– གྲོགས་མོ་ཞིག་གི་སྐྱོ་གཏམ་ལས་བཏུས།
འབའ་སྲས།
ཆུ་བོ་རླབས་ཀྱིས་འཕྱུར་བ་དྭངས་ཤིང་།།
ནམ་མཁའ་སྤྲིན་པས་དག་པ་གཙང་ཡང་།།
ལྗོན་ཤིང་ལོ་མ་རྙིད་པ་ལྟ་བུའི།།
ང་ཡི་སེམས་ཀྱི་མཛེས་སྡུག་བོར་སོང་།།
དང་པོར་ངེད་གཉིས་མཛུབ་མོ་ཀེར་ནས།།
ཟླ་བར་འཕྱ་བའི་སྙན་ངག་བྲིས་མྱོང་།།
ད་ནི་མུན་པ་སེམས་ལ་འཐིབས་པའི།།
སྙན་ངག་རང་ལ་འབྲི་དགོས་བྱུང་སོང་།།
ལག་པའི་ནང་ཤ་གཅིག་ཏུ་འཇུས་ནས།།
བརྩེ་བའི་སྐུད་པ་གཅིག་ལ་དཀྲིས་དུས།།
སེམས་དང་སེམས་པའི་བར་ཁུག་འདི་ལ།།
འགྱུར་ལྡོག་ཕ་བོང་ལྷུང་འགྲོ་མ་བསམས།།
བདག་གི་ལུས་ཕུང་སྐྱེད་ཚལ་བྱས་ཏེ།།
ཕྱི་ནང་མཛེས་སྡུག་མ་ལུས་སྟོན་དུས།།
ཁྱོད་ནི་རྩིར་ཆགས་སྦྲང་མ་བཞིན་དུ།།
འཁོར་འཁོར་བྱས་པ་བརྩེ་བས་མིན་སོང་།།
ང་ཡི་ལུས་ལ་རིན་ཐང་མེད་ཀྱང་།།
བརྩེ་བའི་སེམས་པ་གཞལ་མཐའ་བྲལ་བ།།
ཁྱོད་ཀྱི་ལག་པའི་མཐིལ་ལ་བཞག་པ།།
དེ་རིང་བསམས་ན་ང་རང་སྔ་སོང་།།
ཁྱོད་ནི་མགྱོགས་འགྲོ་དཔྱིད་ཀའི་རླུང་བུ།།
ཡང་ན་འཐོར་སླ་བྱེ་མའི་འཆིང་བུ།།
མ་ངེས་ང་ཡི་སེམས་ཀྱི་སྣང་བོར།།
བྲག་རི་བཞིན་དུ་མཐོང་བ་འགྱོད་ཨང་།།
མི་ཚེ་འདི་ཕྱི་བརྗེ་བོ་མ་བརྒྱབས།།
ལོ་དང་ཟླ་ཡི་གྲངས་ཀ་མ་འཁོར།།
ཉིན་དང་ཞག་གི་མཐུད་མཚམས་བར་ནས།།
ཁྱོད་ཀྱི་རྐང་རྗེ་རླུང་གིས་བསུབས་སོང་།།
རྒྱང་ལ་མི་འགྲོ་དམ་བཅའ་བརྟན་པོ།།
འགལ་བར་མི་བྱེད་མནའ་ཚིག་ཟབ་མོ།།
ཁྱོད་ལ་དགའ་ཞེས་ཁ་ཡག་སྙན་མོ།།
དེ་རིང་གང་ནས་དུར་ལ་བཅུག་ཡོད།།
བདག་གི་བྲང་ཁར་རླུང་བུ་ལྡང་དུས།།
ཁྱོད་ཀྱི་ཤ་དྲོད་སུ་ལ་བརླན་ཡོད།།
སྐྱོ་གདུང་མིག་ལས་མཆི་མ་ཟེགས་དུས།།
ཁྱོད་ཀྱི་འཛུམ་མདངས་སུ་ལ་བསྟན་ཡོད།།
ང་ཡི་སེམས་པ་རླུང་གིས་གཡོས་སོང་།།
ང་ཡི་འདུན་མ་ཆུ་བོས་འཁུར་སོང་།།
རོ་དང་འདྲ་བའི་ལུས་པོ་འདི་ཉིད།།
ཁང་ཆུང་འདི་ནས་མ་ཤི་ལྷག་ཡོད།།
ཉི་མ་ནུབ་པ་ཤར་བ་མཐོང་སོང་།།
ཟླ་བ་གྲིབ་པ་གང་བ་རིག་ཡོད།།
སྙིང་གི་བྱམས་པ་ཕར་ལ་ཆས་པ།།
ཕྱིར་ཡོང་སྒུག་པའི་སེམས་འདི་ལྕི་ཨང་།།
ད་ནི་སྒུག་པའི་སྡུག་བསྔལ་མི་འཛིན།།
རེ་བའི་མིག་གིས་ཁྱོད་ལ་མི་ཅེར།།
སེམས་ཀྱི་དཀར་ངོགས་ཁྱོད་ལ་མི་གཏོད།།
ང་ཡང་ཁྱོད་བཞིན་རྒྱང་ལ་ཆས་འགྲོ །
༡༠/༠༧/༡༢
སྙིང་རྗེ། སྙིང་རྗེ།
སེམས་ཀྱི་བརྩེ་དུང་གྲོགས་མོ་ཤོར།། གྲོགས་མོའི་སེམས་པ་ཟད་ཀྱིས་ཁུར།། སེམས་ལ་རླུང་བུ་ཤར་ཤར་ལྡང་།། མི་རྟག་སྒྱུ་མའི་རང་གཤིས་ལགས།།
སྨན་ཆུང་བུ་མོའི་སེམས་ཀྱི་མེ་ཏོག་ལ།
བཟོད་མེད་རྨ་ཁ་མ་བཟོ་སེམས་ཡོད་ཚོ་།
ན་ཆུང་བུ་མོའི་མི་ཚེའི་གདན་བདེ་དེ་།
འདོད་ཆགས་སྲིན་པོའི་དམར་གསོད་མ་བྱེད་ཅིག་།
བུད་མེད་མཛང་མའི་རེ་བ་རི་བོ་བཞིན་།
མི་ཚེ་གཅིག་གི་ཕུག་བསམ་རིང་མོ་དེ་།
བསྒྲུབ་པར་འདོད་ན་དརྩེ་བའི་དངས་མ་སྤྲོད།
དོན་མེད་སྡུག་ལ་མ་གཏོད་སྡིག་པའི་རྒྱུ་།
སེམས་ལྕི་ཏིག་ཏིག་བཟོས་བྱུང་། བརྩེ་བའི་ན་ཚ་འདི་དུས་ཚོད་ཁོ་ནས་གསོ་བ་ཡིན་ཏེ་གཞན་གྱིས་མིན།
རེ་བ་ཡིད་ཆེས་བརྩེ་གདུང་མངར་མོ། །
ཆ་རྐྱེན་མེད་པར་ཁྱོད་ལ་ཕུལ་རྗེས། །
ཕྱིར་བལྟས་མེད་པར་རྒྱང་ལ་བཞུད་འདི། །
དཀའ་སྡུག་སྟོང་གིས་དོ་ཟླ་མིན་ནོ། །
སེམས་ཀྱི་སྣང་བོར། སྣང་ངོར་ལ་བཅོས།
དངོས་ནས་བག་ཆགས་ཟབ་པའི་བརྩེ་བ་རེད་སྙམ་པ་ཞིག་བྲིས་འདུག
སྐྱོ་བ་སྐྱེ་ཞིང་སྙིང་ཡང་རྗེ།
བརྗོད་བྱ་བཙོག་ཀྱང་བརྗོད་བྱེད་ལ་སྒྱུར་རྩལ་ཕྲན་བུ་འདུག
དེང་གི་རྩོམ་པོ་ཚོར་བརྗོད་བྱེད་ལ་སྒྱུར་རྩལ་གྱི་ཉམས་ལྡན་ནའང་བརྗོད་བྱ་དོན་གྱི་སྟོང་ཞིང་ཕལ་རྩོམ་ཤ་སྟག་ལ་འགྱུར་འགྲོ་བ་འདིས་དོན་ལ་གཞན་ཕན་གྱི་ཕུགས་ནོར་ཡོན་ཏན་ངོ་མ་ཞིག་མེད་པའི་མཚན་མ་རེད།
བརྗོད་བྱེད། རྗོད་བྱེད། སྒྱུར་རྩལ། སྒྱུ་རྩལ། དོན་གྱི་སྟོང་། དོན་གྱིས་སྟོང་། ལོག་སྨྲ་ཚར་གཅོད་པས་དང་པོར་རང་གིས་འབྲི་བཞིན་པའི་ཡིག་ནོར་དག་ཚར་བཅད་རྗེས་ད་གཟོད་བརྗོད་བྱ་དང་། སྒྱུ་རྩལ། གཞན་ཕན་སོགས་གླེང་ན་མཛེས་སོ།།
ཁ་སང་རྒྱ་གར་ཨུཏ་ཏར་པྲ་དེཤ་གྱི་ས་ཁུལ་ཞིག་ཏུ་གྲོང་གི་བརྒྱ་དཔོན་གྱིས་གྲོང་དེར་བུ་མོ་ཚོས་ལག་ཐོག་ཁ་པར་ཉར་མི་ཆོག་པ། ལོ་བཞི་བཅུ་འོག་གི་བུད་མེད་ཚོ་ཁྲོམ་དུ་འགྲོ་མི་ཆོག ཕ་མས་སྒྲིག་པ་ལས་རང་མོས་ཀྱི་མཉེན་སྒྲིག་བྱེད་མི་ཆོག་པ་བཅས་ཁྲིམས་བསྒྲགས།
ཁ་སང་རྒྱ་གར་ཨ་སམ་གོ་ཧ་ཏིར་ཕྱི་དྲོ་ཞིག་ཏུ་བུ་མོ་ལོ་ ༡༩ ཅན་ཞིག་ཨ་རག་ཁང་ཞིག་ཏུ་མགྲོན་དུ་སོང་ཏེ་ལོག་དུས་གཞུང་ལམ་ཐོག་ཕོ་གསར་བཅོ་ལྔ་ཙམ་གྱིས་རུབ་སྟེ་ཆུ་ཚོད་ཕྱེད་ཙམ་རིང་བརྙས་བཅོས་ཚད་མེད་བྱས་འདུག་པས་དེང་དུས་རབས་ ༢༡ ནང་རྒྱ་གར་ལྟ་བུར་བུ་མོའི་ལས་དབང་འདི་ཨ་ཙ་མ་སྙམ།
ཡོད་ཚད་རྒྱུ་ཡིས་དབང་བསྒྱུར་བྱས་དུས་འདིར།།
ཡིད་རྟོན་རུང་བའི་མཛའ་མོ་གང་ན་མཆིས།།
དེ་རིང་ཁྱོད་ཀྱི་སེམས་ཁམས་སྨུག་པས་བཏུམས་ཡོད།
དེ་རིང་ཁྱོད་ཀྱི་མིག་ཟུང་ཆི་མས་བརླན་ཡོད།
འོན་ཀྱང་་་་ཁྱོད་རང་ཡིད་མ་ཆད།
ད་དུང་་་་་ཁྱོད་རང་ཐབས་མ་ཆག
ཕམ་ཁའི་ཁྲོད་ན་བླ་ན་མེད་པའི་རྒྱལ་ཁ་ཡོད་པར་ང་ལ་ཡིད་ཆེས་ཡོད།
སེམས་མ་སྐྱོ་ཨ། གྲོགས་པོ།
ང་ཡང་ད་སྐབས་སྐྱོ་ནས་ཡེད། ཉིན་ཤས་གོང་ལ་མཛའ་མོ་དང་འགལ་སོང་། བོད་ཀྱི་བུ་མེད་ལ་ཡིད་ཆེས་མ་བྱེད།
རང་སྡུག་རང་གིས་ཉོས་པར་སྙིང་མི་རྗེ། །བརྩེ་དུང་རང་བཞིན་མཐའ་མ་སྡུག་ལ་སྦྱོར། །
ཕོ་མོའི་བརྩེ་དུང་སྙན་པར་མིང་འདོགས་ཀྱང་། །དོན་ལ་སྤང་བྱ་ཡིན་པས་དགའ་ཞེན་སྤོང་། །
ཞིམ་དངར་འོ་ཇ་དཀར་པོ། སྙིང་གྲོགས་ཁྱེད་ཀྱི་མཆོད་རོགས