སྤྲུལ་དབང་ཆེན།
སྤྱི་ཚོགས་རྨོངས་ཞེན་གླེན་སྐྲན་རྣག་འབུར་ལ།
སྨྱུག་ཁྱུ་གཟུར་གནས་གཙག་བུ་རྣོན་པོས་བཙིར།
བླུན་སྒོམ་ལྷ་འདྲེ་ཡིད་གྱི་ཆོ་འཕྲུལ་གསོད།
སྨྱུག་རྒོད་རྩོམ་པ་སྤྱི་ཚོགས་སྣེ་ཁྲིད་ཡིན།།
ཨི་ཁུང་ཞབས་རྟོལ་ཀླད་མེད་འཁྱམ་པོ་འགས།
ཨུ་ཚུགས་གླེན་པའི་ཁུ་ཚུར་འཕྱར་བ་དེས།
ཨེ་གླིང་བྱང་ན་གནས་པའི་འབྲོག་ཁྱིམ་ཚོར།
ཨོ་གླིང་རྗེས་བསྙེགས་སྤོབས་པ་སྐེད་ནས་གཅོད།།
སྐྱོན་མེད་སངས་རྒྱས་ས་ཡ་དྲུག་པོ་མིན།
སྐྱོན་ལྡན་སེམས་ཅན་བསམ་བློར་ཡོ་བསྲང་གནད།
སྐྱོན་དང་ཡོན་ཏན་སྤྲང་པོས་ཀྱང་འབྱེད་ཅེས།
སྐྱོན་མཐོང་རྣམ་དཔྱོད་ལྡན་རྣམས་མགྲིན་གཅིག་སྨྲ།།
ཆུང་ངུའི་བློ་ཡིས་ཆེན་པོར་བློ་གྲོས་རྒྱས།
ཆེན་པོས་གྲོས་ཡང་སྐབས་འགར་ཉེས་སྤྱད་འགྱུར།
ཆེ་ཆུང་མི་ལ་ཚོད་དཔག་མི་བརྙས་པར།
བྱེ་མའི་ནང་ནས་ས་གསེར་བཞིན་ཏུ་ལོངས།།
སྐྱོན་བརྗོད་བྱུང་ན་རང་སྐྱོན་མཐོང་འགྱུར་ཞིང་།
སྐྱོན་མཚང་སྦས་པས་ཉེས་སྐྱོན་མང་འཕེལ་བས།
སྐྱོན་དེ་མར་མེ་རང་རྩར་མི་མཐོང་ལྟར།
སྐྱོན་བརྟགས་གཞན་འོད་རང་རྩར་གསལ་དགོས་གལ།།
སྐྱོན་མཚང་མི་གཙང་སྐྱག་རུལ་ཁུག་མ་ཞིག །
སྐྱོན་སྦས་རང་མལ་ཁྲི་འོག་བཅུག་པ་ན།
སྐྱོན་བྲལ་སྨྱུག་རྒོད་མདའ་མོས་ཕུག་པ་ཡིས།
སྐྱོན་ངན་སྐྱག་དྲི་འཐུལ་ལ་ཁྲོས་ཀྱང་རྒོལ།།
ཚིག་མཚོན་ཚིག་གིས་ལོག་རྟོག་སྲོག་སྙིང་འདོན།
ཚིགས་དོན་ཚིག་རེར་རིན་ཐང་འབུམ་ལྡན་ཕྱིར།
ཚིག་གནད་ཚིག་གི་དྲང་དོན་མི་རྟོགས་པར།
ཚིག་བརྗོད་ཚིག་རྣར་གཟན་འདི་རང་སྐྱོན་ཡིན།།
མ་རྟོགས་ལོག་རྟོག་འཇོམས་མཛད་སྨྱུག་རྒོད་ཚོགས།
མ་ཞུམ་སྤོབས་པས་བློ་རིག་རབ་བསྒྲིམས་ཏེ།
མ་ཡུམ་གངས་ལྗོངས་བོད་མའི་སྤྱི་ཚོགས་འདིར།
མ་སྨིན་རྨོངས་ཞེན་བསམ་བློར་ཡོ་བསྲང་གལ།།
ཅེས་གསེར་ལྡན་མཚོ་གླིང་ནས་བྲིས་པའོ།།
དྲྭ་འབུ་ཞེས་པ་ཀམ་པུ་ཀྲར་ནང་འཛུལ་ནས་ཡིག་ཆ་སོགས་ལ་གནོད་སྐྱེལ་མཁན་དེ་འདྲ་ཞིག་ངོས་འཛིན་སྡོད་ཡོད་དེ། ཁ་སང་ཞིག་ལ་མཆན་པ་ཞིག་གིས་དྲྭ་འབུ་ཞེས་པ་དྲྭ་བར་འོངས་ནས་མཆན་བུ་འདེབས་མཁན་ལེགས་ཉེས་སྤྱི་ཡོངས་ལ་གོ་ཟེར། གང་ལྟར་ང་མགོ་ཐོམ་སོང་།
གློག་ཀླད་ནང་གི་འབུ་དེ་ལ་དྲྭ་འབུ་ལབ་གི་མ་རེད། དུག་སྲིན་ནམ་ནད་འབུ་ལབ་དགོས་རེད་ལོ། མགོ་འཐོམ་ནས་མ་སྡོད་ཨ།
དྲྭ་འབུ་ཞེས་པ་ནི་རང་མིང་སྦས་བཀུང་གིས་དྲ་རྒྱའི་ནང་ལ་མགན་ཁུར་མེད་པའི་སྐད་ཆ་འདྲ་མིན་བཤད་སྟེ་ཕུ་སྐྲུག་མདའ་སྐྲུག་བཟོ་མཁན་དེ་ཚོ་ལ་ཟེར།
སྤྲུལ་སྐུ་ལགས་ཀྱིས་ཤད་འདེབས་ཚུལ་དེ་མཁྱེན་ཚར་ཞིག་འདུག
དུས་རབས་གསར་བའི་འགྲོ་སྟངས་ཤིག་ཡིན་ནམ།
དྲ་འབུ་ཞེས་པ་ང་ལྟ་བུ་མིན་འགྲོ་་་་་་་
སྤྲུལ་དབང་ཆེན་གྱི་ཤད་རྒྱབ་སྟངས་དེ་ལ་ཁོ་བོའི་རྒྱབ་སྐྱོར་ཡོད།
ངས་ཨ་རི་ཡི་གེ་ཞིག་ཏུ། ཕན་པ་མེད་པའི་རིགས་ཡི་གེར་འབྲི་བ་དོན་མེད་ཡིན་ཞེས་བཤད་པ་ཞིག་ཡིད་ལ་ཡོད། ཡིག་འཕྲེང་མུ་མཐུད་ནས་འབྲི་བ། དཔེར་ན་བོད་ཀྱི་དཔེ་ཆ་ལྟ་བུ་ལ་ཚིགས་བཅད་ལ་ཤད་གཉིས་རྒྱབ་པའི་ལུགས་ཡོད་ཀྱང་། འདིར་དེ་ལྟར་མ་ཡིན་པར་ཡི་གེ་རྐང་པ་ཕྱི་མ་ཡིག་འཕྲེང་འོག་མར་ཕབ་པ་ན། རྐང་པ་གོང་མ་དེ་ལ་དགོས་པ་མེད་བཞིན་དུ་ཤད་གཉིས་རྒྱབ་པ་དོན་མེད་ཅིག་ཏུ་མི་འདུག་གམ།
མི་རེས་ལུགས་སྲོལ་རེ་བཟོས་ནས་གང་ཡོང་།
དྲྭ་འབུའི་གོ་དོན་དེ་ལུང་རྟོགས་ཀྱིས་བཤད་པ་ལྟར་གོ་བ་ལེན་གི་ཡོད།
ཨ་རོགས་དྲ་གྲོག་ཚོ་གཤམ་གྱི་དྲ་བྱང་དེར་གཟིགས་དང་བོད་ནས་རྩོམ་པ་པོ་ཞིག་གིས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་ལ་དོན་མེད་སྐྱོན་འདི་མོ་ཟིག་འཛུགས་ཡོད་ཀི། ང་ཆོས་དགྲ་ཆུང་ས་ནས་འདུལ་ན་ཆི་མོ་རེད།
http://blog.himalayabon.com/u/yungdrun/archives/2012/2467.html
དེང་སང་བོན་པོ་དང་ཁ་ཆེའི་ཆོས་པ་ཚོའི་མགོ་འཕངས་མཐོ་རུ་འགྲོ་བཞིན་ཡོད་རེད། གནས་སྐབས་རིང་ཅི་བྱེད་འདི་བྱེད་མེད་པ་རེད།
མེ་ཏོག་དཀར་པོ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༡ གི་ཆུ་ཚོད་ ༡༠ སྐར་མ་ ༤༣
དྲྭ་འབུའི་གོ་དོན་དེ་ལུང་རྟོགས་ཀྱིས་བཤད་པ་ལྟར་གོ་བ་ལེན་གི་ཡོད།
མེ་ཏོག་དཀར་པོ་ཡིན་ནམ་སྙམ། ངས་དྲ་བ་ཞེས་བྲིས་པ་ལ་དྲྭ་བ་ཞེས་བཅོས་པ་ཞིག་ཡོད་ཀྱང་། དེའི་དུས་སྣང་རྟགས་ཆེར་མ་བྱུང་། དྲ་བ་ལ་དྲྭ་བ་ཞེས་བཅོས་དགོས་པའི་ཁུངས་དང་རྒྱུ་མཚན་དགོས་པར་མཐོང་ངོ།།
ཡག་པོ་བྲིས་འདུག་་་་་་་་མུ་མཐུད་བཞིན་དུ་་་་་་་་་་