རྒྱང་རིང་ནས་ཐོས་པའི་ཨ་རི།
-ནུབ་ཕྱོགས་ཨ་རིའི་རྒྱལ་ཁམས་འགྲིམ་པའི་ཉིན་ཐོ་༣༦༠་ལས་རྒྱང་རིང་ནས་ཐོས་པའི་ཨ་རི་དང་གཞན་དག
ཆུང་དུས་སུ་གློག་བརྙན་བལྟ་དུས། ཀྲུང་གོ་ཚང་དང་མེ་གོ་ཚང་ཞེས་གློག་བརྙན་ནང་གི་མི་དང་ཤོག་ཁག་གི་ལེགས་ཉེས་འབྱེད་ཅིང་། མི་དང་ཤོག་ཁག་ངན་པ་ཚང་མར་ “མེ་གོ་ཚང་”་ལ་བཅད་ནས་བལྟད་མོ་བལྟས་མྱོང་། བྱིས་དུས་ཀྱི་བསམ་བློའི་ཤན་ཤུགས་དེ་དག་གང་ནས་དང་ཇི་ལྟར་བྱུང་མིན་ནི་ངས་མ་བཤད་ཀྱང་ཀློག་མཁན་དག་གི་སེམས་ལ་ཁྲིག་ཁྲིག་ཡིན་ངེས་རེད། གང་ལྟར། ཆུང་དུས་ནས་བཟུང་། ངས་སའི་གོ་ལ་འདིའི་ཐོག་ཏུ་ཨ་རིའི་རྒྱལ་ཁབ་ཟེར་བ་ཞིག་ཡོད་པ་གོ་མྱོང་འདུག་པ་མ་ཟད། དེ་ནི་རྒྱལ་ཁབ་སྟོབས་ཆེན་ཞིག་དང་ཕྱུག་པོ་ཞིག་ཡིན་པའང་ཕལ་ཆེར་གོ་མྱོང་བ་འདྲ། འོན་ཀྱང་། རྒྱལ་ཁབ་དེ་འཛམ་གླིང་ཤར་ནུབ་གང་དུ་ཡོད་མེད་དང་། རྒྱལ་ཁབ་དེ་དང་རྒྱལ་ཁབ་གཞན་གྱི་བར་ལ་མཚུངས་ཆོས་དང་མི་འདྲ་བའི་ཆ་སོགས་གང་དང་ཅི་ཡོད་ནི་བསམ་པའི་ཟུར་ལའང་འཁོར་མྱོང་མི་འདུག
རྒྱ་མཚོ་ཆེན་པོ་མ་རིག་ན་སྐོམ་མི་སོད་པའི་བྱིས་དུས་ཀྱི་རྨི་ལམ་དང་། ཤེས་འདོད་ཀྱི་བསམ་པ་དྲག་པོ་ཞིག་གིས་ང་རང་རྐང་པ་ཆུང་ཆུང་ཟུང་ལ་བརྟེན་ནས་རི་བོ་ཧི་མཱ་ལ་ཡ་ཐོད་ཀྱིས་བརྒལ་ནས་བལ་ཡུལ་དུ་འབྱོར། རྣམ་རིག་གསལ་དུས་ཀྱི་བྱིས་པའི་འཚོ་བ་སློབ་གྲྭའི་རྭ་སྐོར་ཞིག་ཏུ་སྐྱེལ་ནས་འོང་བའི་བཀའ་དྲིན་ལ་བརྟེན་ནས། དུས་སྐབས་དེ་ཙམ་ནས་ངས་བོད་ཡིག་འབྲི་ཀློག་ཏོག་ཙམ་བྱེད་ཐུབ་ཅིང་། རྒྱལ་སྤྱི་དང་ས་གནས་ཀྱི་གསར་འགྱུར་སྣ་མང་བོད་ཡིག་གི་ལམ་ནས་ཀློག་རྒྱུའི་བསྐལ་བ་ཐོག་མ་དེ་དུས་ཉམས་སུ་མྱངས། གནས་སྐབས་དེར་ཁོང་ཚང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཆིབས་སྒྱུར་དང་མཛད་འཕྲིན་ཅི་བསྐྱངས་ཀྱི་གནས་ཚུལ་མང་དག་ཅིག་ཀློག་རྒྱུ་བྱུང་བའི་ཁྲོད་དུ། ནུབ་ཕྱོགས་ཨ་རིའི་ཡུལ་དུ་མཛད་འཕྲིན་བསྐྱངས་ལུགས་ཤིག་འདུག་པ་དང་། དེར་ད་དུང་ཨ་རིའི་ཕོ་བྲང་དཀར་པོའི་པར་རིས་ཤིག་ཀྱང་བཀོད་འདུག དེ་ནི་སྤྱི་ལོ་༡༩༩༨་ལོའི་ལོ་འགོ་ཞིག་ལ་རེད། ལོ་དེ་ནི་ངས་ཨ་མི་རི་ཁ་ཟེར་བའི་རྒྱལ་ཁབ་དེ་སའི་གོ་ལའི་ཕར་ངོས་སུ་ཡོད་ཚུལ་གོ་བ་ཐོག་མ་དེ་རེད་ལ། གོ་ལ་གཅིག་ལ་ཉིན་མཚན་གྱི་ཁྱད་པར་ཅིའི་ཕྱིར་ཡོད་ལུགས་ལ་རང་ངོས་ནས་བསམ་བློ་གཏོང་འགོ་ཚུགས་དུས་ཐོག་མའང་ཡིན། གང་ལྟར། ཉིན་དེ་ནས་བཟུང་། ངས་ “ཨ་རི” དང་། “ཨ་མི་རི་ཁ” ད་དུང་ “USA” སོགས་མིང་གི་རྣམས་གྲངས་མང་པོའི་ལམ་ནས་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་དེའི་ཁྱད་ཆོས་སོགས་ཉིན་རེ་ལས་ཉིན་རེར་མང་བ་གོ་རྒྱུ་བྱུང་ལ། གྲོགས་པོ་གྲོགས་མོ་རེ་ཟུང་གི་སྤུན་མཆེད་དང་ཤ་ཉེ་རིང་སོགས་ཨ་རིར་ཡོད་པ་རྣམས་ཀྱིས་བསྐུར་ནས་ཡོང་ནས་ཨ་རིའི་སྒྲོ་ལོར་(ཨ་སྒོར)དང་། ཨ་རིའི་ཡུལ་ལྗོངས་དང་ཁང་བརྩེགས་མང་པོའི་མདུན་དུ་བླངས་པའི་པར་རིས་སོགས་ཀྱང་མང་དུ་མཐོང་བྱུང་། དབྱིན་ཡིག་ཕྲན་ཙམ་སྦྱངས་པ་ནས་བཟུང་། ཨ་རིའི་གློག་བརྙན་དང་དབྱིན་སྐད་རྒྱག་པའི་ནུབ་ཕྱོགས་དང་ཡུ་རོབ་གླིང་གི་གློག་བརྙན་སོགས་ཀྱི་ཁྱད་པར་ཡང་འབྱེད་ཐུབ་པར་གྱུར།
ཨ་རི་ནི་ངའི་བྱིས་དུས་ཀྱི་རྨི་ལམ་མིན་ལ། གཞོན་དུས་ཀྱི་སྟོང་བསམ་འཆང་ཡུལ་ཞིག་ཏུ་ཡང་འགྱུར་མ་མྱོང་། རྒྱུ་མཚན་གཞན་མེད་དེ། དེ་ནི་ཕ་ཡུལ་དང་ཁ་ཐག་རིང་དྲགས་འདུག་པས་སོ།།
མི་རིང་བར་དེབ་གཟུགས་སུ་འདོན་རྒྱུ་ཡིན་པས། དྲ་ཐོག་ཏུ་ལེའུ་རེ་ཟུང་ལས་འགོད་རྒྱུ་མིན།
དེབ་དེ་གང་མྱུར་ཐོན་པའི་རེ་བ་ཆེ།
རེད་རེད། ཉིད་ཀྱི་ནུབ་ཕྱོགས་འགྲིམས་པའི་གཏམ་རྒྱུད་ལ་སྒུག་ནས་ཡོད།
སྔོན་མ་མིང་དེ་འདྲ་བྱས་པ་ཞིག་གོ་མྱོང་བས་དེ་གཉིས་རྩོམ་མཁན་གཅིག་གམ་
ཡང་ན་ཐ་དད་ཡིན་ནམ།། སྔོན་མ་སྒོ་མང་གྲྭ་ཚང་གི་གྲྭ་ཟུར་ཞིག་གི་ནུབ་ཕྱོགས་སུ་མག་པར་སོང་བའི་འདོད་པའི་བསྟན་བཅོས་ལྟ་བུའི་མྱོང་བ་དམར་རྗེན་ཞིག་རེད་ཟེར་བ་བདེན་ནམ།།
འདྲེ་རིག་ལྡན་ཡ།
ང་ཆུང་དུས་ཞིག་ལ་མེ་ཀོ་བ་བྱེད་ཀི་བཅུག་གས་ཀྲུང་ཀོ་བ་དེ་ཚོས་ངར་ངར་རྫིག་རྫིག་གིས་རྡུང་མྱོངས་ཡོད་རེད། ཁྱོ་དེའི་ནང་ནས་མྱི་ངན་གཅིག་ཡིན་ནི་མིན་ན་ཨ།
དེ་དུས་ངས་ཨ་རི་ཚང་ཁ་སང་དེ་རིང་གི་ཨ་རི་ཚང་འདི་མོ་ཞིག་ཡིན་ནོ་ཤེས་ཡོད་རྒྱུ་ན། ཨ་ཤི་རེ་ཁེར་རོ།
རྗེས་མ་གཅིག་ཀློག་གི་ཡིན་ཐལ། བཀྲ་ཤིས་བདེ་ལེགས་ཡོད།
ང་ཡང་ཆུང་དུས་རྒྱ་ནག་གི་དམག་གི་གློག་བརྙན་དེ་ཚོ་ལྟ་དུས་རི་བིན་འདྲེ་དམག་དང་ཨ་རི་བཙན་རྒྱལ་རིང་ལུགས་དེ་ཚོ་ངོ་མ་སྡུག་པོ་ཞེ་དྲག་ཡོད་ས་རེད་དྲན་མྱོང་། འོན་ཀྱང་བསམ་བློ་གཏོང་ཐུབ་པ་ནས་བཟང་འདྲེ་དམག་དང་བཙན་རྒྱལ་རིང་ལུགས་ངོ་མ་དེ་གཞན་མ་ཡིན་པར་རྒྱ་ནག་ཁོ་རང་ཡིན་པ་ཤེས་སོང་།
དེབ་དེའི་བརྗོད་བྱ་འཁྱམས་མྱུལ་ངའི་མི་ཚེ་དང་འདྲ་བས་ཀློག་འདོད་ཆེ།།
མེ་ཀོ་ཟེར་བཀླགས་པ་དང་། ལྷང་ངེས་གཅིག་དྲན་བྱུང་། ང་སློབ་གྲྭ་ལ་ཡོད་དུས་ཨ་རི་ལ་༼མི་མགོ༽美国དང་། ཕ་རན་སི་ལ་༼ཕག་མགོ༽法国 རྗར་མེ་ནི་ལ།༼རྟ་མགོ༽德国སོགས་ལབ་མྱོང་ཡོད།
དེང་སང་བོད་ནང་གི་ཡིག་སྒྱུར་བ་དེ་ཚོས་འཛམ་གླིང་སྤྱིའི་སྒྱུར་སྟངས་ལ་དཔེ་ལྟས་ཏེ་མི་དང་། ས་ཆའི་མིང་། རྒྱལ་ཁབ་ཀྱི་མིང་སོགས་དབྱིན་སྐད་དམ་བསྒྱུར་བྱའི་ས་ཆ་དེའི་ཐོག་མའི་མ་སྐད་ཀྱི་གདངས་དེ་རང་སོར་འཇོག་ཅི་ཐུབ་བྱེད་པར་མངོན་པ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན། སྔོན་མ་ང་ཚོ་བོད་ལྗོངས་སློབ་ཆེན་ནང་ཟབ་སྦྱོང་བྱེད་སྐབས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལ་བྱང་ཆུབ་པའི་དགེ་རྒན་ཆེ་མོ་རྡོ་དགོན་གསང་བདག་རྡོ་རྗེས་མཆོག་གིས་སྙན་
ངག་མེ་ལོང་སློབ་ཁྲིད་གནང་བའི་སྐབས་ཤིག་ལ་གསུངས་དོན།། ང་ཚོའི་འཛིན་གྲྭའི་ནང་གློག་བརྙན་དང་། གསར་འགྱུར་སོགས་འཕབ་སྒྱུར་བ་མང་པོ་ཞིག་ཡོད་པ་ཡིན་ཙང་། ཁྱེད་ཚོས་ཡིག་སྒྱུར་སྐབས་ངེས་པར་དུ་གཟབས་གཟབས་གནང་སྟེ་ཡར་ཐོན་ཅན་གྱི་
མི་རིགས་གཞན་པས་སྒྱུར་བ་ལྟར་མིང་དེ་དག་སྒྲ་རང་སོར་གནས་གང་ཐུབ་བྱས་ཏེ་བོད་སྐད་ཐོག་ལ་ཡང་གོ་བ་རྒྱག་རྒྱུ་ཡོད་པ་
ཞིག་ཏུ་སྒྱུར་དགོས་པ་ཡིན་པས་དེ་དག་སེམས་ལ་བརྟན་པོ་ཉར་དགོས་གསུངས་།
དེར་བརྟེན་སྔོན་མ་བོད་སྐད་ཐོག་རྒྱ་སྐད་ཀྱི་སྒྲ་ཐད་སྒྱུར་བྱས་པའི་མིང་དེ་དག་རིམ་
བཞིན་ཇེ་ཉུང་དུ་ཕྱིན་ཏེ་གཙོ་བོ་དབྱིན་སྐད་དམ་ལུང་པ་དེ་ཀའི་མིང་དེ་སྒྲ་རང་སོར་
བཞག་གང་ཐུབ་དང་། དེ་བསྒྱུར་སྐབས་བོད་སྐད་ཐོག་ལའང་གོ་རྒྱུ་ཡོད་པ་ཞིག་གི་ཕྱོགས་སུ་རིམ་བཞིན་ཡར་
རྒྱས་ཕྱིན་མེད་དམ་སྙམ།དོན་བསྒྱུར་བྱས་ན། 美国(ཨ་རི་འམ་མེ་དགོའོ་ལ་) མཛེས་ལྡན་རྒྱལ་ཁབ་བམ་མཛེས་པའི་རྒྱལ་ཁབ། 德国(འབྱར་མ་ནི་འམ་བརྡའི་དགོའོ་ལ་ སྤྱོད་བཟང་རྒྱལ་ཁབ་བམ་སྤྱོད་ལྡན་རྒྱལ་ཁབ། )法国(ཧྥྰ་རེན་སི་འམ་ཧྥའ་དགོའོ་ལ་ཁྲིམས་ཀྱི་རྒྱལ་ཁབ་བམ་ཆོས་ཀྱི་རྒྱལ་ཁབ། ཡང་ན་ཁྲིམས་ལྡན་ནམ་ཆོས་ལྡན་གྱི་རྒྱལ་ཁབ་ཅེས་དང་། )中国(རྒྱ་ནག་གམ་ཀྲུང་དགོའོ་ལ་དཀྱིལ་གྱི་རྒྱལ་ཁབ་བམ་དབུས་ཀྱི་རྒྱལ་ཁབ་ )ཅེས་བསྒྱུར་ན་འགྲིག་པ་ཡིན་སྙམ།།
གོང་གི་འདི་ལྟར་སྒྱུར་དགོས་ན་དཀའ་ལས་ལ་་་
ང་ལོ་གཅིག་ལྷ་སར་ཕྱིན་པ་ཡིན། སློབ་གྲྭའི་དགེ་རྒན་མང་པོ་ཞིག་རྒྱ་མི་ཡིན་ཙང་སློབ་ཕྲུག་བོད་རིགས་ཚོའི་མིང་སྒྲ་དག་པོ་ཞིག་བརྗོད་ཐུབ་ཀྱི་མི་འདུག་དེར་བརྟེན་ངག་དབང་ལ་ཨ་དབང་དང་། སྒྲོལ་དཀར་ལ་སྤྲོ་བཀའ། ནོར་བུ་ལ་ལོ་པུ་ཟེར་བ་སོགས་རེད། དེའི་ཤན་དེ་སློབ་ཕྲུག་ལ་ཡང་བཞུགས་ནས་བོད་ཕྲུག་ཚོ་ནང་ཕན་ཚུན་མིང་ནས་འབོད་སྐབས་ཡང་རྒྱ་མིས་འབོད་སྟངས་ལྟར་བྱེད་ཀྱི་འདུག དེ་འདྲ་ལ་བསམ་ན་སྐད་ཡིག་ཉམས་ཟེར་ན་དེ་འདྲ་བྱས་ནས་ཉམས་ཀྱི་ཡོད་ཚོད་རེད།
ཨ་རོ་སྒོ་དམར་སངས་རྒྱས་བཀྲ་ཤིས་དཔེ་དེབ་ཞིག་བརྩམས་ནོ་དགའ་ཡོད། ཡིན་ནའང་ང་རང་དེབ་རྒན་དེ་འདྲ་ཀློག་རྒྱུ་དཀའ་ངལ་འདུག དཔེ་དེབ་བགྲམས་རྗེས་དུམ་ཚན་རེ་དྲ་ཐོག་ནས་ཀློག་རྒྱུ་བྱུང་ན་སྙམ་ཡོད།
དེབ་དེ་དངོས་གནས་འགྱོག་པོ་ཐོན་པའི་རེ་བ་ཆེན་པོ་ཡོད་
དེབ་དེ་འགྱོག་པོ་ཐོན་པའི་རེ་བ་ཆེན་པོ་ཡོད་