ལ། བདུད་ལྟར་བརྩི་བའི་དུས་ཚོད་ཅིག་ཡིན་པས། སྙིང་སྟོབས་ཀྱི་གོ་ཆ་བརྟན་པོ་ཅིས་ཀྱང་བགོ་རོགས། ངེད་ནས་ཀྱང་སྔོན་སློབ་གཉེར་བར་རྒྱབ་སྐྱོར་ཤུགས་ཆེ་ཞིག་བྱས་པར། བསམ་མེད་ཀྱི་རྒན་གཞོན་མང་པོས་ད་ལྟ་ཡང་སྡང་མིག་ལྟ་བཞིན་འདུག འགག་ལ་ཐུག་དུས་ཚང་མས་རང་གི་མིང་སྐམ་དེར་ཤི་སྦར་འཐམས་ནས་སྡོད་པ་ལས། སྦྲང་མའི་སྐད་ཙམ་ཡང་རྒྱབ་པར་མི་སྤོབས་སོ། །
སྤྱིར་བཏང་ཁྱེད་ཀྱི་གནས་ཚུལ་འདི་གསར་པ་ཞིག་མ་རེད། ལོ་རབས་བརྒྱད་ཅུའི་མཇུག་ཙམ་ནས་གྲྭ་ཚང་ཞིག་ལ་རྟ་ལྕག་གིས་ཉེས་རྡུང་ཚད་མེད་བཏང་བའི་གླེང་གཞི་ཆེན་པོ་ཞིག་བྱུང་སྐབས། ༸གོང་ས་མཆོག་ནས། “ཉེས་རྡུང་མ་གཏོང་། ཐད་ཀར་སྐྱིད་སྡུག་ནས་ཕུད”ཞེས་བཀའ་གསལ་པོ་ཕེབས་ཡོད་ཀྱང་། ཇི་བཞིན་ལག་ལེན་ལ་མ་འཁྱོལ་བར་ལུས་ཚོད་རེད། སྐབས་དེ་དུས་མཁན་པོ་ཞིག་ཅུང་ཟད་མ་གཏོགས་མཁན་པོའི་མིང་གནས་ནས་གནས་དབྱུང་གི་བཀའ་ཉེས་ཕོག་གྲབས་བྱས།
ངེད་རང་ནུབ་ཕྱོགས་སུ་མི་ལོ་བཅུ་གཉིས་ལྷག་ཙམ་སྡོད་པའི་བརྒྱུད་རིམ་ནང་། སྡུག་ས་ནས་གོང་དུ་འཁོད་པའི་ཐལ་ཆ་ཅན་གྱི་སྐྱོན་དེ་དག་དང་། བཟང་ཕྱོགས་ནས་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་མེད་པའི་སྤོབས་བྱ་འོས་ཀྱི་ཁྱད་ཆོས་ཡང་ཆེས་མང་པོ་ཞིག་ཇེ་གསལ་དུ་སོང་བས། ཕྱོགས་གཉིས་ཀ་ནས་རྟོག་ཞིབ་བྱ་རྒྱུ་ཤིན་ཏུ་གལ་ཆེའོ། །
འཕྲོ་མཐུད་ནས་བགྲོ་གླེང་བྱ་རྒྱུ་ཡིན།
སེར་མོ་སྟོང་ཕྲག་གི་འདུ་ར་ན། ཆོས་འཆད་ཉན་གྱི་སྐོར་ལ་གང་ཡང་གསལ་རྒྱུ་མེད་པ། ཟ་ཉལ་གཡོ་བསྐྱལ་གྱི་རིགས་ལ། ཆོས་ཁྲིམས་བཙན་པོ་ཐོག་འདྲ་བ་ཞིག་མེད་ན། ཞིང་བདེ་པ་ཅན་ལ་ free ཐོག་འགྲོ་བསམ་པ། བོན་བསྟན་ཁྱོད་འདྲ་བ་ལ། སེམས་ནས་མེད་ན་ལུས་ནས་བཞེངས་ཟེར་བ་ལྟར། མགོ་ནས་སྐྲང་འབུར་དང་རྐུབ་ལ་སེན་འདོག གང་ལྟར་སྥྱི་འཚོགས་གང་ནས་བསྡད་ཀྱང་བདེ་བ་ཐོབ་རྒྱུ་ཅང་མེད་པ་གསལ་པོ་རེད་།
ཨ་ཁུ་བོན་ར྄ྒྱ་ལགས་ཀྱིས་ར྄ྩོམ་ཡིག་ཡག་པོ་ཞིག་བྲིས་འདུག་ ར྄ྗེས་སུ་ཡི་རངས་ཡོད། ཉིད་ཀྱིས་མགོན་པོ་ཀ྄ླུ་ས྄ྒྲུབ་ཀྱི་ལུང་ཚིག་འདི་ནས། ངས་ཡུན་རིང་བཙལ་བའི་ཐ་ས྄ྙད་ཅིག་གི་ཁོངས་ས྄ླེབས་སོང༌། ཉིད་ཀྱིས་ལུང་ཚིག་འདི་གར་ཡོད་ཁ་གསལ་ཞིག་ཅིས་ཀྱང་གསུང་གནང་ཡོད་པ་ཞུ། ཐུགས་ར྄ྗེ་གཟིགས།
རོག་པ་གནང་སྐྱོང་ཡོད་པར་ཞུ
རྩོམ་པ་པོ་ཨ་མེ་ཆ་ལགས་ཀྱིས་གདེང་འཇོག་གནང་བར་ཐུགས་རྗེ་ཆེ། འདི་ནི་དངོས་གནས་གྲྭ་རྐྱང་ཁྲི་སྟོང་མང་པོའི་སྐྱིད་སྡུག་དང་འབྲེལ་བ་ཡོད། རྩོམ་པ་པོ་སྐུ་ཉིད་ནས་ཀྱང་འདིའི་ཐད་རྩོམ་ཡིག་རེ་སྤེལ་བའམ་ཡང་ན་བསམ་ཚུལ་རྒྱས་པ་རེ་གསུང་ཐུབ་ན་ཡག་པོ་འདུག
དགེ་བཤེས་ལྷ་རམས་པ་ལགས་ཀྱིས་བསམ་ཚུལ་ལྷུག་པོ་གསུངས་པར་ཐུགས་རྗེ་ཆེ། དགེ་བཤེས་ནང་ནས་འདིའི་སྐོར་ལ་ཤུགས་བསྐྱོན་ན་ངེས་པར་དུ་མཚམས་འཇོག་ཐུབ་པ་ཞིག་རེད། དེ་མ་གཏོགས་དྲང་མོར་བཤད་ན་ང་ལྟ་བུའི་གྲྭ་རྐྱང་ཞིག་གིས་ཅི་བཤད་ཀྱང་ནུས་པ་ཐོན་ཁེགས་པོ་རེད། ཡིན་ནའང་། སེམས་ལ་ཡུན་རིང་བསྣོགས་ནས་བསྡད་ན་རང་ཉིད་ངལ་བ་ལས་གཞན་དུ་མི་དམིགས་པས་འདི་ལྟར་སྤྱི་བསྒྲགས་བྱས་པ་ཡིན། ལྷག་པར་དགེ་བཤེས་ལགས་ཀྱིས་བགྲོ་གླེང་མུ་མཐུད་རྒྱུ་ཡིན་གསུངས་པར་ཐུགས་རྗེ་ཆེ།
དྲ་གྲོགས་འབའ་ལུ་གུ་ལགས། ངའི་རྩོམ་ཡིག་འདི་རུ་མི་འཐད་པ་རེ་ཡོད་ན་ཤོད་དང་བདག་གིས་གསལ་བཤད་བྱས་ཆོག ངའི་རྩོམ་ཡིག་འདི་ང་རང་ཉིད་ལ་བདེ་བ་ཞིག་འཐོབ་ཆེད་བྲིས་པ་མིན། མགོན་མེད་དཔུང་མེད་ཀྱི་གྲྭ་རྐྱང་ཁྲི་སྟོང་མང་པོའི་ཉམ་ཆུང་བའི་ལས་དབང་ལ་རྩོམ་པ་པོ་ཐེབས་ཆག་ཅིག་ཡིན་པའི་ཆ་ནས་འགན་ཞིག་ཁུར་བའི་ཁུལ་ཡིན།
གྲོགས་པོ་ལགས། མགོན་པོ་ཀླུ་སྒྲུབ་ཀྱི་ལུང་ཚིག་དེ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ་ཐུང་ཐུང་ཞིག་ཡོད་ལ་དེའི་ནང་དུ་ཡོད། བདག་གི་ཕ་ཡུལ་ན་དེ་ཁ་འདོན་བྱེད་མཁན་ཧ་ཅང་མང་། ཤོག་བུ་གཉིས་གསུམ་ཞིག་ལས་མེད།
བོན་རྒྱ་བས་རྟག་ལྕག་ཁ་ཤས་བཟེད་ཡོད་པ་འདྲ། གང་ལྟར་རང་གི་བསམ་ཚུལ་བཤད་པ་དེ་ཡག་པོ་རེད། སྤྱིར་གྲྭ་ཚང་གི་ཁྲིམས་དང་སྒྲིག་གཞི་ཟེར་བ་དེ་ཁྱད་མཚར་ཞིག་རེད། སེར་བྱེས་ཏྲེ་ཧོར་ཁང་ཚན་གྱི་གྲྭ་པ་ཞིག་གིས་གློག་ཀླད་ཉར་བ་ཙམ་གྱིས་སྐབས་དེའི་དགེ་བསྐོས་མོན་པ་བློ་བཟང་ཆོས་དར་གྱིས་སྒྲིག་ཁོངས་ནས་ཕུད་པ་རེད། སེར་བྱེས་བྱ་བྲལ་ཁང་ཚན་གྱི་གྲྭ་བ་བོན་རྒྱ་བས་བོད་ཀྱི་དུས་བབ་གདན་ས་ཁག་གི་དགེ་འདུན་པས་གློག་ཀླད་ཉར་དགོས་པ་དང༌། ཉར་མི་ཆོག་པའི་ཁྲིམས་དེ་ཀླད་རྙིང་མཁྲེགས་བཟུང་རེད་ཅེས་བྲིས་པ་རེད། ངས་བལྟས་ན་མི་གཅིག་སྒེར་གྱིས་གློག་ཀླད་ཉར་བ་ཙམ་དང༌། སྤྱི་ཡོངས་ཀྱི་ཁྲིམས་ལུགས་ལ་ངོ་རྒོལ་གྱི་རྣམ་པས་ཐོག་ནས་སྐྱོན་འཛུགས་བྱས་པ་གཉིས་ལ་ཕྱི་མ་ནོར་འཁྲུལ་ཆེ་བ་ལྟ་བུ་མཐོང་གི་འདུག་ཀྱང༌། དགེ་བསྐོས་ཀྱི་ཁྲིམས་དེ་ཁ་ཤས་ལ་མིག་གིས་བལྟས། ཁ་ཤས་སྤྱན་གྱིས་གཟིགས་དགོས་པ་དེ་འདྲ་ཞིག་ཡོང་གི་འདུག དེར་བརྟེན་དགེ་བསྐོས་ཀྱིས་ག་རེ་བྱས་ཀྱང་དེ་ཁྲིམས་ཡིན་པ་ལྟ་བུ་ཡོད་ས་རེད།
དགོངས་དག་བོད་ཀྱི་དུས་བབ་ནང་ཞེས་པའི་ནང་ཆད་འདུག་པས་དེ་ལུགས་ནོར་བཅོས་ཡོང་བ་ཞུ།
ཞོགས་སྤྲིན་ཉི་མས་བཞུས་པའི་ཁ་དོག་གིས།།
མྱ་ངན་སེམས་པ་རལ་བའི་བར་གསེང་ནས།།
ཞི་བའི་ཕྱག་གིས་ལྕག་ཚན་མཐོར་བཏེགས་པའི།།
ཆོས་སྐྱོང་འཇིགས་པ་ཅན་བཞུགས་བདེན་ནམ་ཅི།།
བོན་བརྒྱ་བསྟན་འཛིན་རབ་རྒྱས་ཀྱིས་བདེན་པ་ཞིག་གླེང་འདུག་སྟབས། ཐུགས་རྗེ་ཆེ་ཞུ་ཡག་ཡིན། ངས་བལྟས་ན། དགེ་བསྐོས་ཁག་ཅིག་གིས་གྲྭ་པ་ཚོར་རྟ་ལྕག་གིས་གཞུས་པ་དེ་ནི་དེ་ཙམ་གྱི་ཚབས་ཆེན་རེད་དྲན་ཐུབ་ཀྱི་མི་འདུག ཚབས་ཆེན་ཟེར་ན། ལོ་ཤས་གོང་ལ་ཟླ་གསར་ཞེས་པའི་དེབ་ཅིག་བཀླགས་པ་དེ་རེད། དེའི་ནང་གྲྭ་པས་གྲྭ་པ་ལ་དགའ་རོགས་བསྒྲིགས་པ་དང༌། དགའ་རོགས་བརྩད་ནས་གྲིས་རྒྱག་རེས་བྱས་པ་སོགས་བཀོད་འདུག དེ་ཡང་དོ་བདག་སོ་སོར་བཅར་འདྲི་བྱས་ནས་བཀོད་འདུག ལོ་ཤས་རིང་དེའི་སྐོར་གླེང་མཚམས་ཆད་སོང༌། ཁ་སྔོན་ཞིག་ནས་དེ་སྐོར་གླེང་གི་འདུག ཁྱེད་རང་ཚོས་བསྟན་པ་དག་ཐེར་གྱི་ཆེད་དུ་དགོངས་ཀྱི་ཡོད་པ་ཡིན་ན། གྲྭ་པས་གྲྭ་པར་འཁྲིག་པ་སྤྱོད་སྟངས་ཤིག་ཡོད་འདུག་པ་དེ་དག་ཐེར་རེ་ཐུབ་ན། ད་རེས་ཀྱི་འདི་བས་ཀྱང་བསྟན་པའི་ཞབས་འདེགས་སུ་འགྲོ་ངེས་སུ་སྣང༌།
བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱི་བསམ་ཚུལ་ལ་དགོན་པ་གྲྭ་ཚང་གི་ལས་ཀྱི་སྣེ་མོ་བ་དག་གིས་ངེས་པར་བསམ་ཞིབ་གནང་དགོས་པ་ཞིག་རེད། ཡང་། ཟླ་བ་དོན་གྲུབ་ལགས་ཀྱི་བསམ་ཚུལ་འདི་གུས་པས་ཀྱང་ལོ་ངོ་དྲུག་བདུན་ཞིག་གི་གོང་ལ་ཟླ་གསར་དུས་དེབ་སྒང་ནས་མཐོང་མྱོང་ལ། རང་ཉིད་མི་སྐྱ་ཞིག་ཡིན་པས་ཆ་ནས་དོན་འདི་ལ་ཡིད་ཆེས་བྱུང་མ་སོང་།
སྐུ་ཞབས་བོན་རྒྱ་ལགས་ཀྱིས་དཔྱད་རྩོམ་ཡག་པོ་སྤེལ་བར་དགའ་བསུ་ཡོད།
གོང་ད་དྲ་གྲོགས་ཤིག་གིས་བོན་རྒྱ་ལགས་ཀྱིས་དྲངས་པའི་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་དེའི་ཁུངས་དྲིས་འདུག་པར་ངས་ལན་འདེབས་ཆོག དེ་ནི་ཀླུ་སྒྲུབ་ཀྱིས་གསུང་བའི་སྨོན་ལམ་འཁོར་ཚེ་མ་ཞུ་བ་དེའི་ནང་གི་ཚིག་རེད། ང་ཚོའི་ཕ་ཡུལ་ནས་སེར་སྐྱ་ཕལ་ཆེར་གྱིས་ཁ་འདོན་བྱེད་ཀྱིན་ཡོད། ངའི་བློ་ལ་ཡོད་པའི་སྨོན་ལམ་གྱི་ཚིག་འདི་ལྟར་ཡིན། དགེ་སློང་ནོར་ལ་དབང་བྱེད་བདག་པོ་དང༌། །གནས་བརྟན་ལས་བྱེད་པ་དང་ནང་ཁྲིམས་པ། །དགེ་བསྐོས་གཙང་སྦྱོར་བ་དང་དམ་བཞག་མཁན། །གང་ཟག་ལས་བྱེད་རྣམས་སུ་བདག་མ་སྐྱེས། ། ཞེས་མགོན་པོ་ཀླུ་སྒྲུབ་ཀྱིས་དེ་དག་གི་ལུས་སུ་མི་འགྱུར་བའི་ཐུགས་སྨོན་གནང་ཡོད་པ་རེད། གཅིག་བྱས་ན་ང་ཆུང་ཆུང་ཡིན་དུས་བློར་བཟུང་བའི་ཚིག་རེ་ཟུང་ནོར་བ་ཡིན་སྲིད། སྐུ་ཞབས་བོན་རྒྱ་ལགས་ཀྱིས་ཐུགས་ཞིབ་གནང་རོགས་ཞུ། དེ་ཙམ་ལས་མེད།
གྲོགས་པོ་ལགས། དགེ་སློང་ལ་བདེགས་ན་བདེགས་པའི་ལྟུང་བྱེད་ཡོད་རེད། སྤྱིར་དམ་ཆོས་འདུལ་བའི་ནང་ཆད་ལས་མང་པོ་ཞིག་གསུངས་འདུག་ཀྱང་། དེ་དག་ཐམས་ཅད་དཔེར་ན། གདམས་ངག་བཞག་པ་དང་། གསོ་སྦྱོང་བཞག་པ། གནས་དབྱུང་གཏོང་བ་སོགས་ལས། རྒྱུགས་པ་ཞུས་པ་དང་། རྟ་ལྕག་བླུག་པ་དེ་འདྲ་མི་འདུག།
ངས་ཀྱང་དུས་རྒྱུན་ཁ་རྒྱུན་ནམ་གཏམ་དཔེ་ལ།
རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྕི་ལ་ནན།
ཆོས་ཁྲིམས་དར་གྱི་མདུད་པ་འཇམ་ལ་འདོམས།
ཞེས་པ་ལྟར་དགོན་པ་གྲྭ་ཧ་ཅང་གོ་ཡངས་པོ་དང་ཕག་ཚག་རྒྱག་ས་མེད་པ། ཡང་ཞེ་པོ་ཞིག་ནན་པོ་དང་ཚ་པོ་དེ་འདྲ་མེད་པ་ཞིག་གི་ཐོག་ནས་འགྲིམས་འཛུགས་གནན་དགོས་པ་འདྲ།
སེར་བྱེས་དགེ་སྐོས་མོན་པ་རྒན་བློ་བཟང་ཆོས་དར་ལགས་ཀྱིས་སྔོན་བརྡ་ཅི་ཡང་མ་ཕུལ་བར། རང་འགར་སྐྱིད་སྡུག་ནས་ཕུད་པ་ཨེ་ཡིན། གལ་ཏེ་སྔོན་བརྡ་ཕུལ་ནས་ཉན་འཇོག་མ་བྱས་ན། རང་ལ་འདག་ཀ་ཡོད་བཞིན་དུ་སྤང་བླང་མ་བྱས་པས། དེ་ལ་བྱར་ཅི་ཡོད། ཁོ་རང་གི་ནོར་འཁྲུལ་རེད།
སྤྱིར་ན་དགེ་འདུན་པས་ཀློག་གླད་ངེས་པར་སྦྱོང་དགོས་པར་འདོད། དེ་ཡང་འཛམ་གླིང་སྤྱི་མཚུངས་ཀྱི་སྒྲིག་ལམ་ལྡན་པའི་དཔེ་མཛོད་ལྟ་བུའི་ནང་། བལྟ་སྲུང་གི་བྱ་ར་བྱེད་མཁན་ཞིག་ཡོད་ཐོག་ཀློག་གླད་སྤྱོད་རྒྱུའི་གོ་སྐབས་ངེས་པར་གནང་དགོས།
འོན་ཀྱང་གྲྭ་པ་སྒེར་གྱིས་ཀློག་གླད་ཉར་རྒྱུར་དགོས་པ་ལས་དགག་བྱ་ཆེ་བར་མཐོང་། བསམ་མེད་མང་པོས། ལེགས་ཆ་མི་ལེན་པར། འཁྲིག་སྤྱོད་ཀྱི་གློག་བརྙན་pornographyབལྟ་རྒྱུའི་ཉེན་ཁ་ཡོད་པར་གཟིགས་ནས་དགེ་སྐོས་ཀྱིས་བཀག་པར་ངེས།
ཁྱིམ་པ་ཚོས་གྲྭ་བཙུན་གྱི་སྐྱོན་ཤ་སྟག་འཚོལ་བཞིན་མི་སྡོད་པར། རང་གིས་ཀྱང་འཁྲིག་སྤྱོད་གློག་བརྙན་སྤྱི་དང་། ལྷག་པར་ཕྲུག་གུ་བྱིས་པར་འཁྲིག་སྤྱོད་བྱེད་པའི་ཁྲིམས་འགལ་གྱི་གློག་བརྙན་child pornographyབལྟ་བའམ་ཕབ་བཤུ་སོགས་བྱས་ན། རང་གིས་ཤེས་ཀྱང་རུང་། མ་ཤེས་རུང་། ནུབ་ཕྱོགས་རྒྱལ་ཁབ་ལྟ་བུ་ཡིན་ན། ལོ་བཅུ་ནས་ཉི་ཤུའི་བར་གྱི་བཙོན་འཇུག་ཉེས་ཆད་ཕོག་ངེས་རེད་དོ། །
ཁྱིམ་པ་ཚོས་ང་ཚོར་སྡོམ་པ་མེད། ང་ཚོས་གང་བྱེད་ནའང་བྱེད་ཆོག་སྙམ་ན། ནོར་འཁྲུལ་ཆེན་པོ་རེད་ད། འཐོམ་འཐོམ་གང་བྱུང་མི་བྱེད་པར་གཟབ་གཟབ་གནང་རོགས་ཞུའོ། །
འདིའི་ནང་ན་འདི་འདྲའི་སྡིག་ཁམ་པོ་ཆེ་གསོག་མཁན་རྐྱང་རྐྱང་རེད་འདུག དང་པོ་བོན་རྒྱ་ཟེར་མཁན་འདི་རེད། ཁྱེད་རང་གིས་གྲྭ་ས་གྲྭ་ཚང་གི་སྒྲིགས་བརྩི་མི་ཐུབ་ན་ཕྱི་ལ་བཏོན་ཤོག སུས་ཁྱོད་ལ་ཨུ་ཚུགས་བརྒྱབ་ནས་དེར་བསྡད་ཟེར་གི་འདུག ལྐུག་པ་ཁྱོད་རང་གིས་ངའི་གྲྭ་ཚང་གི་སྒྲིགས་ལམ་ལ་ཇུས་གཏོགས་བྱེད་མི་དགོས། ལྐུག་པ་ཁྱེད་ཀྱིས་ཅི་ཤེས། དགེ་བསྐོས་ཟེར་བ་དེ་རྒྱལ་ཁྲིམས་ཅིག་ལ་མཚོན་ནས་བཤད་ན་ཁྲིམས་ལ་བལྟ་རྟོག་བྱེད་མཁན་ཉེན་རྟོག་པ་དང་། ཁྲིམས་དཔོན་གཉིས་གྱི་ཕྱག་ལས་དང་འགན་གཉིས་ཆ་ཁས་ཡོད་པ་རེད། རྒྱལ་ཁྲིམས་གང་འདྲ་ཅིག་ཡིན་ན་ཡང་རྒྱལ་ཁྲིམས་ལ་འགལ་མཁན་ལ་རྒྱུག་པས་གཞུས་པའི་ལུགས་སྲོལ་ཡོད། དེར་མ་ཟད་མེ་མདའ་བཞུས་པའི་ལུགས་སྲོལ་ཡང་ཡོད། ཁྱེད་རང་གིས་མ་མཐོང་ན་ཨ་རིའི་སྙན་འཕྲིན་༼cop༽ཉེན་རྟོག་པའི་ལས་མཚན་དང་། བཙོན་ཁང་སོགས་ལ་ལྟོས།
ཁྱོད་ཀྱིས༼དེ་དག་ནི་མགོན་པོ་ཀླུ་སྒྲུབ་ཀྱིས༌། དགེ་སློང་གནས་ལ་དབང་བྱེད་བདག་པོ་དང༌། །གནས་བརྟན་ལས་བྱེད་པ་དང་ནང་ཁྲིམས་པ། །དགེ་བསྐོས་གཙང་སྦྱོར་བ་དང་དམ་བཞག་པ། །གང་ཟག་ལས་བྱེད་རྣམས་སུ་བདག་མ་སྐྱེས། །ཞེས་དང༌། ཡང་ཇི་སྐད་དུ། དགེ་འདུན་ལས་བྱེད་ལས་ཀྱི་ཐ་མ་སྟེ། །དགེ་འདུན་ལས་བྱེད་པ་རུ་བདག་མ་སྐྱེས། །༽ གསུངས་ཡོད་པ་རེད་ཟེར། ལུང་འདི་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གང་ན་ཡོད་། ད་ཤོད་ཅིག
ཁྲིམས་འགལ་ལ་ཉེས་རྡུང་མ་བཏང་པར་རྒྱ་ཡན་དུ་བཏང་ན། ཁྱོད་ལྟ་བུས་གདན་ས་ཆེན་པོའི་ནང་དུ་མཛེས་མ་ཁྲིད་ཡོང་གི་རེད། ཆང་འཐུང་གི་རེད།
ང་ལ་མཚོན་ན་དགེ་བསྐོས་ཁྲིམས་རྒྱུགས་མ་རེག་པའི་དཀའ་ངལ་ཡོད། ཚར་གཅིག་རེག་མྱོང་གོ་མགོན་པོ་དགོས་བསྐོས་སྐབས་སུ། ང་དགའ་ཐག་ཆོད་ནས་ཨ་མ་ལ་ཁ་པར་བཏང་པ་ཡིན། ཨ་མས་ང་ལ་འདི་གསུང་སོང་། གདན་ས་ཆེན་པོའི་ཚོགས་ཆེན་ཞལ་ངོས་ཁྲིམས་རྒྱུགས་བཏང་ན་བར་ཆད་སེལ་གྱི་རེད་གསུངས་སོང་།
གདན་ས་ཆེན་པོའི་ནང་དུ་ཁྲིམས་སྒྲིགས་ལམ་ཡག་པོ་ཡོད་པའི་རྐྱེན་གྱིས་སྙིག་དུས་འདིར་ཡང་འབོད་མ་དགོས་པར་སློབ་གཉེར་པ་རྣམས་པདྨའི་མཚོ་ལ་ངང་པ་བཞིན་འདུས་ཡོང་གི་ཡོད་པ་རེད། ང་ཨ་རི་ནས་གདན་སར་འགྲོ་ཐེངས་རེ་ལ་དགེ་བསྐོས་ཀྱི་རྒྱུགས་པར་མཇལ་ཁ་ཞུས་གི་ཡོད།། །།
བོན་རྒྱ་ཟེར་མཁན་འདིས་གུང་ཁྲན་ཏང་གི་རྒྱུགས་ཁྱི། རྒྱ་དམག་བོད་ལ་ཁྲིད་ཡོང་མཁན་ཕུན་དབང་གི་ལུང་དྲངས་ནས་གདས་ས་གྲྭ་ཚང་གི་ཆོས་ཁྲིམས་གསེར་གྱི་མདུད་པ་གཏོར་རྩིས་བྱེད་གི་འདུག་ག
འོ་གཅིག་བརྗེད་འདུག ཁྱོད་ཡོད་ས་དེ་ནས་དཀོར་གཉེར་གྱིས་ཀྱང་རྒྱུགས་པ་གཞུས་གི་འདུག དེ་ང་ལ་འཁུར་མི་བདེ་གི། ཡིན་ན་ཡང་གྲྭ་ཚང་བྱེས་པ་ཚང་གི་ཕྱག་སྲོལ་ཡིན་ན་ངས་དེ་ལ་ཡང་གུས་བརྩི་བྱེད་གི་ཡོད།།
དྲ་གྲོགས་རྣམ་པར།
འོ་ན། ཕ་མས་རང་གི་ཕྲུག་གུ་གཅུན་པའི་ཆེད། ཤ་ཚ་འབའ་ཞིག་གི་བསམ་པས་རྐུབ་ལ་ཐལ་ལྕག་གཞུ་བ་འདི་ཡང་གདུག་རྩུབ་དང་། རྗེས་ལུས་ཀྱི་རྣམ་པ་ཞིག་ཡིན་ནམ་མིན། ཡིན་ན་ཡིན་པའི་སྒྲུབ་བྱེད། མིན་ན་མིན་པའི་སྒྲུབ་བྱེད་གསུང་རོགས།
དངོས་གནས་བདེན་པ་རེད། སེར་རའི་གྲྭ་ཚང་དེར་རྒྱུགས་པ་ཞུ་རྒྱུའི་ཁྲིམས་ཆད་ངན་པ་ཞིག་འདུག། སྤྱིར་བཏང་ཆོས་མཆོག་ནས་བཤད་ན་ཡག་པོ་མ་རེད། གྲྭ་པའི་མི་ལ་ཉེས་བརྡུང་བ་དེ་ངོ་ཚ་པོ་རེད། སྤྱིར་བཏང་ཕྲུག་གུ་ཆུང་ཆུང་ཡིན་ན་ཕ་མས་ཉེས་བརྡུང་གཏོང་བའི་ལུགས་སྲོལ་བོད་ལ་སྔ་མོ་ནས་ཡོད་དུས་དེ་ཙམ་ཡ་མཚན་པོ་མིན་ཡང་། མི་ལོ་ངོ་གསུམ་ཅུ་བཞི་བཅུ་སླེབས་ཚར་བ་དེ་ཚོར་ཉེས་བརྡུང་དེ་འདྲ་གཏོང་ན་དངོས་གནས་ཉེན་རྟོག་པའམ་བཙོན་སྲུང་བ་འདྲ་པོ་ཆགས་པ་རེད། གྲྭ་པ་དེ་ལ་ཆད་པ་བཅད་དེ་ནས་མ་ཉན་ན་ཕུད་བཞག་ན་འགྲིགས་ཀྱི་འདུག།
དེའི་ཐད་དགེ་བསྐོས་ཆོས་དར་ལགས་ལ་ཞུ་ཡག་ཡོད་མ་རེད། གལ་ཏེ་སོ་སོའི་གྲྭ་ཚང་ན་རྟ་ལྕག་ཞུ་ཡག་གི་ལུགས་སྲོལ་དེ་འདྲ་མེད་ན་ཁོང་གིས་ཀྱང་ཞུ་གི་མ་རེད། གལ་ཏེ་རྟ་ལྩག་ཞུ་ཡག་དེ་ལ་མུས་མཐུན་ཡོད་ན་ང་ལ་བསམ་ཚུལ་གཅིག་ཞུ་ཡག་ཡོད། ག་རེ་རེད་ཟེར་ན། རིང་མིན་གདན་ས་གསུམ་གྱི་བཙན་ཁང་ཞིག་ཀྱང་རྒྱག་རོགས་བྱོས་ལབ་རྒྱུ་ཡིན། ང་ཚོ་ཁྱིམ་པ་ཚོ་ནང་འཛུལ་ཞུགས་ཆོག་པ་དང་། འོ་རེད། བོད་གཞུང་གི་ཁྲིམས་ཁང་ནས་ཀྱང་དེར་མི་ཁ་ཤས་གཏོང་ཆོག་རེད།
དགེ་འདུན་པའི་གློག་ཀླད་ཉར་རྒྱུ་དེར་དངོས་གནས་ངས་ཐག་གཅོད་བྱས་ཐུབ་ཀྱི་མི་འདུག། འདི་ནི་དཔེ་བཞག་ན། དགེ་འདུན་པ་ཕྱི་རྒྱལ་གྱི་སློབ་གྲྭར་གཏོང་ངམ་ཟེར་བ་ལྟ་བུ་རེད་ཤག
རྟ་རྒོད་མིན་ཀྱང་རྟ་ལྕག་རྐུབ་ཀྱིས་མཆོད།
གླང་རྒོད་མིན་ཀྱང་གླང་རྒྱུགས་དབུ་ལ་བཞེས།
མི་རྒོད་མིན་ཀྱང་མི་མིན་དུད་འགྲོ་བཞིན།
ཚེ་གཡོག་མིན་ཀྱང་ཚེ་གང་གཞན་གྱིས་མནར།
ཅེས་པ་འདི་ནི་ཉམ་ང་བའི་ཚིགས་སུ་བཅད་དོ།།
བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས།
ཁྱེད་ནས་གང་གསུང་བ་དེར་རྒྱབ་སྐྱོར་ཡོད།
འོན་ཀྱང་། གཞུང་ཆེན་མོའི་ནང་། དགག་གཞག་སྤོང་གསུམ་ཡོད་པ་བཞིན་དུ། ཆོས་སྲིད་གང་གི་ཐད་ལའང་དེ་གསུམ་ཚང་རྒྱུ་གལ་ཆེན་དུ་མཐོང་། དེར་བརྟེན། དང་པོ་གཞན་ལུགས་དགག་པ་སོང་ནས། གཉིས་པ་རང་ལུགས་གཞག་པ་དེ་ཇི་ལྟར་ཡིན། སྒྲུབ་ཕྱོགས་ནས་བསམ་ཚུལ་འདོན་རྒྱུ་ཡང་གལ་ཆེན་པོ་རེད། དེ་ནས་དེའི་རྗེས་འབྲེལ་གྱི་རྩོད་པ་སྤོང་བའང་འོང་རྒྱུ་རེད།
ལོ་རབས་དགུ་བཅུའི་འགོ་སྟོད་ནས། བྱེས་པ་གྲྭ་ཚང་གི་ཚོགས་ཡོངས་སུ་དམར་ཟས་གཏོང་མི་ཆོག་པའི་སྒྲིག་གཞི་བཟོས་པའང་། ༸གོང་ས་མཆོག་གི་བཀའ་སློབ་རིམ་པར་ཕེབས་པའི་བྱིན་མཐུ་དང་། བསམ་ཤེས་ལྡན་པའི་གཞོན་སྐྱེས་འགའ་ཞིག་གིས་དགོངས་འཆར་ཤུགས་ཆེར་བཏོན་པའི་ཐུགས་རྗེ་རེད། བྱེས་པ་གྲྭ་ཚང་ནི་ཚོགས་དབུས་དམར་ཟས་སྤོང་མཁན་གྱི་གྲྭ་ཚང་ཐོག་མ་དེ་ཡིན་པས་ཤིང་རྟའི་སྲོལ་འབྱེད་རེད་ཅེས་སྨྲས་ཀྱང་འོས་པར་མཐོང་།
ངེད་ནས་༼གྲྭ་སའི་སློབ་གཉེར་བར་བསྟོད་པ་བུང་བ་གཞོན་ནུའི་འདབ་གླུ༽ཞེས་པར་དེའི་སྐོར་ཚིགས་བཅད་གཅིག་བྲིས་ཡོད་པ་འདི་ལྟར།
དཔྱོད་ལྡན་གཞོན་སྐྱེས་འགའ་རེས་ཚོགས་གཞུང་དུ། །
དམར་ཟས་སྤོང་བའི་དགེ་སྐུལ་ཞུས་པ་ལ། །
བསམ་མེད་རྒན་གཞོན་མང་པོས་ཁོང་ཅག་ལ། །
དགེ་འདུན་རྡོ་རྗེ་ཞེས་ནི་དམོད་མོ་བཏབ། །
ཅེས་སོ། །
དམར་ཆུང་སྲོག་གི་རྗེས་འདེད་བྱེད་པའི་ཤན་པ་སླེབས་རྒྱུའི་དོགས་ཟོན་གྱིས།།
མི་རྟག་འཆི་བ་ཞེ་ནས་སྒོམ་བཞིན་གློ་སྙིང་འབེན་ལ་བཙུགས་ནས་བཞག།
གྲི་དང་མདུང་གི་ན་ཟུག་བཟོད་པའི་ཤ་དང་རུས་པའི་བཟོད་བསྲན་སྦྱངས།།
གཤིན་རྗེ་ཆོས་ཀྱི་རྒྱལ་བོར་འབུལ་རྒྱུའི་མ་ནིའི་ལེགས་སྐྱེས་བསགས་ནས་བཞག།
ཕེབས་ཤོག་བླ་མའི་མཚན་སྙན་སྲུང་བའི་དད་པ་ཅན་གྱི་དགེ་ཕྲུག་ཚོ།།
ལོངས་ཤོག་བཀའ་ཁྲིའི་རྒྱབ་ཏུ་ངར་བའི་སྨྲ་བརྗོད་རང་དབང་འཕྲོག་མཁན་ཚོ།།
རོ་དྲུག་བཟའ་བཏུང་གང་ཞིམ་སྤྱད་པ་མཐའ་མ་བཤང་གཅི་གཉིས་སུ་འགྱུར།།
བོད་སྤྱིའི་བདེ་སྡུག་བཤད་བཤད་མཐའ་ལ་གཞུང་དམངས་གཉིས་ཀྱི་དགྲ་བོར་འགྱུར།།
ས་ཡ་དྲུག་གི་སྤྱི་དོན་ཡོངས་རྫོགས་རྒས་ཁོག་ཅིག་ལ་བཅོལ་ཁུལ་བྱས།།
ཤེས་ཡོན་ཅན་གྱི་བོད་མི་ཕལ་ཆེར་ནང་དཀྲུགས་བྱེད་རྒྱུའི་ངན་ལངས་ཡོད།།
སེམས་རྒྱུད་དྲང་བའི་གཞི་རིམ་མང་ཚོགས་གདོད་མའི་དད་པས་མནན་ནས་འདུག།
གོ་ལའི་དབུ་རྩེར་ལྷུན་གྱིས་ཆགས་པའི་བོད་ལ་རྫོགས་ཚིག་འགོད་ཉེན་མཐོང་།།
བྱང་སེམས་སྦྱོང་སའི་དགོན་པའི་ནང་དུ་རྟ་ལྕགས་གཞུ་མཁན་མེད་པར་ཤོག།།
ལུས་པོའི་ཤ་པགས་ལྕགས་ཀྱིས་གནད་པའི་གནོད་འཚེ་ཕོག་མཁན་མེད་པར་སྨོན།།
སྒོ་གསུམ་སྤྱོད་པ་རྟ་རྒོད་ལྟ་བུའི་གྲྭ་སྨྱོན་སྤྱོད་པ་དུལ་གྱུར་ཏེ།།
སངས་རྒྱས་བསྟན་པའི་དགོན་ཆེན་ཁག་ཏུ་ལྕགས་ཀྱི་གླེང་གཞི་མེད་གྱུར་ཅིག།
སྔར་གྱིས་བག་ཆགས་ངན་པའི་དབང་དུ་ཤོར་ཏེ་དྲ་ཁང་འདིར་ཐེངས་གཅིག་ཡོང་བའི་རྐང་རྗེས་སོ།
ངས་འདི་ནང་མཆན་ཅིག་བྲིས་པ་ཡིན་མོད་། གཏོང་མ་ཐུབ་ཐལ། ཕལ་ཆེར་དྲ་དཔོན་གྱི་ཁྲིམས་ལ་འགལ་ནས་བཀག་པ་འདྲ། གལ་ཏེ་དྲ་དཔོན་གྱི་ཁྲིམས་ལ་འགལ་ན་ང་ལ་དྲ་བའི་སྒྲིག་སྲོལ་ལྟར་ཉེས་པ་ག་རེ་བཏང་ན་ཡང་འཁུར་གི་ཡིན། ང་སྐྱེས་པ་ནས་བཟུང་ད་ལྟའི་བར་དུ་ཁྲིམས་འཁུར་ནས་ཡོང་པ་ཡིན་པས། ཁྲིམས་འཁུར་རྒྱུ་དགའ་ལ། གལ་ཏེ་ཁྲིམས་ལ་འགལ་ན་ཉེས་པ་འཁུར་རྒྱུ་ཡང་ལོས་དགའ།། །།
འ་འ་ སྒོམ་བདེ་ལགས། གོང་དུ་ངས་བོན་རྒྱ་ལ་ཅིག་བྲིས་པའི་རྗེས་སུ་ངས་བྲིས་པ་དག་གློག་འཕྲིན་ཁ་བྱང་རྗེས་པོ་མ་བརྒྱབ་ན་ནང་ལ་འཇུག་མི་ཐུབ་གི། དེ་ག་རེ་ཡིན་ནམ།། །།
ད་ཐེངས་ངས་ཁ་ལ་བདག་པོ་རྒྱག་མ་ཐུབ་པས་ཁ་བརྡ་ཚང་གི་དགེ་བསྐོས་ང་ལ་རྒྱུག་པས་མ་གཞུས་པར་རྒྱང་འཕུད་བཏང་པ་འདྲ། ང་ལ་མཚོན་ན་རྒྱང་ཕུད་བཏང་པ་ལས་རྒྱུག་པས་གཞུས་ན་དགའ་མོད། ཡིན་ན་ཡང་འདི་ནས་དེ་འགྲིག་གི་མེད་པ་འདྲ་འདུག
དྲ་འདྲེ་སྟག་སྨྱོན་ཟེར་བ་འདི་ཡང་སླེབས་ཚར་འདུག ཅ་མ་ཟིང་། ཚང་མས་གཟབ་གཟབ་གྱིས། འདི་གཅིག་བ྄ྱནརྒྱ་མིའི་ཕོག་ཟོན་པ་ཡིན་རྒྱུ་རེད། སུས་ཤེས།
ཡ་སྟག་སྨྱོན་ཁྱི་རྒན། ཁྱོད་ཡིབ་ཡིབ་ནས་དེ་རིང་ཡང་ཕྱིར་ཐོན་ཡོད་དམ། ངས་ག་དུས་ཡིན་ཡང་ཁྱོད་བསྒུགས་བསྡད་ཡོད། བོད་མི་ནང་ཁུལ་ལ་སྙིང་དམར་པོ་ཚ་བསྔོགས་བྱེད་མཁན་གྱི་དམ་སྲིའི་ཁོལ་པོ་ཁྱོད་སྐྱེ་བ་ཚེ་ཐོག་འདིར་བོད་ཡིག་གི་དྲ་ཐོག་གང་དུ་སླེབས་ཀྱང་ངས་ཐར་པ་ཨེ་གཏོང་ལྟོས་ཤིག
མེ་རི་སླེབས་དུས་སྟག་སྨྱོན་མེད།།
གདོང་དམར་སླེབས་དུས་མེ་རི་མེད།།
དོན་ལ་ཤི་འདྲེ་ཁོག་ཞུགས་ཀྱི།།
གོ་སྐབས་རྩོད་པའི་ཆོ་འཕྲུལ་ཙམ།།
ཕ་མེས་རྣམས་ཀྱི་བརླ་བཙོང་ཞིང་།།
ཉེ་བ་རྣམས་ཀྱི་མཚང་རྫོད་པོ།།
ཆོས་དང་བླ་མའི་རྐང་འདྲེན་མཁན།།
ཁ་བ་ཅན་གྱི་མྱི་གླུད་ཁྱོད།།
གངས་བལ་རྒྱ་བོའི་མཆིལ་མ་འཐུང་པ་ཡིས།།
གངས་རིའི་ལ་རྒྱ་རྫོད་པའི་སྐྱུགས་རྒན་ཁྱོད།།
གངས་ལྗོངས་གཞིས་བྱེས་འཛོམས་པའི་དྲ་ཐོག་འདིར།།
གངས་རིའི་སྲོག་ལ་བརྙབ་པའི་དྲ་འདྲེ་དངོས།།
ཆོས་ལ་ལོག་ལྟ་བྱེད་པས་ལྟ་བ་ལོག།
བཙུན་པའི་འདུལ་ཁྲིམས་རལ་བས་གྲྭ་བ་ལོག།
ཤི་འདྲེའི་བྲན་དུ་གྱུར་བས་སྤྱོད་པ་ལོག།
ཞེ་ཕུག་འདྲེ་ལ་བཅོལ་བས་འདུན་མ་ལོག།
སྐྱབས་གནས་བླ་སྤྲུལ་རྣམས་ལ་དད་པ་མེད།།
དཔལ་ལྡན་རང་གི་གཞུང་ལ་ཡིད་ཆེས་མེད།།
རང་མཚང་ཕྱི་རུ་སྟོན་ལ་ངོ་ཚ་མེད།།
དྲིན་ལན་ལོག་འཇལ་བྱེད་དུས་ཁྲེལ་གཞུང་མེད།།
རང་ལ་ཁྱི་ངན་ཞིག་གི་འཇོན་ཐང་མེད།།
གཞན་ལ་སྐྱོན་བརྗོད་བྱེད་དུས་ངོ་ཚ་མེད།།
ཉིན་རེ་མིང་རེ་བརྗེ་ལ་ཐོགས་པ་མེད།།
ཡར་དཀྲུགས་མར་དཀྲུགས་བྱེད་དུས་གཉིད་རྒྱུ་མེད།།
ལེགས་ཉེས་བདེན་རྫུན་དཔྱོད་པའི་བློ་གྲོས་མེད།།
འདྲ་འདྲའི་མི་ལ་བལྟ་བའི་མིག་གཉིས་མེད།།
གཞན་གྱིས་ཅི་ཟེར་ཉན་པའི་རྣ་བ་མེད།།
གྲོགས་ཀྱིས་སློབ་གསོ་བྱས་རུང་གོ་བ་མེད།།
ཤི་འདྲེའི་སྒོར་མོ་ལེན་རྒྱུའི་ལག་པ་ཆེ།།
གསོན་འདྲེའི་རྐུབ་ལ་རྒྱུགས་དུས་གུས་ཞབས་ཆེ།།
ནང་ཁུལ་དཀྲུགས་ཤིང་བྱེད་རྒྱུའི་འགན་ཁུར་ཆེ།།
དམ་སྲི་སྐྱབས་སུ་འཛིན་དུས་དད་པ་ཆེ།།
འཛིན་ཁང་ནང་དུ་ཐོན་དུས་གཏི་མུག་ཆེ།།
རིགས་པའི་གནས་ལ་སྦྱངས་དུས་ལེ་ལོ་ཆེ།།
གྲོད་ཁོག་ཐུག་པས་བརྒྱག་དུས་ཁ་ཕོ་ཆེ།།
མཚན་མཐུན་ཆགས་སྤྱོད་གཟེད་དུས་སྐྱག་ཁུང་ཆེ།།
དམ་པའི་སྐྱེས་བུ་འཇམ་མགོན་ཡབ་སྲས་ཀྱིས།།
དམ་ལྡན་སྲུང་མར་བསྐོས་པའི་མཐུ་བོ་ཆེ།།
དམ་ཅན་ཆོས་རྒྱལ་འབར་བའི་ཕྱག་མཚན་ཅན།།
དམ་ཉམས་འདི་ཡི་སྲོག་གི་གཤེད་མ་མཛོད།།
དྲ་གྲོགས་ཚོ། ཁྱོད་ཚོས་ངའི་སྐད་ཆ་འདི་དག་ཆོ་མེད་ཅིག་རེད་བསམ་མི་ཉན། མི་འདིའི་རྒྱུས་ང་ལ་ཡོད་པས་ཤེས་ནས་གནས་ལུགས་བཤད་པ་ཡིན། ཉེ་བའི་ཆར་ཤིས་ཚང་མཁྱེན་རབ་རྒྱ་མཚོའི་རྩོམ་ཞིག་གི་ནང་དུ། ངེས་གཏན་མེད་པའི་སྨྱུག་མིང་འདྲ་མིན་བེད་སྤྱོད་ཀྱིས་འགན་ཁུར་མེད་པའི་སྐད་ཆ་སྦོམ་བཤད་དང་དཀྲུགས་ཤིང་རྒྱག་མཁན་རྣམས་ལ་གདོང་འབག་ཅན་གྱི་སྙུག་ཐོགས་པ་ཞེས་བཏགས་འདུག་པ་ཅི་མ་བདེན། དེང་སང་མི་ཁོག་དུག་ཅན་འགའ་ཞིག་གིས་དྲ་རྒྱ་འདྲ་མིན་གྱི་ཐོག་ཏུ་མིང་དངོས་མ་སྦས་ཏེ་མིང་རྫུན་མའི་གདོང་འབག་གི་འོག་ནས། ཆོས་ལུགས་ཀྱི་སྙིང་ནད་དང་། ཆོལ་ཁའི་སྙིང་ནད། ཆབ་སྲིད་ཀྱི་སྙིང་ནད། ཐ་ན་མི་སྒེར་གྱི་སྙིང་ནད་ཡན་ཆད་རྩོད་རྒྱུའི་དམིགས་ཡུལ་དམ་འཛིན་བྱས་ཏེ། གོ་སྐབས་ཡོད་ཚད་ལ་སྙིང་དམར་པོ་ཚ་བསྔོགས་བྱེད་པའི་རྩོམ་དང་མཆན་འདྲ་མིན་སྣ་དགུ་བྲིས་ནས་རང་ལ་ནུས་པ་ཡོད་ཚད་ཀྱིས་ཡར་དཀྲུགས་མར་དཀྲུགས་གང་ཐུབ་བྱེད་ཀྱི་ཡོད་ལ། སྟག་སྨྱོན་དང་གདོང་དམར་ཟེར་བ་འདི་ཡང་དེའི་ནང་གི་གཙོ་གྲས་གཅིག་ཡིན། མི་འདིས་ད་བར་མིང་རྫུན་མ་འདྲ་མིན་བེད་སྤྱོད་ཀྱིས་༧རྒྱལ་བ་པཎ་ཆེན་དང་། ཞིང་གཤེགས་པད་ནོར་རིན་པོ་ཆེ། བཀའ་བློན་མཁས་དབང་ཟམ་གདོང་རིན་པོ་ཆེ། བོད་མི་མང་སྤྱི་འཐུས་ཡོངས་རྫོགས། བོད་གཞུང་བཀའ་ཤག བོད་ཀྱི་བླ་སྤྲུལ་ཕལ་མོ་ཆེ། སྐུ་ཚབ་རྒྱ་རི་རིན་པོ་ཆེ་སོགས་གང་ན་བོད་མིའི་ཆོས་སྲིད་ཀྱི་སྲོག་རྩ་ཡོད་པ་དེ་ན་མཚན་སྨོད་དང་སྐྱོན་བརྗོད། སྙིང་ཚིམ་དང་གཞི་མེད་སྐུར་འདེབས་སོགས་ཡིད་ལ་དྲན་ཚད་དྲ་ཐོག་ཏུ་གཏོང་གི་ཡོད་པར་མ་ཟད། སྐབས་རེ་གསོད་འདོད་ཡོད་པའི་ཐ་ཚིག་ཀྱང་སྐད་གསེང་མཐོན་པོས་སྒྲོག་གི་ཡོད་ཅིང་། ད་དུང་ངོ་ཚ་མེད་པར་དུས་བབ་ཀྱི་ཟིན་བྲིས་ས་མིག་ཏུ་ཡང་ཟིན་བྲིས་པའི་ཆ་ཤས་བླངས་ནས་བསྡད་ཡོད། ཁོས་ད་བར་བསམ་བློའི་ཁྱེར་སོ་གང་ཞིག་གི་ཐོག་ནས་རྩོམ་དང་མཆན་ཇི་ཞིག་བྲིས་པ་ཐམས་ཅད་འདིར་འགོད་དགོས་ན་ཁྱེད་ཀློག་པ་པོ་རྣམས་ཧ་ཅང་སུན་པར་འགྱུར་མོད། འོག་ཏུ་ཁོས་ད་བར་བྲིས་པ་རྣམས་ཀྱི་ནང་ནས་དཔེ་མཚོན་ཁག་ཅིག་ཟུར་བཀོད་བྱས་ཡོད་པས་ཀུན་གྱིས་གཟིགས་རོགས་དང་། དེ་ལུགས་ཀྱིས་རྗེས་སུ་མི་འདིའི་རྩོམ་དང་མཆན་རྣམས་ལ་དོ་སྣང་གཟབ་ནན་གནང་རོགས་ཞུ་རྒྱུ་ཡིན།
ཁོ་བོ་ཤི་ཡང་བོད་གཞུང་དང་བོད་ཡིག་གིས་ཕན་སྲིད་པའི་རེ་བ་མེད། འོན་ཀྱང་རང་བཙན་ལག་དེབ་ཀྱི་དངུལ་མ་སྤྲད་ཐབས་མེད་རེད། དེ་མ་སྤྲད་ན་གུང་གསེང་ལ་འགྲོ་རྒྱུའི་ལམ་ཁ་བཀག་འདུག ཟམ་གདོང་རིན་པོ་ཆེ་ལ་དགོས་པ་ནུབ་ཕྱོགས་ཀྱི་བོད་མི་སྐྱབས་བཅོལ་བ་ཚོ་མ་ཡིན་པར། ཁོ་ཚོའི་དངུལ་གཅིག་པོ་རེད། ཁོང་གིས་ནུབ་ཕྱོགས་ཀྱི་བོད་མི་ཚོ་ཁྲིམས་འགལ་བ་དང་ནག་ཅན་པ་རེད་ཟེར་བ་དེ་ནས་བཟུང་ངས་བོད་གཞུང་ལ་རེ་བ་བཅད་པ་ཡིན།
༢༠༠༩ ༠༣ ༡༣ལ་བྲིས་པའི་དུས་བབ་ནང་གི་ཟིན་བྲིས།་་་་་་་་་་་་་་་་་་་་་་་་་་་་
ཟམ་སྟོང་བླ་མ་མང་འོས་བཀའ་ཁྲི་དང་པོར་འདེམས་པ་དང་། བོད་གཞུང་བཀའ་ཤག་གི་རྩེ་ལ་ཐོག་བརྒྱབ་ནས་བོད་ཀྱི་རྒྱལ་དར་གཏོར་བ་རེད། དེ་ནི་ཁོང་གི་བྱས་ཉེས་རྐྱང་བྱས་ནས་བོད་དང་བོད་ཀྱི་རྒྱལ་དར་རྩ་མེད་འགྲོ་རྒྱུ་ཡིན་པའི་ངན་ལྟས་ཚོད་འདུག དེ་ནི་ལྷ་སྲུང་མངོན་ཤེས་ཅན་ཞིག་ཁྲོས་པའི་སྔོན་བརྡ་ཡང་ཡིན་པ་འདྲ། ཁ་བརྡའི་ནང་གི་བཀའ་བློན་ཁྲི་པ་ལགས་ཞེས་པའི་བརྗོད་གཞིའི་འོག་གི་མཆན་༦པ།་་་་་་་་་་་་་་་་་་་་་་་་་་་་་་་་
ཟམ་གདོང་རིན་པོ་ཆེས་ངེས་པར་དུ་ཁ་ཞེ་གཉིས་མེད་དང་ངོ་ནས་དྲང་ནས་བོད་ཀྱི་རྩ་དོན་རྩོད་ཀྱི་ཡོད་པ་ང་ཚོ་བོད་རིགས་མི་དམངས་ལ་ཡིད་ཆེས་འཕེར་བའི་སྒོ་ནས་གསལ་བོ་བཟོ་དགོས་ཡོད། དེ་མིན་ན་རྩ་དགོངས་ཞུས་ནས་བོད་དོན་བོད་མི་ལ་རྩིས་སྤྲོད་དགོས། ཁ་བརྡའི་ནང་གི་བཀའ་བློན་ཁྲི་པ་ལགས་ཞེས་པའི་བརྗོད་གཞིའི་འོག་གི་མཆན་༡༡པ།་་་་་་་་་་་་་་་་་་་་
དང་པོ་བོད་པ་ཚོས་བླ་མ་ཟེར་ནས་སྒང་ལ་བཞག་ཁྱོད་མཁྱེན་ཞུས་ནས་འབྱོར་ཚད་ཕུལ་མྱོངས་ས་ཞིག་ཡིན་རྒྱུ་རེད། དེ་ནས་ཁོ་རང་གིས་ཀྱང་མི་མཁྱེན་མཁྱེན་ཁུལ་གྱི་གཡོ་འཁྲབ་སྟངས་དང་བྱིན་རླབས་མེད་ནའང་ཡོད་མདོག་གིས་ཕྱག་མཇལ་གནང་སྟངས་བོད་མའི་མགོ་ལ་སྦྱངས་ཚར་བའི་རྗེས་ནུབ་ཕྱོགས་སུ་ཆོས་ཚོང་བརྒྱབ་ནས་འབྱོར་ལྡན་ཆགས་མཁན་ཞིག་མིན་འགྲོ། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༢པ།་་་་་་་་་་་་་་་་་་་་་་་་་་
མ་གཞི་ནས་པད་ནོར་ཆེན་པོ་ཅང་འགོར་གི་མ་རེད། མགྱོགས་པོ་འཁྲུངས་ཡོང་གི་རེད། གང་ཡིན་ཟེར་ན་ཁོང་གིས་སྒོར་མོ་མང་བསགས་ཡོད་པ་ཚང་མ་ཤུལ་དུ་ལུས་ཡོད་པས་དེ་བརླག་འགྲོ་གི་རེད་བསམ་ནས་ཐག་རིང་པོ་ལ་ཕེབས་ཐུབ་ཀི་མ་རེད། མགྱོགས་པོ་ཕྱིར་ཡོང་གི་རེད། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༣དང་༡༤པ།་་་་་་་་་་་་་་་་་་་་་་་་་་་
བླ་མ་ཚོ་བཤན་པ་ཞིག་དང་འདྲ་ཞིང་ནང་ཆོས་ནི་ཁོ་ཚོའི་ལག་གི་རལ་གྲི་དང་འདྲ་བར་བོད་ཆེན་པོ་དུམ་བུ་བཞི་རུ་བཏང་བ་རེད། བླ་མ་འདི་ཚོ་རང་རང་གི་རུ་སྣེ་འདྲེན་མཁན་གྱི་དམག་དཔོན་ཤར་སྟག་རེད། སྔ་འགྱུར་རྙིང་མའི་དམག་དཔོན་ཆེན་མོ་སྐུ་གཤེགས་པར་སེམས་གསོ་ཡོད། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༥པ།་་་་་་་་་་་་་་་་་་་་་་་་་་་་་་་་
གསེར་གྱི་ལྷ་ཁང་བཞེངས་པའི་ཚོང་དཔོན་ཡང་།།
ཞིང་ཁམས་གཞན་དུ་ཕེབས་པའི་དོགས་མ་བྱེད།།
ཚེ་གཅིག་འབད་པས་བསྐྲུན་པའི་ནོར་དྲན་ནས།།
ཉེ་བའི་འགྲམ་ན་ལྡིང་སྐོར་བརྒྱག་བཞིན་ཡོད།།
ཉམས་ཆུང་བོད་མི་མཐོང་འདོད་མེད་པ་ལས།།
མགོ་སེར་ཕྱུག་བདག་ཚོ་ལ་ཞལ་གཟིགས་སྟོན།།
འབྱོར་མེད་བོད་མིས་མིག་གིས་མི་མཐོང་ཡང་།།
འབྱོར་ལྡན་ཀུན་ལ་པད་ནོར་སྒོ་ཉན་ཡོད།། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༢༥པ།་་་་་་་་་་་་་་་་་་་་་་་་
ཁོང་རྒྱ་གར་ནང་གི་བླ་མ་ཕྱུག་ཤོས་རེད་ཟེར། ཨ་རི་དང་ཐེ་ཧན་སོགས་ན་སྦྱིན་བདག་དང་ཆོས་ཚོང་ཁང་མང་ཤོས་ཀྱི་བླ་མ་དེ་ཡིན་པ་རེད། ལྷོ་ཕྱོགས་ན་གསེར་གྱི་ལྷ་ཁང་བཞེངས་ཡོད་པ་རེད། བོད་མི་རྣམས་འུ་ཐུགས་ཐབས་ཟད་ཀྱི་སྐབས་འདིར་ཁོང་ལ་གསེར་གྱི་ལྷ་ཁང་བཞེངས་སྤྱད་དེ་འདྲ་ཡོད་ན་བོད་ཕྲུག་ཚོའི་ཆེད་དུ་སློབ་གྲྭ་ཁ་ཤས་བརྒྱབ་ཆོག་མོད། ཡོད་ཚད་ཁོ་རང་གི་ཆོས་ཚོང་ཁང་གི་མཛེས་རྒྱན་དང་མཚན་སྙན་གྱི་ཆེད་གཏོང་བ་མ་ཟད། གསེར་གྱི་ལྷ་ཁང་བཞེངས་པ་དེའི་ནང་སླར་ཡང་ཁོ་རང་སྐྱེས་འདོད་པ་མིན་འགྲོ། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༨པ།་་་་་་་་་་་་་་་་་་་་་་་་་་་་་
པད་ནོར་མི་འགོར་སླར་ཡང་འཁྲུངས་པར་ངེས།།
གསེར་གྱི་ལྷ་ཁང་ནང་ལ་བཞུགས་མཛད་དེ།།
རིན་ཆེན་ཆོས་ཀྱི་ཚོང་ལས་བྱེད་དུ་འོང་།།
སྦྱིན་བདག་ཕྱུག་པོ་ཚོ་ལ་མཇལ་བར་ངེས།། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༢༥པ།་་་་་་་་་་་་་་་་་་་་་་་་་་་་་་་་
པད་ནོར་མི་འགོར་སླར་ཡང་འཁྲུངས་པར་ངེས།།
གསེར་གྱི་ལྷ་ཁང་ནང་ལ་བཞུགས་མཛད་དེ།།
རིན་ཆེན་ཆོས་ཀྱི་ཚོང་ལས་བྱེད་དུང་འོང་།།
ནུབ་ཕྱོགས་སྦྱིན་བདག་ཚོ་ལ་མཇལ་དུ་འོང་།།
འབྱོར་ལྡན་ཀུན་ལ་པད་ནོར་སྒོ་ཉན་ཡོད།། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༩དང་༢༠པ།་་་་་་་་་་་་་་་་་་་་་་་་་
བཙན་པོའི་རྒྱུད་ནས་ཆེད་པའི་གདོང་དམར་བོད་མི་དགོས་པ་བོད་ས་ཡིན།
སྤྲུལ་སྐུ་འབོད་པའི་རྒྱག་རྒན་འདི་ཚོ་དགོས་བ་རྒྱུ་དང་ཐོབ་ས་ཡིན།
བླ་སྤྲུལ་འདི་ཚོའི་བླ་བྲང་ཤོར་དུས་རང་ས་སྐྱུར་ནས་གཞན་ལ་ཤོར།
གཞན་གྱི་གཤེད་དམག་ནང་དུ་དྲངས་ནས་གདོང་དམར་བོད་མི་སྡེབ་གསོད་བྱེད། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༤༡པ།་་་་་་་་་་་་་་་་་་་་་་་་་་་་་་་་
ཀ་ཡེ་རྒྱུ་འབྲས་མེད་པའི་ལྕི་འཐུས་ཚོ།།
ཁ་བ་ཅན་གྱི་སྤྱི་དོན་མི་གླེང་ཞིང་།།
ག་ལེར་ཆུ་ཚོད་བསྐྱལ་བའི་ཉེས་ཅན་ཚོ།།
ང་ལ་དབང་ཞིག་ཡོད་ཚེ་གསོད་ན་འདོད།།
དུས་བབ་ཟིན་བྲིས་ནང་གི་གྲོས་ཚོགས་ཁང་ནང་དུ་བྲིས་པའི་སྙན་ངག་བཀླགས་རྗེས་ཞེས་པར།
ཚེ་ཟད་ཁྱོད།་་་་་་་་་་་་་་་་་་་་ བསམ་གཏན་ཟེར་བ་ཚེ་ཟད་་་་་་་་་་་ཁ་་བརྡའི་ནང་གི་གདོན་འཕྲུལ་གྱིས་བསླུས་པ་ལྟ་བུའི་ལོ་རྒྱུས་ཞེས་པའི་འོག་གི་མཆན་༢༩དང་༣༢པ་་་་་་་་་་་་་་་་་་་་་་
ཅ་ཅོའི་ཚིག་རྙོག་མང་པོ་གླེང་མཁས་པའི།།
ཆ་ཡོད་སྤྱི་འཐུས་འདི་ཚོ་སྐྱུགས་རེ་བྲོ།།
ཇ་ཆང་ཐུགས་སྤྲོ་བསམ་ནས་ཡོང་བ་ལས།།
བོད་ཀྱི་སྤྱི་དོན་བསམ་མཁན་གཅིག་ཀྱང་མེད།།
དུས་བབ་ཟིན་བྲིས་ནང་གི་གྲོས་ཚོགས་ཁང་ནང་དུ་བྲིས་པའི་སྙན་ངག་བཀླགས་རྗེས་ཞེས་པར།་་་་་་་་་་་་་་་་་་་་་་་་་་་
དང་པོ་བླ་མ་བྱིན་རླབས་ཅན།།
བར་དུ་བླ་མ་འབྱོར་ཕྱུག་ཅན།།
མཐའ་མ་བླ་མ་སྲོག་འཕྲོག་མཁན།།
ཕྱི་མ་བླ་མས་དམྱལ་བར་འཕེན།། ཁ་བརྡ་དྲ་ཁང་གི་བོད་ཀྱི་སྤྲུལ་སྐུའི་སྐོར་ལ་བསམ་འཆར་ཡོད་ན་འདིར་ཤོད་ཅེས་པའི་འོག་གི་མཆན་༡་་་་་་་་་་་་་་
ངས་རྒྱལ་བ་པན་ཆེན་གྱི་ལམ་ལུགས་དེས་ངེད་ཚོའི་སྤྱི་ཚོགས་ལ་སྐྱོན་ག་ཚོད་རྒྱག་གི་ཡོད་པ་འདི་ཤོད་རྒྱུ་ཡིན། ཁ་བརྡ་དྲ་ཁང་གི་བོད་ཀྱི་སྤྲུལ་སྐུའི་སྐོར་ལ་བསམ་འཆར་ཡོད་ན་འདིར་ཤོད་ཅེས་པའི་འོག་གི་མཆན་༥༠པ་་་་་་་་་་་་་་་་་་་་་
ངས་བླ་མ་ཚོ་ལ་ཚོང་བ་ཞིག་འདུ་ཤེས་ལས་འཇོག་གི་མེད་ལ། འདི་ནི་བླ་མ་ཚོས་ང་ལ་བཞག་པའི་བག་ཆགས་རེད། ཁ་བརྡའི་ནང་གི་གདོན་འཕྲུལ་གྱིས་བསླུས་པ་ལྟ་བུའི་ལོ་རྒྱུས་ཞེས་པའི་འོག་གི་མཆན་༢༩པ་་་་་་་་་་་་་་་་་་་་་་་་་་
བཙན་བྱོལ་ནང་གི་བླ་མ་བརྒྱ་ཆ་དགུ་ཅུ་ལ་ཚོང་བ་རེ་རེའི་འདུ་ཤེས་ལས་མེད། དེ་ནི་དེ་འདྲ་ཚབས་ཆེན་ཞིག་རེད་དམ། ཁ་བརྡའི་ནང་གི་གདོན་འཕྲུལ་གྱིས་བསླུས་པ་ལྟ་བུའི་ལོ་རྒྱུས་ཞེས་པའི་འོག་གི་མཆན་༣༥པ་་་་་་་་་་་་་་་་་་་་་་་་་
གྲོགས་པོ་ཚོ། ད་དུང་མི་འདིས་ད་ནས་བཟུང་རང་བཙན་ལག་དེབ་ལ་སྒོར་མོ་རྡོག་གཅིག་སྤྲད་ན་དཀོན་མཆོག་གསུམ་ཟེར་བའི་མཆན་རྒྱས་པ་ཞིག་ཡོད་ཀྱང་དེ་རིང་འཚོལ་ཐུབ་མ་སོང་། རྗེས་སུ་ཁྱེད་ཚོར་སྟོན་ཆོག ད་དུང་ཤིས་ཚང་མཁྱེན་རབ་ཀྱིས་མི་འདིའི་རིགས་ལ་གདོང་འབག་ཅན་གྱི་སྨྱུག་ཐོག་པ་དང་། ཡང་ལྷ་ཆབ་སྦྱིན་པས་མི་འདིའི་རིགས་ལ་དྲ་འབུ་ཞེས་བཏགས་འདུག་མོད། ཁོ་བོས་མི་འདིའི་རིགས་ལ་དྲ་འདྲེ་ཞེས་བཏགས་པ་ཡིན། གང་ཡིན་ཟེར་ན་བོད་མིའི་སེམས་ནང་ན་ཡོད་པའི་གདོན་འདྲེ་ཞིག་གི་བྱེད་ལས་ཡོངས་རྫོགས་ཚང་ཡོད་པས་རྒྱུ་མཚན་གྱིས་སོ།།
ཧིན། ངོ་ཚ་མེད་པའི་ཁྱི་རྒན་ཁྱོད་ངོ་མ་ངོ་ཚ་ཤེས་ཀྱི་མི་འདུག “ཤེས་ཡོན་ཅན་གྱི་བོད་མི་ཕལ་ཆེར་ནང་དཀྲུགས་བྱེད་རྒྱུའི་ངན་ལངས་ཡོད།།” ཟེར་བ་དེ་ཅི་ཡིན་ནམ། ངས་ཁྱོད་ཤེས་ཡོན་ཅན་ཞིག་རེད་ཟེར་གྱི་མེད་མོད། ནང་དཀྲུགས་བྱེད་རྒྱུའི་ངན་ལངས་ལ་ཤོར་ཡོད་མཁན་ཡོངས་ཀྱི་རྒྱལ་པོ་ཁྱོད་ཡིན་པ་ཁྱོད་རང་གིས་ད་དུང་ཤེས་ཀྱི་མེད་དམ། ཁྱོད་ཀྱི་རྣམ་ཤེས་བར་དོའི་ཁམས་ན་འཁྱམས་བཞིན་མེད་ན་གོང་གི་ཁྱོད་ཀྱི་རྩོམ་ཡིག་སྔོན་མ་ཚོ་ཡང་ཀློག་ཤིག་གྱིས་དང་། ཁྱོད་རང་གིས་“ཕེབས་ཤོག་བླ་མའི་མཚན་སྙན་སྲུང་བའི་དད་པ་ཅན་གྱི་དགེ་ཕྲུག་ཚོ།།” ཞེས་ཟེར་འདུག་པ་བཞིན་ང་ག་དུས་ཡིན་ཡང་ཁྱོད་ཀྱི་ཟུར་དུ་ཐོན་ཐོན་ལ་ཡོད་པས་མི་ཡོང་བའི་སེམས་ཁྲལ་བྱེད་མི་དགོས། རོ་ཟ་རྒྱུ་ཁྱོད།
དྲ་དཔོན་རྣམ་པ་དང་དྲ་གྲོགས་རྣམ་པར་སྐབས་འདིའི་བརྗོད་བྱ་དང་འབྲེལ་མེད་ཀྱི་མཆན་འདི་དག་ཐལ་བར་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན། འོན་ཀྱང་སྟག་སྨྱོན་ནམ་གདོང་དམར་ཟེར་བའི་དམ་སྲིའི་ཁོལ་པོ་འདི་ལ་རྗེས་འདེད་ཅིག་མ་བཏང་ཐབས་མེད་རེད་འདུག་པས་ཁྱེད་རྣམ་པ་ཐུགས་སྤོ་ཞིག་བཞེས་མི་ཉན། ཁྱེད་རྣམ་པས་བཀའ་བཀྱོན་དང་ཕྱག་འཇུག་གི་མ་ཚད་དངོས་གནས་རྟ་ལྕགས་ལ་ཕྱག་འཆང་ཡང་གུས་པས་མགོ་སྒུར་ནས་བཟོད་སྲན་བྱ་གི་ཡིན།
དྲ་སྐྱག་བསམ་གཏན་ཁྱོད་འདྲ་བོ་ཞིག་ལ་ཡིབ་དོན་མེད། མི་སུ་ཡིན་ཡང་སྐྱག་པ་ཉེ་བར་བསྟེན་མི་སྲིད། དྲ་སྐྱག་ཁྱོད་ཀྱིས་བྱེད་སྤྱོད་ལ་ངས་བདག་སྤྲོད་བྱེད་མི་སྲིད་པས་ད་ནས་དྲ་སྐྱག་གིས་གང་བྲིས་པ་ངས་ཀློག་མི་སྲིད་ལ་ལན་གང་ཡང་འབྲི་གི་མ་རེད། ཁྱེད་ཀྱིས་སྐྱག་དྲི་བྲོ་བ་ཞིག་བྲིས་ཡོད་པ་མ་ཀློག་ནའང་ཤེས་པས་ཆུ་ཚོད་བཏང་ནས་ཀློག་དོན་མི་མཐོང་། ཁྱེད་འདྲ་བོ་མི་ངན་ཞིག་ལ་ཡིབ་དོན་དེ་བས་ཀྱང་མ་མཐོང་། འབྲི་འདོད་དུས་འབྲི་གི་རེད་ལ། འབྲི་མ་འདོད་འབྲི་གི་མ་རེད། ཁྱེད་འདྲ་བོ་ཞིག་གིས་ཕྱིར་འབུད་གཏོང་ཐུབ་ཀི་མ་རེད། ཡོང་མ་འདོད་ན་ཁྱེད་འདྲ་བོ་ཞིག་སྟོང་ཕྲག་གིས་བོས་ཀྱང་ཡོང་ནས་འབྲི་མ་རེད།
“དྲ་སྐྱག་ཁྱོད་ཀྱིས་བྱེད་སྤྱོད་ལ་ངས་བདག་སྤྲོད་བྱེད་མི་སྲིད་པས་ད་ནས་དྲ་སྐྱག་གིས་གང་བྲིས་པ་ངས་ཀློག་མི་སྲིད་ལ་ལན་གང་ཡང་འབྲི་གི་མ་རེད། ཁྱེད་ཀྱིས་སྐྱག་དྲི་བྲོ་བ་ཞིག་བྲིས་ཡོད་པ་མ་ཀློག་ནའང་ཤེས་པས་ཆུ་ཚོད་བཏང་ནས་ཀློག་དོན་མི་མཐོང་།” “ཁྱེད་འདྲ་བོ་མི་ངན་ཞིག་ལ་ཡིབ་དོན་དེ་བས་ཀྱང་མ་མཐོང་།” འདི་གཉིས་ཀྱི་ནང་འགལ་ལ་ལྟོས་དང་། ཁྱོད་ཀྱིས་དྲན་པ་སྨྱོ་བར་བྱེད་པའི་བཙན་དུག་མ་རུང་བ་ཞིག་ཟོས་བཞག་ཡོད་ནི་མིན་ནམ། ཁྱོད་ཀྱིས་ངས་བྲིས་པ་དེ་ཚོ་ཀློག་གི་མེད་ན་ངས་ཁྱོད་ཡིབ་འདུག་ཚུལ་བཤད་པ་དེ་ཅི་འདྲ་བྱས་ནས་མཐོང་བ་རེད། དྲ་དུག་ཕ་རོ་ཟ་རྒྱུ་ཁྱོད་ག་དུས་དྲ་ཐོག་ཏུ་ཡོང་ཡང་ངས་ཁྱོད་ཐར་པ་ཨེ་གཏོང་ལྟོས་ཤིག ང་ཚེ་ཐོག་འདིར་དྲ་རྒྱ་དང་བོད་ཡིག་གཉིས་ལ་ཁ་བྲལ་མི་སྲིད་པས་ཁྱོད་ཁ་བརྡ་དང་། དུས་བབ། བང་ཆེན། བོད་ནང་གི་མཆོད་མེ་སོགས་གང་དུ་ཐོན་ཀྱང་ང་ཁྱོད་ཀྱི་རྗེས་ལ་ཡོང་ཡོང་ཡིན་པ་སེམས་ལ་ཟུངས། དྲ་དུག་མ་རུང་བ་ཁྱོད། དྲ་འདྲེ་གདུག་པ་ཅན་ཁྱོད།
དྲ་གྲོགས་ཚོ་བཀྲིས་བདེ་ལེགས།
མི་ཡི་བལྟ་སྟངས་ཤིག་ལ་ཁ་ཏྭ་ནི་ཐན་བྱ་ཞིག་དང་དེའི་སྐད་ནི་ཐན་སྐད་རང་རེད།
ངས་བསམ་ན་དེ་ལྟར་མ་ཡིན་པར་ཁ་ཏྭས་ཉེན་བརྡ་གཏོང་གིན་འདུག
མི་ཚོ་ཁ་ཏྭ་ལ་མི་དགའ་ཞིང་ཧ་ཅང་སྡང།
དེ་ནི་རང་གི་བློ་མིག་སྒྲིབ་ནས་དོན་ལ་དཔྱད་མི་འདོད་པའི་ངན་གཤིས་ཀྱི་བག་ཆགས་ཙམ་ལས།
ཁ་ཏྭ་ཉེས་དམིགས་མང་དྲག་པ་གཏན་ནས་མིན།
དེས་ན་ང་རང་ཁ་ཏྭ་ལ་དགའ་ཞིང་རང་གི་སྨྱུག་མིང་ལའང་ཁ་ཏྭ་ཞེས་བཏགས་པ་ཡིན།
གྲོགས་པོ་ཚོ་ཁ་ཏྭ་ལ་ནག་ཉེས་ལྷག་མ་ཅི་ཡང་མེད་པས་ངན་གཤིས་ཀྱི་རྗེས་སུ་མི་འཇུག་པར་དོན་ངོ་མར་ཁ་ཏྭ་ལ་ལྟ་སྟངས་གསར་པ་ཞིག་བྱ་རོགས་ཞུ།
བོན་རྒྱ་བ་ལགས་ཀྱིས་སྙིང་སྟོབས་ཆེན་པོ་འདིའི་སྐོར་གླེང་བ་འདིར་དགའ་སྤྲོ་ཆེན་པོ་བྱུང་། ང་ཚོས་འདི་སྐོར་དེ་དོན་གནད་གསུམ་གྱི་སྒོ་ནས་གླེང་དགོས་ཀྱིན་འདུག་སྙམ།
དང་པོ་སངས་རྒྱས་པའི་ཆོས་དང་མི་མཐུན་ཚུལ་དང་།
གཉིས་པ་ཡུལ་གྱི་ཁྲིམས་དང་མི་མཐུན་ཚུལ།
གསུམ་པ་མི་ཆོས་རིང་ལུགས་ཀྱི་བཟང་སྤྱོད་དང་མི་མཐུན་ཚུལ་བཅས་ཀྱི་སྟེང་ནས་གླེང་དགོས་ཀྱིན་འདུག
སླར་ཡང་ཚིགས་བཅད་དེ་ཞོག་འདྲེན་ཞིག་བྱས་ན།
རྟ་རྒོད་ལྟར་དུ་རྟ་ལྕག་ཚད་་མེད་གཟེས།།
གླང་རྒོད་ལྟར་དུ་གླང་སྣ་གཞན་གྱིས་འཐེན།།
མི་རྒོད་ལྟར་དུ་མི་ཡི་མཐོང་མ་བཞག།
ཕག་རྒོད་ལྟར་དུ་ཕག་ཚ་ཤོར་བ་སྐྱོ།།
རབ་བྱུང་བསྡམ་ཕྱིར་རྟ་ལྕག་བསྣུན། །
ཕྲུག་གུ་གཅུན་ཕྱིར་ཐལ་ལྕག་བསྣུན། །
ཆུང་མ་གདུལ་ཕྱིར་ཁུ་ཚུར་བསྣུན། །
འདི་གསུམ་རང་རེའི་སྐྱོན་ཆ་གསུམ། །
རྩེ་ཕུད་ནུབ་ཕྱོགས་རྒྱལ་ཁབ་ཏུ། །
དེ་འདྲའི་སྐྱོན་དག་ག་ལ་ཡོད། །
དེ་རུ་ཁུ་ཚུར་བསྣུན་པ་བས། །
མེ་མདས་གསོད་པ་ཆེས་ཆེར་མང་། །
ཧ་ཧ་ཧ།
ཡུན་རིང་ཞིག་ལ་མཐོང་རྒྱུ་མེད་པས་སྟག་སྨྱོན་ཁྱེད་རང་ཡང་གྲ་ལོག་ཞིག་ཡིན་པ་འདྲ། གྲ་བའི་བསྐོར་གྱི་བདེ་སྡུག་གླེང་མ་ཐག་འདི་རུ་ཕེབས་ནས་ཚིགས་བཅད་དེ་འདྲའི་སྙན་མོ་ཞིག་བྲིས་དེ་ཕེབས་འདུག ཨོ་རེད། ང་འདི་བོན་རྒྱ་ལགས་ཀྱིས་རྩོམ་ཡིག་འདི་ཉིད་མཐོ་མཐོ་དྲག་དྲག་ཚང་མར་ལག་ཏུ་སོན་ནས་ཐེངས་བརྒྱ་ཚར་སྟོང་ཚར་ཀློག་མིན་བཤད་མི་ཐུབ་ཀྱང་། ཐེངས་གཅིག་ཀློག་ནས་སྐྱིད་སྡུག་འདི་ལ་བསམ་གཞིག་དང་བགྲོ་གླེང་བྱེད་པར་སྨོན།
ཁྭ་ཏ་ལགས། ཁྭ་ཏའི་མིང་གི་ནང་དུ་ཝ་ཟུར་ཡོད་ས་དེ་ཁ་རེད་མ་གཏོགས་ཏ་མ་རེད། དེས་ན་ཁྭ་ཏ་ཞེས་འབྲི་དགོས། ཧ་ཧ་ཧ་ཧ་ཧ།
འོ་མི་ཤེས་ཡ། སྟག་སྨྱོན་ཟེར་བ་འདི་དྲ་ཐོག་ཏུ་ཐོན་དུས་འུག་པ་ཉིན་མོར་ཕྱི་ལོགས་ལ་ཐོན་བཞག་ནི་འདྲ་ཞིག་རེད། ཅ་སུན་པོ་པེ་འདུག
རྟ་ལྕག་གླང་རྒྱུག་ཁྲིམས་ཀྱི་རྒྱུག་པ་སོགས།།
མིང་བརྡས་ཕར་བཏགས་མ་གཏོགས་ཡུལ་སྟེང་ནས།།
མེད་ཕྱིར་ཤིང་གི་རྒྱུག་པ་ཕྲ་མོ་ལ།།
སྣང་པ་འདྲ་མིན་འདི་ན་ཡོད་པར་ངེས།།
བཟེད་པོ་གང་ཞིག་གླང་དང་འདྲ་པ་དེར།།
དེ་ནི་ངེས་པར་གླང་རྒྱུག་ཡིན་པ་དང་།།
བཟེད་པོ་གང་ཞིག་རྟ་དང་འདྲ་པ་དེར།།
དེ་བཞིན་རྟ་ལྕག་ཚ་པོ་ཡིན་ཀྱང་སྲིད།།
ཡང་ན་རྩ་བའི་བརླན་གཤེར་ཕོར་གང་ལ།།
ལྷ་མི་ཡི་དྭགས་དུད་འགྲོས་བལྟས་བའི་ཚེ།།
རིམ་བཞིན་བདུད་རྩི་ཆུ་དང་རྣག་
༼གོང་གི་དེའི་མཇུག་ཡིན། ད་ཡིན་ན་ངའི་གློག་ཀླད་འདི་ལ་གཟའ་ཕོག་ཡོད་པ་འདྲ༽
ཏུ་སྣང་།
དེ་བཞིན་དགེ་བསྐོས་རྒྱུག་པ་ཕྲ་མོ་ལ།།
ང་དང་བོན་དང་བྱ་ཡིས་བལྟས་པའི་ཚེ།།
ཁྲིམས་ཀྱི་རྒྱུག་དང་རྟ་ལྕག་གླང་གི་རྒྱུག།
ལས་ཀྱི་དབང་གིས་སོ་སོ་སྣང་བ་འདྲ།།
ཨེ་མ་རྨད་བྱུང་སངས་རྒྱས་བསྟན་པ་དང་།།
དེ་འཛིན་བྱེད་པོ་དགེ་འདུན་འདུས་པའི་སྡེ།།
དུས་ཀྱི་ཡང་མཐའ་འདིར་ཡང་འཇིག་རྟེན་དུ།།
ཁྲིམས་ཀྱི་འཚོ་ཞིང་ཡུན་རིང་གནས་པར་ཤོག །
གྲོགས་པོ་ཚོས་རྟ་ལྕག་གིས་བསྐོར་བཤད་པ་བཞིན་དུས་རྒྱུན་ང་དགོན་པ་ལ་འགྲོ་དུས་སྐུ་ཤོག་ཞིག་ལ་དགེ་ཕྲུག་དང་སྤུན་མཆེད་གཅིག་ལྕོགས་ཡིན་པའི་གྲྭ་ཕྲུག་ཆུང་ཆུང་ལོ་༡༣འམ་༡༤བྱས་པ་གཟུགས་ཚད་རིང་ཐུང་ཕེཊ་༤ཙམ་ལོན་པ་ཞིག་འདུག། རྒན་དེས་དགེ་ཕྲུག་དེར་ཕལ་ཆེར་གཟའ་འཁོར་རེར་ཐེངས་པ་གཉིས་གསུམ་བརྡུང་གི་ཡོད་གཟོ་འདུག་ཅིང་། བརྡུང་པའི་སྐབས་སུ་སྒོ་མར་ནང་ལོག་ནས་བརྒྱབ་ཏེ་མི་གཞན་པ་སླེབས་སུ་བཅུག་གི་མིན་འདུག། ཕྱི་ལོགས་ནས་ཉན་དུས་དགེ་ཕྲུག་དེའི་ངུ་སྐད་དང་དབྱུག་པའི་སྐད་ཀྱིས་འུར་སྒྲ་རྒྱག་གི་འདུག་ཀྱང་། གྲྭ་པ་གཞན་དེ་ཚོ་ཕྱི་རོལ་དུ་ཡ་ང་བ་དང་དམོད་མོ་འདེབས་པ་ལས་གང་ཡང་བྱེད་ཐུབ་ཀྱི་མི་འདུག། བརྡུང་ཡུན་ནི་ཕལ་ཆེར་ཚུ་ཚོད་གཅིག་ནས་ཕྱེད་བར་ཙམ་བྱེད་ཀྱི་འདུག། ཐེངས་རེ་གཉིས་གཅིག་ངས་ཀྱང་གོ་སོང་བས་གྲྭ་ཕྲུག་དེ་ལ་སྙིང་རྗེ་བྱུང་།
ཆོས་ཁྲིམས་དམྱལ་ཁྲིམས་ཁྲིམས་ཀྱི་མིང་འདྲ་ཡང་།།
ངོ་ཐོག་ཆོས་ཁྲིམས་ཆོས་དང་དམྱལ་བའི་ཁྲིམས།།
སྡིག་པའི་ལས་ཀྱིས་བཅད་དགོས་གཞན་དུ་ན།།
མར་ལ་ཤ་ཡིས་ལྷན་པ་རྒྱག་དང་མཚུངས།།
སྟག་འདྲ་བའི་སྟག་སྨྱོན་ལོ་ལོ། ལྟོལ་འདྲ་མ་ཨུ་ཚུགས་མ་བྱེད་། ལྟས་ངན་པ་བསྟན་ནི་མིན་ན། གཏམ་ངན་པའི་དཀྲིག་གི་མ་འདུག སྟག་ལྟོལ་ལུ་ཚང་ལ་ཆོས་མེད་། ཆོས་ཡོད་རུང་འཇལ་རྒྱུའི་སེམས་མེད་། ས་གར་སོང་ས་ན་གྲོགས་མེད་། འདྲེ་ཁེར་འདུག་ཁ་ལབདག་རྒྱོབ།
འདིའི་ནང་གི་དྲ་གྲོགས་ཚོའི་ངོ་ནས་སངས་རྒྱས་ཀྱི་བསྟན་པ་ལ་བསམ་ནས་གསུང་གི་ཡོད་པ་འདྲ་འདུག འདི་ལ་རྒྱང་བལྟ་ཁོ་ན་བྱས་པས་མི་ཕན། འགན་མ་ཁས་པར་ཁ་བཤད་ཁོ་ནས་ཡང་མི་ཕན། གལ་ཏེ་གྲྭ་བ་ཞིག་ལ་སྒྲིག་འགལ་བྱུང་ན། ཁྱོད་ཚོའི་ཟེར་བའི་ལན་གསུམ་མམ་བཞི་བྱུང་ན། ཡང་ན་གྲྭ་རྒན་ཞིག་ཡིན་ན། ཁྱོད་ཚོ་ལྟར་ན་གནས་དབྱུང་གཏོང་རྐྱང་རེད། འོན་ཀྱང་གྲྭ་ས་གྲྭ་ཚང་གི་དགེ་བསྐོས་ཐུགས་དགོངས་དེ་འདྲ་མ་རེད། གྲྭ་ས་གྲྭ་ཚང་གིས་ཐུགས་དགོངས་ནི། གལ་ཏེ་གནས་དབྱུང་བཏང་ན། ༡༽ དགག་ཕྱོགས་གི་ཆ་རྐྱེན་མ་ཚང་བ་ནི་སྒྲིག་འགལ་བྱེད་པོ་དེ་ཉིད་རྩ་བཞི་ཆང་སོགས་ཀྱིས་མ་གོས་པའི་སྡོམ་ལྡན་དགེ་སློང་ཡིན། ༢༽ སྒྲུབ་ཕྱོགས་ཀྱི་མཐུན་རྐྱེན་མ་ཚང་བ་ནི་སྒྲིག་འགལ་བྱེད་པོ་དེ་ཉིད་མི་ཚེ་གྲྭ་སར་བསྐྱེལ་ནས་གློ་བུར་གནས་དབྱུང་བཏང་ན་འཚོ་བ་གང་ལ་བརྟན་དགོས། ༣༽ གལ་ཏེ་ལོ་ཆུང་ཞིག་ཡིན་ན་ཁོང་ལ་ངེས་པར་དུ་བཅས་ཉེས་བསྒྱུར་བཅོས་བྱེད་པའི་གོ་སྐབས་སྤྲོད་དགོས། ལར་ང་ཚོ་སུ་ཡིན་ན་ཡང་ལོ་ཆུང་སྐབས་སུ་གློག་བརྙན་ལ་དགའ་བ། རྩེ་མོ་རྩེ་རྒྱུར་དགའ་བ་སོགས་བྱིས་པའི་སྐབས་ཀྱི་དགའ་ཕྱོགས་ཅིག་ཡིན་པ་བཤད་ག་ལ་དགོས། དེ་འདྲས་ལམ་སེང་གནས་དབྱུང་གཏོང་དགོས་ཟེར་ན་དེ་འཚམ་པོ་ཡིན་མིན་རང་སྟེང་དུ་སྐོར་དགོས།
སྒྲིག་འགལ་ཡོད་ཚད་ལ་གནས་དབྱུང་གཏོང་དགོས་ཟེར་བ་འདི་ངོ་ནས་རྒྱུག་པ་བཞུས་བ་ལས་ཀྱང་སྙིང་རྗེས་མེད་པ། མི་དེའི་མི་ཚེ་ལ་འགན་མ་ཁས་པ་ཞེ་གཅིག་རེད་ལགས། ངས་ཁྱོད་ཚོ་ལ་དྲི་བ་ཞིག་འདོན། ཁྱོད་རང་ཉིད་འཚོ་ས་དེ་ནས་སྒྲིག་འགལ་བྱུང་ཚེ། འགན་འཁུར་བས་ཁྱོད་ལ་རྒྱུག་པ་བཞུས་ནས་བཞག་གི་ཡིན་ནམ། ཡང་ན་ཕྱི་ལོག་ལ་རྩ་ནས་ཐོན་འགྲོ་གི་ཡིན་ཅེས་དྲིས་ན། ཁྱོད་རང་གི་ངོས་ནས་ལན་ཅི་འདེབས་ལགས།། །།
མི་ཚེ་རིང་པོར་སྒྲིག་འགལ་གསུམ་བཞི་བྱས་མ་མྱོང་མཁན་ཞིག་ཨེ་ཡོད་ན།
ཆོས་ཁྲིམས་དམྱལ་ཁྲིམས་ཁྲིམས་ཀྱི་མིང་འདྲ་ཡང་།།
མིང་གི་འདོགས་སྟངས་རྩ་ནས་མི་འདྲ་སྟེ།།
ཐོག་མེད་ནས་གོམས་མ་རུང་ལུས་ངག་ཡིད།།
ཁྲིམས་ཀྱིས་ཆོས་ལ་འཇུག་པས་ཆོས་ཁྲིམས་ཟེར། །
དེ་ནི་འཁུར་ཤེས་རྣམས་ལ་བལ་ལས་འཇམ།།
ད་དུང་ཐར་སྒོ་འབྱེད་པའི་ལྡེ་མིག་ཡིན།།
དམྱལ་ཁྲིམས་རང་གིས་ཚབ་ཆེན་ལས་ངན་བསགས།།
ཁྲིམས་ཀྱི་ལམ་ནས་སྦྱང་བ་བྱེད་པ་ལས།།
འཁུར་ན་དགེ་དང་མ་འཁུར་སྡིག་སོགས་མེད།།
རང་གི་རྣམ་སྨིན་རང་ལ་མྱོང་བ་ཙམ།།
བསམ་གཏན་བསམ་པ་ནག་པས། སྟག་སྨྱོན་གཉིད་ལས་བསླངས། སྟག་གི་མཆེ་བ་རྣོན་པོ། ་གཏན་དུ་བརྗེད་པ་འདྲ་།
འབའ་ལུ་གུའི་ཚིག་བཅད་ཤིན་ཏུ་སྙན།།
ཁ་ཏྭ་ཟེར་བ་ཁ་ཤོ་དོན་འེ་རེད། རང་ཉིད་ཀྱིས་རང་ཉིད་ལ་རི་བོང་ཁ་ཤོ་ཟེར་རྒྱུ་མ་རེད། དག་ཡིག་གསར་སྒྲིག་ཅིག་ཡོད་ན་གཅིག་གསུང་རོགས། ཡང་ན་ཁ་ཏྭ་ཟེར་གྲི་སོགས་ཁ་ལོག་པའི་དོན་ཡིན་ནམ།
ཕྲན་ནི་དགོན་པ་ལ་རྒྱུས་མངའ་མེད། འོན་ཀྱང་དགོན་པ་ཁག་ནང་ད་དུང་རྟ་ལྕགས་སྤྱད་ནས་ཉེས་པ་གཅོད་ཀྱི་ཡོད་པ་བདེན་ན་དེ་ནི་ངོས་པར་དུ་དགོན་རང་གི་ནང་ནས་བཅོས་ཐུབ་ན་ཡག་ཤོས་རེད། ངན་པའི་ངན་ཁྲོམ་ལ་བསྒྲགས་ནས་དགེ་ཕན་ཆེ་ཆུང་ལ་ངེས་པར་བསམ་དགོས་པ་ཞིག་རེད། དུས་རབས་འདིར་དགེ་རྒན་གྱིས་སློབ་ཕྲུག་ལ་བརྡུང་ཆོག་རྒྱུ་ཕར་ཞོག ཐ་ན་ཕ་མས་རང་གི་ཕྲུ་གུ་ལ་བརྡུང་བ་ཡིན་ནའང་ཁྲིམས་འགལ་དང་ཕ་མ་དུས་ཚོད་ངེས་ཅན་ལ་བཙོན་འཇུག་བྱེད་ཀྱི་འདུག ཁྲིམས་འགལ་བྱེད་མཁན་ལ་ཉེས་པ་ཆེན་པོ་མིན་ན་དངུལ་ཆད་འོས་མཚམས་གཅོད་ཆོག ཚབ་ཆེ་ན་སྒྲིག་ཁོངས་ནས་ཕུད་ཆོག་པ་དང་། དེ་ལས་ཚབ་ཆེ་ན་ཉེན་རྟོག་པར་རྩིས་སྤྲད་དེ་བཙོན་དུ་འཇུག་གི་རེད། མི་གང་རུང་ཞིག་ཉེས་བརྡུང་དང་འདྲི་རྩད་བྱེད་དགོས་ན། ལས་འགན་དེ་ཉེན་པ་ལ་ཡོད་པ་དང་། དེ་ཡང་མི་ཞིག་ལ་ཁྲིམས་མཐུན་ཉེས་བརྡུང་ཕོག་གི་ཡོད་ན། ངེས་པར་བཙོན་ཁང་ལ་འཇུག་དགོས་པ་ལས། སྒྲིག་འཛུགས་རེ་རེ་ལ་ཉེས་བརྡུང་གཏོང་མི་འདྲ་བ་རེ་ཡོད་ཆོག་གི་མ་རེད།
༢། དྲ་རྒྱ་འདི་ནི་བསམ་ཚུལ་དང་ལྟ་བ་མིན་པ་སྣ་ཚོགས་འཛོམས་ས་དང་། གཅིག་གིས་དད་པ་བྱེད་སར་གཞན་གྱིས་སྐྱོན་བརྗོད་ཀྱང་བྱེད་སྲིད། ཐ་ན་ཁྱེད་ཀྱི་བརྩེ་བའི་ཕ་མར་ཡང་གཞན་གྱིས་སྐྱོན་འདོན་དགག་བརྒྱག་བྱེད་སྲིད་
ཁྱོདཚོས་ག་རེ་ལབ་ཀྱིན་ཡོད། དགོན་པ་རུ་སྒྲིག་ཁྲིམས་ཆུང་གྲས་འགལ་རིགས་གནས་དབྱུངས་ལ་གཏོང་དགོས་ཀྱི་མ་རེད་ལ་དངུལ་ཆད་ཀྱང་གཅོད་ཀྱི་མ་རེད། ཐེང་གཅིག་གཉིས་ལ་གུ་ཡངས་སུ་གཏོང་ལོས་ཆོག དེ་ནས་བསླབ་པ་རྒན་པ་ཞིག་གིས་བསླབ་བྱ་གནང་ན་ལོས་ཆོག དེ་ནས་ད་དུང་མ་ཉན་ན་ཕྱག་ཕུལ་དུ་འཇུག་པ་དང་མཆོད་གཡོག་བྱེད་དུ་འཇུག་པ། ཐབ་རེས་ལ་གཏོང་བ་སོགས་ཆོས་དང་མཐུན་པའི་འོས་འཚམས་ཀྱི་ཉེས་ཆད་འགེལ་སྟངས་ཤིག་ཡོད་པ་རེད། མཐའ་གཅིག་ཏུ་དབྱུགས་པ་དང་རྟ་ལྕགས་ཀྱིས་བྲབས་དགོས་དོན་ག་ལ་ཡོད།
༡། རང་ཉིད་དགའ་ས་དང་དད་ས་ལ་གཞན་གྱིས་སྐྱོན་བརྗོད་པ་ཉན་མི་བཟོད་མཁན་དང་། ཡང་ན་མི་སྣ་མཐོ་བོ་ཚོའི་ནོར་འཁྲུལ་ལ་སྐྱོན་བརྗོད་བྱེད་མི་ཕོད་པའི་མི་ཕྱོགས་ཞེན་དང་གུ་དོགས་ཡང་ན་སྙིང་ཆུང་རིགས་དྲ་ཁང་ལ་ཡོང་ན་རང་ཉིད་ལ་སྙིང་ནད་བཟོས་པ་ལས་མེད།
༢། མདོར་ན་གཞན་གྱི་སྐྱོན་བཤད་མི་ཕོད་པ་དང། རང་ཕྱོགས་ཀྱི་སྐྱོན་གླེང་བ་ཉན་མི་བཟོད་པའི་མི་ཆུང་འདྲ་ཡོད་ན་འདིར་ཞུགས་ཚེ་རང་སྡུག་ཉོ་གི་རེད།
༣། རང་ཉིད་མ་དགའ་སར་རྒྱ་མིའི་སོ་བ་དང་དོལ་འདྲེ་བསྟེན་མི་རེད་ཟེར་ནས་ནག་པོ་བཟོ་ཁུལ་བྱེད་པ་ནི་མི་འུ་ཐུག་པ་དང་རྒྱུ་མཚན་གྱིས་ཕམ་སྟེ་མི་དཀར་ལ་ཞྭ་གཡོག་ཁུལ་བྱས་པ་འུ་ཐུག་རྟགས་རེད། དེ་ནི་རྒྱལ་སྲས་འུ་དུམ་བཙན་པོའི་དབུ་ན་གླང་རྭ་ཡོད་ལུགས་བླུན་པོ་དང་རྨོངས་དད་ཅན་ཚོའི་བློ་དང་མཚམས་པའི་སྒྲོ་འདོགས་བྱེད་སྟངས་དང་གཅིག་མཚུངས་རེད། དེང་སྐབས་ནག་ཉེསགཡོག་སྟངས་དེ་ལ་ནུས་པ་ཆ་འཇོག་གང་ཡང་ཡོད་པ་མ་རེད།
གང་ལྟར་འཛམ་གླིང་དང་རྒྱལ་ཁབ་སོ་སོའི་སྤྱི་ཁྲིམས་དང་མི་མཐུན་པར་སྒྲིག་འཛུགས་རེ་རེར་མི་ལ་ཉེས་པ་གཅོད་སྟངས་རྟ་ལྕགས་སོགས་མི་འདྲ་བ་རེ་ཡོད་ན་དེ་ནི་ཁྲིམས་འགལ་དུ་བརྩི་ཆོག་སྙམ།
ཁྱི་རྒན་རོ་སྐེ་བཏགས། ང་ཕྱི་ལོགས་སུ་འགྲོ་རན་སོང་བས་ཆུ་ཚོད་ཁ་ཤས་ལ་ཕྱིར་ཡོང་མི་ཐུབ་ཀྱང་ཚུར་སླེབས་རྗེས་སུ་གུ་དོགས་ཡིན་དང་སུ་མི་ཆུང་ཡིན་གླེང་ཆོག་པས་སྒུག་ཨ།
༤༦༽ འབའ་ལུ་གུ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༧ གི་ཆུ་ཚོད་ ༡༩ སྐར་མ་ ༠༦
སྟག་འདྲ་བའི་སྟག་སྨྱོན་ལོ་ལོ། ལྟོལ་འདྲ་མ་ཨུ་ཚུགས་མ་བྱེད་། ལྟས་ངན་པ་བསྟན་ནི་མིན་ན། གཏམ་ངན་པའི་དཀྲིག་གི་མ་འདུག སྟག་ལྟོལ་ལུ་ཚང་ལ་ཆོས་མེད་། ཆོས་ཡོད་རུང་འཇལ་རྒྱུའི་སེམས་མེད་། ས་གར་སོང་ས་ན་གྲོགས་མེད་། འདྲེ་ཁེར་འདུག་ཁ་ལབདག་རྒྱོབ།
༤༢༽ འདོད་ལྷའི་བུ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༧ གི་ཆུ་ཚོད་ ༥ སྐར་མ་ ༤༠
འོ་མི་ཤེས་ཡ། སྟག་སྨྱོན་ཟེར་བ་འདི་དྲ་ཐོག་ཏུ་ཐོན་དུས་འུག་པ་ཉིན་མོར་ཕྱི་ལོགས་ལ་ཐོན་བཞག་ནི་འདྲ་ཞིག་རེད། ཅ་སུན་པོ་པེ་འདུག
དྲ་གྲོགས་གཞོན་ནུ་ཟླ་མེད་ཟེར་བ་ལགས། བཤད་ན་འདོད་ན་སེམས་ལྷོད་ལ་བབ་ནས་ཤོད་དང་ཆོག འདུག་ན་མི་འདོད་བུད་སོང་ཟེར་བ་དེ་བླ་རྒན་ཀླད་ལྗང་ཚོའི་སྐད་ཆ་རྙིང་བ་ཞིག་རེད། སྐད་ཆ་དེ་ངས་ལན་གྲངས་བརྒྱ་སྟོང་ལ་ཉོས་མྱོང་ལ། གོ་མྱོང་། ཡིན་ནའང། དེ་ཙམ་གྱིས་ང་ཐུབ་ནི་མ་རེད། ངས་གོང་དུ་བྲིས་པའི་སྐད་ཆ་ལས་གང་ལ་གནས་ལུགས་མི་འདུག དེ་ར་སྤྲོད་ཐུབ་ན་ད་གཟོད་ང་ཐུབ་སོང་བ་རེད། ཤཱཀྱ་ཐུབ་པས་མ་མཛད་ལ་བློ་བཟང་གྲགས་པས་མ་བཟོས་པའི་སྐྱག་ཁྲིམས་དེ་དག་ངས་དུས་ནམ་ཡང་རང་དགར་རྒྱ་ཡན་དུ་མི་གཏོང་ཁོ་ཐག་ཡིན། འདུལ་བ་དང་མཐུན་པ་ཞིག་ཡིན་ན་དེ་དགེ་བསྐོས་ལས་གཞན་དཀོར་གཉེར་གྱིས་ཀྱང་བྲབ་ན་རུང་བ་ཞིག་རེད། དེ་འདུལ་བ་དང་མི་འཚམ་ལ་དུས་རབས་དང་མི་མཐུན་པ། ཀུན་སྤྱོད་དང་མི་མཐུན་པ། ཐ་ན་མང་གཙོའི་སྲིད་ཁྲིནམས་དང་ཡང་གཏན་འགལ་དུ་གྱུར་ཡོད་པས་དེ་དགེ་བསྐོས་མ་ཟད་མཁན་པོས་ཀྱང་བཟུང་ན་ངོ་རྒོལ་ཡོད་ལ། གཏན་ནས་མི་ཆོག
ད་དུང་གཞོན་ནུ་ཟླ་མེད་་ཟེར་བ་ཁྱོད་ཀྱིས་མགོན་པོ་ཀླུ་སྒྲུབ་ཀྱི་ལུང་དེ་གང་དུ་ཡོད་ཤོད་ཟེར་ཁུལ་བྱས་ནས་དེ་སྐྱག་རྫུན་རེད་འདོད་ཡོད་པ་འདྲ་མོད། དེ་ནི་ཁྱོད་ཀྱི་མཐོངརྒྱ་ཆུང་སོང་བ་རེད་ལོ། ད་དུང་ཁྱོད་ཀྱི་གོང་གི་མཆན་དག་ཀྱང་ཀློག་མི་འདུག་པས་ཁྱོད་སྙིང་རྗེ་ལོ།
བསམ་གཏན་ཟེར་བ་ལགས། ཁྱོད་ཀྱིས་སྐུ་ཞབས་སྟག་སྨྱོན་ལགས་དེ་འདྲའི་བསྟན་དགྲ་ལྟོས་ངན་ཞིག་ལ་ཚད་མས་ངོས་ཟིན་ཡོད་ན། དྲ་ཐོག་ནས་སྡིགས་དམོད་བྱས་ནས་ཅི་ཡང་ཕན་གི་མ་རེད། ཁྱོད་ཀྱི་སྐད་ཆ་འདི་དག་ཀྱང་དུས་རབས་འདིའི་མིའི་ཀུན་སྤྱོད་དང་འགལ་ཡོད་པ་མ་ཟད། དྲ་་བ་འདིའི་རྩ་ཁྲིམས་དང་ཡང་གཏན་འགལ་ཏུ་གྱུར་ཡོད་པས་རྗེས་ཕྱོགས་ནས་སྡིགས་དམོད་ཀྱི་ཚིག་དེ་འདྲ་བེད་སྤྱོད་མ་གཏོང་རོགས།
ལགས་སོ། མཁྱེན་ཡངས་སྐུ་ཞབས་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས། ངའི་སྐད་ཆ་འདི་དག་དུས་རབས་འདིའི་མིའི་ཀུན་སྤྱོད་དང་འགལ་ཡོད་པ་མ་ཟད། དྲ་བ་འདིའི་རྩ་ཁྲིམས་དང་ཡང་གཏན་འགལ་ཏུ་གྱུར་ཡོད་པ་ཞིག་ཡིན་ན་རྗེས་ཕྱོགས་ནས་སྡིགས་དམོད་ཀྱི་ཚིག་དེ་འདྲ་བེད་སྤྱོད་བྱེད་རྒྱུ་མིན། ངས་ཁྱེད་ཀྱི་བཀའ་ལ་ཉན་ཆོག འོན་ཀྱང་སྟག་སྨྱོན་གྱིས་བྲིས་པའི་མཆན་དེ་ཚོ་དང་། དྲ་གྲོགས་གཞན་པ་ཚོས་ཁོ་ལ་སྡོམ་ཚིག་བཞག་པ་རྣམས་ཁོ་གང་དུ་ཐོན་ཀྱང་དེ་རུ་མི་གཏོང་ཐབས་མེད་ཡིན་པས་དགོངས་པ་མ་ཚོམས་རོགས། དྲ་དཔོན་རྣམས་དང་དྲ་གྲོགས་གཞན་པ་ཚོ་ལ་ཡང་དེ་དེ་བཞིན་ཞུ་རྒྱུ་ཡིན།
བཀུར་འོས་བསམ་གཏན་ལགས་དང་སྟག་སྨྱོན་ལགས།
སྐུ་མཁྱེན། དེ་ལྟར་མ་བྱེད་རོགས། བསྐྱར་དུ་ཁྱེད་གཉིས་ལ་རེ་བ་ཞུ།
ཁྱེད་གཉིས་སུ་ནོར་དང་གང་འགྲིག་ཀྱང་རུང་མདོར་ན་ཁྱེད་གཉིས་ཀྱི་མཆན་བུ་དག་གིས་དྲ་ངོས་འདི་ཧ་ཅང་འབག་བཙོག་ཅན་དུ་བསྒྱུར་བཞིན་འདུག
སྐུ་མཁྱེན། དེ་ལྟར་མ་བྱེད་རོགས། རེ་སྐུལ་ཞུས་རུང་ད་དུང་ཨུ་ཚུགས་བྱེད་ན། ངེད་ཀྱི་ལས་ཀ་ནི་ཁྱོད་གཉིས་ཀྱི་མཆན་བུ་དག་གསུབ་རྒྱུ་དེ་ཡིན།
དེ་དོན་དགོངས་འཇགས་ཡོད་པ་གནང་རོགས།
ལགས་སོ། སྐུ་ཞབས་རིག་འབྱུང་པ་ལགས། ཁྱེད་ཀྱི་བཀའ་ལ་བརྩི་དང་བརྩི། སྤྱིར་བཏང་ངའི་མཆན་བུ་དེ་ཚོ་བསུབ་ཀྱང་ཁྱེད་ཀྱི་སྐུ་དབང་ཡིན་པས་བསམ་འཆར་ག་ལ་ཡོད། འོན་ཀྱང་རེ་བ་གཅིག་ཡོད་པ་དེ་སྟག་སྨྱོིན་གྱི་མཆན་དང་མཉམ་དུ་བསུབ་དགོས། གལ་ཏེ་ཁྱེད་ཀྱིས་སྟག་སྨྱོན་དྲ་ཁང་འདིར་ཡོང་དུ་འཇུག་རྒྱུ་ཡིན་ན་ངས་ཀྱང་གོང་གི་མཆན་དེ་ཚོ་ཡང་བསྐྱར་མི་གཏོང་ཐབས་མེད་ཡིན། ངས་ཚེ་ཐོག་འདིར་སྟག་སྨྱོན་རྗེས་འདེད་བྱེད་ཁོ་ཐག་ཡིན། སྟག་སྨྱོན་དྲ་ཐོག་འདིར་མ་ཡོང་ན་ང་ཡང་ག་ལ་ཡོང་། ཁ་བརྡ་གཅིག་པོ་མ་རེད། ཁོ་དུས་བབ་དང་བང་ཆེན་སོགས་གང་ལ་རྒྱུག་ཀྱང་ང་ཡང་དེ་རུ་རྒྱུག་གི་ཡིན། ཁོ་བོད་ཡིག་དང་བོད་གཞུང་ལ་རེ་ཐག་བཅད་ཚར་བ་ཞིག་ཡིན་པས་ད་བོད་ཡིག་གི་དྲ་ཐོག་འདིར་ཡོང་བ་འདི་ཡང་བསྐྱར་སྙིང་ཚ་བསྔོགས་བྱེད་རྒྱུའི་གོ་སྐབས་ཤིག་ལ་སྒུག་ཏུ་ཡོང་བ་རེད། ཁྱེད་ཀྱི་ཤ་ཐོག་གི་མེ་བཙའ་དང་གོས་ཐོག་གི་མེ་བཙའི་དཔེ་ལྟར་གནང་མི་རུང་། ཕྱོགས་རིས་བྱེད་མི་རུང་། གཞན་ཁྱེད་ཅག་གི་བཀའ་ལ་ལོས་བརྩི། གཙོ་བོ་ངས་དེ་རིང་སྙིང་དམར་པོ་ཚ་བསྔོགས་བྱེད་མཁན་འདི་གྱི་མི་འདི་དྲ་ཐོག་ཏུ་ཡོང་རུ་མ་འཇུག་རོགས་ཞེས་ངས་ཁྱེད་དང་བཀུར་འོས་དགེ་འདུན་རབ་གསལ་སོགས་ལ་མཐེ་བོང་སྟོན་བཞིན་ཞུ་གཏུགས་བྱས་པ་ཡིན། ངས་ཞུ་གཏུགས་ལ་བདག་པོ་རྒྱག་རྒྱུར་བཀའ་དྲིན་མི་ཆུང་བར་ཞུ། ངའི་ངོས་ནས་ཁོང་ཁྲོ་གནོན་མ་ཐུབ་པའི་གནས་སྟངས་ཀྱི་འོག་ད་བར་ཁ་བརྡའི་སྒྲིག་ལམ་དང་འགལ་བ་བྱུང་ཚད་ལ་སྙིང་ཐག་པ་ནས་དགོངས་དག་ཞུ་རྒྱུ་དང་། ཁྱེད་ཅག་གི་ངོས་ནས་སྟག་སྨྱོན་ལ་དོ་དམ་གནང་རོགས་ཞུ་བ་ཡིན། ཐུགས་རྗེ་ཆེ།
བསམ་གཏན་ལགས་ཀྱིས་བསམ་ཤེས་གནང་བར་སྙིང་ནས་བཀའ་དྲིན་ཆེ།
ཁྱེད་ཀྱི་བསམ་ཚུལ་ལ་བརྩི་བཀུར་དང་རྗེས་སུ་ཡི་རངས་ཞུ།
རྗེས་སུ་མཇལ་ཡོང་།
འོ་བོན་རྒྱ་བ་འདི་ཚང་རྨ་ཆུ་མ་རིག་ནས་སྐོམ་མི་སོད་མཁན་ཟིག་རེད་འདུག ང་ཚོའི་འདི་ནས་ཕན་ཚུན་བསམ་ཚུལ་བརྗེས་རེས་ཀྱིས་ཁྱོད་གྱི་མ་འོངས་པ་ལ་ཁྱོད་ཀྱི་ཕ་ཡུལ་གཅིག་པ་མགོན་པོ་བྲག་ནག་གི་ལམ་ཁ་དེ་འདྲ་མ་ཡོང་པར་ཤོག་བསམ་པ་ཡིན། མགོན་པོ་བྲག་ནག་ཟེར་བ་དེས་ཀྱང་ཁྱོད་རང་གི་བསམ་ཚུལ་ལྟར་རྒྱ་གར་དམངས་གཙོ་ལུང་པའི་ཉེན་རྟོག་ལས་ཁུངས་ལ་དགེ་བསྐོས་ཅིག་ཞུ་གཏུགས་བྱས། མཐའ་མར་ཁོ་རང་ཉེན་རྟོག་པས་འཛིན་བཟུང་བྱས་པ་གྲྭ་ཚང་དེས་ཧིན་སྒོར་༼༥༠༠༠༽སྤྲད་དེ་བཙོན་ཁང་ནས་བཏོན་པ་བཤད་ག་ལ་དགོས། མཐའ་མར་ཁོ་རང་གང་ན་ཡང་བསྡད་ས་མེད་པ་ཅིག་བཟོས་པ་གཞན་གྱིས་བཟོས་པ་མ་རེད། ཁྱོད་ཀྱི་བསམ་ཚུལ་དང་གཅིག་མཚུངས་དེས་བཟོས་པ་རེད། དམངས་གཙོ་ཟེར་བ་དེ་ཁྱེད་རང་གིས་ཤོག་བུ་ངོ་ནས་མཐོང་བ་དེ་འདྲ་ལག་ལེན་སྟེང་ན་ཡོད་ནི་མ་རེད། ཨ་རིའི་དམངས་གཙོ་ལུང་པ་ན་ཡང་རྡུང་པ་ཕར་ཞོག་མེ་མདས་གསོད་གི་ཡོད་པ་ཡང་མཐོང་རྒྱུ་ཡོད་གི
ག་དུས་ཡིན་ན་ཡང་གང་ཟག་སྒེར་གྱི་ཉམས་ལེན་དུ་གསུང་པ་དང་། དགེ་འདུན་སྤྱིའི་ལས་བྱེད་སྟངས་འདྲ་ནི་མ་རེད། གལ་ཏེ་དགེ་འདུན་སྤྱིའི་ལས་བྱེད་སྟངས་ལ་དེ་འདྲའི་རྩུབ་སྤྱོད་གང་ཡང་མེད་ན། ཁྱོད་ཀྱི་གོང་དུ་དྲང་བའི་མགོན་པོ་ཀླུ་སྒྲུབ་ཀྱིས་༼དགེ་སློང་ནོར་ལ་དབང་བྱེད་བདག་པོ་དང༌། །གནས་བརྟན་ལས་བྱེད་པ་དང་ནང་ཁྲིམས་པ། །དགེ་བསྐོས་གཙང་སྦྱོར་བ་དང་དམ་བཞག་མཁན། །གང་ཟག་ལས་བྱེད་རྣམས་སུ་བདག་མ་སྐྱེས། །༽ ཅེས་དགེ་འདུན་གྱི་ལས་བྱེད་དུ་མི་སྐྱེས་བའི་ཐུགས་སྨོན་མཛད་དགོས་དོན་ག་ལ་ཡོད།
དེ་ནས་དགེ་འདུན་གྱི་ནང་ཁྲིམས་བཟོ་སྟངས་སྐོར་ལ་འགྲེལ་བཤད་ཅིག་གནང་རོགས།
དེ་ནས་དྲ་ཁང་འདིའི་ནང་དུ་ཁྱོད་ཀྱིས་༼བླ་རྒན་ཀླད་ལྗང་ཚོའི་སྐད་ཆ་རྙིང་བ་༽ཅེས་པ་འདི་འདྲའི་ཚིག་ངན་བྲིས་ནས་མི་རབས་རྒན་པ་རྣམས་ལ་རྒྱུག་པ་ལེབ་རྡུང་བྱེད་ཆོག་ལ། གཞན་གྱིས་བྲིས་པར་༼སྐད་ཆ་འདི་དག་ཀྱང་དུས་རབས་འདིའི་མིའི་ཀུན་སྤྱོད་དང་འགལ་ཡོད་པ་མ་ཟད། དྲ་བ་འདིའི་རྩ་ཁྲིམས་དང་ཡང་གཏན་འགལ་ཏུ་གྱུར་ཡོད་པས་རྗེས་ཕྱོགས་ནས་སྡིགས་དམོད་ཀྱི་ཚིག་དེ་འདྲ་བེད་སྤྱོད་མ་གཏོང་རོགས།༽འདི་འདྲ་ཟེར་རྒྱུ་ང་ཡིན་ན་ངོ་ཚ་ས་རེད་ལགས།
ངས་ཀླུ་སྒྲུབ་ཀྱི་གསུང་སྐོར་དྲིས་པ་དེ་ངས་ད་དུང་རེག་མ་སོང་བསྟན་འགྱུར་ཀླུ་སྒྲུབ་ཀྱི་གསུང་སྐོར་ནས། རིག་པའི་རྡོར་རྗེ་ནས་༼ཀླུ་སྒྲུབ་ཀྱིས་གསུང་བའི་སྨོན་ལམ་འཁོར་ཚེ་མ་ཞུ་བ་དེའི་ནང་གི་ཚིག་རེད།༽གསུང་པ་ཐུགས་རྗེ་ཆེ།
མཐའ་སྡོམ་བོན་རྒྱ་ལགས་ལ་དགེ་འདུན་གྱི་ནང་ཁྲིམས་སྐོར་ལ་བཟོ་སྟངས་དང་། དེ་སྟོན་པའི་དགོངས་པ་ཡིན་མིན་སྐོར་ནས་འགྲེལ་བཤད་ཅིག་གསུངས་རོགས།། །།
གཞོན་ནུ་ཟླ་མེད་ཀྱི་བཤད་པ་དེར་གོ་རྒྱུ་འདུག
བོན་རྒྱ་ལགས་ནས། ང་འདི་མི་འདོད། འདི་འདྲ་ཞིག་དགོས་ཀྱི་ཡོད། ཞེས་དགག་སྒྲུབ་ཀྱི་ཆ་གཉིས་ཀ་མ་གསུངས་ན། རང་ཉིད་སྒྲིག་ལམ་ཁུར་མི་འདོད་ནས་བླ་མ་ལས་སྣེ་ལ་སྐྱོན་བརྗོད་བྱས་པ་ལྟ་བུའི་རྣམ་པ་ཞིག་འཐོན་གྱི་རེད། དེ་ལ་སུས་ཀྱང་རྒྱབ་སྐྱོར་བྱེད་ཀྱི་མ་རེད། དེར་བརྟེན་གོང་དུ་ཞུས་པ་ལྟར། སྒྲུབ་ཕྱོགས་ནས་ཀྱང་ངེས་པར་གསུང་རོགས།
སྒྲིག་ལམ་མེད་ན། དགོན་པ་གྲྭ་ཚང་འདི་དག་ཁྲིམས་མེད་ལུང་མེད་ཅིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཡོད་རེད། དེ་ལྟར་གྱུར་ན། རྟ་ལྕག་གཞུས་པ་ལས་ཀྱང་ཉེས་ཚབས་ཆེ་བ་རེད། དེར་བརྟེན་མཐའ་གཉིས་སུ་མ་ལྷུངས་པའི་དབུ་མའི་ལམ་ཞིག་བསྟེན་རྒྱུ་གལ་ཆེན་པོ་རེད།
༡། དྲ་དཔོན་དང་དྲ་ཁང་འདིར་ཞུགས་མི་ཚང་མར་ཞུ་རྒྱུ། དྲ་སྐྱག་བསམ་གཏན་ཟེར་མིས་མིང་འདྲ་མིན་ལ་སྤྱད་ནས་ད་བར་གུས་པའི་སྟེང་ལ་མ་བཀོལ་བའི་ཚིག་ངན་གཅིག་ཀྱང་ལྷག་ཡོད་མེད་ཚོད་ཡིན། མ་ཟད་དྲ་ཁང་དུ་ཞུགས་མི་གཞན་པ་ཚོར་སུན་པོ་ག་ཚོད་བཟོ་བཞིན་པ་མཐོང་གསལ་རེད། ཐ་ན་ངས་བྲིས་པ་དང་མ་བྲིས་པ་མང་པོ་ཞིག་མཉམ་སྦྱར་གྱིས་ངས་བྲིས་པ་རེད་ཟེར་ནས་བཙན་ཤེད་ཀྱིས་ཕྲན་ལ་ནག་འགེལ་ཁུལ་བྱས་ཀྱང་ངས་མི་སྐྱག་འདི་ལ་གསལ་བཤད་གང་ཡང་བྱེད་འདོད་མེད། སྐབས་རེ་ཞོར་འཕྲོས་ཙམ་ལས་ཆེད་དུ་མི་འདི་ལ་ལན་འདེབས་བྱེད་ཀྱི་མེད། ང་ལ་མི་ངན་འདི་འདྲ་ཞིག་གིས་ངན་སྨྲས་ཀྱིས་གང་ཡང་མི་གནོད་ཀྱང་། ཁྲིམས་མེད་ལུགས་མེད་ཀྱིས་བྱེད་སྤྱོད་འདི་འདྲ་ཁྱེད་ཅག་གི་དྲ་ཁང་དུ་རང་དབང་ངང་བཏང་ཡིན་ན་དྲ་ཁང་གི་མཛེས་སྣང་དང་དྲ་རྒྱ་ཡི་རིན་ཐང་ལ་གནོད་ཀྱི་མེད་ན་ང་ལ་ངན་སྨྲས་བྱས་པ་དེ་ཙམ་གྱིས་ཚབ་ཆེན་པོ་བརྩི་རིན་མི་འདུག ཕལ་ཆེ་བར་མི་འདིས་ངའི་ཐོག་ལ་ངན་ཚད་བཤད་ཀྱི་ཡོད་པ་ལས་ངས་འདི་དང་རྩོད་པ་བྱེད་ཀྱི་མེད། ང་ལ་གཤེ་བས་ཁོ་རང་གི་སྒེར་ནད་དེ་སངས་འགྲོ་གི་ཡོད་འདོད་ད་གཤེ་བཅུག ངས་མི་འདི་ལ་ཡ་བྱེད་མེད་མོད་ཁྱོད་ཚོས་ཁོ་དང་མཉམ་དུ་གུས་པ་དྲ་རྒྱར་ཞུགས་རྒྱུགས་བཀག་པ་ཡིན་ན་བློ་ཕམ་མེད།
༢། མི་འདིས་ངས་བོད་པའི་སྤྱི་ཚོགས་ལ་གནོད་པའི་བྱ་བ་ཞིག་བྱེད་ཀྱི་འདུག་ཟེར་ཁུལ་ཡང་། གལ་སྲིད་ཁོ་ལ་བོད་ཞེན་དང་སྤྱི་སེམས་དེ་ཙམ་ཡོད་པ་བདེན་པ་ཡིན་ན་ངས་མི་འདི་ལ་སེམས་གཏིང་ནས་དགའ་བསུ་དང་བསྔགས་བརྗོད་ཞུ་ཆོག་ཀྱང་། དེ་འདྲ་མ་ཡིན་ཁོ་རང་གི་དགའ་ཕྱོགས་ཤིག་ལ་ངས་ཚིག་ཟུར་ཞིག་ཕོགས་པ་མ་བཟོད་པའམ། གང་ལྟར་ཁོ་རང་སྒེར་གྱི་སྙིང་གཟེར་ཞིག་སངས་ཀི་མེད་པ་གསལ་བོ་རེད། སྐབས་རེ་ངས་སྙན་ངག་གི་ཉམས་རྩལ་གྱིས་དབང་གིས་ཚིག་རྣོ་དྲག་ས་དེ་འདྲ་ཡོད་སྲིད། མི་ཆེན་ང་ལ་ནག་ཆེན་པོ་འགེལ་ཁུལ་བྱེད་ཀྱི་འདུག་ཀྱང་མི་འདི་ལ་དགོངས་ཚིག་སྐམ་ཞིག་བྲིས་པ་ཡིན་དགའ་འགྲོ་གི་རེད། ཁོས་ཐེངས་ངས་དགོངས་དག་ཟེར་དགོས་ཟེར་ནས་མཆན་བཏབ་སོང་། འོ་ན་ཁོས་བཤད་པ་ལྟར་ང་མི་ནག་ཅན་ཞིག་ཡིན་པ་བདེན་ནམ་། ཡང་ན་ཁོ་ལ་དགོངས་དག་ཚིག་སྐམ་ཞིག་བྲིས་ན་འགྲིག་འགྲོ་གི་ཡོད་པ་བདེན་པ་རེད་དམ། ངས་དཀའ་ལས་བརྒྱབ་ནས་མཆན་དེ་བཙལ་ནས་འདིར་བཀོད་མེད།
༣། གཞན་ངས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེར་རྒྱབ་སྐྱོར་མེད་པ་གསལ་བོ་རེད། སྔོན་མ་བཀའ་ཁྲི་འོས་འདེམས་ཀྱི་སྐབས་སུ་བཙན་བྱོལ་བོད་མིའི་མི་འབོར་གྱི་བརྒྱ་ཆ་ཉི་ཤུ་ཙམ་གྱིས་ཟམ་གདོང་རིན་པོ་ཆེ་ལ་རྒྱབ་སྐྱོར་མ་བྱས་པར་ཁོང་ལ་འོས་ཤོས་ཀྱང་བླུག་ཡོད་པ་མ་རེད། གུས་པའང་བརྒྱ་ཆ་ཉི་ཤུ་དེའི་ནང་གི་གཅིག་ཡིན། རྒྱུ་མཚན་གཙོ་བོ་ཁོང་བླ་མ་ཞིག་ཡིན་པས་བཀའ་ཁྲིའི་མཚན་གནས་ལ་དམིགས་བསལ་དགོས་མཁོ་མཐོང་གི་ཡོད་པ་མ་རེད། མི་དམངས་ཀྱི་ཨུ་ཚུགས་ཀྱིས་འདམས་པ་ཡིན་ན་མི་འདུག་ཐབས་མེད་རེད་མ་གཏོགས། རིན་པོ་ཆེ་ཁོ་རང་བཀའ་བློན་ཁྲི་བར་འདུག་འདོད་མེད་གསུང་གི་ཡོད་པ་རེད། དེ་ལྟར་ཆབ་སྲིད་ཀྱི་འདོད་རྔམ་མེད་མཁན་ཞིག་ཨུ་ཚུགས་ཀྱིས་བཀའ་ཁྲིར་བཞག་ན་མི་དམངས་ལ་གྱོང་རག་གི་རེད། གང་ལྟར་བཀའ་བློན་ཁྲི་བ་དེ་ངེས་པར་དུ་ཆབ་སྲིད་ཀྱི་འདོད་རྔམ་ཡོད་མཁན་ཞིག་སླེབས་དགོས་རྒྱུ་ཨང་དང་པོ་རེད། མི་རིགས་ཀྱི་ཆེད་དུ་ལས་དོན་ཆེན་པོ་བསྒྲུབ་འདོད་ཡོད་མཁན་ཞིག་ཡིན་ན་རང་བཞིན་གྱིས་ཆབ་སྲིད་ཀྱི་འདོད་རྔམ་ཆེན་པོ་ཡོང་གི་རེད། ཆབ་སྲིད་ཀྱི་འདོད་རྔམ་ཡོད་མཁན་ཞིག་ཡིན་ན་ཆབ་སྲིད་པའི་རྐུབ་བཀྱགས་མཐོ་ཤོས་བཀའ་ཁྲིའི་མཚན་གནས་དེ་ངེས་པར་དུ་དགོས་མཁོ་དང་བེད་སྤྱོད་ཆེན་པོ་ཡོད་པ་མཐོང་གི་རེད། ཟམ་གདོང་རིན་པོ་ཆེར་ཆབ་སྲིད་ཀྱི་འདོད་རྔམ་ཡོད་པ་མ་རེད། ཡང་ན་ཁོང་ལ་ཆབ་སྲིད་པར་མཁོ་བའི་ཆ་རྐྱེན་ཨང་དང་པོ་དེ་ཆབ་སྲིད་ཀྱི་འདོད་རྔམ་ཡོད་པ་མ་རེད། དེའི་ཕྱིར་རིན་པོ་ཆེས་མི་དམངས་ཀྱི་བསམ་ཚུལ་ལ་རྩ་བ་ཉན་གི་མ་རེད། དེ་ལ་རྒྱུ་མཚན་ཆེན་པོ་གཉིས་ཡོད། ཁོ་ལ་རིན་པོ་ཆེའི་མཚན་གནས་ཆེན་པོ་ཡོད་ཕྱིར་ཁོང་གི་གོ་གནས་ལ་ལས་སླ་བོ་འགྱུར་བ་འགྲོ་རྒྱུའི་སེམས་ཁྲལ་མེད་པ་དང་། གཉིས་ནས་ཁོང་ལ་སྲིད་ཀྱི་འདོད་རྔམ་མེད་སྟབས་གལ་སྲིད་སྟབས་མ་ལེགས་པར་བཀའ་ཁྲིའི་གོ་གནས་ཤོར་བ་ཡིན་ནའང་འཕང་གི་མ་རེད། གང་ཡིན་ཟེར་ན་ཁོང་ལ་ཆབ་སྲིད་ཀྱི་འདོད་རྔམ་ཡོད་པ་མ་རེད། ཆབ་སྲིད་ཀྱི་འདོད་རྔམ་ཡོད་མཁན་ཞིག་ཡིན་ན་མི་དམངས་ཀྱི་བསམ་ཚུལ་ལ་ཉན་རྒྱུ་ཨང་དང་པོ་འཇོག་གི་རེད། དེ་མིན་ཁོ་རང་གི་ཆབ་སྲིད་ཀྱི་མདུན་ལམ་དང་གོ་གནས་ཤོར་འགྲོ་གི་ཡོད་པ་རེད། ་་་་་་་་་་་་་་་་་་་་་་་ རྒྱུ་མཚན་ཡོངས་རྫོགས་ཐེངས་གཅིག་ལ་འགོད་ཐབས་མི་འདུག་པས་ག་ལེར་འབད་ཆོག ཐེངས་རྗེས་མར་མི་རིགས་ཆེད་དུ་ལས་དོན་ཆེན་པོ་བསྒྲུབ་རྒྱུའི་ཆབ་སྲིད་ཀྱི་འདོད་རྔམ་ཡོད་མཁན་ཞིག་བཀའ་ཁྲིར་སླེབས་རྒྱུ་གཙོ་བོ་་རེད།
༤། ང་ལ་སྡང་ཟུག་བྱེད་དོན་གཞན་ཞིག་ནི་སྤྱི་འཐུས་ཀྱི་ནང་དུ་གསེར་རྟ་ཚུལ་ཁྲིམས་གཉིས་ཡོད་པ་ལས། གཅིག་མདོ་སྟོད་དང་གཅིག་མདོ་སྨད་ཀྱི་སྤྱི་འཐུས་རེད། གནས་ཚུལ་འདིའི་རྒྱབ་ལོག་ན་བོད་གཞུང་དང་མི་དམངས་ལ་གོད་ཆགས་ཆེན་པོ་ཞིག་བཟོ་ཨེ་ཐུབ་ལྟ་མཁན་ནང་དཀྲུགས་བྱེད་མཁན་མི་ནག་རེ་གཉིས་ཡོད་པ་རེད། སྤྱི་གནོད་ཀྱི་གནས་ཚུལ་དེ་ལ་ངས་སེམས་ཁུར་དང་སྐྱོན་བརྗོད་བྱེད་མྱོང་བ་མི་ཁ་ཤས་ཀྱི་སེམས་ལ་ཧ་ཅང་ཕོག་ཡོད་པ་རེད། བོད་མི་ཕལ་ཆེ་བས་གནས་ཚུལ་འདི་ཤུགས་ཆེན་པོ་གླེང་ཕོད་ཀྱི་ཡོད་པ་མ་རེད། དེ་ཡང་ངོ་ཐོག་མི་ངན་དེ་ཚོར་ཞེད་པ་མ་རེད། གནས་ཚུལ་འདིས་རྐྱེན་པས་བོད་མའི་སྤྱི་ཚོགས་ཀྱི་ཆིག་སྒྲིལ་དང་སྟོབས་ཤུགས་ལ་གནོད་འཚེ་ཕོག་རྒྱུའི་སེམས་ཁྲལ་གྱིས། མི་ངན་འདི་ཚོས་དེ་འདྲ་མ་བྱས་ན་བསམ་བཞིན་ཁུ་སིམ་པོར་བློ་ཕམ་བྱེད་ཀྱི་ཡོད་པ་རེད།
༥། ངས་རྒྱལ་བ་པཎ་ཆེན་གཉིས་ཕུད་དེ་མིན་བོད་ཀྱི་བླ་མའི་མིང་ཐོག་ཚད་ལ་དད་པ་དང་བསྟོད་པ་བྱེད་ཀྱི་མེད་ལ་ཁ་བརྡུང་དང་འཚང་འབྲུ་བྱེད་ཀྱི་ཡོད། དེ་ཕྱོགས་གཅིག་ནས་བླ་མ་འདི་ཚོ་སྔོན་མ་ལྟར་གང་དྲན་དྲན་བྱས་པ་ཡིན་ན་མི་དམངས་ཀྱི་བསམ་བློ་སྔོན་མ་དང་མི་འདྲ་ལེགས་ཉེས་དབྱེ་འབྱེད་བྱེད་ཐུབ་པའི་དུས་རབས་ལ་སླེབས་ཡོད་པ་དང་། ཡག་པོ་མ་བྱས་ན་བླ་མའི་མིང་ཡོད་པ་ཙམ་ལ་ཞེད་སྣང་དང་བརྩི་བཀུར་ཞུ་གི་མེད་པ་གོ་བརྡ་སྤྲོད་འདོད་ཡོད། དེ་འདྲ་བྱས་ན་བླ་མ་ཚོས་སྔར་དང་མི་འདྲ་བར་ཞབས་འདྲེན་ཞུ་རྒྱུ་དང་ལངས་ཤོར་བའི་ངན་སྤྱོད་དག་ལ་གཟབ་ནན་བྱེད་སྲིད་པའི་རེ་བ་དང་ལྡོག་ཕྱོགས་དྲན་བསྐུལ་ཞིག་བྱས་པ་ཡིན། འོན་ཀྱང་གླེང་གཞི་འདི་ནི་རྡུལ་ཕྲན་མཚོན་ཆ་དང་འདྲ་ཕྱིར་མི་ལག་པ་འཆང་ཕོད་ཀྱི་ཡོད་པ་མ་རེད། བླ་མའི་མིང་ཅན་འདི་ཚོའི་སྒེར་གྱི་རེ་ངན་མ་འགྲུབ་ན་བོད་སྤྱིའི་་ཁེ་ཕན་ལ་གནོད་འཚེ་ཆེན་གཏོང་གི་རེད། དཔེར་ན་ཨི་ཊ་ལིར་ཡོད་པའི་དོལ་འདྲ་བླ་མ་གངས་གཅིན་དང་དབྱིན་ལན་གྱི་སྡུག་བཤེས་སྐལ་ཟད་སོགས་ཀྱང་དང་བོད་ཀྱི་བླ་མ་དང་དགེ་བཤེས་ཡིན་ཚོད་འདུག བླ་སྤྲུལ་མིང་ཅན་འདི་ཚོར་ཕོག་ཐུག་འགྲོ་མི་རུང་འཚེ་བ་ཅན་གྱི་དུག་སྦྲུལ་དང་གཅིག་མཚུངས་རེད། དེ་ཕྱིར་ ་་་་་་་་་་་་་་་་་་་་་ཉལ་རན་སོང་་་་་་་་་་་་་་་་་་་་་་་་་་་་་་་།
ངས་རྒྱལ་བ་པཎ་ཆེན་གཉིས་ཕུད་དེ་མིན་བོད་ཀྱི་བླ་མའི་མིང་ཐོག་ཚད་ལ་དད་པ་དང་བསྟོད་པ་བྱེད་ཀྱི་མེད་ལ་ཁ་བརྡུང་དང་འཚང་འབྲུ་བྱེད་ཀྱི་ཡོད། དེ་ཕྱོགས་གཅིག་ནས་བླ་མ་འདི་ཚོ་སྔོན་མ་ལྟར་གང་དྲན་དྲན་བྱས་པ་ཡིན་ན་མི་དམངས་ཀྱི་བསམ་བློ་སྔོན་མ་དང་མི་འདྲ་བར་ལེགས་ཉེས་དབྱེ་འབྱེད་བྱེད་ཐུབ་པའི་དུས་རབས་ལ་སླེབས་ཡོད་པ་དང་། ཡག་པོ་མ་བྱས་ན་བླ་མའི་མིང་ཡོད་པ་ཙམ་ལ་ཞེད་སྣང་དང་བརྩི་བཀུར་ཞུ་གི་མེད་པ་གོ་བརྡ་སྤྲོད་འདོད་ཡོད། དེ་འདྲ་བྱས་ན་བླ་མ་ཚོས་སྔར་དང་མི་འདྲ་བར་ཞབས་འདྲེན་ཞུ་རྒྱུ་དང་ལངས་ཤོར་བའི་ངན་སྤྱོད་དག་ལ་གཟབ་ནན་བྱེད་སྲིད་པའི་རེ་བ་དང་ལྡོག་ཕྱོགས་དྲན་བསྐུལ་ཞིག་བྱས་པ་ཡིན། འོན་ཀྱང་གླེང་གཞི་འདི་ནི་རྡུལ་ཕྲན་མཚོན་ཆ་དང་འདྲ་ཕྱིར་མི་སུ་ཡིན་ལག་པ་འཆང་ཕོད་ཀྱི་ཡོད་པ་མ་རེད། བླ་མའི་མིང་ཅན་འདི་ཚོ་སྒེར་གྱི་རེ་ངན་མ་འགྲུབ་ན་བོད་སྤྱིའི་ཁེ་ཕན་ལ་གནོད་འཚེ་ཆེན་གཏོང་གི་རེད། དཔེར་ན་ཨི་ཊ་ལིར་ཡོད་པའི་དོལ་འདྲེ་བླ་མ་གངས་གཅིན་དང་དབྱིན་ལན་གྱི་སྡིག་བཤེས་སྐལ་ཟད་སོགས་ཀྱང་དང་པོ་བོད་ཀྱི་བླ་མ་དང་དགེ་བཤེས་མིང་ཅན་ཡིན་ཚོད་འདུག བླ་སྤྲུལ་མིང་ཅན་འདི་ཚོར་ཕོག་ཐུག་འགྲོ་མི་རུང་བའི་འཚེ་བ་ཅན་གྱི་དུག་སྦྲུལ་སྦོམ་པོ་རེ་དང་འདྲ་བོ་མཐོང་གི་འདུག དེ་ཕྱིར་ ་་་་་་་་་་་་་་་་་་་་་ཉལ་རན་སོང་་་་་་་་་་་་་་་་་་་་་་་་་་་་་་་། མཆན་གོང་མར་ནོར་ལྷག་མང་ཙམ་ཤོར་འདུག་པས་བཟོད་སྲོལ། རྗེས་ཕྱོགས་འཕྲད་ཆག་་་་་་་་་་་་་་་་་་་་་་
ད་ལྟའི་དུས་འདིར་ཚང་མས་ནུབ་ཕྱོགས་པར་ལད་མོ་བྱེད་པའི་དུས་ཚོད་ཅིག་ཏུ་སླེབས་ཡོད་སྟབས། ཁྱེད་ཀྱི་བཤད་པ་དེ་བདེན་པ་མ་རེད་ཅེས་སུ་གཅིག་གིས་བཤད་ཕོད་པའི་དུས་ཚོད་ཅིག་མིན་ཡང༌། རང་ཉིད་ཀྱི་བསམ་ཚུལ་ལ་མི་གཞན་གྱིས་བདེན་ཁ་སྟེར་མིན་ལ་མ་ལྟོས་པར་འདི་འབྲི་འདོད་བྱུང༌། སྤྱིར་ད་ལྟའི་དུས་འདིར་ནུབ་ཕྱོགས་པའི་ལད་ཟློས་བྱས་ནས་བུ་ཕྲུག་གིས་ཕ་མ་བཙོན་ཁང་དུ་བསྐྱལ་བ་ཧ་ཅང་མང་པོ་ཡོད་པ་བཞིན། འདྲ་མཉམ་ལ་ཁ་གཡར་ནས་སློབ་མས་བླ་མ་ཁྲིམས་ལ་སྦྱར་བའང་ཡོང་བཞིན་ཡོད་པ་རེད། སྤྱིར་དགེ་འདུན་པའི་ནང་ཁྲིམས་དང་འགལ་ཆོག་དང་མི་ཆོག་གཞུང་ལུགས་རྣམས་སུ་གསལ་པོ་འཁོད་ཡོད་ལ། ཆུང་ས་ནས་བཤད་ན་ལྟུང་བ་ཕྱིར་བཅོས་ཀྱི་ནང་དུའང་དགེ་འདུན་གྱི་ནང་ཁྲིམས་དང་འགལ་བ་ཞེས་གསལ་པོ་གསུངས་ཡོད། ད་དུང་ཞིབ་ཅིང་ཕྲ་བ་བཤད་ན་ཧ་ཅང་མང་དྲགས་ཀྱང༌། ནང་པའི་གཞུང་ལུགས་སུ་བཤེས་གཉེན་བསྟེན་ཚུལ་འཁོད་པ་དག་ཀྱང་དེང་དུས་ཀྱི་ན་གཞོན་གྲྭ་བ་ཟ་ལེ་རྒྱལ་དང༌། ཨ་ནེ་ཟ་ལེ་འཚོ་འདི་ཚོའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་མཁན་ཞིག་ཏུ་ངོས་འཛིན་བྱེད་བཞིན་འདུག འདས་པའི་ལོ་རྒྱུས་ལ་ཆ་བཞག་ནས་བཤད་ན་སྒྲ་བསྒྱུར་མར་བ་ལོ་ཙས་རྗེ་བཙུན་མི་ལ་རས་པར་སྡིག་སྦྱོང་བྱེད་དུ་བཅུག་པ་དང༌། ན་རོ་པར་ཏེ་ལོ་པས་སྡིག་སྦྱོང་བཏང་ཚུལ་ལྟ་བུར་ཡང་དགོས་པ་དང་རྒྱུ་མཚན་དང་ཕན་ནུས་དམིགས་བསལ་བ་ཡོད་པའི་འགྲེལ་བརྗོད་ཚང་མས་མཁྱེན་གསལ་རེད། འདི་དག་ཀྱང་ཁྱེད་ཅག་གི་སྣང་ངོར་འདྲ་མཉམ་མ་ཡིན་པ་དང༌། འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཀྱི་རེད། ནུབ་ཕྱོགས་མགོ་སེར་བ་ཚོས་བཤད་སྟངས་ཚང་ལ་ལད་ཟློས་བྱས་ནས་འདྲ་མཉམ་ཞེས་པའི་ཁ་གཡང་གིས་ར་བཟི་དྲགས་ན་རིམ་བཞིན་སྐྱབས་འགྲོ་ཡང་དགོས་པ་གཏན་ནས་མེད་པར་འགྱུར་ངེས་པས། ནང་པ་སངས་རྒྱས་པའི་གཞི་རིམ་གྱི་འགྲོ་སྟངས་ནས་འཇིག་པར་འགྱུར་ངེས་པ་ལྟ་བུ་མཐོང་གི་འདུག དགེ་འདུན་པ་སྒྲིག་གིས་འཚོ་ངང་བ་ཆུ་ཡིས་འཚོ་ཞེས་པ་ལྟར་ཁྲིམས་སྒྲིག་ལམ་བརྩི་སྲུང་ཞུ་དགོས་པ་གལ་ཆེན་པོ་རེད། གལ་སྲིད་ཁྲིམས་དེ་དག་བརྩི་སྲུང་བྱེད་ཐུབ་གི་མི་འདུག་ན། དགོན་པ་ནས་ཕྱིར་དོན་ཡང་རང་དབང་རེད། ངས་འདི་ནས་གང་ཟག་ལ་ལྟོས་ནས་ཚིག་གཅིག་གཉིས་ཤིག་བཤད་རྒྱུ་ཡིན། ང་རང་གི་ཚོར་སྣང་ཡིན་པས་ཡང་དག་པ་ཡིན་པའི་ངེས་པ་གང་ཡང་མེད། གནད་དོན་འདིའི་སྐོར་གླེང་གཞི་སྤེལ་མཁན་བོན་རྒྱ་བསྟན་པ་རབ་རྒྱས་ལ་མཚོན་ན་དགའ་ལྡན་བྱང་རྩེའི་སྒྲིག་ཁོངས་ནས་གནས་དབྱུང་གཏོང་གྲབས་བྱེད་བཞིན་པའི་སྐབས། དགོངས་ཞུ་ལྟ་བུ་བྱས་པའི་ལོ་རྒྱུས་ཡོད་པ་རེད། སེ་ར་བྱེས་སུ་སླེབས་པའི་རྗེས་སུ་གཞུང་ཆེན་མོ་སློབ་གཉེར་རྡོ་རུས་ཐུག་པ་ཞིག་བྱེད་ཀི་ཡོད་པ་མཐོང་མ་མྱོང་བས། གྲྭ་མིང་ཙམ་ལས་གྲྭ་པ་རྣམ་དག་ཅིག་ཡིན་མིན་ཐེ་ཚོམ་རེད། བཤད་སྟངས་ཁ་ཤས་ཀྱི་ཐོག་ནས་གསལ་འདེབས་བྱེད་རྒྱུ་ཞིག་ལ། “ཤཱཀྱ་ཐུབ་པས་མ་མཛད་ལ་བློ་བཟང་གྲགས་པས་མ་བཟོས་པའི་སྐྱག་ཁྲིམས་དེ་དག་ངས་དུས་ནམ་ཡང་རང་དགར་རྒྱ་ཡན་དུ་མི་གཏོང་ཁོ་ཐག་ཡིན།”ཞེས་བཤད་འདུག ཤཱཀྱ་ཐུབ་པས་མཛད་པའི་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དེ་ཁྱེད་ཀྱིས་སྲུང་བཞིན་ཡོད་ན། སྐྱག་ཁྲིམས་ཀྱིས་མི་ཚད་གཉང་ཁྲིམས་ག་རེ་ཡིན་ཡང་ཁྱེད་ལ་གླན་ཀ་ཞིག་གཏན་ནས་ཡོང་མི་སྲིད་པ་རེད། འདུལ་བའི་བཅས་ཁྲིམས་ཀྱི་ས་མཚམས་གང་ཡང་མི་ཤེས་པར་དགེ་ཚུལ་སློང་གི་སྡོམ་པ་མཁན་སློབ་དགེ་བའི་བཤེས་གཉེན་གྱི་མདུན་ནས་ཐོབ་པ་ཙམ་གྱིས་ཕན་ཐོགས་གང་ཡང་མེད། དེ་འབྲོག་པ་ཚོས་གཡག་ཚེ་ཐར་གཏོང་བའི་སྐབས་བླ་མས་ཕྱག་ནས་གཏོར་བ་ལྟ་བུ་ལས་མེད་ན་གྲྭ་པའི་གཟུགས་བརྙན་ཙམ་རེད། ད་བ་ས་ཀྱི་ག་ང་གི། ཞེས་ལེགས་བཤད་ལྗོན་དབང་སྐྱོར་ཤེས་པ་ཙམ་གྱིས་དགོན་པའི་ཁྲིམས་ཁུར་མི་དགོས་དོན་གང་ཡང་ཡོད་པ་མ་རེད་བསམ་གི་འདུག ནོར་ཡོད་ན་དགོངས་དག
དེའི་ཞོར་ལ་སྒོམ་སྡེ་ལྷ་རམས་པ་ལ་ཚིག་ཁ་ཤས་ཤིག་ཞུ་རྒྱུ་ཡོད། གསལ་བཤད་བྱེད་དགོས་པ་ཞིག་ལ་ངས་ཁྱེད་སྒོམ་སྡེ་ལྷ་རམས་པ་དགེ་བཤེས་ཐུབ་བསྟན་བསམ་གྲུབ་ཡིན་ཤག་བྱས་ནས་བཤད་བཞིན་ཡོད། ཁྱེད་ཀྱིས་ཀྱང་བོན་རྒྱ་བས་བཤད་པར་རྒྱབ་སྐྱོར་གནང་བར་ཐུགས་ཁག་མེད། ཁྱེད་ཀྱང་དགེ་བསྐོས་ཀྱི་སྒྲིག་ཁྲིམས་ཁུར་མི་འདོད་པ་ཙམ་མ་ཡིན་པར་ཤཱཀྱ་ཐུབ་པའི་བཅས་ཁྲིམས་ཀྱང་མགོ་སེར་ཕྱི་མོའི་རུམ་ནས་རླུང་ལ་བསྐུར་བའི་ལོ་རྒྱུས་ལ་བལྟས་ན་ཤེས་ཐུབ་པ་ཞིག་རེད། གང་ལྟར་གདན་ས་ནས་སློབ་གཉེར་རྣལ་མ་བྱེད་མཁན་ཞིག་ཡིན་ན་ཁྲིམས་དང་སྒྲིག་ལམ་དགོས་ངེས་རེད། འོན་ཀྱང་དགེ་སྐོས་དང་མཁན་པོ་སོགས་ལས་སྣེ་བ་རྣམས་ཀྱིས་ཕྱོགས་ཞེན་དང་འཐེན་འཁྱེར་དབྱེ་འབྱེད་བྱས་ན་དུས་ནམ་ཡང་ངོས་ལེན་མེད། དགོངས་དག་ཅུང་ཙམ་རིང་པོ་ཆགས་སོང༌།
འ་འ་འ་ ད་ཡིན་ན་བསོད་ནམས་ཚེ་རིང་ཁྱོད་ཀྱིས་ལུག་རྣམས་སྤང་ལ་དེད། ར་རྣམས་བྲག་ལ་དེད་སོང་། དགེ་བ་ཟིག་རེད།། །། ཧཧཧཧཧཧ
ཁྱོད་ཚོར་ཆི་ཟིག་མ་ཉན་ནི་རེད། དགོན་པའི་དགེ་བསྐོས་དྲག་པོ་ཚོའི་ལག་གི་རྟ་ལྕག་དང་དགོན་པའི་བཅའ་ཡིག་ཆོས་ཁྲིམས་གཉིས་དོན་གཅིག་མ་ཡིན་པ་ཙམ་ཡང་མི་ཤེས་སམ།
བསོད་ནམས་ཚེ་རིང་ལགས།
སྤྱིར་ན་ཡ་རབས་དང་རྣམ་དཔྱོད་ཅན་རྣམས་དང་འདྲ་བར་བརྗོད་གཞིའི་ཐོག་ཚུལ་མཐུན་གྱིས་བགྲོ་གླེང་གནང་བ་ལས། མི་སྒེར་གྱི་སྐྱོན་མཚང་འདོན་རྒྱུ་གཙོ་བར་མ་བྱས་ན་ལེགས།
འོན་ཀྱང་ཁྱེད་ནས་བོན་རྒྱ་བ་དང་ཞོར་དུ་ངེད་ལ་ཚིག་ངན་རེ་ཟུང་སྨྲས་པར། ཐུགས་རྗེ་ཆེ། རྗེས་སུ་ཡི་རངས་ཡོད། ཁྱེད་ནས་ཀྱང་གདན་སར་ཤ་ཞེན་གྱིས་དེ་འདྲ་གསུངས་པ་ཡིན་ངེས་རེད།
ཞེན་ཁོག་བྱེད་ན་རྣམ་དཔྱོད་ལྡན་པའི་ཞེན་ཁོག་བྱེད་ཤེས་པ་བྱོས།
དྲང་པོར་ཞུས་ན། ངེད་ནས་ཀྱང་སྔོན་མ་སློབ་གཉེར་དགེ་རྒན་བྱེད་དུས་ཚ་པོ་ཞེ་དྲག་བྱས་པ་མ་ཟད། རྒྱུགས་པ་ཡང་ཐེངས་འགའ་ཤས་གཞུས་མྱོང་། ད་ལྟ་གནས་ཚུལ་དེ་དག་བསམ་དུས་ལུས་སེམས་རྩེ་ཞིང་སྐྱི་གཡའ་བའི་ཚོར་སྣང་ཡ་ང་བ་ཞིག་འོང་གི་འདུག འདི་ནི་མགོ་སེར་གྱིས་ལད་ཟློས་བྱེད་པ་དེ་འདྲ་མ་རེད། རང་སྐྱོན་རང་གིས་མཐོང་བའི་གནས་ཚུལ་ཞིག་རེད། ཅི་སྟེ་ཁོང་ཅག་གི་ལད་ཟློས་ཡིན་དུ་ཆུག་ཀྱང་ཉེས་པ་ཅི་ཡོད། ལེགས་ཆ་ཡོད་ན་གང་ནས་ལེན་ཀྱང་འོས།
སྐྱོན་དང་ཧ་ཅང་ཉེ་ན་སྐྱོན་མཐོང་མི་ཐུབ་པ་ཆོས་ཉིད་རེད། དཔེར་ན་ཡི་གེ་དང་མིག་གཉིས་ཧ་ཅང་ཉེ་དྲགས་ན། ཡི་གེ་མཐོང་མི་ཐུབ་པ་དང་མཚུངས་པ་རེད།
ཁྱེད་ནས་མི་མང་པོའི་ལོ་རྒྱུས་ཤེས་ཀྱི་འདུག འདི་ཡང་ཐུགས་དྲན་གསོས་མདོག་ཁ་ཤས་ཆེ། སྔོན་མ་གྲྭ་ཚང་ཞིག་ཏུ་གྲྭ་པ་ཞིག་ལ་རྐུབ་ལ་རྟ་ལྕག་ཚད་མེད་གཏོང་དུས། རྒྱ་གར་བ་ལས་བྱེད་ཅིག་གིས་མཐོང་ནས། “གྲྭ་པར་གདུག་རྩུབ་དེ་འདྲ་ཡོད་པ་ཤེས་མ་བྱུང”ཞེས། བོད་པའི་གྲྭ་པར་སྐྱུག་མེར་ལངས་ནས། ལས་ཀ་(འདི་གླ་ཆ་ཆེན་པོ་ཡོད་པའི་ལས་ཀ་ཞིག་རེད། ལས་ཀ་དཀྱུས་མ་མ་རེ)བསྐྱུར་ནས་ཕྱིན་པའི་ལོ་རྒྱུས་ཁུངས་ལྡན་ཡོད་རེད་ད། དེས་བསྟན་པ་ལ་ཇི་ཙམ་གནོད་འདུག་གཟུ་བོའི་བློས་གཟིགས་དང་།
སྔོན་མ་གྲྭ་ཚང་སོ་སོར་གཏོང་སྒོ་གཏོང་དུས། གཙུག་ལག་ཁང་རུས་གོང་གིས་ཁེངས་ཏེ། མཆོད་མཇལ་ལ་ཡོང་མཁན་གྱི་རྒྱ་གར་བ་ཚོ་ཁ་འགེབས་ནས་འགྲོ་དུས་ངོ་ཇི་ཙམ་ཚ་བ་མི་དྲན་ནམ། དེས་བསྟན་པ་ལ་ཇི་ཙམ་གནོད་ས་རེད། ལེགས་པར་སོམས་དང་།
ལྷག་བསམ་དང་དཔྱོད་ལྡན་གྱི་གཞོན་སྐྱེས་འགའ་རེས་དམར་ཟས་སྤོང་བའི་དགེ་སྐུལ་ཞུས་པར། ཁྱེད་དང་ཁྱེད་འདྲ་བ་ཚོས་ཁོང་ཅག་ལ་དགེ་འདུན་རྡོ་རྗེ་ཞེས་དམོད་མོ་མ་བཏབ་བམ།
ངེད་ནས་འདི་ལ་ཚིགས་བཅད་ཅིག་ཡོད་པ་འདི་ལྟར།
གྲྭ་ཆུང་ཞིག་གིས་གློག་བརྙན་བལྟས་པ་ལ། །
པག་ལཱ་ཡིན་ཞེས་རྒན་གཞོན་མང་པོ་འབར། །
ཤ་དམར་ཁྲག་གི་ཐིགས་པ་འཛག་བཞིན་དུ། །
འཁྱེར་ནས་བག་མེད་རྒྱུ་འདི་ཡ་རེ་མཚན། །
འདི་གནས་ཚུལ་གལ་ཆེན་ཞིག་ལ་མཐོང་ནས། ཁ་རྡུང་དང་ཚིག་མཚོན་འཕེན་མཁན་ཡོད་པ་ཤེས་བཞིན་དུ་ཞུགས་པ་ཡིན་གྱི། ཉིན་མ་མ་འཁྱོལ་བར་འོངས་པ་མིན། རང་རེའི་ཆོས་དང་རིག་གཞུང་ལ་ཞེན་པ་དཀར་པོས་ཞུས་པ་ཙམ་ལས། རང་དོན་དང་འབྲེལ་བ་སྤུ་ཙམ་ཡང་མེད་དོ། །
ཚིག་རྩུབ་རེ་ཟུང་ཐལ་བར་དགོངས་དག
བསོད་ནམས་ཚེ་རིང་ཟེར་བ་འདི་ཡང་དྲྭ་འབུ་ཐབས་སྡུག་ཅིག་རེད་འདུག མི་ཞིག་གྲྭ་བ་ལོག་དང་མ་ལོག་གི་ཁྱད་པར་ཙམ་གྱིས་སྐད་ཆ་ཤོད་པའི་ཐོབ་ཐང་ཡོད་མེད་ཀྱི་ས་མཚམས་འབྱེད་པ་དེ་བཙན་ཤུགས་པའི་སྤྱོད་སྟངས་རེད། སྔོན་མ་ལྷ་སར་ཨ་མདོ་དགེ་འདུན་ཆོས་འཕེལ་ཟེར་བའི་མཁས་པ་ཆེན་པོ་དེས་ཆོས་སྲིད་གང་ཐད་ནས་ལེགས་པའི་དགོང་འཆར་མང་པོ་བཏོན་སྐབས་རང་སྒོའི་ཐེམ་པ་བརྒལ་མ་མྱོང་མཁན་ཚོས་ཨ་མདོ་དགེ་འདུན་ཆོས་འཕེལ་གྲྭ་ལོག་ཡིན་ཚུལ་སོགས་ཀྱིས་ཁ་འགོག་ཐབས་དང་གནོན་ཤུགས་སྤྲོད་ཅི་ཐུབ་བྱས་ནས་ཐ་མ་བེ་ཌ྄ྭར྄ྭཡའི་བུམ་པ་དེ་ཡང་རྡོ་ལ་བརྡབས་པ་རེད། དེ་དང་མཚུངས་པར་ལྷ་རམས་པ་གྲྭ་བ་ལོག་མ་ལོག་དང་བསྟན་རབ་པ་གནས་དབྱུངས་བཏང་མ་བཏང་སོགས་གླེང་རྒྱུ་བཞག་ནས་ཁོང་ཚོས་གང་བཤད་པ་དེ་ལ་རྒྱུ་མཚན་ཡོད་མེད་གླེང་རོགས། གྲྭ་ས་ལ་སྒྲིག་ལམ་དགོས་པ་རེད། ཡིན་ན་ཡང་སྒྲིག་ལམ་ཟེར་བ་དེ་དགེ་འདུན་རང་ཁྲིམས་དང་བ་རྔ་རང་ལྕག་ཟེར་བ་བཞིན་རང་ངོས་ནས་ཤེས་རྟོགས་བྱུང་རིམ་བཞིན་སྒྲིག་ལམ་རང་ཤུགས་ཀྱིས་སྲུང་གི་རེད། སྒྲིག་ལམ་དེ་རྟ་ལྕག་གིས་འཚོ་དགོས་པར་མདོ་རྒྱུད་བསྟན་བཅོས་གང་ནས་གསུངས་འདུག ཐ་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དོན་ཚན་ལྔ་པ་དེ་དང་ཡང་འགལ་བ་རེད།
བཀུར་བར་འོས་པའི་སྒོམ་སྡེ་ལྷ་རམས་པ་མཆོག་གིས་འཕྲལ་དུ་ལན་འདེབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ངས་དང་པོ་ཁྱེད་ཡིན་མིན་ཐེ་ཚོམ་གྱི་ངང་ནས་བྲིས་པ་ཡིན། ངའི་ཁྱེད་ཀྱི་སྐོར་ཤེས་པ་དེ་ངེད་གཉིས་ངོ་ཤེས་རྒྱུས་མངའ་གང་ཡང་མེད་ལ། ཞལ་མཇལ་གསུང་ཐོས་ཙམ་ཡང་མེད་མོད། ཁྱེད་ཀྱིས་བརྩམས་པའི་<>ཞེས་པ་དེ་ང་ལ་ཡོད་པ་མ་ཟད། སྐབས་སྐབས་སུ་ལྟ་ཀློག་བྱེད་བཞིན་ཡོད། དེར་བརྟེན་ཁྱེད་ལ་དོ་སྣང་བྱུང་བ་དང༌། ཁྱེད་ཀྱི་ལོ་རྒྱུས་ཀྱང་དེ་ནས་ཤེས་པ་ཡིན། ང་ནི་ཤོག་བུའི་ནང་གི་འབུ་ཞིག་ཡིན་སྟབས་ཤོག་བུའི་ནང་དུ་རྐང་རྗེས་ཡོད་ཚད་ལ་རྒྱུས་མངའ་ཅུང་ཙམ་ཡོད་མཁན་ཞིག་ཡིན། སྤྱིར་ང་ལ་མཚོན་ན་གདན་ས་དང་འབྲེལ་བ་སྤུ་ཙམ་ཡང་མེད་མོད། གདན་ས་ལ་རྒྱུས་མངའ་དང་གདན་ས་ལ་ཤ་ཞེན་ཆེན་པོ་ཡོད། དེ་ཡང་གདན་ས་གསུམ་ནི་ད་ལྟའི་ཆར་བོད་མི་རིགས་ཀྱི་སྲོག་རྩ་ལྟ་བུར་གྱུར་ཡོད་པས་ཡིན། དེ་བཞིན་ཁྱེད་ཀྱིས་གསུངས་པ་བཞིན་མི་མང་པོ་ཞིག་གི་ལོ་རྒྱུས་ཀྱང་ཤེས་ཀྱི་ཡོད། གང་ལྟར་ངས་བཤད་པ་དེ་གྲྭ་ཚང་གི་སྒྲིག་ཁྲིམས་དེ་ཚུལ་མིན་རྣམས་ལ་རྩུབ་པ་ལས། ཚུལ་མཐུན་རྣམས་ལ་དཀའ་ངལ་གང་ཡང་མི་འདུག་པ་ཤེས་ནས་བརྗོད་པ་ཡིན། ངས་གོང་དུ་བྲིས་པ་དེའི་ནང་དུ་ཚིག་ངན་རེ་ཟུང་ཡོད་པས་སེམས་གཏིང་ནས་དགོངས་སེལ་ཞུ་བཞིན་ཡོད། འོན་ཀྱང་སྤྱི་ཡོངས་ཀྱི་ལྟ་ཚུལ་དེ་ལ་མོས་མཐུན་རྩ་བ་ནས་མེད། རྒྱུ་མཚན་གོང་དུ་བཤད་ཟིན།
སྤོབས་པ་ཟེར་བར་ཡང་དགོངས་དག་ཅིག་ཞུ་དགོས་ཐུག་སོང༌། ཕལ་ཆེར་ཁོང་ཡང་གྲྭ་ལོག་ཅིག་ཡིན་ངེས་པ་རེད་འདུག གྲྭ་པ་ལོག་པའི་ལོ་རྒྱུས་བཤད་པ་ཙམ་གྱིས་འདྲོགས་འགོ་ལངས་སྟངས་ལ་བལྟས་ན་ཤེས་ཐུབ། ངས་གོང་དུ་བཤད་པ་དེ་གྲྭ་བ་ལོག་པ་སྡུག་ཅག་ཡིན་པ་རྒྱུ་མཚན་དུ་བྱས་ནས་བརྗོད་པ་མིན། གྲྭ་བ་ལོག་མཁན་ཞིག་ཡིན་ན་འདུལ་ཁྲིམས་མི་སྲུང་མཁན་ཡིན་པ་ཧ་ཅང་གསལ་པོ་རེད། གནས་དབྱུང་གཏོང་རྒྱུར་ཉེ་བ་ཞིག་ཡིན་ན་དེ་ཡང་དེ་དང་གཅིག་མཚུངས་རེད། དེར་བརྟེན་དེ་དང་དེ་ལྟ་བུ་དག་གི་གྲྭ་ཚང་གི་ཁྲིམས་སྒྲིག་ལ་ལྟ་སྟངས་དེ་ཡང་དག་པ་མ་རེད་ཅེས་ངའི་བསམ་ཚུལ་ངོ་མ་དེ་ཡིན། གདན་སའི་ནང་དུ་འདུལ་ཁྲིམས་བསྲུང་ཞིང་སློབ་གཉེར་རྡོ་རུས་ཐུག་པ་གནང་མཁན་ཚོར་ལྟ་ཚུལ་འདི་ཡོད་ན་སྐབས་དེ་དུས་བསམ་བློ་ངེས་པར་དུ་གཏོང་དགོས་པ་རེད་མ་གཏོགས། ཁྲིམས་མི་ཁུར་མཁན་རྣམས་ལ་ཁྲིམས་ཀྱིས་ཁྲིམས་ལ་ཁ་གཏོང་བ་འཇིག་རྟེན་གྱི་འགྲོ་སྟངས་ལྟ་བུ་རེད། གོང་དུའང་བརྗོད་པ་བཞིན་ངས་གང་ཟག་སྒེར་ལ་གཟས་ནས་བཤད་པ་དེ། བཤད་སྟངས་ཡང་དག་པ་ཞིག་ཡིན་མིན་ཇི་ལྟར་ཡང་གནས་ལུགས་ཡང་དག་པ་ཡིན་བསམ་གྱི་འདུག གནད་དོན་འདིའི་ཐད་རྒྱུས་མངའ་ཡོད་མཁན་ཚོས་ཁ་གསལ་ཙམ་གསུང་ན་ཕན་ཆེ་བར་མངོན།
དྲ་གྲོགས་གཞོན་ནུ་ལགས་ཀྱིས་སེམས་ཁུར་དང་བསླབ་བྱ་གནང་བར་ཐུགས་རྗེ་ཆེ། ཁྱོད་ཀྱིས་དགོན་པ་ལ་སྒྲིག་ལམ་དགོས་པར་བཤད་འདུག དེ་འུ་གཉིས་ཀྱི་འདོད་པ་གཅིག་རེད། དགོན་པ་ལ་སྒྲིག་མི་དགོས་ཟེར་ནི་ཞིག་ཡོད་ན་དེ་སྨྱོན་པ་ཞིག་ཡིན་རྒྱུ་རེད། ངས་གོང་གི་རྩོམ་འཆལ་དེ་རུ་ཡང་གྲྭ་བ་སྒྲིག་གིས་འཚོ་ཞེས་སྒྲིག་ལམ་དགོས་པར་བཤད་ཡོད་ལ། ཐ་ན་སྒྲིག་དེ་ཡང་འདུལ་བ་དང་མཐུན་པ། དུས་རབས་དང་མཐུན་པ། འཚེ་བ་མེད་པ་ཞིག་དགོས། དཔེར་ན། ཉེས་པ་ལ་དཔགས་ནས་ཤོག་བུ་མང་ཉུང་བཟུང་སྟེ་དཔེ་ཆ་བློ་འཛིན་བྱེད་དུ་འཇུག་པ། གུང་གསེང་ཉིན་དགེ་བསྐོས་ཀྱི་ར་བར་དཔེ་ཆ་སྐྱོར་ཏུ་འཇུག་པ། འདུལ་བ་དང་མཐུན་པར་གནས་བསྟན་བགྲེས་སོང་བ་དག་གི་ན་བཟའ་བཀྲུ་བ་དང་གནས་ཁང་གཙང་སྦྲ་བྱེད་དུ་འཇུག་པ་སོགས་དགེ་སློང་རྒན་པར་ཞབས་ཞུ་དང་། དགོན་པའི་ཁོར་ཡུག་ལ་གཙང་སྦྲ་བྱེད་དུ་འཇུག་པ་སོགས་བྱས་ན་ཡག་རབས་བཤད་ཡོད་པ་ལས་མི་དགོས་པ་ཞིག་བཤད་མེད། དེས་ན་ཁྱོད་ཀྱིས་ཀྱང་ཡག་པོ་ཞིག་བཀླགས་རྗེས་སྐད་ཆ་བཤད་ན་རིན་ཐང་ཡོད་པ་རེད། དེ་མིན་དུངས་ཞེན་ཙམ་གྱི་དབང་དུ་སོང་ནས་ང་ལ་ཉེས་པ་བཙན་འགེལ་བྱས་ན་ཁྱོད་ཀྱི་རང་མཚང་བསྟན་པ་ལས་ང་ལ་ཅི་ཡང་གནོད་ནི་མ་རེད། དེ་སེམས་ལ་འཛིན་རོགས།
ཡང་གཞོན་ནུ་ཟླ་མེད་ཁྱོད་ཀྱིས་ངའི་མཆན་ནང་གི་༼བླ་རྒན་ཀླད་ལྗང་ཚོའི་སྐད་ཆ་རྙིང་བ་༽ཅེས་པ་འདི་བླངས་ནས་༼འདི་འདྲའི་ཚིག་ངན་བྲིས་ནས་མི་རབས་རྒན་པ་རྣམས་ལ་རྒྱུག་པ་ལེབ་རྡུང་བྱེད་ཆོག་ལ།༽ཅེས་བཤད་འདུག འདི་རྒྱུག་པ་ལེབ་རྡུང་ཞིག་ལ་བདག་གིས་དུས་ནམ་ཡང་ངོས་འཛིན་ཐུབ་ཀི་མེད། གྲྭ་བ་ལོ་རྒན་པ་ཡིན་ན་བླ་རྒན་ཡིན་དགོས་ཟེར་ན་ཁྱོད་ནོར་ཚར་བ་རེད། སྤྱིར་བཏང་བླ་རྒན་ཟེར་བ་ནི་ཨུ་ཚུགས་དང་མཁྲེགས་བཟུང་ལ་བརྟེན་ནས་དགོན་པ་ལོང་ཁྲིད་བྱེད་མཁན་དང་མི་རབས་གསར་བའི་བསམ་བློ་འབུར་འཇོམས་བྱེད་མཁན་གྱི་གྲྭ་བ་བླུན་པོ་ཚོ་ལ་ངོས་འཛིན་བཞིན་ཡོད། དེའི་ཕྱིར་དགེ་བཤེས་ཡིན་ཚད་དང་། དགེ་བསྐོས་ཡིན་ཚད། མཁན་པོ་ཡིན་ཚད་བླ་རྒན་གཏན་ནས་མིན། བླ་རྒན་ཟེར་བ་ནི་གྲྭ་གཞོན་ནང་དུ་ཡོད་ལ། གྲྭ་བ་རྒན་པའི་ནང་དུའང་ཡོད། གང་ལྟར་བླ་རྒན་ཡིན་ན་བླུན་པོ་ཡིན་པའི་ཁྱབ་བ་འདི་ངས་མཐའ་གཅིག་ཏུ་ཁས་ལེན་བཞིན་ཡོད་པས། གོང་གི་སྐད་ཆ་དེ་རྒྱུག་པ་ལེབ་རྡུང་ཞིག་ལ་ངོས་འཛིན་ཐུབ་མེད།
འདིའི་སྐོར་ལ། ངས་ཁྱོད་ལ་ཆོས་ར་ནང་གི་རིགས་ལམ་ཀུ་རེ་ཅན་ཞིག་འདྲེན། འདི་ལས་ཁྱོད་ཀྱིས་བླ་རྒན་ལ་གོ་བ་ལེགས་པོ་ཞིག་ལོན་པའི་རེ་བ་ཡོད། ༼ དགུང་ལོ་བདུན་ཅུར་ཕེབས་པའི་དགེ་བཤེས་ཆེན་མོ་ཚང་ཆོས་ཅན། བླ་རྒན་མ་ཡིན་པར་ཐལ། དཔེ་ཆ་བ་ཡིན་པའི ཕྱིར ༽འདི་འདྲའི་ཁ་རྒྱུན་སྦྱོར་ངག་ཅིག་ཡོད་པ་རེད། དྲ་གྲོགས་ལགས། ཁྱོད་ཀྱིས་བལྟས་ན་དེ་འདྲ་ཨེ་རེད། ངས་འདི་འདྲའི་གོ་བ་ཞིག་བླངས་ནས་བླ་རྒན་ལ་སྡིགས་བཞིན་ཡོད།
མདོར་ན་ངའི་འདོད་པ་དང་བཤད་ཀྱིན་པའི་བླ་རྒན་ཟེར་བ་ནི ༼ ཨུ་ཚུགས་དང་མཁྲེགས་བཟུང་ལ་བརྟེན་ནས་དགོན་པ་ལོང་ཁྲིད་བྱེད་མཁན་དང་མི་རབས་གསར་བའི་བསམ་བློ་འབུར་འཇོམས་བྱེད་མཁན་གྱི་གྲྭ་བ་བླུན་པོ་ཚོ་ལ་ངོས་འཛིན་བཞིན་ཡོད། ༽དེ་མ་གཏོགས་སྙིང་རྗེ་དང་བྱང་སེམས་གྱིན་གཞན་དབང་དུ་སོང་བའི་གྲྭ་བ་དཔེ་ཆ་བ་རྒན་པ་ཚོ་གང་ནས་ངོས་འཛིན ཐ་ན་ཉམ་ཆུང་ངང་འདུལ་བ་ཚུལ་བཞིན་བརྩི་བའི་དཀོར་གཉེར་ཚོ་ལའང་ངོས་འཛིན་བཞིན་མེད། རང་ཉིད་ཀྱིས་ཅི་ཡང་མི་ཤེས་ནའང་ང་རྒྱལ་ཞིག་གིས་འབར་ལ་ཉེ་ཞིང་། སྡིགས་སྤྱོད་ཁྱིམ་པ་ལས་ཀྱང་འཇིགས་སུ་རུང་བ་ཚོ་ལ་ངོས་འཛིན་ཡོད།
སྒོམ་སྡེ་ལྷ་རམས་པས་བརྩམས་པའི་མདོ་སྔགས་ཀྱི་གཞུང་ཆེན་མོའི་ཚིག་མཛོད་རིས་མེད་མཁས་པའི་ཞལ་ལུང་ཞེས་པ་དེ་གོང་གི་བསམ་ཚུལ་དེའི་ནང་དུ་བྲིས་ཡོད་ཀྱང༌། དེབ་ཀྱི་མིང་རྟགས་དེས་ཅིག་བྱས་པ་འདྲ་ཆད་འདུག་པས་དགོངས་དག་ཞུ་རྒྱུ་ཡིན།
སྒོམ་སྡེ་ལྷ་རམས་པ་ཚང་ལགས། ངས་ཁྱེད་ཚང་ཤེས་ཀྱི་མི་འདུག ཕལ་ཆེར་ང་སེ་རར་སླེབས་དུས་ཁྱེད་ཚང་ཕེབས་ཚར་བ་འདྲ། གང་ལྟར་ཁྱོད་ཚང་གིས་ཆེས་ཐ་གྲུ་ཡངས་པའི་ཐུགས་དགོངས་ཆེན་པོ་ཞིག་བཞེས་ནས་མི་ཆུང་བདག་གི་བསམ་ཚུལ་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། ང་ཚོ་སུ་ཡིན་ནའང་དགོན་པར་ཤ་ལོས་ཚ། བསྟན་པ་ལ་ཞེ་ལོས་དཀར། ཡིན་ནའང་། བླ་རྒན་བླུན་པོ་ཁ་ཤས་ཀྱིས་དུས་ནམ་ཡིན་ནའང་། དགོན་པ་ལོང་ཁྲིད་བྱེད་ཀྱིན་པ་མིག་གིས་བལྟས་ནས་སེམས་ཀྱིས་བཟོད་པ་ཞིག་མ་རེད། སྟོན་མཚོག་ཤཱ་ཀྱ་ཐུབ་པ་དང་རྒྱལ་བ་བློ་བཟང་གྲགས་པ་ཟུང་གི་དགོངས་པ་གཏན་འགལ་ཏུ་གྱུར་ཅིང་དུས་རབས་ཀྱི་གད་སྙིགས་ཏུ་གྱུར་བའི་རྟ་ལྕག་གཞུ་བའི་ལམ་ལུགས་ལ་སྐྱོན་བཤད་རེ་བྱས་ནའང། དགོན་པའི་སྒྲིག་དང་འགལ་རབས་གླེང་མཁན་འདི་དག་ནི་ཅི་འདྲའི་ཅོལ་ཆུང་ཤ་སྟག་རེད་ཨང་། འདི་འདྲའི་དྲ་པ་འདི་ཚོ་ལའང་ངས་བླ་རྒན་ཞེས་འབོད་ན་འདོད་ཀི། ངས་ཞུ་ཡིག་འདི་སེ་ར་དགོན་པའི་དགེ་བཤེས་ཁ་ཤས་ལ་བསྟན་མོད་དེ་ག་རང་རེད་བདེན་པ་རེད་འདི་ངེས་པར་ཏུ་མཚམས་འཇོག་དགོས་ཀྱི་འདུག་ལས་འགྲིག་གི་མི་འདུག་གསུངས་མཁན་གཅིག་ལའང་མ་འཕྲད་མོད། དྲ་ཐོག་འདི་ནས་རྒད་པོ་ཁ་ཤས་དང་འཕྲད་པ་ལ་ང་སེམས་གཏིང་ནས་གད་མོ་ཐག་ཐག་ལངས་སོང་། ངོ་མ་མི་ནག་ནང་གི་མི་འདི་དག་སྙིང་རེ་རྗེ། ལྷག་པར་ཏུ་དགེ་བཤེས་ཤིག་གིས་འདི་ལྟར་གསུངས་སོང་། ༼སྔོན་ཆད་ང་རང་ཉིད་ཀྱིས་རྟ་ལྕག་གིས་ཁ་ཤས་བྲབ་མྱོང་། ད་ལྟའི་གནས་སྐབས་སུ་ནམ་རྒྱུན་སེམས་ལ་འགྱོད་པ་སྐྱེ་བ་དང་། མདོར་ན་མི་ཚེ་ནང་གི་འགྱོད་པ་ཆེ་ཤོས་དེ་དེ་ཡིན ༽ཞེས་ཧ་ཅང་གི་ཐུགས་སྐྱོ་མཛད་སོང་། ད་དུང་དགེ་བཤེས་ཤིག་གིས༼ ང་ལ་མཚོན་ནའང་ཚོགས་ནས་རྟ་ལྕག་གིས་མི་གཅིག་ལ་གཞུས་ན་དེ་ནས་བཟུང་དེའི་ཉིན་གྱི་ཁ་ལག་ལའང་བྲོ་བ་མི་འདུག ༽ ཅེས་གསུངས་སོང་། ད་དུང་གྲྭ་བ་ཞིག་གིས༼་ཚོགས་ནས་དགེ་སེམས་ཆེན་པོ་ཞིག་དང་། རང་ཉིད་ཀྱི་ཚོད་ཀྱིས་བསམ་བློ་ཆེན་པོ་ཞིག་བཏང་ནས་སྨོན་ལམ་རྒྱགས་དུས་མི་ཞིག་ལ་རྟ་ལྕག་་གིས་བྲབ་ན་དེ་ནས་བཟུང་འདོན་བཞིན་པ་དེ་ཡང་འདོན་འདོད་མི་འདུག་ལ། དགེ་རྩ་ཐམས་ཅད་དཀྲུགས་འགྲོ་གི ༽་ཅེས་གསུངས་སོང་།
སྤོབས་པ་ལགས། ཀུན་སློང་ལ་སྐྱོན་ཞུགས་ཤིང་མིག་དཀྱུས་ཚར་བའི་མི་དག་ལ་ལམ་སྟོན་འགྲོ་ནི་མ་རེད་ལ། བསླབ་བྱས་ཕན་ནི་མ་རེད། དེའི་ཕྱིར་་གཡུགས་ཞོག ང་ལ་ཅི་ཞིག་བཤད་ན་བཤད་ཆོག ཡིན་ནའང་། ང་དགའ་ལྡན་ནས་སྐྱིད་སྡུག་འཕུད་གྲབས་དང་དགོངས་པ་ཞུས་པ་བདེན་པ་ཡིན། ཡིན་ནའང་ངའི་སྐྱོན་ཆ་དང་ནག་ཉེས་ཆ་ཚང་ལྷོ་ཕྱོགས་ཕོ་ཉའི་སྟེང་གི་རྩོམ་ཡིག༼དགོན་པའི་སྒྲིག་ལམ་ལའང་དུས་རབས་དང་བསྟུན་ནས་འགྱུར་བ་ཅུང་བཏང་མི་ཆོག་གམ ༽ཞེས་པ་དེ་ཡིན། ད་དུང་སེ་རར་སླེབས་ནས་སློབ་གཉེར་རྡོ་རུས་ཐུག་པ་བྱེད་ཀྱིན་མི་འདུག་ཟེར་བ་དེ་ཡང་བདེན་པ་ཡིན། ཡིན་ནའང་། ད་ལྟ་བར་དུ་ཆོས་གྲོགས་རིགས་པ་སྨྲ་བ་སྟག་འདྲ་གཟིག་འདྲ་དག་དང་ལྷན་ཏུ་ལུང་རིགས་ཀྱི་ར་རྩེད་བྱས་ནས་འོངས་པ་ཞིག་ལས་ཤི་མིན་རོ་མིན་དུ་འོངས་པ་ཞིག་མིན་པ་སོང་ས་བསྡད་ས་ཀུན་ན་ཉི་མ་ཤར་ཤར་ཡིན་པས་འགྲེལ་་བཤད་ཅིག་ག་ལ་དགོས། སེ་ར་ནས་འཛིན་གྲྭའི་རྩོད་གཞུང་ལ་ཤ་ཐང་གིས་མ་འབད་པ་བདེན་པ་མ་ཟད། སྤྱིར་བཏང་ཁ་ཐུག་རྩོད་གཞུང་ལ་བལྟས་ནི་མིན། རྒྱུ་མཚན་ལོ་བདུན་གྱི་ཡར་སྔོན་ནས་ངས་བལྟས་ཚར་བ་ཤ་སྟག་ཡིན་པས་སོ། ཡིན་ནའང་། ཞོར་དུ་དབུ་མ་དང་སྔགས་ཀྱི་སྐོར་ཐན་ཐུན་རེ་ལ་དཔེ་ཁྲིད་ལ་ཉན་པ་དང་དང་ཟུར་བལྟས་བྱེད་པ། ད་དུང་ཚན་རིག་འཛིན་གྲྭ། ལྷག་པར་དུ་གཞོན་སྐྱེས་ཚོ་ལ་གངས་ཅན་པའི་བརྡ་སྤྲོད་རིག་པའི་གཞི་རྐང་ཞིག་ཆགས་སླད་ངལ་བ་བརྒྱ་ཕྲག་བརྒྱུད་པ་ཡིན། ང་ད་ལྟའི་བར་དུ་ལོ་བཅོ་ལྔའི་རིང་གདན་ས་ཆེན་མོ་དག་གི་ཆོས་གྲྭ་དང་སྒོ་ཐེམ་བརྒྱུད་པ་ཡིན་མོད། རྟ་ལྕག་ཐེངས་གཅིག་ལས་རེག་མ་མྱོང་། དེ་ཡང་ཚོགས་ལ་རྗེས་ཅུང་ཐེབས་པ་ལ་རྐྱེན་བྱས་ནས་རེག་པ་རེད། དེ་དུས་ང་ཚོ་མི་བདུན་ཅུ་དོན་གསུམ་ལ་རྟ་ལྕག་གིས་བྲབ་པ་རེད། དེ་མ་གཏོགས་རང་ངོས་ནས་དགོན་པའི་འགྲིག་ལམ་དཀར་ཡོལ་འཚོ་འཚོ་བྱེད་མཁན་ཞིག་ཡིན། ཡིན་ནའང་། དགེ་བསྐོས་ཝ་སེང་ཀླད་དམར་སོགས་སྔོན་གྱི་དགེ་བསྐོས་ཚོ་ལ་འདང་ཞིག་དང་། མི་རབས་ཕྱི་མ་དག་ལ་བསམ་བློ་ཞིག་བཏང་ནས་ངས་འདི་གསང་རྒྱུ་ཞིག་རེད་མི་འདོད་ལ། ལྷག་པར་ང་ལས་རྒན་ལ་འཛིན་གྲྭ་འདུལ་བར་སླེབས་ཤིང་ཀླད་པ་དམར་སེང་སེང་བྱེད་མཁན་ཚོ་རྟ་ལྕག་མགོ་ལ་བསྐོར་ནས་བྲབ་ན་ངས་བཟོད་ཀྱི་མི་འདུག དེའི་ཕྱིར། ལབ་ཞིག་བརྒྱབས་ན། ངས་མེ་ལྕེ་བཞིན་འབར་ལ་ཉེ་བའི་མི་རབས་གསར་བ་དང་། སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་འདི་ལྟར་ངུ་འབོད་རེར་མི་བྱེད་ཐུ་མེད་རེད།
བོན་རྒྱ་བ། ང་ལ་ཐུགས་རྗེ་ཆེ་ལབ་ཀྱི་མིན་པས།
ཧ་ཧ་ཡིན་དང་ཡིན། ཁྱོད་བྱ་རྒོད་རྒྱལ་བོའམ་བྱ་རྒྱལ་རྒོད་པོ་ཁྱོད་འདི་དང་ཐེངས་བཞི་ལ་ངའི་ནང་དུ་ཕེབས་ནས་བསམ་ཚུལ་གསུངས་པ་དང་། བདེན་པ་ལ་རྒྱབ་སྐྱོར་བྱས་པ་སེམས་ནས་བརྗེད་ཀི་མེད། ད་དུང་རིག་པའི་རྡོ་རྗེ་དང་། སྨྱུག་རྒོད་གངས་བུ་དཔལ། སྟག་སྨྱོན། དོན་འགྲུབ་བཀྲ་ཤིས་བཅས་ཀྱིས་མི་ཆུང་མིན་ལ་མ་བལྟས་པར་གནས་ལུགས་ལ་ཡར་ལེན་བྱས་པར་སྙིང་་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དགེ་འདུན་པ་ལ་རྟ་ལྕག་གིས་གཞུས་པ་འདི་རྩ་མེད་བྱེད་དགོས་སོ། ། སྲོལ་ངན་རེད།
བོན་རྒྱ་བསྟན་འཛིན་རབ་རྒྱས་ལགསུ།
འདི་ཁྱེད་རང་སྒེར་གྱི་གནས་དོན་ཞིག་མིན་པ་མི་རིགས་གཅིག་གི་གཤིས་ལུགས་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད། ཁྱོད་གྲ་རྐྱང་གཅིག་གིས་དགོངས་པ་དེ་འདྲ་བཞེས་པར་ང་བོད་མི་འཁྱམ་པོ་ཞིག་གིས་བཀྲིན་ཆེ་ཞུའོ།
ང་རང་དགོན་པའི་འདུལ་ཁྲིམས་ཀྱི་འོག་ཏུ་སྡོད་མྱོང་མེད་ཀྱང་། རྒྱ་མིའི་དགེ་རྒན་གྱི་ལག་ནས་སྨྱུག་ལྕག་རག་མྱུང་ལ། རྒྱ་དམར་གྱི་སློབ་གསོ་འོག་ནས་འཚར་ལོངས་བྱུང་བའི་བོད་པའི་དགེ་རྒན་ཚོའི་རྡོག་ཐོ་གཟེད་མྱོང་བ་མ་ཟད། སྲོལ་རྒྱུན་རིག་གནས་ཀྱི་ལྟེ་གནས་ལྟ་བུ་རྫོགས་ཆེན་༼ད་སྐབས་སློབ་གྲྭ་ཆེན་མོ་དེ་མེད་པར་བཟོས་ཟིན་པ་གྲག༽ནས་ཐོན་པའི་བོད་ཡིག་དགེ་རྒན་ཚོའི་ཀོ་བའི་རྟ་ལྕག་ཀྱང་མང་ཙམ་གཟེད་མྱོང་ཡོད།
ཉེས་པ་འདི་དག་གཏོང་པའི་ཀུན་སློང་དང་བརྩེ་བ་ལ་ངས་དོགས་འདྲི་ཅི་ཡང་མི་བྱ། འདིའི་འབྱུང་འབྲས་ལ་བསམ་བློ་གཏོང་དགོས་ངེས་རེད་འདུག
ཉེས་པ་གཏོང་མཁན་གྱི་ཆ་ནས་བཤད་ན་ཉེས་རྡུང་གཏོང་པ་ལ་བློ་རིག་སྤྱོད་མི་དགོས་པ་ལག་པ་འགུལ་སྤྱོད་གཏོང་སྟངས་ཙམ་ལས་ཤེས་དགོས་ཀྱི་མེད།
ཉེས་པ་གཟེད་མཁན་གྱི་ཆ་ནས་བསམས་ན་ལུས་ལ་རྡུང་འདེགས་བྱེད་པ་ནི་ཆེས་བློ་ཡུལ་ལ་ཤོངས་དཀའ་པའི་བྱ་སྤྱོད་ཅིག་རེད།
རྒྱ་གར་དུ་སློབ་གྲྭ་འགྲིམས་པའི་སྐབས་སུ་རང་ལུས་ལ་དགེ་རྒན་གྱིིས་རྡུང་འདེགས་གཅིག་ཀྱང་གཏོང་མ་མྱོང་ཟེར་ན་ཆོག ༼ཞོགས་པའི་ཞལ་འདོན་མ་འགྲོ་བ་ཉལ་ཆས་སྦུག་དུ་ཡུབ་པའི་སྐབས་ཅིག་ལ་རྒྱུག་པས་ཉལ་ཆས་དང་མཉམ་དུ་བསྣུར་བ་ནས་ན་ཟུག་ཆེ་ཙམ་བྱུང་། བསྣུར་པ་པོ་ནི་ཝ་ཎ་ནས་ཐོན་པའི་བོད་དགེ་ཞིག་རེད།༽
རྒྱ་གར་དུ་བོད་ཀྱི་སློབ་གྲྭ་རུ་ང་ལ་རྡུང་འདེགས་མ་རེག་པ་ནི་ངའི་སྤྱོད་ལམ་ལ་འགྱུར་མདོག་ཕྱིན་པ་མ་ཡིན་པ། སྒྲིག་གཞི་ལག་ལེན་བསྟར་ཕྱོགས་ལ་འགྱུར་བ་ཐེབས་ཟིན་པ་ཞིག་རེད།
ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་བཀའ་དཀོད་འོག་བོད་ཁྱིམ་སློབ་གྲྭའི་དགེ་རྒན་ཚོས་སློབ་མ་ལ་རྡུང་འདེགས་མི་ཆོག་པ་བཟོས་ཡོད།
དེ་ལྟ་བུའི་དགོངས་པའམ་ཁྲིམས་གཞི་ལའང་མཐུན་དང་མི་མཐུན་གྱི་གླེང་གཞི་ཡོད་པ་ཞིག་རེད། གླེང་གཞི་གང་ཡང་མེད་པའི་ལས་ཀ་ཞིག་བརྙེད་ཁག་པོ་རེད།
དེ་བས་ན་ལེགས་ཉེས་ཀྱི་ཡང་ལྕི་འདེགས་ནས་གོང་གི་ལྷ་རམས་པས་གསུངས་པ་ལྟར། དགག་བཞག་སྤོང་གསུམ་གྱི་ཐོག་ནས་བསམ་བློ་གཏོང་རྒྱུ་གལ་ཆེ།
ཁྲིམས་ལུགས་ལག་བསྟར་བྱེད་པར་དྲག་པོའི་རྡུང་འདེགས་བྱེད་པའི་གཞན་ཕྱོགས་ཀྱི་ལྟ་བ་བཀག་ནས་རང་ཕྱོགས་ཀྱི་འཐད་པའི་ལྟ་བ་བསྒྲུབ་རྒྱུ་དེ་སྐབས་འདིར་ཅུང་དཀའ་ལས་ཁག་པོ་ཡོད། གོང་དུ་བཤད་ཟིན་པར་ལྟར་རྡུང་འདེགས་བྱ་རྒྱུ་ནི་རྡུང་པ་པོ་ལ་ཆ་མཚོན་ན་བློ་རིག་སྒྲིམ་མི་དགོས་པར་ཤིན་ཏུ་ལས་སླ་པོ་རེད། ལག་ལེན་ངན་པ་དེ་བརྗེ་བོ་སློག་དགོས་པ་དེའི་ཚབ་ཏུ་ལག་ལེན་གསར་པ་ཞིག་ལས་སླ་བོ་ཐོག་ནས་ལག་བསྟར་མི་ཐུབ་པ་རེད།
གོང་གི་བོད་ཁྱིམ་གྱིས་རྡུང་འདེགས་བྱེད་པའི་སྲོལ་རྒྱུན་བོད་ཀྱི་ལག་ལེན་ངན་པ་དེ་ཚར་བཅད་ཟིན་ཀྱང་། དེའི་ཚབ་ཏུ་སྒྲིག་ཁྲིམས་ལག་ལེན་ལ་འཁྱོལ་པ་གཞན་ཞིག་གསར་གཏོད་བྱེད་པའང་གཞན་གྱིས་སྤྱོད་བཞིན་པ་ཞིག་དང་ལེན་བྱ་དགོས།
ནུབ་ཕྱོགས་པའི་སློབ་གསོ་ལག་ལེན་བསྟར་སྐབས། ནུབ་ཕྱོགས་པའི་སེམས་ཁམས་རིག་པ་ལ་གཞིགས་བཅོལ་ནས་བཟོས་པའི་མིའི་ལུས་སེམས་ཀྱི་འཚར་ལོངས་ཀྱི་གོ་རིམ་ལ་གཞིགས་ནས་སྒྲིག་གཞི་བཟོ་འི་ཡོད། ལག་བསྟར་བྱེད་པོ་དགེ་རྒན་ཚོའི་ཤེས་ཚད་ཀྱང་འཚར་ལོངས་ཀྱི་གོ་རིམ་ཤེས་པ་སོགས་ནུབ་ཕྱོགས་པའི་སེམས་ཁམས་རིག་པའམ་ནུབ་ཕྱོགས་པའི་སྤྱི་ཚོགས་ཀྱི་སེམས་ཁམས་ཀྱི་འགྲོས་ཤེས་དགོས།
ངས་བལྟས་ན་དེ་ལ་སྐྱོན་ཆ་ཞིག་ཡོད། རྒྱུ་མཚན་ནི་ནུབ་ཕྱོགས་པའི་སེམས་ཁམས་རིག་པའི་བསྡོམས་ཚིག་ལ་ཤར་ཕྱོགས་པའི་མཐའ་གཅིག་ཏུ་ཁས་ལེན་པའམ་དང་ལེན་བྱེད་ན་སྐྱོན་མང་པོ་ཡོང་གི་ཡོད། རྒྱུ་མཚན་ནི་སེམས་ཁམས་རིག་པ་ཞེས་པ་ནི་ཡོངས་ཁྱབ་ཀྱི་ཚན་རིག་གཅིག་མིན་པར་ངས་ཡིད་ཆེས་བྱེད་ཀྱིན་ཡོད།
ཤར་ནུབ་ཀྱི་རིག་གཞུང་ལ་ཁྱད་པ་ཡོད་ལ་རིག་གཞུང་ནང་དུ་ཤར་ནུབ་སོ་སོའི་བསམ་བློ་འཁྱེར་བཟོ་མི་འདྲ་བའང་ཡོད།
དེ་འདྲ་སོང་ཙང་ཁྱེད་རང་གིས་གསུངས་པ་ལྟར་དགེ་འདུན་པའི་འདུལ་ཁྲིམས་ཀྱི་གཞི་འཛིན་ས་འདུལ་བ་དང་དགེ་ལུགས་པ་ལ་ཆ་མཚོན་ན་རྗེ་ཙོང་ཁ་པའི་ལམ་རིམ་ལྟ་བུ་ལ་གཞི་བཅོལ་ནས་ཁྲིམས་འགལ་བྱེད་པོ་དང་ཁྲིམས་དོ་དམ་པ་གཉིས་ཀ་ལ་ཁྲིམས་གཞི་བཟོ་དགོས། ཁྲིམས་གཞི་ལག་བསྟར་བྱེད་མཁན་གྱིས་ཀྱང་ཚད་གཞི་ལྡན་པའི་ཁྲིམས་ཡིག་ཅིག་གི་འོག་ནས་སྒྲིག་ལམ་བཀོད་འདོམས་བྱ་དགོས་པ་ཡིན། མི་ཡིས་ཁྲིམས་གཏན་འབེབས་བྱེད་པ་དང་ཁྲིམས་ཀྱིས་མི་བསྡོམ་ན་མི་སུ་གང་གིས་ཀྱང་ཁྲིམས་གཞི་ལ་རྡོག་བརྫིས་གཏོང་ཐབས་མེད་པ་རེད།
ཉ་ཉུང་མཉམ་བསྲེ་མང་པོ་ཞིག་བྲིས་ཤོར་སོང་བས་དགོངས་དག
བསོད་ནམས་ཚེ་རིང་ལགས།
གང་ཉིད་ནས་ངེད་ཀྱི་༼མདོ་སྔགས་ཀྱི་གཞུང་ཆེན་མོའི་ཚིག་མཛོད་རིས་མེད་མཁས་པའི་ཞལ་ལུང༽གི་སྐོར་གླེང་བ་རྟེན་འབྲེལ་ལེགས་པོ་བྱུང་། ངེད་ནས་ལོ་མང་རིང་ཡི་གེ་རྙིང་པ་གཡུ་མཚོ་ནས་ཀུ་ཤའི་རྟགས་ཅན་གྱི་གློག་ཀླད་ཀྱི་ཡིག་གཟུགས་ཀེ་ལ་ཤའི་ཐོག་ཕབ་བཤུ་དང་ཞུས་དག་ཟུང་འབྲེལ་བགྱིས་ཏེ། དེ་རིང་རང་ལེགས་གྲུབ་བྱུང་སོང་། ཀེ་ལ་ཤའི་ཡིག་གཟུགས་ནི་ཧ་ཅང་མཛེས་སྡུག་དང་ལྡན་པ་ཞིག་ཡོད་པས། ཕྱག་དཔེ་ཀློག་མཁན་རྣམ་པར་སྤྲོ་སྣང་རབ་ཏུ་འཕེལ་བ་ཞིག་འོང་བར་འདུག མ་ཟད་ཀུ་ཤའི་Macགློག་ཀླད་ཐོག་ཡིན་ན་Powerful Search Machineཡོད་པས་འཚོལ་ཞིབ་ཡང་བྱེད་ཐུབ།
སྤར་ཐེངས་དང་པོ་བོད་གཞུང་ཤེས་རིག་སྤར་ཁང་ནས་ཕྱི་ལོ་༢༠༠༤ལོར་སྤར་འདེབས་ཞུས།
སྤར་ཐེངས་གཉིས་པར། ཤོག་གྲངས་ཆིག་སྟོང་ཆིག་བརྒྱ་ལྷག་༡༡༡༡ལྷག་ཙམ་ཡོད་ཅིང་། སྤར་འདེབས་དང་པོ་ལས་ཡི་གེ་ཇེ་དག་དང་ཚིག་ཇེ་ཕྱུག་ཏུ་བཏང་ཡོད་པས། ལོ་འདིའི་ལོ་མཇུག་གམ་ཡང་ན་རྗེས་ལོའི་ལོ་འགོར་དོ་བདག་ངོ་མ་རྒྱ་གར་དུ་ཕྱིན་ནས་གླེགས་བམ་གསུམ་དུ་ཆ་བགོས་བྱས་ཏེ་མགྱོགས་མྱུར་ཁྱེད་རྣམ་པའི་སྤྱན་ལམ་དུ་བསྟར་ཐུབ་པའི་རེ་བ་སྙིང་ན་བཅངས་ནས་ཡོད།
གཞན་ཡང་བོད་ཕྱི་ནང་ཀུན་ལ་ཕན་པའི་ཕྱིར། བོད་རྒྱ་ཚིག་མཛོད་ཆེན་མོ་ལྟར། ཕི་ཌཱི་ཨེཕ་PDFཐོག་གཟུགས་སྒྱུར་བྱས་ཏེ་རིན་མེད་དུ་ཕབ་བཤུ་བྱེད་ཆོག་པ་བཟོ་རྒྱུའི་ལྷག་བསམ་དང་འདུན་པའང་ཡོད།
དེའི་ཐོག་དགོངས་ཚུལ་ཡོད་ན་གསུང་རོགས།
ངེད་ནས་རང་མི་རིགས་དང་རང་རེའི་རིག་གཞུང་རྩ་ཆེན་འདིའི་ཞབས་འདེབས་སུ་མི་ལོ་བཅུ་གསུམ་ལ་ཉེ་བ་ཞིག་ཚིག་མཛོད་འདིའི་ཐོག་ངལ་བ་བྱེད་ཁུལ་ལགས།
སྤར་ཐེངས་དང་པོར་ལག་ནོར་དང་ནོར་བ་ཡིན་ངེས་མང་དག་ཅིག་ནོར་བཅོས་ཟིན་རུང་། མི་གཅིག་གིས་ཞུས་དག་ཐོན་པར་ཤིན་ཏུ་དཀའ་བས། དཔྱོད་ལྡན་རྣམ་པས་ངེས་པར་དག་བཅོས་དང་བློ་སྐྱེད་ཡོང་བའི་རེ་འདུན་ཞུ་རྒྱུ་ཡིན།
བོད་རྒྱ་ཚིག་མཛོད་ཆེན་མོ་ལྟ་བུ་མཁས་པ་བཅུ་ཕྲག་བརྒལ་བས་མཉམ་རུབ་ཀྱིས་རྩོམ་སྒྲིག་གནང་བ་ཞིག་ཡིན་མོད། ད་དུང་ནོར་བ་དང་དོགས་གཞི་ཅན་ད་བར་ཁྱོན་བསྡོམས་༥༧མཐོང་བྱུང་ལགས། རྗེས་སོར་རིམ་པས་དེ་སྐོར་ཁ་བརྡའི་དྲ་ཐོག་བགྲོ་གླེང་བྱ་རྒྱུ་ཡིན།
ངེད་ནས་གདན་སའི་སློབ་གཉེར་རྣམས་ལ་ལྷག་བསམ་རྣམ་དག་གི་ཐོག་ནས་དུས་ནམ་ཡང་རྒྱབ་སྐྱོར་ཞུས་དང་ཞུ་མུས་ཡིན། དེའི་སྐོར་རྗེས་སོར་གཤམ་དུ་འགོད་འཆར།
ཆུང་ཆུང་ཞིག་ཞུ་རྒྱུ་ལུས་འདུག
སྤར་ཐེངས་དང་པོར་ཤོག་གྲངས་བདུན་བརྒྱ་༧༠༠ལྷག་ཙམ་ལས་མེད།
གཉིས་པར་༡༡༡༡ཡོད།
སྒོམ་སྡེ་ལྷ་རམས་པ་ལགས་ཀྱིས་ཚིག་མཛོད་སྒྲིག་པའི་ཕྱག་ལས་རླབས་ཆེན་འདི་འདྲ་ཞིག་གནང་བར་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ངས་ཀྱང་གཞུང་ཆེན་མོའི་ཚིག་མཛོད་ཟེར་བ་དེ་ཐེང་གཅིག་མཐོང་བྱུང་། ཚིག་མཛོད་དེ་མི་གཅིག་ལག་གཅིག་གིས་བསྒྲིགས་པ་རེད་ཟེར་ན་ཡིད་མི་ཆེས་པ་ལྟ་བུའི་སྤུས་དག་ཅིག་གྲུབ་འདུག ད་འདོན་ཐེང་གཉིས་པ་དེ་དེ་ལས་ཀྱང་སྤུས་དག་ཅིག་བྱུང་བ་ཧ་ཅང་གི་ཡག་པོ་རེད། ལྷག་པར་ཡང་རིན་མེད་དུ་གློག་ྐླད་ལས་ཕབ་ལེན་བྱེད་ཆོག་པ་སོགས་བྱུང་ན་བཀའ་དྲིན་ཧ་ཅང་ཆེ། ཞུས་དག་གི་ཕྱོགས་ནས་ང་ཚོ་ཡང་སྐྱོན་ལ་ལྟ་བའི་བློ་མིག་གཞན་ལས་རྣོ་སྟབས་གང་དྲག་གིས་བསམ་འཆར་འབུལ་ཐུབ་ཀྱི་རེད་བསམ།
བོད་རྒྱ་ཚིག་མཛོད་ལ་མ་དག་པ་ཡོད་སྐོར་ལ་ཚིག་མཛོད་རྩོམ་སྒྲིག་པའི་གྲས་སུ་ཡོད་པ་གཟན་དཀར་སྤྲུལ་སྐུ་ཐུབ་བསྟན་ཉི་མ་ལགས་རང་ཉིད་ཀྱིས་ཀྱང་གསུངས་འདུག དེ་བཞིན་དུང་དཀར་ཚིག་མཛོད་ལྟ་བུ་ཡིན་ན་ཆེད་དུ་ཞུས་ཆེན་པ་དང་རྩོམ་སྒྲིག་ལས་ཁུངས་བཙུགས་ནས་ཞིབ་སྒྲིག་བྱས་འདུག་མོད་དེའི་ནང་དུ་ལོ་ཚིགས་ནོར་བ་དང་མི་སྣ་ཅིག་གི་ལོ་རྒྱུས་ཐེང་གཉིས་སུ་བཏང་བ་སོགས་ནོར་བ་མི་ཉུང་བ་ཞིག་མཐོང་རྒྱུ་འདུག
སྤྱིར་བཏང་གི་བསམ་ཚུལ་ལྟ་བུ་ཞུས་ན་རང་རེའི་གཞུང་ཆེན་མོ་ཁག་རེ་རེ་བཞིན་དུ་ཐུན་མོང་མ་ཡིན་པའི་ཆོས་སྐད་དེ་ཚོ་འགྲེལ་བའི་ཚིག་མཛོད་རེ་རེ་ཡོད་ན་ཅི་མ་རུང་སྙམ་པ་ཞིག་འདུག དཔེར་ན། མངོན་པ་མཛོད་ཀྱི་ཐོབ་པ་ཞེས་པ་དེ་དེ་ག་ཙམ་ཀྱི་སྐད་ཡིག་གི་ཤེས་ཚད་ག་འདྲ་ལེགས་པོ་ཞིག་ཡོད་ཀྱང་དམིགས་བསལ་གྱི་གོ་དོན་ཐད་ཀྱི་འགྲེལ་བཤད་བྱེད་མཁན་མ་རྙེད་ན་ཤེས་མི་ཐུབ་པ་ལྟ་བུ་རེད།
ཁ་ཅིག་༼ད་ལྟ་བར་དུ་ཆོས་གྲོགས་རིགས་པ་སྨྲ་བ་སྟག་འདྲ་གཟིག་འདྲ་དག་དང་ལྷན་ཏུ་ལུང་རིགས་ཀྱི་ར་རྩེད་བྱས་ནས་འོངས་པ་ཞིག་ལས་ཤི་མིན་རོ་མིན་དུ་འོངས་པ་ཞིག་མིན་པ་སོང་ས་བསྡད་ས་ཀུན་ན་ཉི་མ་ཤར་ཤར་ཡིན་༽པ་དེས་ན་རེ། ༼ དགུང་ལོ་བདུན་ཅུར་ཕེབས་པའི་དགེ་བཤེས་ཆེན་མོ་ཚང་ཆོས་ཅན། བླ་རྒན་མ་ཡིན་པར་ཐལ། དཔེ་ཆ་བ་ཡིན་པའི ཕྱིར ༽འདི་འདྲའི་ཁ་རྒྱུན་སྦྱོར་ངག་ཅིག་ཡོད་པ་རེད།༽ ཟེར་ན། ངག་དེ་ཆོས་ཅན་སྦྱོར་ངག་མ་ཡིན་པར་ཐལ། ཐལ་ངག་ཡིན་པའི་ཕྱིར། དེར་ཐལ་རྟགས་གསལ་རྩོད་གཞི་གསུམ་དང་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར།
ཡང་དེ་ཆོས་ཅན། སྦྱོར་བ་མ་ཡིན་པར་ཐལ། ཐལ་འགྱུར་ཡིན་པའི་ཕྱིར། དཔེར་ན་སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཅེས་བའི་ཐལ་འགྱུར་བཞིན། ཡང་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཅེས་པའི་སྦྱོར་བ་ཆོས་ཅན། ཐལ་འགྱུར་ཡིན་པར་ཐལ། ཐལ་ངག་དང་སྦྱོར་ངག་ལ་ཁྱད་པར་མེད་པའི་ཕྱིར། འདོད་མི་ནུས་ཏེ། རེ་གོང་བ་རིགས་པ་སྨྲ་བའི་ཁྱུ་མཆོག་ཐུགས་སྲས་ངག་དབང་བཀྲ་ཤིས་ནས། ཁ་ཅིག་ན་རེ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར་ཅེས་པའི་སྦྱོར་བ་འདི་ཐལ་འགྱུར་ཡིན་པར་ཐལ། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་ཐལ་འགྱུར་ཡིན་པའི་ཕྱིར་ཟེར་ན། མ་ཁྱབ་ཞེས་གསུངས་པའི་ཕྱིར། ཉི་མ་ཤར་ཤར་དེ་མུན་ནག་ཐིབས་སེ་བུད་སོང་ཐལ།
ཡང་༰ གོང་ས་མཆོག་ཆོས་ཅན། བླ་རྒན་མ་ཡིན་པར་ཐལ། ཁྱོད་ཀྱིས་བཤད་པའི་བླ་རྒན་གི་དོན་མ་ཚང་པའི་ཕྱིར། དེར་ཐལ་ཁྱོད་རང་གིས་བླ་རྒན་གྱི་དོན་ལ༼གང་ལྟར་བླ་རྒན་ཡིན་ན་བླུན་པོ་ཡིན་པའི་ཁྱབ་བ་འདི་ངས་མཐའ་གཅིག་ཏུ་ཁས་ལེན་བཞིན་ཡོད་པས།༽ ཞེས་ཟེར་བའི་ཕྱིར། འདོད་མི་ནུས་ཏེ། ཁོང་གི་བཀའ་སློབ་ལས་ཡང་ཡང་༼བླ་རྒན་ང་༽ཅེས་ཡང་ཡང་གསུངས་པའི་ཕྱིར།
ཡང་༼འདུལ་བ་དང་མཐུན་པར་གནས་བསྟན་བགྲེས་སོང་བ་དག་གི་ན་བཟའ་བཀྲུ་བ་དང་གནས་ཁང་གཙང་སྦྲ་བྱེད་དུ་འཇུག་པ་སོགས་དགེ་སློང་རྒན་པར་ཞབས་ཞུ་དང་། དགོན་པའི་ཁོར་ཡུག་ལ་གཙང་སྦྲ་བྱེད་དུ་འཇུག་པ་སོགས་བྱས་ན་ཡག་རབས་བཤད་ཡོད་པ་༽ཟེར་བ་འདི་ཆོས་ཅན། བྲན་གཡོག་ལམ་ལུགས་རོ་ལངས་རྒྱག་རྩིས་ཡིན་པར་ཐལ། བྲན་གཡོག་གི་ལས་དེ་འདྲ་ལ་མི་ཟེར་ན་གང་ལ་ཟེར་ངོས་འཛིན་མེད་པའི་ཕྱིར།། །།
ད་མུ་མཐུད་ནས་རྩོད་པ་མི་རྒྱག དེ་ལས་གཉིད་ན་ཡག་ས་རེད་འདུག་གོ། །།
དྲ་གྲོགས་དམ་པ་མེ་སྒྱོགས་རྒྱ་མཚོ་ལགས་ནས་བདེན་པ་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། དེང་སང་བླུན་པོ་ཁ་ཤས་ཀྱིས་དགེ་འདུན་པ་ལ་རྟ་ལྕག་གིས་གྲུབ་དགོས་རབས་བཤད་ཀྱིན་ཡོད་པ་རེད། མ་བྲབ་རོགས་ཞེས་ཞུ་བ་ཞིག་བྱས་ནའང་སྡིགས་དམོད་གཏོང་གིན་ཡོད་པ་རེད། སྐབས་འདི་འདྲ་ཞིག་ལ་ཁྱོད་ཀྱིས་ང་དང་ང་ལྟ་བུའི་གྲྭ་རྐྱང་གཉོམ་ཆུང་བ་ཚོའི་རྒྱབ་རྩ་ནས་སྐད་ཆ་འདི་འདྲ་ཞིག་བཤད་པ་ནི་ང་ཚོ་ལ་མཚོན་ན་རྟ་རྒོད་པོ་ཞིག་གི་འདང་ཡོད་ལ། གསེར་རྡོག་རྡོག་ཅིག་གི་རིན་ཡོད། ཐུགས་རྗེ་ཆེ། མུ་མཐུད་ནས་བདེན་པ་ལ་རྒྱབ་སྐྱོར་གྱི་སྐད་ཆ་རེ་བཤད་ཐུབ་ན་རིན་ཐང་ཆེན་པོ་འདུག
ལྷ་རམས་པ་ལགས་ཀྱི་ཚིག་མཛོད་དེ་མགྱོགས་པར་མཇལ་ཐུབ་པའི་རེ་བ་དང་བདེ་ལེགས་ངང་འགྲུབ་པའི་སྨོན་ལམ་ཞུ་རྒྱུ་ཡིན།
གཞོན་ནུ་ཟླ་མེད་ཟེར་བའི་ཨ་ཁུ་ཁྱོད་སྙིང་རྗེ། ངས་ཁྱོད་ཀྱིས་གོང་དུ་བཀོད་པའི་སྦྱོར་ངག་དེ་༼ ངག་དེ་ཆོས་ཅན་སྦྱོར་ངག་མ་ཡིན་པར་ཐལ། ཐལ་ངག་ཡིན་པའི་ཕྱིར། ༽ལ་འགལ་ཁྱབ་ཀྱི་ལན་འདེབས་རྒྱུ་ཡིན། བསེ་ངག་དབང་བཀྲ་ཤིས་ཀྱིས་གསུང་ཡིན་ན་ངས་ཁས་ལེན་པའི་ཁྱབ་བ་ཁྱོད་ཀྱིས་ཅི་ལྟར་སྒྲུབ་རྒྱུ་ཡིན། ཕ་ཡུལ་གཅིག་པ་ཡིན་པའི་ཕྱིར་ཟེར་རྒྱུ་ཡིན་ནམ། ཧཧ་ཧཧ་་་
ཡང་བསེ་ངག་དབང་བཀྲ་ཤིས་ཀྱིས་སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འགོད་པ་སྐབས་སུ་བབ་པའི་ཕྱི་རྒོལ་ཡང་དག་གིས་དེ་སྒྲུབ་ཀྱི་ཚུལ་གསུམ་མ་རྟོགས་པར་ཁས་ལེན་ནི་རེད། ངས་དེས་རྟོགས་པར་ཁས་ལེན་ནི་རེད། དེ་ཙམ་ཡང་ཁྱོད་ཀྱིས་ཤེས་མེད་པ་འདྲ།
ད་དུང་ལོ་ཤས་ལ་བསྡུས་ར་སྦྱོངས་ལོ།
རྒྱལ་བ་རིན་པོ་ཆེས༼བླ་རྒན་ང་༽ཟེར་བ་ནི་ཁེངས་སྐྱུང་གི་ཚིག་རེད། བླུན་རྒན་དེ་ཙམ་ཡང་ཤེས་ཀྱི་མེད་དམ། མཁས་པ་ཁ་ཤས་ཀྱིས་བླུན་རྨོངས་པ་ག་གེ་མོས་ཞེས་བྲེས་ཡོད་པ་མཐོང་ཨེ་མྱོང་། དེ་འདྲ་རེད། ད་དུང་དགེ་བཤེས་ཁ་ཤས་ཀྱིས་བླ་རྒན་ག་གེ་མོས་ཞེས་འབྲི་གི་རེད་དེ་དག་ཁེངས་སྐྱུང་གི་ཚིག་རེད། བླུན་པོ་ཁྱོད་འདྲ་ཞིག་གིས་ངའི་རྩོད་ཡ་ཉན་ནི་མ་རེད། དེ་ལས་གཉིད་ལ་སྡོད་ལོ།
སྤོབས་པ་ལགས།
བསྔགས་བརྗོད་གནང་བར་ཐུགས་རྗེ་ཆེ།
ངེད་ནས་ཚིག་མཛོད་གྲུབ་མཚམས་སུ་གོང་ཞུས་ལྟར་ངེས་པར་དྲ་རྒྱའི་ཐོག་ནས་རིན་མེད་དུ་ཕབ་ལེན་གནང་ཆོག་པ་བཟོ་རྒྱུ་ཡིན།
སྤོབས་པ་ལགས་ཀྱིས་གཙོས་པའི་རྣམ་རིག་བཀྲ་བའི་གཞོན་སྐྱེས་རྣམ་པས་བསྟན་པའི་དག་ཐེར་དུ་བསམ་ནས་ངེད་ཀྱི་ཚིག་མཛོད་ལ་ཞུས་དག་དང་ནོར་འཁྲུལ་ཐེར་འདོན་ཅིས་ཀྱང་གནང་རོགས་ཞེས་རེ་སྐུལ་ཞུ།
དོ་ནུབ་སླར་ཡང་རྩ་བའི་བརྗོད་གཞིའི་ཐོག་བགྲོ་གླེང་མུ་མཐུད་དེ་ཞུ་རྒྱུ་ཡིན།
ལྷག་བསམ་མཚུངས་མེད་བོན་རྒྱ་ལགས།
ཁྱེད་ཀྱི་དུང་ལྟར་དཀར་བའི་ལྷག་བསམ་དང་། མེ་ལྟར་འབར་བའི་རྣམ་དཔྱོད་ལ་རྗེས་སུ་ཡི་རང་དང་གུས་འདུད་ཞུ།
ང་ཚོས་འདོད་ཀྱང་མ་འདོད་ཀྱང་དུས་རབས་ཀྱིས་དེད་ནས་དེ་རིང་གི་དུས་ཚོད་འདིར་སླེབས་ཡོད་པ་ཤེས་དགོས། དེས་ན་དུས་དང་འཚམས་པའི་འགྱུར་བ་ཡུལ་དུས་དང་བསྟུན་ཏེ་གཏོང་དགོས་པ་ཡང་བཟུར་དུ་མེད་པའི་དུས་རབས་ཀྱིས་བཀོད་སྒྲིག་བྱས་པའི་བྱ་བཞག་ཅིག་རེད། དེ་སྔོན་དགོན་སྡེ་ཁག་ཏུ་དགེ་འདུན་པ་སོགས་ཉེས་ཅན་པ་ཚོར་ཉེས་ཆད་རྟ་ལྕག་གཞུ་སྲོལ་ཡོད་པ་དེ་དུས་འོས་འཚམས་ཞིག་ཡིན་སྲིད་མོད། དུས་ཚོད་དེ་ད་ཡོལ་ཚར་བ་རེད། འདི་དུས་རབས་ཉེར་གཅིག་པ་རེད། དེ་ཙམ་ལས་མེད།
དྲ་གྲོགས་རིག་མཆོག་ལགས་ཀྱིས་བསྔགས་བརྗོད་ཚད་མེད་དང་བདེན་པ་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། དུས་རབས་དང་བསྟུན་ནས་འགྱུར་བ་འགྲོ་དགོས་པ་དེ་ཆོས་ཉིད་རེད། དེ་ལྟར་འགྲོ་མ་ཐུབ་ན་རྗེས་ལུས་རེད། དེའི་ཕྱིར་ང་ཚོས་ཀྱང་འགྱུར་བ་དང་དུས་རབས་ཁས་ལེན་དགོས་ཀྱི་འདུག ཐུགས་རྗེ་ཆེ།
སྟག་སྨྱོན་ཟེར་བ་ནི་སྟག་སྨྱོན་རང་རེད། ཁོ་རང་གིས་སྐྱག་ལབ་བརྒྱབ་པར་ཁ་ཡ་བྱས་ནས་ཕན་ཐོགས་གང་ཡང་མེད་མོད། “ངས་རྒྱལ་བ་པཎ་ཆེན་གཉིས་ཕུད་དེ་མིན་བོད་ཀྱི་བླ་མའི་མིང་ཐོག་ཚད་ལ་དད་པ་དང་བསྟོད་པ་བྱེད་ཀྱི་མེད་ལ་ཁ་བརྡུང་དང་འཚང་འབྲུ་བྱེད་ཀྱི་ཡོད” ཅེས་བཤད་འདུག ཚིག་དོན་དེ་ལ་བསམ་བློ་བཏང་བའི་ཚེ་བོད་པའི་བླ་མ་སྤྲུལ་སྐུ་ཡོངས་རྫོགས་ལ་དད་པ་མེད་ན། རྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་གཉིས་ལ་དམིགས་བསལ་དད་པ་ཡོད་ཟེར་བ་འདི་སྤྱི་ཚོགས་ཀྱི་ཁ་གཅོད་ཐབས་ཙམ་གྱི་ཆེད་དུ་དམིགས་པ་ཞིག་ཡིན་སྲིད་པ་ལས། དོན་དངོས་བླ་མ་གཞན་སུ་གཅིག་ལ་དད་པ་མེད་ས་ནས་རྒྱལ་པཎ་གཉིས་ལ་དམིགས་བསལ་དད་པ་ཡོད་པའི་རྒྱུ་མཚན་ག་རེ་བགྲང་རྒྱུ་ཡོད། ཆོས་ཕྱོགས་ནས་བཤད་ན་ཁག་སེ་བ་ཡིན་རྒྱུ་རེད་བསམ་གི་འདུག སྲིད་ཕྱོགས་ནས་བཤད་ན་དགའ་ཞེན་ཡོད་པ་ཙམ་བདེན་དུ་ཆུག་ཀྱང༌། དེ་ལ་དད་པ་ཟེར་དགོས་མིན་ཡང་ཐེ་ཚོམ་རེད། ཡང་ན་༸གོང་ས་བཅུ་བཞི་པ་དང༌། པཎ་ཆེན་བཅུ་པ་ཆེན་པོ་མཆོག་གཉིས་ཀྱི་འཁྲུངས་ཡུལ་ལ་བལྟས་ནས་དད་པ་སྐྱེ་བ་ཡིན་ནམ། བཤད་ཤེས་མ་སོང༌། གང་ལྟར་བཤད་སྟངས་དེ་ནམ་རྒྱུན་སྟག་སྨྱོན་གྱི་སྐད་ཆ་བཞིན་ཡིན་ཆེས་ཐུབ་པ་ཞིག་རེད་མི་འདུག
དགོན་པ་ཁག་ཏུ་གྲྭ་བའི་གྲངས་ཀ་མང་དྲགས་པ་དང་སྤུས་ཚད་དམའ་དྲགས་པར་ཚོར། དེ་ནི་དགོན་པའི་ནང་འདུག་འདོད་མེད་པའི་གྲྭ་བ་རྒོད་པོ་ཚང་མ་རང་དབང་མེད་པར་ལྟ་ལྕག་གིས་འབྲབ་བཞིན་དགོན་པའི་ནང་བཙན་འགོག་བྱེད་ཀྱིན་པའི་ཉེས་པ་ལས་བྱུང་བ་མིན་འགྲོ་སྙམ། དགོན་པ་ཁག་ཏུ་གྲངས་འབོར་གལ་ཆེར་མ་བཟུང་བར་སྤུས་ཚད་གཙོར་འཛིན་གྱིས། དགོན་པའི་ནང་ལྟ་ལྕག་གིས་འབྲབ་མི་དགོས་པའི་གྲྭ་བ་སྤུས་དག་ཉུང་ཉུང་ཞིག་ལས་མེད་ཀྱང་ཆོག་སྙམ། བོད་ཀྱི་མི་འབོར་ཉུང་ཉུང་དྲགས་པའི་ཕམ་ཁ་ཡོད་པ་དང་། དགོན་པ་ཁག་ཏུ་གྲྭ་བའི་གྲངས་འབོར་མང་དྲགས་པའི་དཀའ་ངལ་འདི་གཉིས་ཀྱི་སེལ་ཐབས་གཅིག་གི་འཐུས་པར་སེམ་མོ།།
དགེ་བསྐོས་ཚོས་སྤྱོད་བཞིན་པའི་རྟ་ལྕག་གི་པར་ཞིག་དྲ་ཐོག་ལ་གཏོང་ཐུབ་ན་ཡག་པོ་ཕན་ས་རེད། བོན་རྒྱ་ནས་དེ་འདྲའི་པར་ཞིག་དྲ་ངོས་སུ་གཏོང་ཐུབ་པའི་རེ་བ་ཞུ།
དྲ་གྲོགས་བསམ་གཏན་ལགས་ཀྱིས་གསུངས་པར་རྒྱབ་སྐོར་ཡོད།
སྟག་སྨྱོན་ཟེར་བ་འདི་ངོ་མ་གློ་ཐུབ་ས་མ་རེད། ཁོས་ང་ཚོའི་ཨེ་ཡོད་ནང་གི་དེ་ཡོད། སྒོང་ངའི་ནང་གི་སེར་ཐིག བཀའ་ཁྲི་ཟམ་གདོང་ཚང་དང་། གཞུང་ཞབས་སྐུ་ངོ་རྣམ་པ། ད་དུང་སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག འདུལ་འཛིན་རྒྱ་མཚོའི་གཙུག་རྒྱན་སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་སོགས་ལ་སྒྲོ་སྐུར་མང་དུ་སྨས་འདུག་པར་བལྟས་ན། བཏང་སྙོམས་སུ་བཞག་ན་ཆོག་པའི་མི་ཞིག་ཡིན་མིན་བརྟག་དཔྱད་ངེས་ཅན་ཞིག་བྱེད་དགོས་སྙམ། ཐད་ཀར་བལྟས་ན་རྒྱ་གཞུང་གིས་ཀྱང་ང་ཚོའི་འབྲེལ་ཡོད་མི་སྣ་དང་བླ་རྒན་ཚོར་དེ་ལས་ལྷག་པའི་སྐྱོན་བརྗོད་བྱེད་ཀྱིན་མེད། མཐའ་གཅིག་ཏུ་དོལ་ཚོགས་དང་རྒྱ་གཞུང་ལ་འབྲེལ་བ་འདུག་ཞེས་ཤོད་མི་ཐུབ་མོད། བསམ་གཏན་ལགས་ཀྱིས་གསུངས་པ་ལྟར། དྲ་གྲོགས་ཡོངས་ཀྱིས་ཁོས་བཤད་སྟངས་ལ་ཉམས་འཇོག་གནང་ན་ཤིན་ཏུ་ལེགས་སྙམ།
སྐྱག་ཕྲུག་ཁྱེདཆོ༹ས་གོང་གི་རྕོ༹མ་ཡིག་འདི་དང་འབྲེལ་བ་མེད་པའི་ཉོག་གཏམ་ཅི་ཞིག་གླེང་གི་ཡོད།
སྔོན་ཁ་བརྡ་དང་དྲ་ཆི༹གས་གཞན་སོགས་ལ་མྱུལ་རྒྱུ་ཧ་ཅང་སྤྲོ་ནའང་ཁྱེད་ཆོ༹་རེ་ཟུང་བསླེབ་རྗེས་ཁ་བརྡ་དང་དྲ་ཆི༹གས་གཞན་སོགས་ཀྱི་ངོ་བོ་བསྒྱུར་བཞིན་པ་འདི་མཐོང་ན་དྲ་ཆི༹གས་འདིའི་ནང་དུ་འཇུ༹ལ་འདོད་ཀྱི་འདུན་པ་ཆེ་ཆུང་དང་
ཁྱེད་ཆོ༹འི་དོན་མེད་ཀྱི་ཉོག་གཏམ་དག་ལ་སུད་སྣང་ཇེ་ཆེར་རེད།
གཞན་ཁྱེད་ཆོ༹་ལ་གཞན་སྐྱོན་ཁོ་ན་གླེང་སའི་དྲ་ཆི༹གས་ཞིག་དགོས་ཀྱི་འདུག་ན་ངས་གང་མགྱོགས་ཀྱིས་བཟོ་ངེས་ཡིན།
བསམ་གཏན་ལགས་ཀྱིས་དཀའ་ལས་རྒྱབ་སྟེ་། སྟག་སྨྱོན་ཟེར་བ་འདི་མི་ཆེན་གནམ་མཁའི་སྐར་ཆེན་འདྲ་ཞིག་གི་གཏིང་འདུག་ །
སྟག་སྨྱོན་དང་བསམ་གཏན་གཉིས་ཀྱིས་དྲ་ངོས་ཀྱི་རྩོམ་ཡིག་གི་གཤམ་མཆན་ཚང་མ་སྦག་བཞིན་པས་དྲ་བདག་ནས་ཁྲིམས་ཐག་བཅད་ན་དགའ་བསུ་ཡོད།
སྟག་སྨྱོན་ཟེར་བ་འདི་མི་ཡག་པོ་ཞིག་མ་རེད། དྲ་ཁང་སྒོ་ཕྱེ་ཤེས་པ་ནས་བཟུང་སྟག་སྨྱོན་ཀྱི་ཁ་ན་ལེགས་བཤད་གསར་བ་ཞིག་ཡོད་པ་མཐོང་མ་མྱོང་ལ། དེ་ལས་ལྡོག་སྟེ་ཁོས་བྲིས་ཟད་གཞུང་སྒེར་གཉིས་ལ་ཟུར་ཟ་དང་སྐྱོན་བརྗོད་དམའ་འབེབ་མཚངས་འབྲུ་དཀྲུགས་ཤིང་ཤ་སྟག་རེད། ད་དུང་སྐྱོན་ཆེ་ཤོས་ཤིག་ལ་ཁོས་པད་ནོར་རིན་པོ་ཆེ་སོགས་མི་ཞིག་ནང་པོ་བཟོ་དགོས་དུས། མི་དེ་ནག་པོ་བཟོ་ཐུབ་ཆེད་མིང་མི་འདྲ་བ་གསུམ་བཞི་རེ་བཀོལ་ནས་མཆན་ངན་དགུ་སྣ་ཚོགས་གཏོང་གི་འདུག བསམ་བློ་འདིའི་ཕུགས་ན་རྒྱབ་ལྗོངས་གཏིང་ནག་པོ་ཞིག་ཡོད་པ་སྨྲོས་མ་དགོས་པ་ཞིག་རེད།
དེ་བཞིན་བསམ་གཏན་གྱིས་ཀྱང་སྟག་སྨྱོན་རྗེས་འདེད་གཏོང་སྐབས་ཚིག་ངན་ཡིད་ལ་དྲན་ཚད་བཀོལ་གྱི་འདུག་པ་དེ་བོད་མིའི་བཟང་སྤྱོད་དང་འགལ་བར་མ་ཟད། དྲ་གྲོགས་ཚོའི་སེམས་ལ་ཡང་གནོད་པ་ཐེབས་ཀྱི་འདུག་པས་རབ་ཡིན་ན་ཁྱོད་གཉིས་དྲ་ཁང་ནས་དགོངས་པ་ཞུ་རོགས་གྱིས། སྨྲ་བརྗོད་རང་དབང་ཡིན་པས་སུ་ཞིག་གིས་ཁྱེད་གཉིས་ལ་བཙན་བཀའ་གཏོང་གི་མེད་མོད། རེ་བ་ཞུ་ཆོག་པས་ཕྱིན་ཆད་ཁྱེད་གཉིས་དྲ་ཁང་དུ་མི་ཡོང་རྒྱུ་ང་ཚོས་རེ་བ་ཡིན། ཐུགས་རྗེ་ཆེ།
ནོར་བཅོས། ཁོས་བྲིས་ཚད། མི་ཞིག་ནག་པོ་བཟོ།
བསམ་གཏན་དང་འདོད་ལྷའི་བུ་གཉིས་མི་གཅིག་པ་ཨེ་རེད།
མ་རེད་ལགས། ང་དང་བསམ་གཏན་གཉིས་མི་གཅིག་མ་རེད། དེ་ལ་ཐུགས་ཁུར་གནང་མི་དགོས།
གྲྭ་པའི་གྲངས་ཀ་མང་དྲགས་འདུག་ཅེས་པ་འདི་དངོས་ཡོད་གནས་ཚུལ་གཏན་ནས་མ་རེད། བཙན་བྱོལ་ནང་སྐྱེས་ཤིང་འཚར་ལོང་བྱུང་བའི་ནང་ནས་གྲྭ་པ་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། དཔེ་ཆ་བཞག་ན་ཕྱི་ལོ་2007 ལོར་སློབ་གཉེར་ཞིབ་འཇུག་ཚོགས་ཆུང་ཞིག་གིས་ཞིབ་འཇུག་བྱས་པ་ལྟར་ན། བཙན་བྱོལ་ནང་དུ་ཡོད་པའི་གྲྭ་བའི་གྲངས་འབོར་ཉིས་ཁྲི་ལྷག་ཡིན་པ་དང༌། དེའི་ནང་ནས་བརྒྱ་%6 ལྷག་བཙན་བྱོལ་ནང་དུ་སྐྱེས་པ་རྣམས་རེད། བརྒྱ་ཆ་%21 ལྷག་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གཙོས་པས་བོད་པ་མ་ཡིན་པ་རེད། དེའི་འཕྲོས་བོད་ནས་གསར་དུ་འབྱོར་བ་རྣམས་རེད། འདིའི་ག་རེ་ཤེས་ཐུབ་ཀྱི་ཡོད་ཟེར་ན། བཙན་བྱོལ་ནང་དུ་སྐྱེས་ནས་གྲྭ་པ་བྱེད་མཁན་འདི་འདྲ་ལས་མེད་ན། གྲྭ་པ་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། དེ་ལ་བརྟེན་ནས་གྲུབ་འབྲས་ག་རེ་ཐོན་ཡོད་འདི་ཚོ་མགོ་ཚོས་ནས་བཤད་ན་ཡག་པོ་འདུག
དེ་བཞིན་སྤུས་དག་དགོས་ཟེར་བ་འདི་ཕྱོགས་གཅིག་ནས་བདེན་པ་རེད། འོན་ཀྱང་དང་པོ་ནས་འདི་གྲྭ་པ་ཡག་ཤོས་དེ་རེད་ལབ་ནས་སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ལྟར་གྲྭ་བསྒྲུག་ཤེས་ཐབས་མེད་པ་དང༌། གྲྭ་པ་བྱེད་མཁན་མང་ཙམ་ཡོད་ན་དེའི་ནང་ནས་ཡག་པོ་ཡོང་གི་རེད་བསམ་བཞིན་ཡོད་པ་རེད། དེ་བཞིན་དགོན་པ་ཚོས་ཁྲིམས་སྒྲིག་ལམ་ལ་དམ་དྲག་བྱེད་པ་དེ་ཡང་ཡག་པོ་ཡོང་ཐབས་སུ་བྱས་པ་ལས། མནར་གཅོད་གཏོང་རྒྱུ་ལ་དམིགས་ནས་མ་རེད་ཅེས་ཁ་ཚོན་བཅད་ནས་བཤད་ཆོག
སྟག་སྨྱོན་པས་ད་དུང་”དགོན་པའི་ནང་འདུག་འདོད་མེད་པའི་གྲྭ་བ་རྒོད་པོ་ཚང་མ་རང་དབང་མེད་པར་ལྟ་ལྕག་གིས་འབྲབ་བཞིན་དགོན་པའི་ ནང་བཙན་འགོག་བྱེད་ཀྱིན་པའི་ཉེས་པ་ལས་བྱུང་བ་མིན་འགྲོ་སྙམ། “ཟེར། དེ་ཁྱེད་རང་གིས་མགོ་མ་ཚོས་པ་རེད། དགོན་པའི་ནང་ནས་འདུག་མ་འདོད་པར་ལོག་འདོད་ན་རང་དབང་རེད། འགོག་མཁན་སུ་གཅིག་ཡོད་པ་མ་རེད། དགོན་པའི་ནང་དུ་བསྡད་པའི་ཚེ་ཁྲིམས་དང་སྒྲིལ་ལམ་ཁུར་དགོས་པ་རེད། སྟག་སྨྱོན་པ་ནི་མི་ལ་བཟེ་རེ་བྱེད་རྒྱུ་ལས། དོན་དངོས་གནས་ལུགས་ཆེ་ཆུང་གང་ཡིན་ཡང་གཏན་ནས་ཤེས་མཁན་ཞིག་མ་རེད། ཁོ་ལ་གསལ་བཤད་བྱས་ནས་ཕན་ཐོགས་ཡོད་མེད་མི་ཤེས་ཀྱང༌། དངོས་ཡོད་གནས་ཚུལ་ཟུར་དུ་བཞག་ནས་ལབ་གླེང་གཞན་པ་ཞིག་བྱེད་བཞིན་པར་བརྟེན་ཚིག་ཁ་ཤས་ཤིག་ཐལ་སོང༌།
༡། ཕྲན་དགོན་པ་དང་གྲྭ་བར་ཆ་རྒྱུས་དེ་ཙམ་མེད་པས་གོང་གི་བསོད་ནམས་ཚེ་རིང་གི་འགྲེལ་བཤད་དེ་བདེན་སྲིད་ཟེར་ན་འདོད་སོང་།
༢། བསམ་ཚུལ་མི་མཐུན་པ་བཤད་ས་དང་ལྟ་བ་མི་མཐུན་པ་རྩོད་སའི་དྲ་རྒྱ་འདི་རུ་ད་ནས་སྒེར་ནད་རྩོད་ས་མི་བྱེད་པའི་རེ་བ་ཡོད། སྟོན་ཁའི་སྡོང་ལོ་བཞིན་ཤར་ནུབ་ཀྱི་གོ་ལའི་གྲུ་ཟུར་ཁག་ཏུ་འཐོར་ཟིན་པའི་བོད་རིགས་ན་གཞོན་ཚོའི་མཐུན་མོང་གི་ཚོགས་ཁང་འདི་རུ་སྒེར་ནད་ཀྱི་སྐད་ཅོར་མི་བརྒྱག་པའི་རེ་བ་ཡོད། འདི་ནས་མང་པོ་མི་གླེང་།
༢ དྲ་རྒྱ་ཙམ་ལས་བོད་ཡིག་དང་ཁ་བྲལ་ནས་ལོ་མང་འགོར་སོང་བས་བོད་ཡིག་འབྲི་ཀློག་གི་ནུས་རྩལ་ཉམས་འདུག་པས། སྔར་ལོ་དྲ་ཁང་འདིར་བོད་ནང་གི་མཁས་པ་ཞིག་གིས་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག་གསུམ་ལྡན་གྱི་གློག་འཕྲུལ་གྱི་ཚིག་མཛོད་ཅིག་གསར་བསྐྲུན་བྱས་ཡོད་པ་གོ་མྱོང་། ཕལ་ཆེར་དེའི་རིན་འབབ་ཀྱང་རྒྱ་སྒོར་ཆིག་སྟོང་ཡར་མར་ཞིག་ཡིན་ཚོད་བྲིས་འདུག་བསམ་སོང་། གློག་འཕྲུལ་གྱི་ཚིག་མཛོད་དེ་གང་ནས་ཉོ་ཐུབ་མིན་གྱི་ལམ་སྟོན་བྱེད་ཐུབ་མཁན་རེ་ཡོད་དམ།
ལས་ཁུངས་དེའི་དྲ་རྒྱའི་ཁ་བྱང་། http://www.luozang.com
ཁ་པར་ཨང་གྲངས། 0891-6790666, 6563666
ལག་ཁྱེར་ཁ་པར་ཨང་གྲངས། 13908966088, 08963998886
གློག་ཡིག་ཁ་བྱང་། luozang@luozang.com
བོད་ནང་ལོག་ནས་མངགས་ཉོ་བྱེད་ཐུབ་ཀི ཕྱི་རྒྱལ་ནས་ཕལ་ཆེར་ཁག་པོ་མེད་འགྲོ རིན་གོང་དང་པོར་རྒྱ་སྒོར་༩༩༠ནས་ད་ལྟ་ཆིག་སྟོང་ཉིས་བརྒྱ་ལ་འཕར་ཡོད་ཀི དེའི་ནང་དུ་དུང་དཀར་ཚིག་མཛོད་དང་བོད་རྒྱ་ཚིག་མཛོད་ཆེན་མོ། དག་ཡིག་གསར་བསྒྲིགས། བཀྲིས་ཚེ་རིང་གི་དབྱིན་བོད་རྒྱ་གསུམ་ཚིག་མཛོད་སོགས་བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་༣༧བླུགས་ཡོད་ཀི
ངས་འདིར་དབྱིན་བོད་རྒྱ་གསུམ་གྱི་ཚིག་མཛོད་རྩོམ་པ་པོའི་དྲ་བྱང་དང་ཁ་བྱང་། ཁ་པར་ཨང་གྲངས་སོགས་བྲིས་པ་ཡིན་ཏེ་དག་མཆན་ཐོབ་རྒྱུར་སྒུག་དགོས་ཟེར་གི
ལས་ཁུངས་དེའི་དྲ་རྒྱའི་ཁ་བྱང་། http://www.luozang.com
ཁ་པར་ཨང་གྲངས། 0891-6790666, 6563666
ལག་ཁྱེར་ཁ་པར་ཨང་གྲངས། 13908966088, 08963998886
གློག་ཡིག་ཁ་བྱང་། luozang@luozang.com
བོད་ནང་ལོག་ནས་མངགས་ཉོ་ བྱེད་ཐུབ་ཀི ཕྱི་རྒྱལ་ནས་ཕལ་ཆེར་ཁག་པོ་མེད་འགྲོ རིན་གོང་དང་པོར་རྒྱ་སྒོར་༩༩༠ནས་ད་ལྟ་ཆིག་སྟོང་ཉིས་བརྒྱ་ལ་འཕར་ཡོད་ཀི དེའི་ནང་དུ་དུང་དཀར་ཚིག་མཛོད་དང་བོད་རྒྱ་ཚིག་མཛོད་ཆེན་མོ། དག་ཡིག་གསར་བསྒྲིགས། བཀྲིས་ཚེ་རིང་གི་དབྱིན་བོད་རྒྱ་གསུམ་ཚིག་མཛོད་སོགས་བོད་རྒྱ་དབྱིན་གསུམ་གྱི་ ཚིག་མཛོད་༣༧བླུགས་ཡོད་ཀི
ཐུགས་རྗེ་ཆེ། ཆུང་དུས་བྱིས་པའི་རང་དབང་གང་མང་བློས་བཏང་ནས་སྦྱངས་པའི་བོད་ཡིག་འདི་ལས་སླ་བོ་བརྗེད་དུ་འཇུག་མི་འདོད་པས་གོང་གི་ཚིག་མཇོད་དེ་གང་འདྲ་ཡིན་ན་བསམ་ནས་རེ་བ་བྱས་ཡིན།
ཀླུ་སྨྱོནལགས་ཉིད་ཁ་བྱང་དང་འབྲེལ་ལམ་བཅས་འགྲེལ་བཤད་གནང་བར་ཐུགས་རྗེ་ཆེ། དྲ་ཁང་འདི་རིན་མེད་ངང་བོད་མི་ཤེས་ཡོན་ཅན་ཚོར་བསྐྲུན་པ་ཞིག་རེད། ཕྱོགས་གཞན་ཞིག་ནས་བཤད་ན་དྲ་རྒྱ་འདི་ང་ཚོས་འགྲོ་སོང་སྐར་གང་ཡང་གཏོང་མ་དགོས་པའི་རིན་མེད་ཀྱི་བསམ་ཚུལ་བཤད་ཉན་བྱེད་ས་ཞིག་ཡིན་སྟབས། དྲ་ཁང་འདིའི་རིན་ཐང་མི་རྟོགས་མཁན་ཡོད་ངེས་ཀྱང་། ངས་དྲ་དཔོན་དང་ཀློག་མཁན་ཚོའི་རེ་འདུན་དང་བྱས་རྗེས་ལ་གདེངས་འཇོག་བྱས་ཏེ་དྲ་ཁང་འདིར་སྒེར་བ་དེ་འདྲ་ལ་རྩོད་པ་བྱེད་འདོད་མེད། ང་སྒེར་ལ་རྩོད་རྒྱུ་ཡོད་ན་ངའི་གློག་འཕྲིན་ཁ་བྱང་དང་སྒེར་གྱི་ཟིན་བྲིས་ཟུར་དུ་བཏོན་ཡོད་པས་དེ་ནང་འབྲེལ་བ་བྱེད་དགོས།
གཡུ་ཞུན་དྲ་བའི་ཐོག་ནས་བླངས་པ།
By བེ་རི་འཇིགས་མེད་, སྤྱི་ཟླ་བདུན་པ། 19, 2009 @ 9:17 pm
ངའི་གྲོགས་པོ་ཐེ་བོ་ཤེས་རབ་རྒྱ་མཚོ་ལགས། ཁྱོད་བདེ་མོ། དེ་སྔོན་ཕྲན་གྱི་གྲོས་ཚོགས་གསར་འགྱུར་དེ་ཚིག་སྦྱོར་སྙན་ངག་ཡིན་ཡང༌། དོན་ལ་གྲོས་ཚོགས་ཚོགས་དུས་དང་འབྲེལ་བའི་གསར་འགྱུར་ཆགས་སྡོད་ཡོད། ཡིན་ནའང༌། སྐབས་དེར་སྟག་སྨྱོན་ཟེར་བའི་དྲ་འབུ་ཞིག་རྒྱུན་ལྡན་ནས་བཀའ་ཁྲི་ཟམ་གདོང་ནས་མགོ་བཙུགས་ཏེ་བཙན་བྱོལ་གཞུང་གི་གལ་ཆེའི་མི་སྣ་ཡོངས་རྫོགས་ལ་སྡུག་རིགས་ངན་ཚད་བཤད་སྡོད་མཁན་གཅིག་གི་ཁ་ལ་བལྟས་ནས་སྐུ་ཉིད་ཀྱིས་ཀྱང་ངའི་རྩོམ་ཡིག་དེ་དུས་ཚོད་མ་ཆོད་པའི་མིས་བྲིས་པ་ལྟ་བུའི་ཚོར་སྣང་ཞིག་སླེབས་ཡོད་ངེས། སྟག་སྨྱོན་ཟེར་བའི་མི་དེའི་གནས་ལུགས་མཁྱེན་པའི་རྗེས་ནས། ད་བཟོད་སྐུ་ཉིད་ཀྱི་དགོངས་ཚུལ་དེ་ཡང་རང་བཞིན་གྱིས་འགྱུར་བ་ཐེབས་པའི་རེ་བ་ཡོད་ལ། ཕྱི་ཆད་དྲ་རྒྶཡ་ནང་དྲ་འབུ་ཚོའི་ཁ་ལ་ན་ཕན་ཐོགས་ཆེན་པོ་རང་མེད་ངེས་ལགས་པ་ཡང་མཁྱེན་པ་གནང་རོགས་ཞུ་རྒྱུ་ཡིན། ཕྲན་རིང་མིན་དེ་ཕྱོགས་ཡོང་རྒྱུ་ལགས་ན་ཞལ་མཇལ་ཡོང༌། བེ་རི་འཇིགས་མེད་ཀྱིས།
རྟ་ལྕག་གཅིག་གི་ཚབ་ལ་དགེ་འདུན་འདུས་པའི་དབུས་སུ་ཕྱག་ལྔ་བཅུ། གཉིས་ཀྱི་ཚབ་ཏུ་བརྒྱ། གསུམ་གྱི་ཚབ་ཏུ་བརྒྱ་དང་ལྔ་བཅུ། བཅུའི་ཚབ་ཏུ་ལྔ་བརྒྱ། ཉི་ཤུའི་ཚབ་རུ་ཆིག་སྟོང་འདིས་མི་ཐུབ་པའི་ལྷོ་ཕྱོགས་ཀྱི་གྲྭ་རྐྱང་ཞིག་ངས་ཡོད་མི་བསམས། འདི་ནི་གྲངས་ཀའི་ཁྱད་པར་མ་གཏོགས་ངའི་གསར་བཟོ་ཅི་ཡང་མ་ཡིན་པར་རྗེ་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་བཅའ་ཡིག་ནང་དུ་གསལ་བོར་གསུངས་ཡོད། དགེ་འདུན་པར་ཉེས་ཁྲིམས་འདི་ལྟར་བཟོ་མ་ཤེས་པ་དང་ཡང་ན་བཟོ་མི་འདོད་མཁན་ཞིག་ཡོད་ན་དེར་ཡང་རྟ་ལྕག་ཉི་ཤུའི་ཚབ་ཏུ་དགེ་འདུན་འདུས་པའི་དབུས་སུ་ཕྱག་ཆིག་སྟོང་འཚལ་དུ་ཆུགས་དང་དེ་ནས་ཉེས་ཁྲིམས་གསར་བཟོ་འདི་ལ་བརྒྱ་ཆའི་བརྒྱ་ཐམ་པ་མོས་མཐུན་བྱེད་ཀྱི་རེད། གོ་སོང་ངམ།