༼རྩོམ་འཆལ་འདི་ནི་ཕྲན་གྱིས་ ༡༩༩༢ ནས་ ༡༩༩༦ བར་ཕྱོགས་བསྒྲིགས་བྱས་པའི་བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང་ཞེས་པ་ལས་དྲངས་པ་ཡིན། དོན་ཚན་འགའ་རེ་ད་ཆ་བསམས་སྐབས་ལོ་ཆུང་གི་སྣང་བ་ལ་བརྟེན་ནས་བྲིས་སྟབས་ངོ་ཚ་དགོས་པ་དེ་འདྲ་འདུག འོན་ཀྱང་འདི་སྐོར་ལ་དཔྱད་ཞིབ་པ་རྣམ་པས་དཔྱད་གཞིར་ཕན་ངེས་ཞེས་འདིར་དྲངས་པ་ལགས། དགེ་འདུན་རབ་གསལ་གྱིས།༽
སྐད་ཡིག་གསར་བཟོའི་གོ་རིམ་ལ་བསམ་ཞིབ་བྱེད་སྐབས་ངེས་པར་དུ་རི་མོའི་སྐོར་ལ་བསམ་ཞིབ་མ་བྱས་ཀ་མེད་ཡིན། གང་ཡིན་ཟེར་ན། རི་མོ་ནི་རི་མོ་མཁན་གྱི་འཆར་སྣང་འདྲ་གཟུགས་སུ་བཀོད་ནས་དེ་དག་སྤྱི་ཚོགས་ལ་ངོ་སྤྲོད་བྱེད་པའི་ཐབས་ལམ་ཤིག་ཡིན་པས་རི་མོ་ལ་བརྡའ་སྤྲོད་ཀྱི་ནུས་པ་ཡོད་ཅིང་། རི་མོ་ལ་བརྡ་སྤྲོད་ཀྱི་ནུས་པ་ཡོད་པའི་རིགས་འགྲོས་ཀྱིས་དཔྱད་ན་སྐད་ཡིག་ཀྱང་རི་མོའི་ཁྱབ་ཁོངས་སུ་བསྡུ་ཆོག་པ་ཞིག་རེད།
འགྲོ་བ་མིས་རི་མོ་བཀོད་འབྲི་བྱེད་པའི་ལས་རིམ་ནང་། མིག་གིས་མཐོང་བའི་གཟུགས་དང་རྣ་བས་གོ་བའི་སྒྲ་གཉིས་ཀྱི་འདྲ་དབྱིབས་བཀོད་འབྲི་བྱེད་པ་མ་གཏོགས་རོ་དང་། རེག་བྱ། དྲི། ཡིད་སོགས་རི་མོའི་རྣམ་པར་སྤེལ་ཐུབ་མེད་མོད། འོན་ཀྱང་དེ་དག་རི་མོའི་ནང་དུ་ཆ་ཚང་བར་བསྟིམས་ཐུབ་ཀྱི་ཡོད།
རི་མོ་ལ་བཀོད་འབྲི་བྱ་ཡུལ་གྱི་མ་ཕྱིའི་ཆ་ནས་རིམ་པ་གཉིས་སུ་ཕྱེར་ཡོད། མིག་གི་ཤེས་པས་མཐོང་ནུས་པའི་དངོས་པོ་རྣམས་རི་མོའི་རྣམ་པར་བཀོད་འབྲི་བྱ་རྒྱུ་ནི་ཅུང་སྐབས་བདེ་ཞིག་ཡིན། རི་མོ་མཁན་གྱིས་མཛེས་ཤིང་སྡུག་པའི་ཁོར་ཡུག་དང་བརྗེད་དུ་ཕངས་པའི་ཕ་མ་སོགས་ཀྱི་གཟུགས་རིས་འབྲི་རྩོལ་བྱེད་པའི་རྣམ་པ་དེ་ཆ་མ་ཚང་བ་ནས་ཆ་ཚང་ཞིང་ཡར་རྒྱས་ཀྱི་ངོ་བོ་ལྡན་པའི་ཕྱོགས་སུ་བསྐྱོད་པའི་དུས་རིམ་ནང་། ཕྱི་རོལ་བྱ་དངོས་རྣམས་སྐབས་བདེའི་རི་མོར་ཕབ་འབྲི་བྱེད་པའི་ལུགས་སྲོལ་ཞིག་དར་བ་དང་། དེས་བརྒྱུད་སྐུལ་བྱས་པ་ལ་བརྟེན་ནས་འདྲ་གཟུགས་ཀྱི་ཡི་གེ་རྣམས་བྱུང་བ་ཡིན། དེ་བས་འདྲ་གཟུགས་ཡི་གེ་ཡི་ཐོག་མའི་སྲོལ་འབྱེད་མཁན་ཡང་གནའ་རབས་ཀྱི་རི་མོ་བ་དག་ལ་ངོས་འཛིན་བྱེད་དགོས་པ་ཡིན་ཞིང་། འདྲ་གཟུགས་ཀྱི་ཡི་གེ་ལ་མཁས་པ་རྣམས་ཀྱང་རྣམ་པ་མི་འདྲ་བའི་རི་མོ་མཁས་པ་ཞིག་ལ་ངོས་འཛིན་བྱེད་འོས་པ་ཡིན། འདྲ་གཟུགས་ཡི་གེས་བརྗོད་བྱའི་བྱ་དངོས་ཀྱི་འདྲ་དབྱིབས་དེ་སྐྱེ་བོའི་མིག་ལམ་དུ་མཁོ་སྤྲོད་བྱེད་པ་དང་ཕྱོགས་མཚུངས་བརྡ་སྤྲོད་ཀྱི་ནུས་པ་བཟུང་ཡོད་པ་དེ་ནི་ཡི་གེའི་རིགས་གཅིག་ཡིན་པ་སྟེ་དཔེར་རྒྱ་ཡིག་ལྟ་བུའོ།།
གདངས་མཚོན་རི་མོ་ཞེས་པ་འདིས་སྒྲ་སྦྱོར་གྱི་ཡི་གེའི་གྲུབ་ཆ་གསལ་བཤད་བྱེད་ཐུབ། སྐྱེ་བོ་རྣམས་ཀྱི་སྐད་གདངས་ལ་ལྷན་སྐྱེས་ཀྱིས་དབྱེ་བ་གཉིས་སུ་ཡོད་པ་ནི་འཇམ་རྩུབ་ཀྱི་རྣམ་པ་གསལ་བའི་ང་རོ་དང་། འགྱུར་ཁུགས་རང་བཞིན་གྱིས་གྲུབ་པའི་དབྱངས་གཉིས་རེད། དེ་གཉིས་རི་མོའི་རྣམ་པར་ཕབ་འབྲི་བྱེད་རྒྱུ་ནི་དེ་ཙམ་གྱི་ལས་སླ་པོ་ཞིག་མིན། དེང་སང་ཆོས་ལུགས་ཆོ་གའི་ནང་སྤྱོད་བཞིན་པའི་དབྱངས་ཡིག་དང་དུང་ཡིག་སོགས་ཀྱིས་ཀྱང་གདངས་མཚོན་རི་མོའི་ངོ་བོ་གསལ་བཤད་བྱས་ཡོད། འགྱུར་ཁུགས་རང་བཞིན་གྱི་དབྱངས་ཡིག་ནི་དབྱངས་ཀྱི་འདེགས་འཇོག་འབེབས་འཐེན་སོགས་རི་མོར་ཕབ་འབྲི་བྱས་ཡོད་པ་ནི་བོད་ཀྱི་དབྱངས་ཡིག་དང་རྒྱ་གར་གྱི་དབྱངས་ཡིག་སོགས་བསྡུར་ཙམ་གྱིས་གསལ་བོར་རྟོགས་ཐུབ་པ་ཞིག་རེད། ང་རོ་ཅན་གྱི་གསལ་བྱེད་ཀྱི་རི་མོ་ནི་ཡི་གེ་རེ་རེ་སྐྱེ་གནས་གང་དང་གང་ནས་རླུང་གི་རྩོལ་བ་ཤུགས་ཇི་འདྲ་ཞིག་གིས་ཕྱི་རོལ་དུ་འབྱིན་པའི་སྐབས་ཀྱི་མགྲིན་པ། རྐན། མཆུ། ལྕེ་སོགས་ཀྱི་རྣམ་འགྱུར་ཕྱོགས་བསྡོམས་བྱས་ནས་གྲུབ་པར་བྱས་ཡོད། དེར་བརྟེན་སྒྲ་སྦྱོར་གྱི་ཡི་གེ་རྣམས་ཀྱི་རི་མོའི་རྣམ་པ་ཟུར་ཙམ་འདྲ་བོ་ཡོང་གི་རེད། སྒྲ་སྦྱོར་གྱི་ཡི་གེས་བརྗོད་བྱའི་འདྲ་དབྱིབས་མཁོ་སྤྲོད་མི་བྱེད་པར་རྗོད་བྱེད་མིང་གི་གདངས་དབྱིབས་མཁོ་སྤྲོད་བྱེད་པ་བརྒྱུད་ནས་སྤྱི་ཚོགས་ནང་གི་བརྡའ་སྤྲོད་ཀྱི་ལས་རིམ་སྒྲུབ་ཐུབ་ཀྱི་ཡོད། དེས་ན་བོད་ཀྱི་ཡི་གེ་ཡང་སྒྲ་སྦྱོར་ཡི་གེའི་ཁོངས་སུ་གཏོགས་པ་ཡིན།
བོད་ཡིག་གསར་དུ་བཟོས་ཚུལ་བཤད་སྐབས་རྩོད་གཞི་གཉིས་ཚུར་སྣང་བྱས་ཡོང་བ་ནི། སྐད་ཀྱི་གདངས་ཤིག་གསར་བཟོ་བྱས་སམ་རི་མོ་ཞིག་གསར་བཟོ་བྱས་ཞེས་པ་འདི་ཡིན། དང་པོའི་སྐབས་ཉེ་རབས་དང་དེང་རབས་མཁས་པ་ཕལ་ཆེ་བས་སྐད་ཀྱི་གདངས་ནི་སྔ་མོ་ནས་ཡོད་པས་གསར་བཟོ་བྱས་པར་མི་འཐད་ཅེས་པའི་དགོངས་ཚུལ་བཏོན་ཡོད།[1] ཡིན་ན་ཡང་ཕྱོགས་གཅིག་ནས་རྒྱ་གར་གྱི་དབྱངས་གསལ་གྱིས་བོད་ཀྱི་དབྱངས་གསལ་གྱི་ཚབ་བྱས་ཏེ་བོད་ཀྱི་སྐད་ཆའི་ལས་རིམ་ནང་ཞུགས་ཐུབ་མིན་གྱི་དོགས་པ་ཡོད་པ་དང་། གཉིས་ནས་བོད་ཡིག་ལ་དབྱངས་གསལ་གྱི་རྣམ་དབྱེ་གསལ་བོར་མ་ཕྱེ་བའི་སྔོན་། བོད་ཀྱི་སྐད་ཆའི་ནང་དབྱངས་གསལ་ཆ་ཚང་བར་ཡོད་ཀྱང་བོད་སྐད་ཀྱི་མིང་གཞིའི་ང་རོ་སུམ་ཅུར་ངེས་པ་དང་དབྱངས་བཞིར་ངེས་པ་སོགས་ཀྱི་རྣམ་པ་ཟུར་འདོན་བྱས་མེད་པར་བརྟེན། དབྱངས་གསལ་གྱི་ཡི་གེ་ཟུར་འདོན་བྱས་རྗེས་དེ་དག་ལ་གསར་གྲུབ་ཀྱི་རྣམ་པ་ཞིག་རང་བཞིན་གྱིས་བྱུང་ཡོད་པས་དགོངས་ཚུལ་དེ་ལ་ད་དུང་དགོངས་བཞེས་གནང་རྒྱུ་བསྡད་ཡོད།
རྒྱལ་རབས་ཡིག་ཆ་རྣམས་སུ་ཡང་སྐབས་དོན་འདི་བཤད་སྐབས་སྐད་ཀྱི་གདངས་ལ་ལས་སྣོན་བྱས་པའི་རྣམ་པ་གསལ། མཚོན་ཙམ་ཞུས་ན། རྒྱ་གར་གྱི་ཡི་གེ་ལྔ་བཅུ་ལས་བོད་ལ་ཉེ་བར་མཁོ་བ་གསལ་བྱེད་ཉེར་བཞི་དང་དབྱངས་བཞི་བཏོན། གཞན་ལྷག་མ་རྣམས་བོད་ལ་མི་མཁོ་བས་དོར། དེ་ཙམ་གྱིས་བོད་ཀྱི་སྐད་ཆ་ཚང་བ་ཡི་གེར་འབྲི་མ་ཐུབ་པས་རྒན་མོ་ཞིག་གི་ངག་ལ་བརྟེན་ནས་ཡི་གེ་དྲུག་རྙེད་སོགས་འཁོད་ཡོད་པ་རེད།[2] སྐབས་འདིར་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། བོད་ཡིག་གི་ཡིག་གཟུགས་དེ་རྒྱ་གར་གྱི་ཡི་གེ་ལ་དཔེ་བྱས་ཏེ་གསར་དུ་བཟོས་པ་ཡིན་ཟེར་བའི་གོ་དོན་ཡིན་གྱི། བོད་ཡིག་རྒྱ་གར་གྱི་ཡི་གེ་ལ་དཔེ་བྱས་ནས་བཟོས་པ་ཡིན་ཟེར་བའི་དོན་མིན། རྒྱུ་མཚན་ནི། ཡི་གེ་ཡོད་པའི་མི་རིགས་གང་འདྲ་ཞིག་ཡིན་ནའང་རང་ཉིད་ཀྱི་ཡིི་གེ་རང་ཉིད་ཀྱི་སྐད་གཞིར་བཟུང་ནས་བཟོས་པ་ཡིན་པ་ལྟར་བོད་ཡིག་ཀྱང་དེ་འདྲ་རང་རེད།[3] ཅེས་ཐོན་མིས་རྒྱ་གར་ཡི་གེ་ལ་དཔེ་བླངས་པར་གསུངས་པའི་རྒྱལ་རབས་རྣམས་ལ་དགོངས་གཞི་འཇོག་འདོད་ཀྱིས་གསུངས་ཡོད། འདི་ནི་ཁོང་གིས་ཞིབ་ཆ་དོད་པོའི་ཐོག་ནས་གསུངས་པ་ཞིག་རེད། ཁོང་གིས་བོད་ཀྱི་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་དེ་བོད་ཀྱི་སྐད་ཆ་གཞིར་བཟུང་ནས་བཟོས་པ་དང་། བོད་ཡིག་གི་ཡིག་གཟུགས་ནི་རྒྱ་གར་ཡི་གེ་གཞིར་བཟུང་ནས་བཟོས་ཞེས་དབྱེ་མཚམས་གཉིས་ཀྱི་སྒོ་ནས་བོད་ཡིག་གི་གྲུབ་རིམ་བཤད་ཡོད། དེས་ན། བོད་ཀྱི་སྐད་ཆ་དང་བོད་ཡིག་གཉིས་ལ་རྨང་གཞི་དང་རྨང་གཞི་ཅན་གྱི་འབྲེལ་བ་ཡོད་པ་ཞིག་དང་། བོད་ཡིག་དང་བོད་ཡིག་གི་གཟུགས་རིས་གཉིས་ལ་རྨང་གཞི་དང་རྨང་གཞི་ཅན་གྱི་འབྲེལ་བ་གང་ཡང་མེད་པ་ལྟ་བུ་ཞིག་ཆགས་ཡོད། དེ་ལྟ་བུའི་གོ་རིམ་ཐ་དད་པའི་འོག་བོད་ཡིག་བཟོ་མཁན་དང་བོད་ཡིག་གི་ཡིག་གཟུགས་བཟོ་མཁན་གཉིས་གང་ཟག་ཐ་དད་དུ་གྱེས་ཆོག་པའི་སྣང་ཚུལ་ཞིག་ཀྱང་གནས་ཡོད་པ་ཡིན།
སྤྱིར། དཔེ་བྱས་མ་བྱས་དང་གཞིར་བཟུང་མ་བཟུང་གཉིས་གོ་དོན་གཅིག་ཡིན་པའི་ལྟ་ཚུལ་ཐོག་ནས་བཤད་པ་ཡིན་ན། བོད་ཡིག་གི་ཡིག་གཟུགས་དེ་རྒྱ་གར་གྱི་ཡི་གེ་གཞིར་བཟུང་ནས་བཟོས་པ་དང་། རྒྱ་གར་གྱི་ཡི་གེ་དེ་རྒྱ་གར་སྐད་ཆ་གཞིར་བཟུང་ནས་བཟོས་པ་རེད་ཅེས་པ་དེས། བོད་ཀྱི་ཡིག་གཟུགས་དང་རྒྱ་གར་ཡི་གེ རྒྱ་གར་སྐད་ཆ་བཅས་ལ་གཏིང་ཟབ་པའི་རྨང་གཞི་དང་རྨང་གཞི་ཅན་གྱི་འབྲེལ་བ་ཞིག་ཆགས་ཡོད་པ་གསལ་བཤད་བྱས་ཡོད། དེ་ལྟར་ན། བོད་ཀྱི་ཡིག་གཟུགས་ནི་རྣམ་པ་མི་འདྲ་བའི་རྒྱ་གར་གྱི་ཡིག་གཟུགས་ཤིག་ཆགས་པ་རེད། བཤད་ཚུལ་འདིས་བོད་ཡིག་དང་བོད་ཡིག་གི་ཡིག་གཟུགས་གཉིས་ཀྱི་བར་དུ་གནས་པའི་གཟུགས་དང་གཟུགས་ཅན་གྱི་འབྲེལ་བ་རྩིས་མེད་དུ་བཏང་ཡོད།
འགའ་ཞིག་གིས་ཐོན་མིས་བོད་ཡིག་གི་ཡིག་གཟུགས་གསར་བཟོ་བྱས་པར་བཤད་ཀྱིན་བཤད་ཀྱིན་ཡང་བསྐྱར་གནད་དོན་ཞིག་དོགས་གཞིའི་གཡང་དུ་བསྐྱུར་ཡོད། དེ་ནི་རྒྱ་གར་ཡི་གེ་ལ་དཔེ་བླངས་པའི་བསམ་ཚུལ་བཤད་སྐབས་ཡི་གེ་དྲུག་གསར་བསྣན་བྱས་པ་དང་ལྷག་མ་རང་འཇགས་བཞག་ཡོད་པའི་དགོངས་ཚུལ་བཏོན་པ་དེ་ཡིན། བོད་ཡིག་གི་རི་མོའི་རྣམ་པར་གཞིགས་ཚེ་གསར་དུ་བསྣན་པ་དང་རང་འཇགས་བཞག་ཅེས་པའི་ཐ་སྙད་ཡོང་དོན་མེད་དེ། བོད་ཀྱི་ཡི་གེའི་རི་མོ་ཆ་ཚང་ལ་གསར་གྲུབ་ཀྱི་རྣམ་པ་ཡོད་ན་ཡོད་མཉམ་ཡིན་པས་སོ།། བོད་སྐད་ཀྱི་གདངས་ལ་བསམ་བློ་བཏང་བ་ཡིན་ནའང་ཐ་སྙད་དེ་གཉིས་ཡོང་ཐབས་བྲལ་བ་ཞིག་སྟེ། བོད་ཀྱི་སྐད་གདངས་ལ་གསལ་བྱེད་དང་དབྱངས་དེ་དག་ཡོད་མཉམ་ཡིན་པས་སོ།།
ཡང་རྒྱ་གར་ཡི་གེ་ལ་ཡོད་ཀྱང་བོད་ལ་མི་མཁོ་བས་དོར་ཅེས་པའི་སྐོར་ལ། ས་པཎ་གྱིས།
ཊ་ཋ་ཌ་ཌྷ་ཎ་ཥ་དྲུག །
གྷ་ཛྷ་དྷ་བྷ་ཀྴ་སྟེ་ལྔ། །
དེ་ལྟར་ཡི་གེ་བཅུ་གཅིག་པོ། །
བོད་ལ་གཏན་ནས་མེད་པ་ཡིན།།
རྒྱ་གར་བ་ལའང་དེ་དག་ལ།།
ཡི་གེ་ལོག་དང་ཧ་བཏགས་མེད།
འོན་ཀྱང་བོད་ཀྱིས་བརྗོད་ཤེས་ཕྱིར།།
སྔོན་གྱི་བྱང་ཆུབ་སེམས་དཔས་མཛད།།[4] ཅེས་གསུངས་ཤིང་རྒྱལ་རབས་གསལ་མེ་ལས་ཀྱང་ལོག་པ་དང་མཐུག་པོའི་ཡི་གེ་རྣམས་ཕྱིས་ཀྱི་ལོ་ཙྭ་བ་དག་གིས་གསར་བཟོ་མཛད་པར་གསུངས་ཡོད། གོང་དུ་བོད་ལ་གཏན་ནས་མེད་ཅེས་གསུངས་པ་ནི་བོད་ཡིག་གི་མིང་གཞིའི་ཁྱབ་ཁོངས་སུ་མ་སླེབས་པའི་གོ་དོན་ཡིན། ས་པཎ་གྱིས་བྱིས་པ་བདེ་བླག་ཏུ་འཇུག་པའི་རྣམ་བཤད་དུ།
བོད་ཀྱི་ཡི་གེ་སུམ་ཅུ་བདུན། །
སྒྲ་ཡི་ཕ་མ་སུམ་ཅུར་འདུས། །ཞེས་བྱ་བ་ཡང་བོད་ལ་དགོས་པའི་ཡི་གེ་དེ་དག་ལ་འདུས་བྱ་བ་མ་ཡིན་གྱི། གཞན་དུ་ན་བོད་ཀྱི་ཡི་གེ་ལ་ཊ་ཋ་ལ་སོགས་པ་གཞན་ཡང་ཡོད་དོ།།[5] ཅེས་གསུངས། དེས་ན་ཡི་གེ་བཅུ་གཅིག་པོ་དེ་བོད་ཀྱི་སྐད་གདངས་ལ་ཡོད་པ་ཡིན་སྟབས་བོད་ལ་མི་མཁོ་བས་དོར་ཅེས་པ་ཡང་བྱུང་རྒྱལ་དུ་སྨྲས་པ་ཞིག་ཡིན།
གོང་གསལ་འདི་དག་ཁ་གསལ་དུ་བཤད་ན། བོད་ལ་དེང་སང་གི་ཡིག་འགྲོས་འདི་མ་དར་བའི་སྔོན་ཐོན་མིས་རྒྱ་གར་ཡི་གེ་ལ་མཁས་པར་སྦྱངས་པ་དང་། དེ་རྗེས་བོད་ཀྱི་རྒྱལ་པོའི་ཐུགས་དགོངས་དང་གཙོ་བོར་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དཀའ་ངལ་སེལ་ཕྱིར་ཡི་གེ་གསར་པ་ཞིག་བཟོ་རྒྱུའི་ལས་རིམ་ཆེད་འཛུགས་གནང་། རྒྱ་གར་ལ་སོགས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཡི་གེའི་གྲུབ་རིམ་ཁྲོད་སྐད་ཆའི་གདངས་ལ་དབྱེ་འབྱེད་བྱས་ནས་གསལ་བྱེད་ཀྱི་ཡི་གེ་བཟོས་ཡོད་པ་ལྟར་བོད་ཀྱི་སྐད་ཆའི་གདངས་ལ་ཉམས་ཞིབ་ཀྱིས་རྩ་བའི་མིང་གཞི་སུམ་ཅུར་གཏན་ལ་ཕབ། འགྱུར་ཁུགས་རང་བཞིན་གྱི་དབྱངས་ཡིག་ཟུར་འདོན་བྱས། དེ་དག་ཀྱང་འདྲ་གཟུགས་ཀྱིས་མཚོན་ཅི་ཐུབ་བྱེད་པའི་ཐབས་ལམ་སྤྱད་ནས་རི་མོའི་རྣམ་པར་བཀོད། དབྱངས་གསལ་ཕྲལ་སྦྱོར་གྱིས་མིང་ཚིག་སྒྲུབ་པའི་སྒྲ་འགྲོས་གསར་བཏོད་བྱས་ཏེ་རི་མོའི་ཚོགས་པ་ཞིག་གིས་སྐད་ཆ་དཔོག་ཐུབ་པར་བྱས་ཡོད་སོགས་སྨྲས་ན་དོན་ལ་ཉེ་བའི་གཏམ་སྨྲས་པར་འགྱུར་གྱི། རང་འཇགས་བཞག་དང་གསར་དུ་བསྣན་སོགས་སྨྲ་བ་ནི་སྤྱི་ཚོགས་རྨོངས་པར་བྱེད་པའི་འཕྲུལ་གཏམ་ཡིན་ནོ། །
དེས་ན། རི་མོ་བ་དོན་གྲུབ་ཀྱིས་ཁོ་རང་གི་གྲོགས་པོ་རྒྱ་གར་བ་ཞིག་གིས་ཐོན་གསར་བའི་རི་མོའི་འབྲི་ཆས་སྤྱད་ནས་རཱ་མཱ་ཡཱ་ནའི་རི་མོ་ཞིག་བྲིས་ཡོད་པ་མཐོང་རྗེས། བློ་རིག་གསར་པ་རྙེད་དེ་རང་ཉིད་ཀྱིས་ཀྱང་འབྲི་ཆས་དེ་མཁོ་སྒྲུབ་ཀྱིས་རྨ་ཆེན་སྦོམ་རའི་རི་མོ་ཞིག་བྲིས་པའི་བརྒྱུད་རིམ་ལྟ་བུ་ལ་ཆ་བཞག་ན། རྒྱ་གར་བས་བྲིས་པའི་རི་མོ་དེ་དང་ཁོང་གིས་བྲིས་པའི་རི་མོ་དེ་གཉིས་ཀྱི་བར་དུ་མཚུངས་ཆོས་མང་པོ་ཞིག་ཡོད་ཀྱང་རཱ་མཱ་ཡཱ་ནའི་རི་མོ་དེ་རྨ་ཆེན་སྦོམརའི་རི་མོའི་མ་དཔེ་མིན། རི་མོ་སྔ་ཕྱི་འདི་གཉིས་བར་གྱི་འབྲེལ་བ་དང་རྒྱ་གར་ཡིག་གཟུགས་དང་བོད་ཀྱི་ཡིག་གཟུགས་བར་གྱི་འབྲེལ་བ་གཉིས་ཀྱི་གནས་སྟངས་གཅིག་པ་ཡིན།
སྤྱིར་བོད་ཡིག་བཟོ་མཁན་གང་ཟག་སུ་ཡིན་ཡང་། རང་ཉིིད་ཀྱིས་སྐད་ཡིག་གཞན་པ་བརྒྱུད་སྒྲ་རིག་པའི་སྤྱི་འགྲོས་ལ་མཁས་པར་བྱ་བ་དང་། བོད་ཀྱི་སྐད་ཆ་ལ་ཡུན་རིང་བའི་ཉམས་ཞིབ་མཐིལ་ཕྱིན་པ་བྱེད་རྒྱུ་དེ་གཉིས་ནི་བོད་ཡིག་གསར་དུ་བཟོ་སྐབས་མེད་ཐབས་བྲལ་བའི་གལ་ཆེའི་ཆ་རྐྱེན་གཉིས་ལ་ངོས་འཛིན་བྱེད་དགོས། དེ་ལྟར་ན་ཐོན་མིས་བོད་ཡིག་བཟོ་སྐབས་ཡི་གེ་དྲྲུག་མ་རྙེད་པར་ཐུགས་མུག་ཅེས་པའི་གཏམ་རྒྱུད་དེ་ཡང་ཧ་ཅང་ཅོལ་ཆུང་བའི་བཤད་སྒྲོས་ཤིག་ཆགས་ཡོད།
སྐབས་འདིར་ཕྱོགས་གཅིག་ནས་ཡི་གེས་སྐད་ཆའི་རྨང་གཞི་བྱས་ཡོད་པ་དང་། ཕྱོགས་གཅིག་ནས་ཡི་གེ་རང་ཉིད་ཀྱང་སྐད་ཆ་གཞིར་བཟུང་ནས་བཟོས་ཞེས་པའི་གོ་རིམ་གཉིས་ང་ཚོར་སྣང་ཡོང་། གོ་རིམ་དེ་གཉིས་ཀྱིས་རང་བྱུང་སྐད་ཆའི་གྲུབ་རིམ་ཞིག་དང་གསར་བཏོད་ཡི་གེའི་གྲུབ་རིམ་ཞིག་སྟེ་རྟེན་འབྱུང་ལྟོས་གྲུབ་ཀྱི་རང་གཤིས་གཉིས་ངོས་འཛིན་བྱས་ཡོད།
དེ་ཡང་སྐད་ཆ་གང་འདྲ་ཞིག་ཡིན་ནའང་དབྱངས་གསལ་གཉིས་ནི་མིང་ཚིག་སྡེབ་སྦྱོར་ལས་རིམ་ཁྲོད་ཀྱི་རྨང་གཞི་ཡིན་པས་དབྱངས་གསལ་གཉིས་ཀྱིས་སྐད་ཆའི་ཁྱད་ཆོས་མཚོན་དགོས་པ་ཡིན། སྐད་ཆ་ནི་མིང་ཚིག་གི་ངོ་བོར་བསྟིམས་ནས་ཡོད་ཅིང་མིང་ཚིག་ནི་དབྱངས་གསལ་གྱི་ངོ་བོར་ཐིམ་ནས་ཡོད། དེར་བརྟེན་སྐད་འགྲོས་ཐ་དད་པའི་སྐད་ཆ་དག་གི་རྩ་བའི་ཁྱད་པར་ཞིག་སྐད་ཆ་དེའི་རྨང་གཞི་དབྱངས་གསལ་གྱི་ཐོག་ནས་ཐོན་དགོས་པ་ཡིན། སྒྲ་སྦྱོར་ཡི་གེ་མཁན་པོ་རྣམས་ཀྱིས་སྒྲ་སྦྱོར་གྱི་ཡི་གེ་ཐོག་མར་བཟོ་སྐབས། སྐད་ཆ་འམ་རྗོད་པའི་ཁོངས་ནས་ཚིག་བཏོན། ཚིག་གི་ཁོངས་ནས་མིང་བཏོན། མིང་གི་ཁོངས་ནས་རྩུབ་པ་གསལ་བྱེད་དང་འཇམ་པ་དབྱངས་གཉིས་ལོགས་སུ་བཏོན་རྗེས་དེ་དག་གི་སྐྱེ་གནས་སོགས་ཀྱི་གནས་ཚུལ་ཕྱོགས་བསྡོམས་བྱས་པ་བརྒྱུད་རི་མོའི་རྣམ་པར་སྤེལ་བ་ཡིན། གོ་རིམ་འདི་ནི།
ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། །
མིང་གི་ཁོངས་ནས་ཚིག་ཕྱུངས་ནས། །
ཚིག་གིས་དོན་རྣམས་སྟོན་པར་བྱེད། ། ཞེས་པ་འདིས་གསལ་བཤད་བྱས་ཡོད་ཅིང་སྐད་ཡིག་གི་གྲུབ་ཚུལ་ཐད་ནས་བཤད་ན་སྔ་མ་ལུགས་འབྱུང་དང་ཕྱི་མ་ལུགས་ལྡོག་གི་ངོ་བོར་ཡོད་པ་ཡིན།
སློབ་དཔོན་ཐོན་མིའི་སྐོར་གྱི་དོགས་གནས་འགའ་ཞིག་ལན་འདེབས།
དེང་སྐབས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་གླེང་ཕྱོགས་འདྲ་མིན་སྣ་ཚོགས་སྤྱད་ནས་ལོ་རྒྱུས་ཁྲོད་ཀྱི་ཐོན་མི་དེ་བསྐྱར་འབྲི་ཡང་འབྲི་བྱེད་བཞིན་ཡོད། འགའ་ཞིག་ལ་ཐོན་མི་འཇིག་རྟེན་དུ་བྱུང་ཡོད་མེད་ཀྱང་ཐེ་ཚོམ་དུ་གྱུར་ནས་སུམ་རྟགས་རྩོམ་པ་པོ་གཞན་ཞིག་འཚོལ། ལ་ལས་ཐོན་མི་ནི་འཇམ་དབྱངས་མིའི་རྣམ་རོལ་ཞིག་ཡིན་པའི་བསམ་ཚུལ་སྤྱད་ནས་ཁོང་གིས་བོད་ཡིག་གསར་བཟོ་བྱེད་ཐུབ་པ་ནི་ཁོང་ཤེས་བྱ་ལ་ཐོགས་ཐུག་བྲལ་བའི་རྣམ་མཁྱེན་ཡོད་པའི་དབང་གིས་ཡིན་ཞེས་སྨྲ། ཕྱོགས་དང་པོས་སྲོང་བཙན་སྔོན་ནས་བོད་ལ་ཡི་གེ་ཡོད་པ་དང་གཅིག བཙན་པོའི་སྐབས་ཀྱི་རྡོ་རིང་ཡི་གེ་དང་ཏུན་ཧོང་གཏེར་ཡིག་སོགས་སུམ་རྟགས་ཀྱི་ཁྲིམས་འོག་ན་མེད་པ་དང་གཉིས། ལོ་རྒྱུས་ཡིག་ཚང་རྙིང་བ་དག་ན་ཐོན་མིའི་ཆེ་རབས་ཀྱི་གནས་ཚུལ་མི་གསལ་བ་དང་གསུམ་བཅས་ལ་བརྟེན་ནས་ཐོན་མིའི་སྐོར་ལ་བསམ་ཚུལ་རང་རྐྱ་བ་ཞིག་འཛིན་གྱི་ཡོད།[6]
ཕྱོགས་སྔ་མའི་རྒྱུ་མཚན་དང་པོའི་སྐོར་ལ། སྲོང་བཙན་སྔོན་ནས་བོད་ལ་ཡི་གེ་ཡོད་པར་ཁས་བླངས་པ་ལ་བརྟེན་ནས་ཐོན་མིའི་ལོ་རྒྱུས་རྫུན་དུ་འགྲོ་བའི་གོ་སྐབས་མེད་ཅིང་། ཐོན་མིས་སུམ་རྟགས་ལ་སོགས་པ་བརྩམས་པར་ཁས་བླངས་པས་ཀྱང་བོན་གྱི་ལོ་རྒྱུས་ཀྱི་རིན་ཐང་རྩིས་མེད་དུ་བཏང་བ་ཞིག་ག་ལ་ཡིན། ང་ཚོས་སྲོང་བཙན་ཡར་སྔོན་བོད་ལ་ཡི་གེ་ཡོད་མེད་དཔྱོད་སྐབས་སྐད་ཆ་ཞིག་རི་མོ་དང་མཉམ་དུ་སྤྱོད་ཐུབ་ཀྱི་ཡོད་མེད་དང་སྐད་ཆ་ཞིག་རི་མོའི་རྣམ་པར་ཕབ་ཡོད་མེད་དཔྱད་གཞིར་བཟུང་བ་ཡིན། དེར་བརྟེན། རྩོད་གཞི་འདིའི་ངོས་ནས་ལོ་རྒྱུས་ཀྱི་དཀའ་ངལ་གང་ཡང་མཐོང་མི་ཐུབ། འོན་ཀྱང་། སྤྱི་ཚོགས་ཐོག་རྩོད་གཞི་འདིའི་སྐོར་གྱི་ཛ་དྲག་ཇེ་ཆེར་འགྲོ་བཞིན་པ་ནི་རྩོད་པ་འདིར་ཞུགས་མཁན་གྱི་མི་རྣམས་ལ་ན་ཚ་གཞན་པ་ཞིག་ཕོག་ཡོད། ན་ཚ་གཞན་པ་དེའི་དབང་གིས་མིག་རབ་རིབ་དང་ལྕེ་ལྡབ་ལྡིབ་ཏུ་གྱུར་ནས་དངོས་ཡོད་གནས་ཚུལ་བཤད་རྒྱུའི་གོ་སྐབས་འཐོབ་ཀྱི་མེད།
མང་པོ་ཞིག་གིས་སྲོང་བཙན་སྔོན་དུ་བོད་ལ་ཡི་གེ་ཡོད་ཅེས་ཨུ་ཚུགས་ཀྱིས་སྨྲ་བར་བྱེད། འོན་ཀྱང་དེ་སྔར་ཡོད་པའི་ཡི་གེ་དེ་སྒྲ་སྦྱོར་གྱི་ཡི་གེ་ཡིན་མིན་དང་། དབྱངས་གསལ་གྲངས་ངེས་ཚང་ཡོད་མེད། དབྱངས་གསལ་སྡེབ་སྦྱོར་གྱི་ལས་རིམ་ཡོད་མེད་སོགས་ལ་རྟོག་ཞིབ་བྱས་མེད་རྐྱེན་དཔྱད་པ་དེ་ཡང་ཕྲན་གྱི་ལྟ་ཚུལ་ལྟར་བྱས་ན་ཤིང་སྡོང་ཡོད་མེད་མ་ཤེས་པར་ཤིང་ཏོག་ཞིམ་མི་ཞིམ་འཚོལ་ཞིབ་བྱེད་པ་ལྟ་བུ་ཞིག་རེད་།[7]
རྒྱུ་མཚན་གཉིས་པའི་སྐོར་ལ། བཙན་པོའི་སྐབས་ཀྱི་ཡིག་རྙིང་ཁག་གི་གནས་སྟངས་དེ་སུམ་རྟགས་དང་མཐུན་གྱི་མི་འདུག་གསུངས་པ་དེ་ནི་ཕྱོགས་གཅིག་ནས་བདེན་ཤས་ཆེ་ཡང་སྐབས་འདིར་སུམ་རྟགས་གཉིས་ཀྱི་ངོ་བོའི་ཁྱད་ཆོས་ཙམ་མ་གཏོགས་སུམ་རྟགས་གཉིས་ཀྱི་འགྱུར་བའི་རང་བཞིན་ལ་མནོ་བསམ་བཏང་མེད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་ལོ་པཎ་མཁས་པ་རྣམས་ཀྱིས་སྔར་བསྒྱུར་ཟིན་པའི་བསྟན་བཅོས་ལ་ཞུས་ཆེན་དང་འགྱུར་བཅོས་མཛད་དེ་བོད་ཀྱི་སྐད་ཡིག་ཀྱང་རྣམ་པ་མི་འདྲ་བའི་རིམ་པ་གསར་པ་ཞིག་ཏུ་འཕོ་འགྱུར་བྱས་པའི་དུས་རིམ་ནང་ཁོང་ཚོས་སུམ་རྟགས་ལ་ཡང་འཕྲི་སྣོན་ཏན་ཏན་བྱས་ཡོད་པ་ཡིན། རྒྱུ་མཚན་ནི། སུམ་རྟགས་གཉིས་བོད་ཀྱི་བརྡ་སྤྲོད་བསྟན་བཅོས་ཀྱི་ཕྱི་མོར་དགོས་མཁོ་བྱུང་ཡོད་པ་དང་། བརྡའ་སྤྲོད་གཞུང་ལུགས་ཀྱིས་སྐད་ཡིག་གི་དཀའ་ངལ་སེལ་དགོས་པ། རང་ཉིད་ཀྱིས་གསར་བཏོད་བྱས་པའི་སྐད་ཡིག་གི་རྣམ་གཞག་དེ་སྤྱི་ཚོགས་ཐོག་སྲ་བརྟན་དང་དར་སྤེལ་བྱེད་དགོས་པའི་དབང་གིས་ཡིན།[8]
སྐབས་འདིར། སྐད་གསར་བཅད་སྔོན་གྱི་བོད་ཀྱི་སྐད་ཡིག་དེ་ཁྱད་ཆོས་བཞིའི་ཐོག་ནས་ངོས་འཛིན་བྱེད་ཐུབ་པ་ཡིན། དང་པོ། ཡི་གེ་ཀློག་པའི་སྐབས་སུ་སྔོན་རྗེས་སོགས་ཀྱི་གདངས་གསལ་བོར་ཐོན་གྱི་ཡོད་པ། གཉིས་པ། འབྲི་བའི་སྐབས་མིང་གཞིའི་ཕོ་མོ་མ་ནིང་གི་ཡི་གེ་དང་མགོ་འདོགས་སོགས་མང་པོ་ཞིག་ཁྱད་མེད་དུ་འབྱུང་བ།[9] གསུམ་པ། ཕྲད་གཞན་དབང་ཅན་གྱི་རིགས་ལ་རང་དབང་གི་རྣམ་པ་ཤུགས་ཆེར་ཡོད་པ།[10] བཞི་པ། བོད་མིའི་ཕལ་སྐད་ཀྱི་འགྲོས་དམ་པོར་ཡོད་པ་བཅས་ཡིན། དེས་ན། ཁྱད་ཆོས་དེ་བཞིས་བཅིངས་པའི་སུམ་རྟགས་དེ་སྤུས་ཚད་ལྡན་པའི་ཚིགས་བཅད་དེ། སྒྲ་རིག་པའི་བསྟན་བཅོས་འདི་འདྲ་ཞིག་ཏུ་གྱུར་པ་ནི་སུམ་རྟགས་ཀྱི་མི་ཚེའི་འགྱུར་བའི་ནང་གི་བྱིས་པ་ནས་དར་མར་འཕོ་འགྱུར་བྱས་པའི་གནས་ཚུལ་ཞིག་ཡིན།
ཡང་རྒྱུ་མཚན་གསུམ་པའི་སྐོར་ལ། ལོ་རྒྱུས་གང་ཡང་རུང་བ་ཞིག་གི་ནང་གང་ཟག་དེའི་ཆེ་རབས་འཁོད་པ་ལ་གང་ཟག་ཁོ་སྤྱི་ཚོགས་ཐོག་གི་གྲགས་ཅན་མི་སྣ་ཞིག་ཡིན་དགོས། གྲགས་པ་ཟེར་བ་སྤྱི་ཚོགས་ཐོག་ནས་ཡོང་དགོས་པ་ཞིག་ཡིན། མགར་སྟོང་བཙན་དང་ཐོན་མི་གཉིས་ལ་མཚོན་ན་གཅིག་སྲིད་དོན་པ་དང་གཅིག་ཤེས་ཡོན་ཅན་རེད། སྲིད་དོན་པའི་གོ་ས་དང་ཤེས་ཡོན་ཅན་གྱི་གོ་ས་གཉིས་ངོ་བོ་མི་འདྲ། མཁས་པ་སློབ་པའི་དུས་ན་སྡུག་ཅེས་པ་ལྟར་དཀའ་སྡུག་གི་བརྒྱུད་རིམ་མང་པོ་ཞིག་འགྲིམ་པ་ལས་ཤེས་ཡོན་ཅན་གྱི་གོ་ས་ལེན་དགོས་པ་ཡིན། ཤེས་ཡོན་ཅན་གྱི་སྙན་གྲགས་དེ་ཤེས་ཡོན་ཅན་གྱི་སྤྱི་ཚོགས་ཁྲོད་ནས་ཡོང་དགོས་པ་ཡིན།[11] ཐོན་མི་འཇིག་རྟེན་དུ་བྱོན་པའི་དུས་སུ་བོད་ནང་གི་ཤེས་ཡོན་ཅན་གྱི་གྲངས་འབོར་གྱིས་བོད་མིའི་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་ལྔ་ཙམ་ཡང་ཟིན་ཐུབ་མེད་པས་སྐབས་དེར་ཤེས་ཡོན་ཅན་གྱི་རམ་འདེགས་འོག་གི་སྙན་གྲགས་དེས་སྲིད་དོན་པའི་སྙན་གྲགས་གྱི་དོ་ཟླར་མི་འོང་བ་ནི་སྨྲོས་མི་དགོས་པ་ཞིག་ཡིན། དེར་བརྟེན་ཐོན་མིའི་སྙན་གྲགས་ཀྱིས་མཚོན་པའི་ཆེ་རབས་མང་པོ་ཞིག་ཡིག་རྙིང་དུ་མ་བྱུང་བ་རྒྱུ་མཚན་དུ་བྱས་ནས་ཐོན་མིའི་སྐོར་ལ་ཐེ་ཚོམ་ཟ་བ་ལ་ཡང་རིགས་པའི་ལྕི་ཤུགས་མི་ཆེ།
ཕྱོགས་ཕྱི་མའི་ལངས་ཕྱོགས་སྐྱོང་མཁན་ནི་ཕལ་ཆེར་རྒྱལ་དབང་ལྔ་པའི་སྐབས་ཡས་མས་སུ་བྱུང་བའི་ལོ་རྒྱུས་སྨྲ་བ་དག་ཡིན། ཁོང་ཚོས་ཐོན་མི་འཇམ་དབྱངས་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་བྱས་པ་དེས་ཐོན་མི་ནི་མ་བསླབས་ཀུན་མཁྱེན་དུ་སོང་ཞིང་། ཤེས་བྱ་ཐམས་ཅད་ལག་མཐིལ་ལ་སྐྱུ་རུ་ར་བཞག་པ་བཞིན་གསལ་ལེར་གཟིགས་པ་དེས་བོད་ཡིག་གསར་བཟོའི་དཀའ་ངལ་ཀུན་ཀྱང་གཞི་མེད་དུ་སོང་ཡོད། འོན་ཀྱང་འཇམ་དབྱངས་སུ་ཁས་ལེན་བཞིན་སྣང་ཚུལ་སོ་སྐྱེ་ལས་ཀྱང་ཞན་པའི་གཏམ་རྒྱུད་རིང་མོ་དག་ཀྱང་འདི་དག་གི་མཉམ་དུ་ཡོང་བཞིན་ཡོད་པ་ནི་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོར་རང་བཞིན་སྤྱི་མཚུངས་ཀྱིས་ཤན་ཐེབས་ཡོད་པའི་ན་ཚ་ཞིག་ཡིན།
[1] དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་བོད་ཀྱི་སྐད་ཡིག་འཕེལ་་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ་ཞེས་པའི་ཤོག་གྲངས། ༩ པར་གསལ་བོར་བཀོད་ཡོད་ཅིང་། ཉེ་རབས་མཁས་པ་ཕལ་ཆེར་གྱིས་དེ་ལྟར་ཡོངས་གྲགས་ལྟ་བུར་བཞེད།
[2] ཚེ་ཏན་ཞབས་དྲུང་གིིས་ཀྱང་ཐོན་མིའི་ཞལ་ལུང་དུ་བཤད་སྒྲོས་འདིའི་རིན་ཐང་ཁས་བླངས་མེད་པ་ལ་ཐུགས་ཁག་མི་འདུག་སྟེ་དེ་མཁས་པའི་གསུང་དུ་རློམ་བཞིན་དད་པ་བྱས་ན་དེར་ཟད་ཀྱི། དཔྱད་པའི་སྲང་ལ་འཇལ་སྐབས་སེའུ་བཅུ་བའི་ངག་ལྟར་དཔྱད་བཟོད་གང་ཡང་མེད་པ་མཐོང་གསལ་ལྟར་ལགས།
[3] བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ། མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཤོག་གྲངས ༩་པར་གསལ།
[4] སྔགས་ཀྱི་བཀལག་ཐབས་འབྲས་བུ་འབྱུང་བའི་མེ་ཏོག ས་སྐྱ་བཀའ་འབུམ། པོད་ལྔ་པ། ཤོག་གྲངས། ༢༥༡ ན ༡ པར་གསལ།
[5] བྱིས་པ་བདེ་བལག་ཏུ་འཇུག་པའི་རྣམ་བཤད། ས་སྐྱ་བཀའ་འབུམ། པོད་ལྔ་པ། ཤོག་གྲངས། ༢༣༩ བ ༤ པར་གསལ།
[6] ཚེ་རིང་ཐར་གྱིས་བརྩམས་པའི་བོད་ཡིག་འབྱུང་གཞིར་གསར་དུ་དཔྱད་པ། ཀྲུང་གོའི་བོད་ཀྱི་ཤེས་རིག
༨༨ ལོའི་དེབ་དང་པོ། ཤོག་གྲངས ༡༡༠ ་་་ ༡༢༡ སོགས་ན་གསལ།
[7] གོང་དུ་ཞང་ཞུང་ཡི་གེ་ལ་དཔྱད་ཞིབ་བྱས་པ་ལྟར་འདིར་ཡིག་རྙིང་མ་ཡིན་པའི་ཕྱོགས་བཟུང་བ་ཡིན།
[8] སྐབས་འདིར་སྐད་ལ་བཟང་ངན་དུ་ལྟ་བའི་ཤན་ཤུགས་ངན་པ་ཞིག་ཞུགས་པའི་མགོ་ཚུགས་པ་ཡིན། ས་པཎ་གྱིས་ཀྱང་ཡི་གེའི་སྦྱོར་བའི་ནང་། ཆོས་ཀྱི་སྐད་དང་མཐུན་པ་ཡིས་རང་ཡུལ་སྐད་ངན་སྤང་བར་བྱ། །ཞེས་གསུངས་ཡོད་པ་ལས་གསལ་བོར་མཐོང་ཐུབ། ས་སྐྱ་བཀའ་འབུམ། པོད་ལྔ་པ། ཤོག་གྲངས ༢༤༩ བ ༡ པར་གསལ།
[9] དཔེར་ན། གཅིག་ལ་གཆིག ཕྱག་ལ་པྱག བཅད་ལ་བཆད། གཏུམ་ལ་གཐུམ། སྟོབས་ལ་སྠོབས། སྙིལ་བ་ལ་རྙིལ་བ་སོགས་སུ་བྲིས་ཡོད་པ་དང་། དེང་སང་ཡང་བཅིང་འཆིང་སོགས་ཀྱི་རིམ་པ་ཞིག་ལག་ལེན་ནང་ཡོད་པ་ཡིན།
[10] དཔེར་ན། འབོན་ད་རྒྱལ་ཁྲི་ཟུང་གྱིས། གསེར་ཟངས་ཆེན་པོ་གསོལད་པ་དྔ། ཞེས་པ་དང་། དབྱརད་བཙན་ཕོ་སྤྲགསཿགྱི་ན་བཞུགས་སོགས་ཀྱིས་མཚོན།
[11] ས་པན་གྱིས། ལེགས་བཤད་རིན་པོ་ཆེའི་གཏེར་གྱི་སྤེལ་མ་བརྟག་པའི་རབ་བྱེད་དུ། མཁས་པ་མཁས་པའི་ནང་ན་མཛེས། །བླུན་པོས་མཁས་པ་ཇི་ལྟར་གོ །ཞེས་གསུངས་པས་ཀྱང་གནས་ཚུལ་འདི་གསལ་བཤད་བྱས་ཡོད།
ཆ་ཚང་ཀློག་ཐུབ་མ་སོང་སྟེ་གང་ལྟར་བོད་ཀྱི་རིག་གཞུང་ལ་ཁ་ཚ་དགོས་གཏུག་གི་ཕན་པོ་ཞིག་བྲིས་ཡོད་ས་རེད
དྲ་གྲོགས་རྣམས་པ་ཚོ་ལ་ཞུ་རྒྱུ་་་་་་་་་་་་་་་་སྤྱིར་དྲ་ཐོག་ལ་གསར་འགྱུར་རིགས་ལ་ཁ་ཚ་དགོས་གཏུག་གི་ཕན་པོ་ཞི་དྲག་མེད་པའི་རིགས་དེ་ཚོ་ལ་མཆན་པུ་མང་པོ་བཏབ་རྒྱུ་འདུག་ཀྱང་་བོད་པ་ཚང་གི་རིག་གཞུང་ལ་ཕན་པའི་རྩོམ་ཡིག་འདི་འདྲ་བོ་ལ་མཆན་བུ་ཞི་དྲག་མི་འདུག་ག་ཧ་ཧ་ཧ་ཧ་ཧ་་་་་་་་་་་་་་་་་
དགེ་རབ་ཁོང་རང་གིས་རྩོམ་འཆལ་གསུངས་འདུག་པས་ཏོག་ཙམ་ཉོབ་སོང་། ཡིན་ནའང་འདི་བོད་པའི་ཡ་རབས་ཟེར་བ་དེ་ཡིན་ཚོད་རེད། དུས་ཚོད་འདུག་ན་ཞིབ་ཀློག་བྱ་གི་ཡིན།
རྩོམ་པ་རང་ཉིད་ཀྱིས་བཤད་པ་ལྟར་རྩོམ་འཆར་རང་རེད་བཞག་་་རྒྱུ་མཚན་མེད་པའི་འཆར་གཏམ་དེ་འདྲ་ལ་་་་་མཆན་མང་པོ་བྲིས་ན་ཕན་ཐོག་ཅི་ཡོད།
བརྒྱ་བཤད་ཚིག་གི་རྩ་བ། སྟོང་བཤད་འོ་མའི་མར་ལོ་འདི་ན་འདུག་ག །འཆལ་གཏམ་ཞིག་གང་ནས་ཡིན།
བོན་ནག་ཚོ་ལ་བལྟས་ན་ཁོ་ཚོ་སྤྱང་པོ་ལོས་ཡིན།
ཐོན་མི་སྔོན་ལ་བོད་ཡིག་དང་སྟོན་པ་ཤཀྱ་ཐུབ་པ་ལས་ཅུང་སྔོན་ཙམ་ལབ་ན་སྟོན་པ་ཤཀྱ་ཐུབ་པའི་མགོ་ལ་རྐུན་མའི་ནག་ཉེས་འགེལ་རྒྱུ་དང་།
ཆོས་འབྱུང་གི་དུས་རབས་ལོ་རྒྱུས་ཀྱི་འགྲོ་སྟངས་ཚང་མ་ཡང་ནང་པ་སངས་རྒྱས་པས་གང་ལབ་པ་དེ་ལ་འདྲ་བཟོ་བྱས་ནས་འགྲོ་རྒྱུའི་འཆར་གཞི་རེད།
དེ་མིན་ཅི་མ་རེད། བདེན་པའི་ལོ་རྒྱུས་ནག་བསུབས་མ་བཏང་རོགས་་་་་་་་་་་་་་
ས་པཎ་གྱིས་ཀྱང་ཡི་གེའི་སྦྱོར་བའི་ནང་། ཆོས་ཀྱི་སྐད་དང་མཐུན་པ་ཡིས།།རང་ཡུལ་སྐད་ངན་སྤང་བར་བྱ།།
གསུང་འདི་གནད་འགག་ཆེན་པོ་རེད། རྒྱལ་བའི་གསུང་རབ་ཀྱི་ཐ་སྙད་གཞིར་བཟུང་ནས་ཆོས་ཚིག་གི་ཐ་སྙད་རྣམས་བཀའ་བསྟན་ལ་གཞི་བཅོལ་དགོས་པ་དང་། དེ་མིན་གྲོང་བ་རྒན་རྒོན་རྣམས་ཀྱི་བརྡའང་མ་བཀོལ་ན་གང་ལ་ཡང་ཕན་མི་ཐོགས་པར་འགྱུར་ངེས་ཆེ། སྐད་བརྡའི་འདོར་ལེན་མ་ནོར་བའི་ཐོག་ནས་རང་ཅག་རྣམས་ཀྱི་རྩ་བའི་མཁན་པོ་བཀའ་དྲིན་ཅན་ཐོན་མིའི་བཞེད་སྲོལ་བཟང་པོར་གཏུགས་གང་ཐུབ་བྱ་དགོས་པ་བོད་སྤྱི་སྐད་ཡུན་རིང་དུ་གནས་བར་འགྱུར་བའི་ཆ་རྐྱེན་གཙོ་བོ་དེ་ཡིན།
དགེ་འདུན་རབ་གསལ་ལགས་ཀྱིས་བྲིས་ཡོད་དུས་བློ་སྐྱེད་སྤེལ་བའི་གཏམ་གསར་བ་ཡོད་པར་རེ་ཡང་སྤྱོད་འཇུག་གི་རྩོམ་པ་དམ་བཅའི་རྗེས་སུ་སོང་འདུག
(རྩོམ་འཆལ་)ཡིན་པ་ནི་་་་་་་རྩོམ་པ་པོ་རང་ཉིད་ཀྱིས་རྩོམ་དེ་རྩོམ་འཆལ་ཡིན་པར་ཁས་བླངས་ཚར་དུས་རྗེས་སུ་ལྷན་པོ་རྒྱབ་ནའང་ཕན་ཐོག་ཡོད་ཀྱི་མ་རེད། གང་ལགས་ཞེ་ན་རྩོམ་ཡིག་དེའི་དགོངས་དོན་རྩོམ་པ་པོ་རང་ཉིད་ཀྱིས་རྩོམ་འཆལཞིག་ཡིན་པ་ཆེད་དུ་བཏོན་པས་སོ།།
སློབ་དཔོན་དགེ་འདུན་རབ་གསལ་གྱི་རྩོམ་ཡིག་འདི་བཀླགས་ཏེ། དོན་གོ་བ་ལ་བློ་རྣལ་དུ་གནས་དགོས་པར་མ་ཟད་ལོ་རྒྱུས་ལ་ཡང་རྒྱུས་མངའ་བ་ཞིག་དགོས། བདག་ལ་ནི་དུས་ཡུན་ཡང་མེད་པས། དཔྱད་པ་ལེགས་པ་ཞིག་བྱེད་མི་ཐུབ། འོན་ཀྱང་དྲི་བ་འགའ་ཞིག་སྔ་མོ་ནས་ལན་མང་དུ་དྲིས་ཀྱང་། ཡིད་ལ་བབས་པའི་ལན་ཞིག་ད་བར་མ་བྱུང་། དེ་ཡང་ས་པཎ་གྱིས་སྒྲ་རིག་པ་དེ་ཉེར་མཁོ་ཆེས་ཀྱང་། འདི་ལ་སྒྲའི་བསྟན་བཅོས་ཤིག་མེད་པ་ལ་ཐུགས་མ་ཚིམ་པའི་ཚུལ་བསྟན་དགོས་པ་དང་། ས་པཎ་གྱིས་སྨྲ་སྒོ་མཚོན་ཆ་ལ་ས་བཅད་མཛད་ཡོད་པས་སུམ་རྟགས་བཏང་སྙོམས་སུ་བཞག་ནས་མིང་ཙམ་ཡང་བཏོན་མེད་པ་དང་། ས་པཎ་གྱི་ཡི་གེ་སྦྱོར་བ་ན་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ཚིགས་བཅད་མང་པོ་ཇི་ལྟ་བ་བཞིན་ཡོད་པ་དེ་རྣམས་ས་པཎ་རང་གི་མ་གཏོགས་ཐོན་མིའི་ཡིན་པ་ཟུར་ཙམ་ཡང་གསུངས་མེད་པ་དང་། བུ་སྟོན་རིན་པོ་ཆེ་དང་། མཁས་གྲུབ་རྗེས་བོད་སྐད་ལ་ཉེ་བར་མཁོ་བའི་སྒྲའམ་བརྡ་སྤྲོད་ནི། སྨྲ་སྒོ་མཚོན་ཆ་ཡིན་གསུངས།
མདོར་ན། སྔོན་གྱི་མཁས་པ་རྣམས་སྨྲ་སྒོ་མཚོན་ཆ་ལ་དོ་སྣང་ཆེ་བ་དང་། ཕྱིས་སུ་སུམ་རྟགས་གཉིས་དར་ཁྱབ་ཏུ་གྱུར་པ་ན། སྨྲ་སྒོ་མཚོན་ཆ་བསྟན་འགྱུར་གྱི་ཕུག་པར་གཟིམ་ལ་ཤོར་དགོས་པ་སོགས་ཀྱི་སྐོར་ལ་ལོ་རྒྱུས་ལྡན་པའི་ལན་ཡང་དག་པ་ཞིག་ཡོད་ན། ཕྱི་ལོགས་པ་འགའ་ཞིག་དང་། བོད་ཀྱ་མཁས་པ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་དང་། བོད་ཀྱི་ལོ་རྒྱུས་མཁན་པོ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ཚིགས་བཅད་མང་ཆེ་བ་རྣམས་ས་པཎ་གྱི་ཡི་གེའི་སྦྱོར་བ་ཡོད་པ་བླངས་ཏེ། ཕྱིས་ཀྱི་ཡིག་མཁན་ཞིག་གིས་ཐོན་མིའི་ཡིན་ཞེས་རག་ལ་གསེར་གྱིས་གཡོགས་པ་ཡིན་ཞེས་བཤད་པ་དག་ལ་རིགས་པ་དང་ལྡན་པའི་ལན་ཞིག་གསུང་དགོས་པར་སྣང་།
བདག་གི་བསམ་པར་ཐུན་མིས་སྒྲའི་བསྟན་བཅོས་བརྒྱད་བརྩམས་པ་དེ་དག་གོ་མཁན་དཀོན་པས། བརླག་སྟོར་དུ་སོང་བ་མ་ཡིན་ནམ། དཔེར་ན། ས་པཎ་གྱིས་བོད་སྐད་ཀྱི་བརྡ་སྤྲོད་འགའ་ཞིག་གསུངས་ཀྱང་། རྟོགས་ཐུབ་མཁན་དཀོན་པས་གང་གི་གསུང་འབུམ་གྱི་ཕུག་པར་བྱིན་རླབས་ཀྱི་ཚུལ་དུ་གཟིམ་ནས་བཞུགས་པ་ལྟའོ།།
སུམ་རྟགས་ཀྱི་གཞུང་རྗེས་སུ་བརྩམས་པར་གསུངས་པ་དེ་ལ་རྒྱུ་མཚན་ཁ་ཤས་ཤིག་ཡོད་པ་རེད་འདོད།
གཅིག སྐད་ཀྱི་འཕེལ་རིམ་གྱི་གཞུང་ལུགས་དག་གཞིར་བཟུང་ན། དང་པོ་ཡི་གེ་དར་དུས་ནས་དེ་ལ་གཞུང་ལུགས་ཡོད་པ་མ་རེད། རིམ་པས་ཡི་གེ་འབྲི་སྤྱོད་ཀྱི་ལག་ལེན་ཁྲོད་མི་མི་འདྲ་བ་དང་ཁོར་ཡུག་མི་འདྲ་བ། སྐད་ཀྱི་ཁྱད་པར་སོགས་ལ་བརྟེན་ནས་དག་ཆ་མི་གཅིག་པ། ཕྲད་མི་གཅིག་པ་སོགས་གཅིག་གྱུར་མིན་པ་མང་པོ་ཞིག་ཡི་གེ་འབྲི་སྤྱོད་ཁྲོད་ཡོང་གི་ཡོད་པ་རེད། སྐབས་དེ་འདྲ་ཞིག་གི་སྐབས་ལ་གཞི་ནས་མི་རྣམས་ཀྱིས་གཅིག་གྱུར་གྱི་གཞི་འཛིན་ས་ཞིག་དགོས་པའི་ཤེས་རྟོགས་སླེབས་ཀྱི་ཡོད་པ་རེད། ཤེས་རྟོགས་སླེབས་པ་ལྟར་གཞུང་ལུགས་རྩོམ་མཁན་གྱི་མི་ཞིག་ཀྱང་སླེབས་ཀྱི་ཡོད་པ་རེད། ཡི་གེ་བརྩམས་དུས་ནས་གཞུང་ལུགས་ཡོད་པ་ཞིག་ཡོད་པ་མ་རེད། དེ་བས་ཐོན་མིས་ཡི་གེ་དང་སུམ་རྟགས་ཀྱི་གཞུང་གཉིས་ཀ་བརྩམས་པ་དེ་ལ་འགལ་བ་ཞིག་ཡོད་པ་རེད།
གཉིས། ཏུན་ཧོང་དང་རྡོ་རིང་གི་ཡི་གེ་དེ་ཚོ་དག་ཆ་དང་ཕྲད་སྦྱོར་སྟངས་སོགས་ལ་བལྟས་ཡོང་དུས་ཡི་གེ་འབྲི་སྤྱོད་གཅིག་གྱུར་བྱུང་མེད་པའི་སྐབས་ཡིན་པ་རེད། རྡོ་རིང་གི་ཡི་གེ་དེ་ཚོ་གཞུང་འབྲེལ་གྱི་ཡི་གེ་ཡིན་པ་མ་ཟད་ཏུན་ཧོང་གཏེར་ཡིག་ནང་གི རྒྱལ་རབས་ལོ་རྒྱུས་ཀྱི་ལོ་ཚིགས་གནད་བསྡུས་དེ་ཡང་གཞུང་འབྲེལ་གྱི་ཡིག་ཆ་ཞིག་ཡིན་པ་མཐོང་གི་འདུག ཐོན་མིས་སུམ་རྟགས་ཀྱི་གཞུང་བརྩམས་པ་བདེན་ན། གཞུང་འབྲེལ་གྱི་ཡི་གེ་འདི་དག་སུམ་རྟགས་དང་མཐུན་དགོས་པ་རེད་དེ་མཐུན་གྱི་ཡོད་པ་མ་རེད། དེ་ཡིན་དུས་དེ་ནའང་འགལ་བ་ཞིག་ཡོད་པ་རེད།
གསུམ། ཁྲི་སྲོང་ལྡེའུ་བཙན་སྐབས། སྒྲ་སྒྱུར་ལོ་ཙྰ་གླིང་བཙུགས་ནས་སྒྲ་བསྒྱུར་སྐབས་ནས་བཟུང་སྟེ་བསྟན་པ་ཕྱི་དར་བར་དུ། ཡིག་སྒྱུར་གྱི་གཞི་འཛིན་ས་སྒྲ་བསྒྱུར་བམ་པོ་གཉིས་པ་ཟེར་བ་འདྲ་བོ། བྱེ་བྲག་རྟོགས་བྱེད་ཟེར་བ་འདྲ་བོ་བྱས་ཡོད་ཚུལ་བཀོད་པ་ལས་གཞི་འཛིན་ས་སུམ་རྟགས་གཉིས་ཟེར་བ་ཞིག་ཡོད་པ་མ་རེད། ཡང་སྐད་གསར་བཅད་བྱས་པའི་ལོ་རྒྱུས་ཡོད་པ་རེད་དེ་སུམ་རྟགས་དང་མཐུན་པར་སྐད་གསར་བཅད་བྱས་ཟེར་བ་མཐོང་རྒྱུ་མེད་པ་རེད།
བཞི། དེ་ནས་བོད་ཀྱི་བརྡ་སྤྲོད་ཀྱི་བསྟན་བཅོས་དག་བྱུང་ཚུལ་ལ་བལྟས་ན། ཆེས་སྔ་ཤོས་ཤིག་ལོ་ཙྰ་བ་ལྕེ་ཁྱི་འབྲུག་གིས་བརྩམས་པའམ་བསྒྱུར་བའི་གནས་བརྒྱད་ཆེན་མོའི་རྩ་འགྲེལ། དེ་ནས་སྨྲི་ཏིས་བརྩམས་པར་གྲགས་པའི་སྨྲ་སྒོ་མཚོན་ཆ། དཔང་ལོ་ཙྰ་བའི་བརྩམས་པའི་ཚོགས་གསུམ་གསལ་བ་སོགས་ཀྱི་མིང་ཡང་ཡང་ཡོང་བ་ལས་སུམ་རྟགས་ཀྱི་གཞུང་ཟེར་བ་ཞིག་མཐོང་རྒྱུ་མེད་པ་རེད། གལ་སྲིད་ཐོན་མིའི་སྐབས་ནས་སུམ་རྟགས་ཡོད་པ་ཡིན་ན། བརྡ་སྤྲོད་ཀྱི་གཞུང་འདི་དག་་གི་གཞི་འཛིན་ས་ཞིག་ངེས་པར་ཡིན་དགོས་པས་དེའི་མིང་འདི་དག་ནང་ཡོང་དགོས་ཀྱང་ཡོང་མེད་པ་རེད། ས་པཎ་གྱིས་སྒྲའི་བསྟན་བཅོས་ཤིག་མེད་པ་ལ་ཐུགས་མ་ཚིམ་པའི་ཚུལ་བསྟན་དགོས་བྱུང་བ་འདི་དག་གིས་ཅི་ཞིག་སྟོན་གྱི་འདུག
ལྔ། སུམ་རྟགས་ཀྱི་འགྲེལ་བ་སྔ་ཤོས་དེ་གང་རེད། དེ་ལ་ཡང་བལྟ་རྒྱུ་ཞིག་མེད་དམ་སྙམ། ཚེ་ཏན་ཞབས་དྲུང་ཚང་གིས་སུམ་རྟགས་ཀྱི་འགྲེལ་བ་གསར་རྙིང་ཐོ་བཀོད་པ་ལྟར་ན། དང་པོ། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་་སུམ་རྟགས་ཀྱི་དོན་འགྲེལ་ཚིགས་བཅད་མ་ཡི་གེའི་སྦྱོར་བ་ཞེས་བྱ་བ་སོགས་ལེ་ཚན་ཁ་ཤས་ཞེས་བཀོད་འདུག་ཀྱང་དོན་དངོས་སུ་ས་པཎ་གྱི་ཡི་གེའི་སྦྱོར་བ་དེ་སུམ་རྟགས་ཀྱི་དོན་འགྲེལ་ཡིན་པ་ཞིག་བཀོད་མེད་པ་འདྲ། ངས་དེ་ལ་བལྟ་རྒྱུ་མ་བྱུང་།
དེའི་རྗེས། བཅོམ་ལྡན་རིགས་པའི་རལ་གྲིའི་སློབ་མ་དབུས་པ་བློ་གསལ་བྱང་ཆུང་ཡེ་ཤེས་(རབ་བྱུང་བཞི་པ། དུས་རབས་བཅུ་གཉིས་པ)ཀྱིས་མཛད་པའི་སུམ་རྟགས་འགྲེལ་བ་རེད་འདུག འགྲེལ་བ་འདི་སུམ་རྟགས་ཀྱི་འགྲེལ་བ་དང་པོ་དེ་ཡིན་པའི་དབང་དུ་བཏང་ན། དུས་རབས་བཅུ་གཉིས་པ་བར་དུ་སུམ་རྟགས་ཞེས་པ་ཞིག་མཐོང་རྒྱུ་མེད་པ་དེ་རྒྱུ་ཅི་ལ་ཐུག
ཕྱག་གཉིས་པས་བསམ་བློ་གཏོང་རྒྱུ་ཅན་ཞིག་བྲིས་འདུག
མཆན་བུ་༩པ་དང་། ༡༠པ་གཉིས་ནི། བོད་ཡིག་གོ་རིམ་བཞིན་ཡར་རྒྱས་སུ་ཕྱིན་པའི་ལོ་རྒྱུས་དཔྱད་གཞི་ཆེན་པོ་ཞིག་རེད་སྙམ་ལགས།
མགོན་པོ་ལགས་ཀྱིས་གསུངས་པའི་དོན་ཚན་དང་པོ་དང་གཉིས་པ་གཉིས་ཀྱི་སྐོར་ཕྲན་གྱི་རྩོམ་ནང་དུ་ཅུང་གསལ་འདུག་དྲན། ཐོན་མིས་རྒྱ་གར་གྱི་སྒྲ་མདོ་ཞིག་དཔེ་ལེན་ས་ཡོད་སྟབས་བརྡ་སྤྲོད་ཀྱི་བསྟན་བཅོས་མི་རྩོམ་པ་དེ་ལ་ཡང་གནོད་པ་འབབ་པ་རེད་དྲན། དོན་ཚན་གསུམ་པ་དང་བཞི་པ་དེ་གཉིས་རྩ་བའི་ཆ་ནས་རྒན་ལ་དྭགས་པས་གསུངས་པ་དང་མཐུན་པར་སྣང་། ད་ལྟ་སྔོན་གྱི་བསྟན་བཅོས་རྣམས་སླར་ཡང་ཀློག་རྒྱུའི་ལོང་མི་འདུག སྐབས་རྙེད་ཚེ་དང་རྒྱུ་མཚན་རྣལ་མ་ཐོབ་ཚེ་ཞུ་ངེས།
སྔོན་མ་པོ་ཏ་ལ་སོགས་བཙན་པོའི་ཕྱག་སྦལ་ན་ཡོད་ཟེར་བའི་དཔེ་ཆ་དེ་ཚོ་ད་ལྟ་རྙེད་ཡོད་དམ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་ཡིག་རྙིང་མང་པོ་ཞིག་གཟིགས་པ་ཡིན་ཞེས་གསུངས་འདུག ཡིག་རྙིང་དེ་ཚོ་ཁོང་ལ་གང་ནས་ཐོབ་པ་རེད། ད་ལྟ་གང་དུ་ཡོད་པ་རེད། ་ཡིག་རྙིང་སྐོར་ང་ཚོ་ལ་མེད་པའི་རྐྱེན་དེ་ལ་བརྟེན་ནས་སྔོན་གྱི་ཡོངས་གྲགས་ལོ་རྒྱུས་དེ་ཚོ་ལ་ཆ་འཛིན་བྱེད་རྒྱུ་དེ་རྒྱུ་མཚན་ཡང་དག་པ་ཞིག་རེད་དྲན།
ད་རྩ་བ་ཐུག་ས་གཅིག་ནི་གཤམ་གྱི་ལུང་འདི་རེད།
“བོད་ལ་སྔ་ན་ཡི་གེ་མྱེད་པ་ཡང་། །བཙན་པོ་འདི་འྀ་ཚེ་བྱུང་ནས། བོད་ཀྱི་གཙུག་ལག་བཀའ་གྲིམས་ཆེད་པོ་དང་། བློན་པོ་འྀ་རིམ་པ་དང་། ཆེ་ཆུང་གཉིས་ཀྱྀ་དབང་ཐང་དང་། ལེགས་པ་ཟིན་པ་འྀ་བྱ་དགའ་དང་། ཉེ་ཡོ་བ་འྀ་ཆད་པ་དང་། ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ་དང་། སླུངས་ཀྱི་གོ་བར་བསྙམས་པ་དང་། བྲེ་པུལ་དང་། སྲང་ལ་སྩོགས་པ། བོད་ཀྱི་ཆོས་ཀྱི་གཞུང་བཟང་པོ་ཀུན།། བཙན་པོ་ཁྲི་སྲོང་བཙན་གྱི་རིང་ལས་བྱུང་ངོ། མྱི་ཡོངས་ཀྱིས་བཀའ་དྲིན་དྲན་ཞིང་ཚོར་བས་། །སྲོང་རྩན་སྒམ་པོ་ཞེས་མཚན་གསོལ་ཏོ།།”
དེ་ནས་བཀའ་འགྱུར་དང་བསྟན་འགྱུར་དེ་ཚོ་ལ་གཟིགས་རྒྱུ་ཞིག་བསྡད་ཡོད་པ་རེད། སུམ་ཅུ་བ་དང་རྟགས་འཇུག་གཉིས་ཀ་དེང་གི་བཀའ་བསྟན་ཁྲོད་ན་ཡོད་པ་རེད། བཙན་པོ་དང་བློན་པོ་དག་གིས་མཛད་པའི་དཔེ་ཆ་སྐོར་ཞིག་ཀྱང་བཀའ་བསྟན་ཁྲོད་ན་ཡོད་པ་རེད།
ད་དེ་ནས། ཡི་གེའི་སྦྱོར་བ་ཙམ་མ་ཡིན་པར་ཐོན་མིས་ཡིག་ཕུད་དུ་གྲགས་པའི་ཚིགས་བཅད་དབྱངས་ངེས་པ་དེ་ཡང་ས་སྐྱ་བཀའ་འབུམ་ན་འདུག བསྟན་པ་ཕྱི་དར་གྱི་མགོ་ཙམ་ལ་ཅིའི་ཕྱིར་སུམ་རྟགས་གཉིས་བརྡ་སྤྲོད་ཀྱི་བཀླག་དེབ་མིན་པ་རེད་ཅེས་པའི་དྲི་བ་འདི་ནི་ང་ལ་དྲི་བ་རང་ཡིན། གལ་ཆེ་བ་གཅིག་ནི་སྐབས་འདི་ལ་རྒྱ་གར་ནས་ཡིན་ཚད་ཡག་པོ་དང་བོད་ནས་ཡིན་ཚད་སྡུག་པ་ཡིན་པ་ལྟ་བུའི་ལྟ་ཚུལ་ཞིག་ཏན་ཏན་ཡོད་པ་འདྲ། དེང་སང་གི་ཧྥེ་ཤོན་ལྟ་བུ་ཞིག དེས་སུམ་རྟགས་ཀྱི་རླུང་རྟ་བཅག་མེད་དམ་སྙམ། དཀར་ཆག་ལྷན་དཀར་མ་ན་བཙན་པོ་དག་གིས་མཛད་པའི་བསྟན་བཅོས་དཀར་ཆག་གི་མཇུག་ཏུ་བསྐྱུར་འདུག
སླར་ཡང་རྣམ་པ་ཚོས་དགོངས་ཚུལ་རྩ་ཆེན་དེ་འདྲ་གནང་བ་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།
རྟགས་འཇུག་གི་རྩ་བའི་འཇུག་ཏུ། བྱྰ་་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱ་ཡ་ཀ་ར་ཎ་གཉིས་པའི་སྐབས་ཏེ་དྲུག་པའོ། །གསུངས་པ་ལྟར་ཐོན་མིས་བོད་ཀྱི་བརྡ་ཡང་དག་པར་སྦྱར་བའི་བསྟན་བཅོས་བརྒྱད་ལ་སོགས་མཛད་གསུངས་པ་འདིས། ཐུན་མི་སུམ་རྟགས་གཉིས་མ་མཛད་ཅེས་ན་ཅུང་མི་བདེ་ལ།
ལོ་ཙྰ་བ་ལྕེ་ཁྱི་འབྲུག་གི་གནས་བརྒྱད་ཆེན་མོའི་རྩ་འགྲེལ། སྨྲི་ཏིའི་སྨྲ་སྒོ་མཚོན་ཆ། དཔང་ལོ་ཙྰ་བའི་ཚོགས་གསུམ་གསལ་བ་སོགས་ནི། ཐོན་མིས་མཛད་པའི་བརྒྱད་ལས་གཞན་དྲུག་ཉམས་བརླག་ཏུ་ཤོར་བའི་ཁ་སྐོང་དུ་མཛད་པ་ལས། སུམ་རྟགས་གཉིས་དེ་དག་ལས་བྱུང་བ་ཨ་ཡིན་ནམ།
ཡང་སུམ་རྟགས་གཉིས་ཐོན་མིས་མཛད་ན། སུམ་རྟགས་ཀྱི་ཚིག་སྦྱོར་རྣམས་སྔར་གྱི་རྡོ་རིང་གི་ཡི་གེ་དང་། ཏུན་ཧོང་གི་ཡིག་རིགས་ལྟར་ཇི་མ་ཇི་བཞིན་མ་གྱུར་བ་བསྡད་དགོས་ཟེར་ན་ཡང་ཅུང་མི་འགྲིགས་སྙམ་པས་ད་དུང་དཔྱད་པར་འཚལ།
ཐོན་མི་རང་གིས།
མི་མཁས་པ་སླེབས་པ་ཐོག་མ་ཡིན། །
ཞེས་དང་།
ང་ཐོན་མི་བཀའ་དྲིན་མི་ཆེའམ། །
ཐོན་མིས་བསྒྱུར་བར་གྲགས་པའི་ཐོ་རིང་པོ་ཞིག་ཡོད་པ་དེ་ཚོ་བཀའ་བསྟན་ནང་འདུག་གམ། ཆོས་རྒྱལ་ཚོའི་སྐབས་བསྒྱུར་བར་གྲགས་པ་དེ་ཚོ་བཀའ་བསྟན་ཅིག་ཅིག་གི་ནང་ན་ཟེར་ནས་བཤད་པ་ཡང་ཡང་མཐོང་གི་འདུག་སྟེ། ཐོན་མིའི་འགྱུར་རྣམས་བཀའ་བསྟན་གང་རུང་ནང་ཡོད་པའི་སྐད་ཆ་ཞིག་ཁྱོན་ནས་གོ་མ་མྱོང་། ཤེས་མཁན་ཡོད་ན་ཅིག་གསུང་རོགས་གནང་།
མགོན་པོ་ཕྱག་གཉིས་པ་མཆོག་མཆན་བུ་ན། རང་ཅག་གིས་ཤེས་དགོས་པ་མང་པོ་ཞིག་བཀོད་པར་མཛད་འདུག གཞུང་དཔེ་དེ་དག་ལ་གཟིགས་ཤིང་། དཔྱད་པ་མཛད་པ་དེ་བོད་པ་གཞོན་ནུ་རྣམས་ལ་རིག་ལམ་སྟེར་བའི་གནས་སུ་མཆིས། ད་དུང་ཞུ་བ་ཞིག་ལ། ས་པཎ་དང་སྔོན་གྱི་མཁས་པ་དག་གིས་སུམ་ཅུ་པ་དང་། རྟགས་འཇུག་གི་མིང་བཀོལ་ཡོད་མེད་དང་། སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་ཞེས་དང་པོར་མིང་འདོན་པ་པོ་སུ་ཡིན་ནམ། ངས་ཀུན་མཁྱེན་གོ་རམས་པས་མཛད་པའི་རྟགས་འཇུག་གི་འགྲེལ་པ་ཞིག་མཐོང་། དེ་ན། ཚིགས་བཅད་རྣམས་ལ་སྨྲས་པ་ཞེས་པ་མ་གཏོགས། ཕྱིས་ཀྱི་རྟགས་འཇུག་འགྲེལ་མཁན་ལྟར་དེ་ཉིད་ཀྱིས་མཛད་པ་པོ་ལ་ཞེ་ས་མེད་པའི་རྒྱུ་མཚན་ལ་ཡང་དོགས་པ་ཞིག་མཆིས་སོ།།
ངས་འདི་སྐོར་གྱི་དེབ་གྲངས་བཅོ་བརྒྱད་ཙམ་ནས་བཏུས་པའི་ཕྱོགས་བསྒྲིགས་ཤིག་སྔོན་ཁ་བརྡ་ལ་བཀོད་ཡོད། དེར་གཟིགས་ན་འདིར་ཕེབས།
http://www.khabdha.org/?p=2697
སློབ་དཔོན་དགེ་རབ་ལགས་ཀྱིས་མི་རབས་རྗེས་མ་རྣམས་ལ་ལམ་སྟོན་ཡག་པོ་ཞིག་གནང་འདུག །དེ་ལས་ཀྱང་སྔོན་བྱོན་མཁས་པའི་གསུང་ལ་གཅེས་སྤྲོས་བྱེད་སྟངས་འདི་བློ་ཡིད་ཚིམ་ནས་ཡོད།
ད་དང་མ་ཡིག་ཟུང་གི་རྣ་ཟིན་སྤུ་ཟིན་བཞུགས་སོ།།
༄༅།། ཆེ་དང་མ་ཆེ་༧རྒྱལ་བའི་ཐུགས་རྗེ་ཆེ། ཁྱབ་དང་མ་ཁྱབ་གང་གིས་མཛད་པས་ཁྱབ།
འཐོབ་དང་མ་འཐོབ་བློ་བཟང་སེངྒེར་འཐོབ། ཕམ་དང་མ་ཕམ་བཀྲས་མཐོང་བསྟན་རྣམ་ཕམ།
ལྷོད་དང་མ་ལྷོད་བཀའ་ཟུར་བཀྲས་དབང་ལྷོད། ངན་དང་མ་ངན་ཨ་ལགས་འཇིགས་མེད་ངན།
གྲུང་དང་མ་གྲུང་རྒྱ་རི་བློ་གྲོས་གྲུང་། བཙན་དང་མ་བཙན་ཟམ་གདོང་བླ་མ་བཙན།
བརྟན་དང་མ་བརྟན་ཚོགས་གཙོ་སྤེན་ཚེ་བརྟན། རྒོད་དང་མ་རྒོད་ཟླ་བ་ཚེ་རིང་རྒོད།
འཕར་དང་མ་འཕར་བདེ་སྐྱིད་ཆོས་དབྱངས་འཕར། སྐྱིད་དང་མ་སྐྱིད་སྐལ་བཟང་ཨོ་གར་སྐྱིད།
ངུས་དང་མ་ངུས་རྒྱ་རི་སྒྲོལ་མས་ངུས། བཏོན་དང་མ་བཏོན་བུད་མེད་ཚོགས་པས་བཏོན།
གུད་དང་མ་གུད་སྒྲོལ་དཀར་ལྷ་མོ་གུད། ཐོར་དང་མ་ཐོར་ཆུ་བཞི་སྒང་དྲུག་ཐོར།
འཐོམ་དང་མ་འཐོམ་ཁྲི་ཟུར་ལུང་རིག་འཐོམ། ཕྱུག་དང་མ་ཕྱུག་ཀརྨ་པ་རང་ཕྱུག །
བྲིས་དང་མ་བྲིས་འཇམ་དབྱངས་ནོར་བུས་བྲིས། ངར་དང་མ་ངར་ལྷ་དར་ཚེ་རིང་ངར།
བསྐོར་དང་མ་བསྐོར་བསྟན་འཛིན་བརྩོན་འགྲུས་བསྐོར། བཤད་དང་མ་བཤད་ལྷ་མོ་མཚོ་ཡིས་བཤད།
ཕྱིན་དང་མ་ཕྱིན་གླིང་ཚང་ནང་མིས་ཕྱིན། ཕན་དང་མ་ཕན་ཟས་བཅད་གསུམ་པོས་ཕན།
སྡུག་དང་མ་སྡུག་ལོ་གསར་མེད་པས་སྡུག །མྱང་དང་མ་མྱང་བོད་ནང་བོད་མིས་མྱང་།
ཉལ་དང་མ་ཉལ་འཛམ་གླིང་རྒྱལ་སྤྱི་ཉལ། །
སློབ་དཔོན་ཐོན་མིས་བོད་ཡིག་ཇི་ལྟར་བཟོས་ཚུལ་སོགས་ཞེས་པ་ལ་བསམ་གཞིག་རོབ་ཙམ་བྱས་པ།
སྤྱིར་གང་ཟག་རེ་ལ་བསམ་ཚུལ་མི་འདྲ་བ་རེ་དང་མཁས་པ་རེ་ལ་རྣམ་དཔྱོད་མི་འདྲ་བ་རེ་ཡོད་ལ། ཡོད་པ་དེ་ཡང་སོ་སོའི་ཁྱད་ཆོས་སུ་བརྩི་བ་ལས་སྐྱོན་མིན། ཡིན་ནའང་སྔར་འདས་པའི་གནའ་བོའི་ལོ་རྒྱུས་ཞིག་བཤད་དགོས་ན་སོ་སོའི་རྣམ་དཔྱོད་གཅིག་པུས་མི་འདང་བས། སྔར་བྱུང་གི་ལོ་རྒྱུས་ཤིག་ངེས་པར་དུ་གཞིར་བཞག་ནས་སྨྲ་དགོས་པར་དོན་དངོས་ཡིན། སྔར་གྱི་ལོ་རྒྱུས་ལ་དཔྱད་པ་མི་བྱེད་པའམ། ཡང་ན་རྩིས་མེད་དུ་བཏང་ཕྱིས་ཆད་སོ་སོའི་རྣམ་དཔྱོད་གཅིག་པུས་སྔར་བྱུང་བརྗོད་ན་རྣ་བར་སྙན་པོར་ཡོད་སྲིད་ཀྱང་གདིང་འཇོག་བྱེད་ཐུབ་པའི་དཔང་རྟགས་གང་ཡང་མེད། དེས་ན་སྔར་བྱུང་ལོ་རྒྱུས་ལ་གཞི་སྐྱོར་རང་གི་རིག་པའི་རྩལ་གཏོང་ནས་ང་ཚོའི་རྒྱལ་རབས་དང་། ལོ་རྒྱུས། ཡི་གེའི་བྱུང་ཚུལ་སོགས་མ་བཤད་ཁ་མེད་རེད། དེ་ཡང་སྔར་བྱུང་གི་ལོ་རྒྱུས་རྣམས་ནང་ཕན་ཚུན་གཤིབ་སྡུར་བྱེད་ནས་ནང་འགལ་ཡོད་མེད། དོན་དངོས་དང་མི་མཐུན་མི་མཐུན་ལྟ་བ་ལས་གཞན་བྱེད་ཐབས་བྲལ། ཡང་ན་ཕྱི་དངོས་པོ་འགའ་ཞིག་ལ་སྔར་བྱུང་ལོ་རྒྱུས་ཀྱི་རྗེས་སུ་མ་སྙེག་ཀྱང་ཚན་རིག་གིས་བརྟག་དཔྱད་ཀྱི་ལམ་ནས་ངེས་ཤེས་ཐུབ་པ་དཔེར་ན་མི་ལོ་གཅིག་ཁྲི་སྔོན་ནས་བོད་ལ་མིའི་འགྲོ་བ་ཆགས་ཟིན་བཤད་པ་ལྟ་བུའང་ཡོད་ཆོག་ལ། ཡིན་ནའང་ང་ཚོའི་ཡི་གེ་དེ་ག་དུས་བཟོས་མིན་ནི་ཚན་རིག་གི་ལམ་ནས་བརྟག་དཔྱད་བྱེད་པར་དཀའ་ལས་འཕྲད་མི་སྲིད་པ་མིན་ཡང་དེ་ལ་བརྟེན་ནས་རྩ་བ་ནས་ཧ་གོ་རྒྱུ་མེད་པ་དེ་འདྲ་ཡང་ག་ལ་ཡིན། འདིར་དགེ་འདུན་རབ་གསལ་གྱིས་སྤེལ་བའི་རྩོམ་འདི་ནི་སྔར་བྱུང་ལོ་རྒྱུས་དཔང་རྟགས་བཞག་ནས་བྲིས་པའི་སྣང་ཚུལ་ཞིག་ཧ་ལམ་མེད་པ་ལྟ་བུ་ཁོ་བོས་མཐོང་ངོ་། དེའི་རྒྱུ་མཚན་ནི། སྔར་བྱུང་ལོ་རྒྱུས་ཀྱིས་ཐོན་མིས་བོད་ཡིག་གསར་བཟོ་བྱས་པར་བཤད་པའི་སྐབས་སུ་རྒྱ་གར་གྱི་ཡི་གེ་དབྱངས་དང་གསལ་བྱེད་དུ་མ་ཡོད་པའི་བོད་ལ་མཁོ་བ་ཚོ་བླངས་མི་མཁོ་བ་འགའ་དོར་ཚུལ་དང་ད་དུང་འགའ་ཞིག་རྒྱ་གར་ལ་མེད་སྟབས་ཐོན་མི་རང་གིས་རྒན་མོ་ཞིག་གིས་ངག་ལ་ཉན་ནས་བཟོས་པར་བཤད་པའི་ལོ་རྒྱུས་དེ་དག་སྐྱོན་བརྗོད་བྱས་ནས་ཁུངས་སུ་མ་བཞག་དང་། ཐོན་མིའི་གོང་དུ་བོད་ཡིག་ཡོད་མེད་ལ་དཔྱད་པ་གང་ཡང་མ་བྱས་པ་བོད་ཡིག་མེད་པ་གཞིར་བཞག་ཐོག་ནས། བོད་ཡིག་རི་མོ་ཞིག་ཡིན་ཚུལ་དང་ཡིག་རྨོངས་ཅན་གྱི་ལུང་པའི་ནང་དུ་ཡིག་སྲོལ་གསར་གཏོད་བྱེད་པ་ལ་ཆ་རྐྱེན་མང་པོ་ཚང་དགོས་རབས་ཆ་རྐྱེན་དེ་ཚོ་ཐོན་མི་ལ་ཚང་ཚུལ་དེ་ལ་བརྟེན་ནས་ཐོན་མིས་བོད་ཡིག་བཟོས་ཚུལ་བཤད་པ་ཙམ་ལས་གཞན་པའི་རྒྱུ་མཚན་གང་ཡང་མཐོང་རྒྱུ་མི་འདུག །ཡང་“སྲོང་བཙན་སྔོན་ནས་བོད་ལ་ཡི་གེ་ཡོད་པར་ཁས་བླངས་པ་ལ་བརྟེན་ནས་ཐོན་མིའི་ལོ་རྒྱུས་རྫུན་དུ་འགྲོ་བའི་གོ་སྐབས་མེད་ཅིང་། ཐོན་མིས་སུམ་རྟགས་ལ་སོགས་པ་བརྩམས་པར་ཁས་བླངས་པས་ཀྱང་བོན་གྱི་ལོ་རྒྱུས་ཀྱི་རིན་ཐང་རྩིས་མེད་དུ་བཏང་བ་ཞིག་ག་ལ་ཡིན།” ཟེར་བ་དེ་ཡིན། གལ་སྲིད་སྲོང་བཙན་གོང་དུ་བོད་ཡིག་ཡོད་པར་ཁས་བླངས་པ་ཙམ་གྱིས་ཐོན་མིའི་ལོ་རྒྱུས་རྫུན་དུ་གཏོང་ཐབས་མེད་པ་མ་ཟད་ཐོན་མིས་བོད་ཡིག་བཟོས་པར་བཤད་པའི་ལོ་རྒྱུས་དེ་ཡང་རྫུན་དུ་འགྲོ་མི་ཐུབ། དེའི་གོང་དུ་བོད་ཡིག་ཡོད་པར་ཚད་མས་གྲུབ་པའི་སྒོ་ནས་ཁས་བླངས་པ་ཡིན་ན་དེས་ཀྱང་ཐོན་མིའི་ལོ་རྒྱུས་རྫུན་དུ་སྒྲུབ་ཐབས་ག་ལ་ཡོད། འོན་ཀྱང་ཐོན་མིས་བོད་ཡིག་བཟོས་པར་བཤད་པའི་ལོ་རྒྱུས་དེ་རྫུན་དུ་མི་འགྲོ་བ་ཅི་ལ་སྲིད་དེ་མི་སྲིད་དོ། ཐོན་མིས་སུམ་རྟགས་ལ་སོགས་པ་བརྩམས་པར་ཁས་བླངས་ཀྱང་དེས་བོན་གྱི་ལོ་རྒྱུས་ཀྱི་རིན་ཐང་ཅིའི་ཕྱིར་རྩིས་མེད་དུ་བཏང་། དེ་ནི་ཁྱེད་རང་གི་སེམས་ཕུག་གི་དོགས་པ་ཁ་ནས་ཤོར་བ་ཙམ་ལས་དེ་ལྟར་སྨྲ་མཁན་བོན་པོའི་ཕྱོགས་ནས་སུ་ཡང་མེད་དོ། ཡང་“མང་པོ་ཞིག་གིས་སྲོང་བཙན་སྔོན་དུ་བོད་ལ་ཡི་གེ་ཡོད་ཅེས་ཨུ་ཚུགས་ཀྱིས་སྨྲ་བར་བྱེད། འོན་ཀྱང་དེ་སྔར་ཡོད་པའི་ཡི་གེ་དེ་སྒྲ་སྦྱོར་གྱི་ཡི་གེ་ཡིན་མིན་དང་། དབྱངས་གསལ་གྲངས་ངེས་ཚང་ཡོད་མེད། དབྱངས་གསལ་སྡེབ་སྦྱོར་གྱི་ལས་རིམ་ཡོད་མེད་སོགས་ལ་རྟོག་ཞིབ་བྱས་མེད་རྐྱེན་དཔྱད་པ་དེ་ཡང་ཕྲན་གྱི་ལྟ་ཚུལ་ལྟར་བྱས་ན་ཤིང་སྡོང་ཡོད་མེད་མ་ཤེས་པར་ཤིང་ཏོག་ཞིམ་མི་ཞིམ་འཚོལ་ཞིབ་བྱེད་པ་ལྟ་བུ་ཞིག་རེད་།” ཟེར་བ་དེ་རེད། དེ་ནི་ཁྱེད་ཀྱིས་བསམ་མནོ་གང་ཡང་མ་གཏོང་པར་གང་དྲན་བྱུང་རྒྱལ་དུ་སྨྲས་པ་ཞིག་འདུག་སྟེ། ང་ཚོས་ཡི་གེ་ཡོད་མེད་ཀྱི་རྣམ་དཔྱོད་བྱེད་སྐབས་སྒྲ་སྦྱོར་གྱི་ཡི་གེ་དང་། དེ་ཡང་དབྱངས་གསལ་ལྡན་པ། དེའི་མཚོན་བྱེད་ཡི་གེའི་གཟུགས་རིས་བཅས་ཆ་ཚང་མ་ཞིག་ཡོད་མེད་ལ་དཔྱོད་པ་མ་གཏོགས་དེ་ལས་གཞན་པའི་ཡི་གེ་ཡོད་མེད་ཡང་དེ་སྔར་སུས་ཀྱང་ཞུགས་མ་མྱངས་ལ་ད་དུང་ཡང་ཞུགས་མི་སྲིད་པ་ཞིག་ཡིན་པ་ངེས་པར་དུ་ཤེས་དགོས། ཡང་“བཙན་པོའི་སྐབས་ཀྱི་ཡིག་རྙིང་ཁག་གི་གནས་སྟངས་དེ་སུམ་རྟགས་དང་མཐུན་གྱི་མི་འདུག་གསུངས་པ་དེ་ནི་ཕྱོགས་གཅིག་ནས་བདེན་ཤས་ཆེ་ཡང་སྐབས་འདིར་སུམ་རྟགས་གཉིས་ཀྱི་ངོ་བོའི་ཁྱད་ཆོས་ཙམ་མ་གཏོགས་སུམ་རྟགས་གཉིས་ཀྱི་འགྱུར་བའི་རང་བཞིན་ལ་མནོ་བསམ་བཏང་མེད།” ཟེར་བ་དེ་རེད། དེ་ལྟར་ཁྱེད་ཀྱི་བཤད་པ་དེ་བདེན་ན་ཐོན་མིས་སློབ་དཔོན་ལི་བྱིན་ལ་ཕུལ་བའི་བཀའ་དྲིན་ཆེ་བརྗོད་དང་། སྲོང་བཙན་གྱིས་ཐོན་མི་ལ་བཀུར་བསྟི་དང་སྲི་ཞུ་བློར་མི་ཤོང་བར་བྱས་པ་ལ་བློན་པོས་ཕྲག་དོག་བྱས་པར་ཐོན་མིས་ཕྲག་དོག་འཇོམ་པའི་ཚིག་བཅད། སྲོང་བཙན་ལ་ཐོན་མིས་ཕུལ་བའི་ཡིག་ཕུད་བྱ་དཀའ་བའི་སྙན་ངག་དེ་དག་སུམ་རྟགས་ཀྱི་འགྲོས་དང་མཐུན་པ་དང་ཏུན་ཧོང་ཡིག་རྙིང་སོགས་དང་རྩ་བ་ནས་མི་འདྲ་བས་དེ་དག་ཐོན་མིའི་རང་རྩོམ་མིན། ཐོན་མིས་སུམ་རྟགས་ཀྱི་ཕྱོགས་ལ་བག་ཆགས་བཞག་མེད་ཟེར་དགོས་པ་མ་ཟད། ཐོན་མིས་སུམ་རྟགས་དང་སྒྲ་ཡི་བསྟན་བཅོས་བརྒྱད་མཛད་ཟེར་བ་རྫུན་རེད་ཟེར་ནས་དེ་དག་མི་བདེན་པར་ཁྱེད་རང་གིས་བསྒྲུབས་སོ། བན་དྷེའི་ལོ་རྒྱུས་ནང་དུ་བཤད་པའི་ཐོན་མིའི་བྱས་རྗེས་ཕལ་ཆེར་སྡུག་རུལ་བན་དྷེ་རང་གིས་གཏོང་ཐབས་ཨེ་ཡོད། ཁྱེད་ཚོས་དུས་རྒྱུན་དུ་བོན་པོས་ཐོན་མིའི་ལོ་རྒྱུས་རྩིས་མེད་བཏང་སོང་ཟེར་ནས་བཀའ་བཀྱོན་མཐའ་ཡས་པ་གནང་གི་ཡོད་ཀྱང་ང་ཚོས་ཐོན་མིས་བོད་ཡིག་གསར་བཟོ་མ་བྱས་པར་བན་བོན་གཉིས་ཀའི་ལུང་དང་རིགས་པ་བརྒྱ་ཕྲག་གིས་གྲུབ་འདུག་ཅེས་བཤད་པ་མ་གཏོགས་ཐོན་མིས་སུམ་རྟགས་ཀྱི་ཕྱོགས་ལ་བྱས་རྗེས་བླ་མེད་བཞག་ཡོད་ཅེས་བརྗོད་བཞིན་ཡོད་དོ། ཡང་“ཐོན་མི་འཇིག་རྟེན་དུ་བྱོན་པའི་དུས་སུ་བོད་ནང་གི་ཤེས་ཡོན་ཅན་གྱི་གྲངས་འབོར་གྱིས་བོད་མིའི་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་ལྔ་ཙམ་ཡང་ཟིན་ཐུབ་མེད་པས་སྐབས་དེར་ཤེས་ཡོན་ཅན་གྱི་རམ་འདེགས་འོག་གི་སྙན་གྲགས་དེས་སྲིད་དོན་པའི་སྙན་གྲགས་གྱི་དོ་ཟླར་མི་འོང་བ་ནི་སྨྲོས་མི་དགོས་པ་ཞིག་ཡིན། དེར་བརྟེན་ཐོན་མིའི་སྙན་གྲགས་ཀྱིས་མཚོན་པའི་ཆེ་རབས་མང་པོ་ཞིག་ཡིག་རྙིང་དུ་མ་བྱུང་བ་རྒྱུ་མཚན་དུ་བྱས་ནས་ཐོན་མིའི་སྐོར་ལ་ཐེ་ཚོམ་ཟ་བ་ལ་ཡང་རིགས་པའི་ལྕི་ཤུགས་མི་ཆེ།” ཟེར་བ་དེ་རེད། དེ་ནི་གལ་སྲིད་སྐབས་དེར་ཐོན་མི་ནི་བྱས་རྗེས་འགྲན་ཟླ་བྲལ་བ་ཞིག་བཞག་མྱོང་བའི་སྐྱེས་བུ་ཁྱད་པར་ཅན་ཞིག་ཡིན་ན་ཏུང་ཧོན་ཡིག་རྙིང་དང་རྡོ་རིང་རྣམས་བཙན་པོའི་གཞུང་ཡིག་ཤ་སྟག་ཏུ་སོང་ཙང་དེར་ཐོན་མིའི་མིང་ཙམ་ཡང་མ་འཁོད་པའི་རྒྱུ་མཚན་གང་ཡིན་ཞེས་དྲིས་པའི་ལན་དུ་རྒྱུ་མཚན་ལྡན་པ་སྨྲ་རྒྱུ་མ་རྙེད་ནས་གང་དྲན་འཆལ་གཏམ་དུ་སྨྲས་པ་ཟད་དེ། ཐོན་མི་ནི་སྲིད་དོན་པ་སུས་ཀྱང་འགྲན་ཟླར་མི་ཐུབ་པའི་བྱས་རྗེས་བཞག་པ་དང་དེ་ལ་བརྟེན་ནས་བཙན་པོས་ཐོན་མི་བླ་མར་བསྟེན་ཏེ་ཐོབ་ཐང་དང་གུས་བཀུར་ཚད་མེད་གནང་བ་དང་། བཙན་པོས་སྐབས་དེར་རྒྱལ་ཕྲན་དུ་མར་རང་གི་དབང་འོག་ཏུ་བཅུགས་ནས་བཙན་པོའི་དབང་ཐང་ཤིན་ཏུ་རྒྱས་བཞིན་པའི་སྐབས་ཡིན་པ་མ་ཟད། དེ་ནས་བཟུང་བཙན་པོ་དུ་མའི་རིང་བོད་ལྗོངས་སྲིད་ཀྱིས་དབང་བསྒྱུར་བྱས་པ་ལས་ཀྱང་ཆོས་ཀྱིས་དབང་བསྒྱུར་བྱས་པར་ཤུགས་ཆེ་བ་སོགས་བཤད་པ་དེ་དོན་དངོས་ཡིན་ན། ཐོན་མིའི་ལོ་རྒྱུས་ཡིག་ཐོག་ཏུ་འཁོད་པ་ལ་སུས་ཀྱང་འགོག་རྐྱེན་མི་ཐུབ་པ་དཔྱོད་ལྡན་པས་མ་ཟད་གླུན་པོས་ཀྱང་རྟོགས་ནུས། གལ་སྲིད་སྲིད་དབང་གིས་ཐོན་མིའི་ལོ་རྒྱུས་གཞུང་ཡིག་ཐོག་ཏུ་འཁོད་མེད་ནའང་ཐོན་མི་རང་གིས་བྲིས་པའི་ཡི་གེ་ཇི་ལྟར་གསར་བཟོ་བྱས་པའི་ཚུལ་མེད་པའི་རྒྱུ་མཚན་འཇོག་དཀའ།
སྐབས་འདི་དང་འབྲེལ་བའི་ཆ་ནས་སྤྲུལ་སྐུ་ནམ་མཁའི་ནོར་བུས་མཛད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཤེས་རིགས་ངོས་འཛིན་པ་དང་དེ་ལ་བདག་གཅེས་བྱེད་ཕྱོགས་ཞེས་པ་ལས་དུམ་ཚན་གཉིས་འདིར་དྲངས་པ་ཡིན།
བོད་ཀྱི་ཤེས་རིགས་ལ་བདག་གཅེས་བྱེད་དགོས་པ་འདི་ནི།་་བོད་ཀྱི་མི་བརྒྱུད་ཡུན་གནས་ཀྱི་གཞི་རྩ་ཆེས་གལ་ཆེ་བ་ཞིག་ཡིན་ལ།་་བོད་ཀྱི་མི་བརྒྱུད་འདི་བཞིན་ས་ཆེན་པོ་འདིའི་ཐོག་ཏུ་ཚད་ལྡན་ཚུལ་མཐུན་གྱིས་རྒྱུན་བསྲིངས་ཏེ་གནས་མིན་ཡང་བོད་ཀྱི་ཤེས་རིགས་ཚད་ལྡན་ཡུན་དུ་གནས་མིན་ཁོ་ན་ལ་རག་ལས་པ་ཡིན།
རང་རེས་བདག་གཅེས་བྱ་འོས་པ་དང་།་་་བདག་གཅེས་གང་ལ་བྱ་བའི་མིང་གཞིར་གྱུར་པའི་བོད་ཀྱི་ཤེས་རིགས་ཞེས་བྱ་བ་དེ་ཉིད།་་བོད་མིའི་སྐད་ལུགས་སམ།་་་བོད་ཀྱི་ཡི་གེའི་སྦྱོར་སྡེ་སུམ་རྟགས་སམ།་་་དག་ཡིག་གི་སྐོར་རམ།་་་བོད་མིའི་གོམས་གཤིས་དང་འབྲེལ་བའི་ཆས་ལུགས་ཀྱི་བྱེ་བྲག་དེ་ཙམ་ཞིག་ལ་ངོས་འཛིན་དུ་མི་རུང་།་་་་དེ་དག་ཀྱང་བོད་མིའི་ཤེས་རིགས་ཀྱི་ཆ་ཤས་ཐུན་མོང་མ་ཡིན་པ་དག་ཡིན་པ་ནི་བཤད་མ་དགོས་ནའང་།་་་བོད་ཀྱི་ཤེས་རིགས་ཀྱི་རྩ་བ་དེ་ཙམ་ཞིག་ལ་ངོས་བཟུང་ནས།་་་དེ་དག་གི་རྣམ་པ་གསལ་པོར་སྟོན་གྱིན་བོད་མིའི་ཤེས་རིགས་འཚོ་སྐྱོང་བྱེད་ཀྱི་ཡོད་པའི་ལུགས་སུ་བྱས་ན།་་བོད་ཀྱི་ཤེས་རིགས་ཀྱི་གཞི་རྩ་སྟོར་བའི་ཉེན་ཁ་ཤིན་ཏུ་ཆེན་པོ་ཞིག་མི་འབྱུང་ཐབས་མེད།་་་་རྒྱུ་མཚན་དེ་ལ་བརྟེན་ཐོག་མར་འཚོ་འཛིན་གྱི་་བགྱིད་འོས་ལ།་་་བགྱི་དགོས་པའི་བོད་ཀྱི་ཤེས་རིགས་ཀྱི་གཞི་རྩ་གལ་ཆེ་ཤོས་དེ་དག་གང་དང་གང་འདྲ་ཞིག་ཡིན་པའི་སྐོར་ལ་ངེས་ཤེས་བརྟན་པོར་རྙེད་པ་ཞིག་དགོས་ངེས་པ་འདི་ནི།་་་བོད་ཀྱི་ཤེས་རིགས་ལ་དོ་སྣང་དང་།་་བདག་གཅེས་བྱེད་ཕྱོགས་སྐོར་གྱི་རྩ་བའི་རྨང་རྡོ་དང་འདྲ་བ་ཞིག་ཡིན།
བོད་ཀྱི་གནའ་བོའི་ཤེས་རིགས་རྙིང་མའི་ཁོངས་སུ་ཅི་དང་ཅི་འདྲ་བ་ཞིག་ཡོད་པ་དེ་དག་མདོར་བསྡུས་ན་ཕལ་ཆེར་ཡོངས་གྲགས་ཀྱི་རིག་པའི་གནས་ལྔ་ཞེས་གྲགས་པ་དེ་དག་གི་ཁོངས་སུ་མ་འདུས་པ་མེད།
རིག་པའི་གནས་ལྔ་ལས།་་བཟོ་རིག་པའི་དབང་དུ་བྱས་ན།
བཟོ་རིག་པའི་བྱེ་བྲག་ཡིག་བཟོ་ནི་བོད་ཀྱི་ཤེས་རིགས་ཚང་མའི་གཞིའམ་རྩ་བར་གྱུར་པ་དེ་ཡིན་ལ།་་་དེ་ནི་བོད་ཙམ་དུ་མ་ཟད།་་མི་རིགས་ཀྱི་ཁྱད་པར་སུ་ཡང་རུང་བ་ཐམས་ཅད་ཀྱི་ཤེས་རིགས་ཀྱི་ཚད་གཞི་ཐུན་མོང་མ་ཡིན་པ་ཞིག་ཡིན།
བར་སྐབས་བོད་ཀྱི་ལོ་རྒྱུས་མང་ཞིག་ཏུ།་་་ཐོན་མི་སཾབྷོཌ་མ་བྱོན་གོང་དེར་བོད་དུ་ཡི་གེའི་སྲོལ་མེད་པ་དང་།་་་ཐོན་མིས་རྒྱ་གར་གྱི་ཡི་གེ་ལས་དཔེར་བླངས་ནས་བོད་ཡིག་གསར་དུ་བཅོས་ཤིང་།་་་་དུས་སྐབས་དེ་ནས་བཟུང་བོད་ཀྱི་ཤེས་རིགས་དར་རྒྱས་ཀྱི་དབུ་ཚུགས་པའི་ཚུལ་ཡོངས་གྲགས་ལྟ་བུ་ཞིག་ཏུ་ཆགས་ཡོད།་་་དངོས་དོན་གྱི་དབང་དུ་བྱས་ན།་་་ཐོན་མིས་རྒྱ་གར་གྱི་དབྱངས་གསལ་ལས་དཔེར་བླངས་ནས་བོད་ཡིག་དབུ་ཅན་གྱི་འབྲི་ཚུགས་གསར་གཏོད་གནང་བ་དང་།་་་་དེ་འབྲེལ་བོད་ཀྱི་བརྡ་སྦྱོར་གྱི་རྣམ་དབྱེའི་སྲོལ་ལེགས་སྦྱར་ལས་དཔེར་བླངས་ནས་གསར་ཏུ་བཏད་པ་དང་།་་་གནའ་བོའི་ལུགས་སུ་ཚིག་ཕྲད་མང་དུ་ཡོད་པ་ཀུན་ཉུང་ངུར་བསྡུས་པས་མཚོན་བོད་མི་ཡོངས་ལ་ཤིན་ཏུ་བཀའ་དྲིན་ཆེ་བའི་མཛད་རྗེས་དུ་མ་ཞིག་བཞག་གནང་བ་དེ་དག་ལ།་་་ཕྱིས་འབྱུང་བོད་མི་ཚོས་རྟག་ཏུ་བཀའ་དྲིན་རྗེས་དྲན་དགོས་པ་ཞིག་ཡིན་ངེས།་་་འོན་ཀྱང་དེ་སྔོན་བོད་དུ་ཤེས་རིགས་ཅི་ཡང་མེད་པའམ།་་བོད་དུ་ཡི་གེའི་དར་སྲོལ་མེད་པའི་གཏན་ཚིགས་ཅི་ཞིག་ཀྱང་མིན་ལ་དེ་ལུགས་སུ་བྱེད་པ་ནི།་་་བླུན་པོས་རང་མགོ་བཅག་ཟེར་བའི་དཔེ་བཟིན།་་་རང་དམའ་རང་གིས་ཕབ་སྟེ།་་་་བོད་མི་རང་གི་ཤེས་རིགས་ཀྱི་ཁུངས་དེ་བོད་ཀྱི་གནའ་བོའི་མི་བརྒྱུད་དེ་དག་ལས་བྱུང་མེད་པའམ།་་་་སྟབས་བདེའི་ཚིག་གིས་བཤད་ན།་་་བོད་མི་ལ་རང་ཁུངས་ཀྱི་ཤེས་རིགས་མེད་པར་སྟོན་པའི་སྒྲུབ་བྱེད་སྟོབས་ཆེ་བ་ཞིག་ཏུ་འགྱུར་བ་ལས།་་་་་་སྔོན་གྱི་ཆོས་རྒྱལ་དང་།་་་ཆོས་བློན་ཐོན་མི་རྣམས་ལ་བཀའ་དྲིན་རྗེས་དྲན་གྱི་ལེགས་གསོས་སུ་འགྱུར་ཤིན་ཏུ་དཀའ་བ་ཡིན།
བོད་ཀྱི་ཤེས་རིགས་ལ་དོ་སྣང་དང་བདག་གཅེས་གནང་འདོད་ཡོད་ངེས་པའི་ཕྱི་ནང་གི་མཁས་པ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་མཁྱེན་པའི་སྤྱན་རས་རྒྱང་བསྲིངས་ཏེ་ཐུགས་གཞིགས་ནན་གྱིས་གནང་བ་ཡིན་ན།་་་བོད་ཀྱི་གནའ་བོའི་མི་བརྒྱུད་ཚོས་ཡི་གེར་བེད་སྤྱོད་བྱས་ཡོད་པ་དང་།་་་དུས་སྐབས་དེ་དག་ཏུ་བྱུང་བའི་ཡི་གེའི་ཚུལ་ལུགས་གང་འདྲ་ཞིག་ཡོད་མྱོང་བའི་སྐོར་སོགས་རིན་ཐང་ཆེས་ཆེ་བའི་ལོ་རྒྱུས་ཀྱི་ཆ་ཤས་དུ་མ་ཞིག་རྙེད་རྒྱུ་ཡོད་ངེས་པ་ནི་རོག་མ་ཆགས།
གནའ་བོའི་དཔེ་རྙིང་བཻ་རོའི་འདྲ་འབབ་ཏུ་ཐོན་མིས་བོད་ཡིག་བསྒྱུར་ཞེས་གསལ་བ་ལས་དེ་སྔོན་ཡི་གེ་མེད་པ་ལ་གསར་དུ་བརྩམས་པའི་ལོ་རྒྱུས་མེད།་་་ཐོན་མིའི་སྔོན་དུ་བོད་ཀྱི་གནའ་མི་ཚོས་ཞང་ཞུང་གི་ཡིག་གཟུགས་སྨར་ཚུགས་རང་བེད་སྤྱོད་བྱས་ཤིང་།་་་སྨར་ཚུགས་ནི་འབྲི་སྟབས་དེ་ཙམ་མི་བདེ་བར་བརྟེན།་་་ཐོན་མིས་དབུ་ཅན་གྱི་འབྲི་ཚུགས་སྟབས་བདེ་བར་བསྒྱུར་བའི་དོན་ཡིན་པ་ནི་སྨོས་མ་དགོས།
དེ་སྔོན་དུ་སྨར་ཚུགས་བེད་སྤྱོད་བྱས་ཡོད་པའི་ཤེས་བྱེ་རྩ་འགངས་ཆེས་ཆེ་བ་ཞིག་ནི།་་་གནའ་བོའི་ལོ་རྒྱུས་བོན་ལས་བྱུང་བ་མང་ཞིག་ཏུ་བོད་ཀྱི་ཡིག་རྙིང་ནི་ཞང་ཞུང་གི་སྨར་ཚུགས་སམ་འབྲི་ཚུགས་དེ་ཀའི་ནང་དུ་བོད་སྐད་བྲིས་པའི་ཚུལ་ཤིན་ཏུ་ཁ་གསལ་བ་ཡོད།
བོན་གྱི་དཔེ་རྙིང་སྲིད་པ་སྤྱི་མདོས་ཀྱི་མཛད་བྱང་དུ།་་་བོད་ཀྱི་ཡ་ཐོག་གི་རྒྱལ་པོའི་འགའི་དབུ་བླམའ་སྐུ་གཤེན་གཙོ་དང་།་་་་སྐུ་གཤེན་ཆེན་པོ་ཁྲི་ན་ཁོད་རྣམས་ཀྱི་མཚན་གསལ་པོར་འཁོད་ཡོད་པས་མཚོན་དེ་རིགས་བོན་གྱི་དཔེ་རྙིང་ཡང་མི་ཉུང་བ་ཞིག་ཡོད་ངེས་པ་དེ་དག་སྨར་ཚུགས་ལས་འགྲོ་ཡུལ་གཞན་ཅི་ཞིག་ཀྱང་མེད།
མངོན་སུམ་ཚད་མའི་རིག་པས་དཔྱད་ནའང་།་་་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་།་་་བློན་ཐོན་མི་བྱོན་པའི་སྔོན་ཆད་བོད་ཀྱི་རྒྱལ་རབས་སུམ་ཅུ་ལྷག་པ་ཞིག་བྱུང་ཡོད་པ་དང་།་་་རྒྱལ་རབས་དེ་དག་རིང་གི་ལོ་རྒྱུས་སོགས་གནའ་བོའི་ཤེས་རིགས་དང་འབྲེལ་བའི་སྒྲུང་དང་།་་་ལོ་རྒྱུས་གཏོ་ཆོག་སོགས་གྲངས་ལས་འདས་པ་ཞིག་མངོན་གསལ་དུ་བྱུང་ཡོད་པ་དེ་ཀུན་གྱིས་བདེན་དཔངས་ཐུབ་པ་ཡིན།་་་འདི་སྐོར་ཞིབ་རྒྱས་སུ་མཁྱེན་འདོད་པ་རྣམས་ནས།་་་ཁོ་བོས་བྲིས་པའི་ཡིག་ཆ་་བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ནོར་བུའི་དོ་ཤལ་ཞེས་པར་གཟིགས་འཚལ།
སྲོང་བཙན་གྱི་སྔོན་གནའ་བོའི་བོད་ཀྱི་རྒྱལ་རབས་རྣམས་ཀྱི་རིང་བོད་དུ་ཡི་གེ་འབྲི་སྲོལ་ཡོད་པ་དང་།་་་རྒྱལ་རབས་དེ་དག་གིས་ཡི་གེར་བེད་སྤྱོད་གནང་ཡོད་པའི་དབང་དུ་བྱས་ན།་་ད་གཟོད་བོད་འདིར་གནའ་བོའི་ཁུངས་དང་།་་་ལོ་རྒྱུས་དུ་མ་དང་ལྡན་པའི་ཤེས་རིགས་ཀྱི་བྱེ་བྲག་རིན་ཐང་དང་བྲལ་བ་དུ་མ་ཞིག་ཡོད་མྱོང་བའང་འདི་ཀ་ནས་ཐག་ཆོད་ཅིང་།་་་ཤེས་རིགས་གང་ཡོད་པ་དེ་དག་གི་རིན་ཐང་ཡང་དེ་ཐོག་ནས་མངོན་གསལ་ཐུབ་པ་ཡིན།
བཟོ་ཡི་བྱེ་བྲག་ངག་གི་བཟོ།་་་གླུ་དང་།་་་དབྱངས་གདངས།་་་གཞས་ལ་སོགས་པ་ཇི་སྙེད་ཅིག་ཡོད་པ་དང་།་་་ལུས་ཀྱི་བཟོ་ཞྭ་ནག་གི་འཆམ་དང་།་་་འབག་འཆམ།་་ཟློས་གར།་་རྣམ་ཐར།་་་ཞབས་བྲོ་འཁྲབ་པ་དང་།་་་གཞན་ཡང་ཤེད་རྩལ།་་་རྟ་རྩལ།་་་མདའ་རྩལ་སོགས་ལུས་རྩལ་གྱི་་རིགས་མི་འདྲ་བ་དུ་མ་དང་།་་་གཞན་ཡང་ལྷ་བཟོ་དང་།་་་ལྡེར་བཟོ།་་་ཤིང་བཟོ།་་་ལྕགས་བཟོ།་་་མཁར་བཟོ་སོགས་བཟོའི་རིགས་མི་འདྲ་བ་དུ་མ་ཞིག་ནི་གནའ་དུས་ནས་བྱུང་མྱོང་ཡོད་པའི་ལག་རྗེས་མང་པོ་ཞིག་ནི་ད་ལྟའི་དུས་སུའང་མངོན་གསལ་ཡོད་པ་དང་།་་་འབྲེལ་ཡོད་བོན་ལས་བརྒྱུད་པའི་ལོ་རྒྱུས་དང་ཤེས་རྩལ་སྣ་ཚོགས་པས་ངེས་ཤེས་རྙེད་ཐུབ་པ་ཡིན།
ནམ་མཁའི་ནོར་བུའི་གསུང་རྩོམ་དེ་ལ་ཡང་རྣམ་དཔྱོད་ཀྱི་བློ་གྲོས་ཀྱིས་མ་འདང་བའི་སྐད་ཆ་ཞིག་འདུག། དེ་ནི་ཞང་ཞུང་སྨར་ཡིག་བྲི་སྟབས་བདེ་མིན་གྱིས་རྐྱེན་བྱས་ཏེ་ཐུ་མིས་ཞང་ཞུང་སྨར་ཡིག་ལས་དབུ་ཅན་དུ་བསྒྱུར་ཟེར་བ་དེ་རེད། སྟབས་བདེ་མིན་ནི་རང་ཉིད་གང་ལ་གོམས་པ་དེ་ལ་སྟབས་བདེ་བ་མངོན་སུམ་ཚད་མ་ཡིན། ད་ལྟ་ཁྱེད་རང་ཞང་ཞུང་སྨར་ཡིག་དང་དབུ་ཅན་གཉིས་ལས་དབུ་ཅན་སྟབས་བདེ་པོར་མཐོང་བ་ནི་དབུ་ཅན་ལ་གོམས་པའིདབང་གིས་ཡིན་ལ། གལ་ཏེ་ནམ་རྒྱུན་ཞང་ཞུང་སྨར་ཡིག་བྲིས་སྡོད་མཁན་གང་ཟག་ཅིག་ཡིན་ན་དབུ་ཅན་ལས་ཞང་ཞུང་སྨར་ཡིག་སྟབས་བདེར་ཚོར་བ་གོར་མ་ཆག དེ་ཡིན་དུས་ད་ལྟ་ཁྱེད་རང་གི་ཚོར་སྣང་ཞིག་ལ་གཞིར་བྱས་ཏེ་སྔོན་གྱི་ལོ་རྒྱུས་བཤད་པ་ནི་མི་མཁས་པའམ་བློ་གཟུ་བོར་མ་གནས་པའི་རྟགས་ཤིག་ལས་མ་འདས༎
༢༡༽ གངས་སེང་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༥ གི་ཆུ་ཚོད་ ༢༡ སྐར་མ་ ༢༢
“སློབ་དཔོན་ཐོན་མིས་བོད་ཡིག་ཇི་ལྟར་བཟོས་ཚུལ་སོགས་ཞེས་པ་ལ་བསམ་གཞིག་རོབ་ཙམ་བྱས་པ།
་་་་་་་་་་་་་་་་་་་་་་་་་་་་།ཁྱེད་ཚོས་དུས་རྒྱུན་དུ་བོན་པོས་ཐོན་མིའི་ལོ་རྒྱུས་རྩིས་མེད་བཏང་སོང་ཟེར་ནས་བཀའ་བཀྱོན་མཐའ་ཡས་པ་གནང་གི་ཡོད་ཀྱང་ང་ཚོས་ཐོན་མིས་བོད་ཡིག་གསར་བཟོ་མ་བྱས་པར་བན་བོན་གཉིས་ཀའི་ལུང་དང་རིགས་པ་བརྒྱ་ཕྲག་གིས་གྲུབ་འདུག་ཅེས་བཤད་པ་མ་གཏོགས་ཐོན་མིས་སུམ་རྟགས་ཀྱི་ཕྱོགས་ལ་བྱས་རྗེས་བླ་མེད་བཞག་ཡོད་ཅེས་བརྗོད་བཞིན་ཡོད་དོ། ་་་་་་་་་་་་་་་་་་་་་་་་་་་་་དེ་ནི་གལ་སྲིད་སྐབས་དེར་ཐོན་མི་ནི་བྱས་རྗེས་འགྲན་ཟླ་བྲལ་བ་ཞིག་བཞག་མྱོང་བའི་སྐྱེས་བུ་ཁྱད་པར་ཅན་ཞིག་ཡིན་ན་ཏུང་ཧོན་ཡིག་རྙིང་དང་རྡོ་རིང་རྣམས་བཙན་པོའི་གཞུང་ཡིག་ཤ་སྟག་ཏུ་སོང་ཙང་དེར་ཐོན་མིའི་མིང་ཙམ་ཡང་མ་འཁོད་པའི་རྒྱུ་མཚན་གང་ཡིན་ཞེས་དྲིས་པའི་ལན་དུ་རྒྱུ་མཚན་ལྡན་པ་སྨྲ་རྒྱུ་མ་རྙེད་ནས་གང་དྲན་འཆལ་གཏམ་དུ་སྨྲས་པ་ཟད་དེ། ་་་་་་་་་་་་་་་་”
གངས་སེང་ལགས། ཁྱེད་བོན་པོ་དག་གིས་བོད་ཡིག་ཐུ་མིས་གསར་དུ་བཟོས་པ་མིན་པར་འདོད་དུ་ཆུག་མོད། བོད་ཡིག་གི་བརྡ་སྤྲོད་རིག་པའི་ཕྱི་མ་སུམ་རྟགས་གཉིས་ཐུ་མིས་བརྩམས་པར་འདོད་ཅེས་པ་བདེན་ན་ད་དུང་དེ་ལྟ་བུའི་བྱས་རྗེས་བླ་མེད་བཞག་པའི་སྐྱེས་བུ་དེའི་མཚན་རྡོ་རིང་སོགས་ཀྱི་སྟེང་དུ་མི་འཁོད་པའི་རྒྱུ་མཚན་དྲི་དགོས་པ་ཅི་ལ་ཐུག ངས་བལྟས་ན་སུམ་རྟགས་རྩོམ་པ་པོ་ཐུ་མི་ཡིན་མིན་ལ་དོགས་པ་སློང་རྩིས་བྱེད་པའི་རྟགས་སུ་མངོན་སྙམ་མོ། །འོན་ཀྱང་བོད་ཡིག་རྩོམ་པ་པོ་ཐུ་མི་ཡིན་མིན་ལ་དོགས་པ་སློང་མི་ཆོག་ཅེས་པ་ནི་མིན་ཏེ། ཁྱེད་ཀྱི་ཚིག་སྔ་ཕྱི་ལ་འགལ་བར་མཐོང་བས་ཐུགས་ལ་དྲན་གསོ་ཙམ་ཞུས་བ་ལགས།
གཡུ་འབྲུག་དཀར་པོ་ལགས། ངས་བཤད་པ་དེ་ཚིག་སྔ་ཕྱི་ལ་འགལ་བར་སོང་བའི་སྐྱོན་མེད་དེ་དུས་རབས་བདུན་པའི་སྐབས་སུ་ཐོན་མི་ཞེས་པའི་མི་སྣ་ཞིག་བྱུང་མྱངས་བ་དང་ཁོང་རྒྱ་གར་ལ་ཕེབས་ནས་ལེགས་རྒྱལ་སྐད་སྦྱོང་པ་ཕུལ་དུ་ཕྱིན་པ་གནང་ནས་སླར་བོད་ལ་ཕེབས་ཏེ་ལེགས་རྒྱལ་དག་ཡིག་ལ་དཔེ་བླངས་ནས་བོད་ཀྱི་སུམ་ཅུ་པ་དང་རྟགས་འཇུག་གི་ཕྱོགས་ལ་བྱས་རྗེས་བླ་མེད་བཞག་པར་ཁས་བླངས་ན་བན་བོན་སུའི་ལུགས་ལ་འགལ་འདུ་འགྲོ་བའི་ལུང་རིགས་གང་ཡང་མ་མཐོང་ངོ་ཟེར་བ་ཡིན། དེར་བརྟེན་གང་ཟག་འགའ་ཞིག་གིས་ཐོན་མི་ཞེས་པའི་མི་སྣ་ཞིག་བྱུང་མྱངས་ཡོད་མེད་ལ་ཐེ་ཚོམ་ཡོད་ཟེར་བ་དེ་ལ་ངས་དགག་པ་བྱས་པ་ཁྱོད་ཀྱིས་མ་མཐོང་སམ།
ལེགས་སྦྱར་གྱི་སྐད་་་་ཟེར་བ་འདི། སྔ་རབས་རྒྱ་གར་རང་དུ་ཡོད་པའི་སམ་ཀྲི་ཏའི་མ་སྐད་དེ་ལ་བརྗོད་ཀྱི་ཡོད་དམ། ཡང་ན་དུས་ཕྱིས་སམ་ཀྲི་ཏའི་སྐད་བོད་ཡིག་ཐོག་ཕབ་ནས་སྡེབ་སྦྱོར་གྱི་ཆ་རྐྱེན་ཚང་བའི་སྒྲ་མདོའི་གཞུང་དེ་ལ་བརྗོད་ཀྱི་ཡོད། ལེགས་སྦྱར་ཞེས་པའི་ཚིག་འདི་ལ་འགྲེལ་བཤད་དང་གོ་བ་ག་འདྲ་ཞིག་ལེན་དགོས་སམ། །
སམ་ཀྲི་ཏ་ཡི་སྐད་ལ་བོད་པས་ལེགས་སྦྱར་སྐད་ཟེར་གྱི་མེད་འགྲོ་བསམ་བྱུང་། གཏན་གཏན་ཧ་གོ་མ་སོང་།
གངས་སེང་ལགས། གསལ་བཤད་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་འགལ་འདུ་ཡོད་མེད་ནི་རང་གི་མཆད་ཉིད་ལ་བལྟས་པས་ཤེས་པས་ཡང་འགོད་བསྐྱར་འགོད་བྱེད་མི་དགོས་པ་དགོངས་འཇགས་འཚལ། དེ་རིང་ངས་འདི་འདྲ་ཞིག་བརྗོད་ན་བོན་པོ་རྣམས་ཀྱི་ཐུགས་ལ་ཕོག་ཐུག་མི་འབྱུང་བའི་རེ་འདུན་ཡོད། དེ་ནི་དེང་སང་ང་རང་སྤྱི་ལོ་༢༠༠༤-༥ ལོར་གློག་རྡུལ་འདྲ་པར་དུ་ཞུས་ཡོད་པའི་འབྲུག་གི་དགོན་པ་ཁག་གི་དཔེ་རྙིང་རྣམས་མཇལ་བཞིན་པའི་སྐབས་ཡིན། འབྲུག་གི་དགོན་རྙིང་ཞིག་ནས་དཔར་པའི་གློག་རྡུལ་འདྲ་པར་གྱི་དཔེ་ཚོགས་ཀྱི་ནང་དུ་བན་བོན་གྱི་ལྟོ་ཆོག་མང་པོ་ཞིག་འདུག དེའི་ནང་དུ་བོན་རིན་པོ་ཆེ་མི་ཁའི་ལྟོ་ཆོས་ཟེར་བ་ཞིག་འདུག དེའི་གོང་དུ་འཇམ་དཔལ་དབྱངས་ཀྱིས་གསུངས་པའི་མི་ཁ་ཞིག་ཀྱང་འདུག དེ་ནི་ཕལ་ཆེར་ནམ་རྒྱུན་བན་དེ་བ་རྣམས་ཀྱི་འདོན་བཞིན་པ་དེ་ཡིན་ནམ་སྙམ། གང་ལྟར་བན་བོན་གཉིས་ཀྱི་མི་ཁའི་ལྟོ་བཅོས་འདི་གཉིས་སུ་ཞིག་རྒན་གཞོན་ཡིན་པ་མི་ཤེས་མོད། འོན་ཀྱང་ཤ་རུས་གཅིག་ནས་མཆེད་པ་ཡིན་པ་ནི་ཚིག་དོན་ལ་བརྟེན་ནས་རྟོགས་སླ་བར་འདུག
ཡང་དེའི་འོག་ལ་བག་མའི་རྣ་མཆོག་ཅེས་པ་ཞིག་འདུག རྣ་མཆོག་ཅེས་པ་ཡི་གེའི་དག་ཆ་ནོར་བ་མིན་ནམ་སྙམ་སྟེ། མ་ནོར་བར་འབྲི་ན་མནའ་ཆོག་ཡིན་ནམ་སྙམ། ལྟོ་ཆོག་དེ་ལ་བརྟེན་ནས་ང་ལ་དོགས་པ་གསར་པ་ཞིག་སྐྱེས། དེ་ནི་ངའི་ཡུལ་ལུང་དུ་ལྟོ་ཆོག་དང་རིམ་གྲོ་སོགས་བགྱིད་ཚེ་ཕོ་མཚན་གྱི་གཏོར་མ་ཞིག་བཅའ་ཞིང་། དེ་ལ་ལག་པས་རེག་ནས་སྨོན་འདེབས་བྱ་སྲོལ་ཞིག་ཡོད་། དེ་དུས་ངག་ནས་བཙོག་གཏམ་རྗེན་པར་སྨྲ་ཞིང་ཕ་མ་བུ་ཚ་སོགས་ཀྱང་ངོ་ཚ་མི་བྱེད་པའི་སྐབས་ཤིག་ཡོད། ལུགས་སྲོལ་དེ་ནམ་རྒྱུན་རྒན་པོ་ཚོས་བཤལ་སྲོལ་ལྟར་ན་བོན་ལུགས་ནས་བྱུང་བ་ཡིན་པར་བརྗོད་ཀྱི་ཡོད་ཀྱང་། ད་བར་དེ་ལྟར་ཡིན་པའི་རྒྱུ་མཚན་ཞིག་རྙེད་སོན་བྱུང་མེད། དེ་རིང་ལྟོ་ཆོག་འདི་ལ་བལྟས་དུས་གོང་གི་བཤད་སྲོལ་དེ་བདེན་ཆ་ཞིག་འདུག་སྙམ་པ་བྱུང་། དེའི་རྒྱུ་མཚན་གཤམ་དུ་ལྟོ་ཆོག་འདིའི་ཚིག་འགའ་འདྲེན་བཀོལ་བྱས་ཡོད་པས་དེ་ལས་མཁྱེན་འཚལ།
ད་དུང་ལྟོ་ཆོག་དེའི་ནང་དུ་བན་དེ་བའི་ལུགས་ལ་ས་ཁྱབ་རྡོ་ཁྱབ་ཏུ་གྲགས་པའི་རོལ་པའི་མཚོ་བདུན་དང་རི་རྒྱལ་ལྷུན་པོ་སོགས་ཀྱི་ཐ་སྙད་སྤྱད་ལུགས་ལ་བལྟས་ན་བན་བོན་སྔར་ནས་འབྲེལ་བ་གཏིང་ཟབ་ཡོད་པར་མངོན་ཞིང་། མ་ཟད་བན་ལས་བོན་གཞོན་པ་ཡིན་ཚོད་སྣང་སྙམ་པའི་རྟོག་པ་ཞིག་ཀྱང་ངང་གིས་སྐྱེས། འོན་ཀྱང་དེ་ནི་ང་རའི་རྟོག་པ་ཙམ་ཡིན་པས་དེ་ཡིན་དེ་མིན་གྱི་སྒྲུབ་བྱེད་སོགས་གང་ཡང་ཞུ་རྒྱུ་མེད། ཁྱེད་རྣམ་པས་ཀྱང་དེ་ལ་གཟིགས་རྟོག་གིས་ཞིབ་འཇུག་ཅིག་གནང་འདོད་ན་ངས་གོང་གི་ལྟོ་ཆོག་གི་ཚིག་འགའ་ཞིག་འདིར་འགོད་ཡོད་པས་དགྱེས་གཟིགས་མཛོད།
༄༅། །བག་མའི་རྣ་མཆོག་ལ། དགོངས་མའི་གཡང་མཆོག་བྱའོ། །རྒྱལ་བསེན་ཁ་རམས་བྱ། །དེ་ནས་ལམ་སྲན་ཁ་ནས་ཕར་ལ། །རོལ་པའི་མཚོ་བདུན་ཆུ་ཕུ་རུ་རེའོ། །འཛོལ་གཡམ་པ་ཁ་སྦྱར་ནང་དུ། །མོ་འགལ་རེ་དང་ཐད་རེ་བཞག །་་་་་་་་་་་་་་་་་་་་་་་་་་་་་་་་་་་ཀྱེ་ཡུལ་གཅིག་རྒྱ་བོད་ཀྱི་སོ་མཚམས་ན། །ལེའུ་མི་རྒྱལ་བཞུགས། །བྲམ་མོ་སྐོས་སྨན་ཁབ་ཏུ་བཞེས། །ཉེས་ཡོང་ལེ་རྩལ་ཁུག་ཏུ་བཏང་། །དུས་སྐབས་དེ་ཙམ་ན། །བག་མའི་ཕྱི་ལ་རྒྱལ་བྱིན་འབྲེངས། །་་་་་་བརྒྱ་སྦྱིན་ནམ་སྙམ། མཆན།་་་་་ཅི་བྱས་བོར་མ་བཏུབ། །སྟོན་པ་གཤེན་རབ་ཀྱིས། །དར་དང་ཟབ་ལ་དྲངས། །ཕུད་དང་སྐྱོགས་ཀྱིས་མཆོད། །་་་་་་་་་་་་་་་་་་་་་་་་་་་་་་་་རྐང་པས་མནན་ལ་འདི་སྐད་དོ། །འགལ་བུ་དྲུག་གིས་མནན་པ་ན། །རི་རབ་ལྷུན་པོས་མནན་པ་ཙམ། །ཉི་མ་ཟླ་བས་མནན་པ་ཙམ། །རྐང་པ་གཡས་པས་མནན་ཙམ་ན། །གདགས་རི་དཀར་པོས་མནན་པ་ཙམ། །་་་་་་་་་་་་་་་་་་་་་་་སྟོན་པ་གཤེན་རབ་ཀྱིས། །བག་མ་ལྷ་ལ་དགས། །བག་མ་གཡང་ལ་བརྟན། །རྟ་རྟེན་དར་དཀར་ལ་དྲངས། །བག་མ་ཚུར་ལ་བྱོན། །བྱས་ལ་མདའ་ལ་དར་རྟགས་ལ་ཚུར་ཁྲིད་དོ། །ཞལ་དུ་ཆང་དྲང་ངོ་། །ཆང་གིས་བཟིས་ནས་རྒྱོ་གཏེར་རོ། །སྟེར་རོ་ཡིན་ནམ་སྙམ། མཆན།་་་་ལྷ་ལ་དགའ། རྣ་མཆོག་འབྲིང་པོ་རྫོགས་སོ། །
གཡུ་འབྲུག་དཀར་པོ་ལགས། ཁྱེད་ཀྱིས་ངོས་ལ་ཡིག་འཆལ་ཞིག་བསྟན་པ་ཐུགས་རྗེ་ཆེ་ཞུ། ཡིན་ནའང་ཡིག་འཆལ་འདི་རྙིང་པའི་གཡའ་དྲི་གཏན་ནས་མི་འདུག །གང་ཡིན་ཟེར་ན་འདིའི་ནང་བརྡ་རྙིང་གིས་དབེན་ལ་བརྡ་གསར་གྱི་ཤན་ཤིན་ཏུ་ཆེ་བ་ཞིག་འདུག་པ་མ་ཟད་རྩོམ་སྟངས་ཀྱང་རྙིང་རྩོམ་གྱི་བཟོ་འདྲ་ལ་གསར་རྩོམ་གྱི་དྲི་མས་གཏུམས་ནས་བསྡད་འདུག དེས་ན་རང་ལྟ་ལ་ཞེན་པའི་འདོད་ཆགས་ཆུ་ལྟར་འབྲུག །གཞན་ལྟ་ལ་མི་འགའ་བའི་ཞེ་སྡང་མེ་ལྟར་འབར། བླང་དོར་ལ་རྨོངས་པའི་གཏི་མུག་མུན་ལྟར་གཏིབས་པ་སྟེ། གྲུབ་མཐའི་ཆགས་སྡང་རྨོངས་གསུམ་གྱིས་མྱོས་པའི་བན་རྒན་ཞིག་གིས་བོན་ལ་སྡང་ཟུག་བྱས་པའི་གསར་རྩོམ་ལྟ་བུར་མཐོང་བས་དཔྱད་རིན་ཆོག་པའི་ཡིག་ཆ་ཞིག་ནི་རེད་མི་འདུག་སྙམ། ཁྱེད་ཀྱི་དགོངས་ཚུལ་དང་མ་མཐུན་ན་དགོངས་དག་ཞུ།
གངས་སེང་གིས། “གཡུ་འབྲུག་དཀར་པོ་ལགས། ཁྱེད་ཀྱིས་ངོས་ལ་ཡིག་འཆལ་ཞིག་བསྟན་པ་ཐུགས་རྗེ་ཆེ་ཞུ། ཡིན་ནའང་ཡིག་འཆལ་འདི་རྙིང་པའི་གཡའ་དྲི་གཏན་ནས་མི་འདུག །གང་ཡིན་ཟེར་ན་འདིའི་ནང་བརྡ་རྙིང་གིས་དབེན་ལ་བརྡ་གསར་གྱི་ཤན་ཤིན་ཏུ་ཆེ་བ་ཞིག་འདུག་པ་མ་ཟད་རྩོམ་སྟངས་ཀྱང་རྙིང་རྩོམ་གྱི་བཟོ་འདྲ་ལ་གསར་རྩོམ་གྱི་དྲི་མས་གཏུམས་ནས་བསྡད་འདུག དེས་ན་རང་ལྟ་ལ་ཞེན་པའི་འདོད་ཆགས་ཆུ་ལྟར་འབྲུག །གཞན་ལྟ་ལ་མི་འགའ་བའི་ཞེ་སྡང་མེ་ལྟར་འབར། བླང་དོར་ལ་རྨོངས་པའི་གཏི་མུག་མུན་ལྟར་གཏིབས་པ་སྟེ། གྲུབ་མཐའི་ཆགས་སྡང་རྨོངས་གསུམ་གྱིས་མྱོས་པའི་བན་རྒན་ཞིག་གིས་བོན་ལ་སྡང་ཟུག་བྱས་པའི་གསར་རྩོམ་ལྟ་བུར་མཐོང་བས་དཔྱད་རིན་ཆོག་པའི་ཡིག་ཆ་ཞིག་ནི་རེད་མི་འདུག་སྙམ། ཁྱེད་ཀྱི་དགོངས་ཚུལ་དང་མ་མཐུན་ན་དགོངས་དག་ཞུ།”
རང་གི་འདོད་པ་དང་མ་མཐུན་པ་ཞིག་འབྱུང་ན་ནམ་ཡིན་ན་ཡང་དེ་རྫུན་ཡིན་ཅེས་ཐག་ཆོད་པའི་སྒོ་ནས་ལབ་ཆོག་ཆོག་རེད་འདུག ཅི་འདྲའི་ཧམ་པ་ཆེ་བ་ལ་ཨང་། བན་དེ་བའི་ནང་དུ་ཡོད་པའི་ལེགས་པའི་ཆ་ཐམས་ཅད་བོན་པོས་བརྩམས་པ་ལས་བསྒྱུར་བ་དང་བོན་གྱི་ནང་དུ་ཡོད་པའི་ཉེས་པའི་ཐམས་ཅད་བན་དེ་བས་བོན་པོ་ལ་སྡང་ཟུག་གིས་བྱས་ཟེར་ན་ཧ་ཅང་ཐལ་མི་ཆེ་འམ། དེ་བས་གསར་རྙིང་དང་ལེགས་ཉེས་ཅི་འདྲ་ཡིན་རུང་བོན་བསྟན་ལ་ལྷག་བསམ་ཅན་ཞིག་ཡིན་ན་ཞིབ་འཇུག་གིས་དག་ཐེར་བགྱིད་པའམ་གཞན་ལ་བགྱིད་དུ་སྩོལ་དང་། བསྟན་པ་ལ་ཕན་པར་སེམས་སོ༎
དེང་དུས་ཀྱི་བོན་པོ་རྣམས་ནི། ཆོས་བརྒྱུད་རིས་མེད་ལྟ་བུའི་རིགས་གཞུང་ཕྱུག་ཤོས་ཅིག་རེད་ཟེར་ན་མི་འཐད་པ་ཨ་ཡོད་སྙམ།
རིགས་གཞུང་རིག་གཞུང་ལ་བཅོས།
མེད་པ་བཞི་ཡིས་བོན་ཡིག་རྫུན་མ་ཡིན་པར་རྟོགས།
བོན་གྱི་སྐད་དང་། ཡིག་གཟུགས་ཞེས་པ་དེ་རྫུན་མ་ཡིན་པའི་རྒྱུ་མཚན་འདི་དག་རེད། གཅིག་ནས་དེང་སང་བོན་པོའི་སྐད་ཡིག་ཏུ་གྲགས་པ་དེ་བཤད་མཁན་གཏན་ནས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བ་ཞིག་མེད་པ་དང་། གཉིས་ནས་ལོ་ལྔ་བརྒྱའི་གོང་གི་བོད་ཀྱི་ལོ་རྒྱུས་ལ་མེད་པ་དང་། གསུམ་ནས་ཁྱིམ་མཚེས་ཀྱི་ལོ་རྒྱུས་དང་། འཛམ་གླིང་གི་ལོ་རྒྱུས་ལ་མེད་པ་དང་། བཞི་ནས་དུས་རབས་བདུན་པའི་སྔོན་གྱི་དཔེ་རིས་རྙིང་པ་མེད་པ་སྟེ། མེད་པ་བཞིའི་བོན་གྱི་སྨར་ཆེ་ཆུང་གཉིས་ཀ་རྗེས་སུ་གསར་བཟོ་བྱས་པར་རྟོགས་ནུས་པ་རེད།
ཁོ་ཚོས་ནང་པའི་ཆོས་བསྒྱུར་བ་བཞིན་ཡི་གེ་འདི་ཡང་རྐང་པ་གཡས་རྐྱང་གཡོན་སྐུམ་ཙམ་དང་། མགོ་ལྷག་ཅིག་དང་། ཚེགས་རིང་ཞིག་སྦྱར་བ་ལས། བོད་ཡིག་དང་འདྲ་ཆེ་བ་སོག་ཡིག་ཏུ་གྲགས་པ་ནང་བཞིན་རེད། དེ་ཕྱིར་བོན་པོ་ལ་འབྱུང་ཁུངས་དག་མ་མེད་པའི་ལོ་རྒྱུས་དང་། བཀའ་བསྟན་མང་པོ་ཞིག་ཡོད་པས། དེ་དག་ཚང་མ་ཞིབ་འཇུག་གི་ཚོགས་པ་ཞིག་གམ། གཤིབ་བསྡུར་ཞིག་བྱ་འདོད་ཀྱི་འདུན་པ་ཆེན་པོ་ཡོད།
འགའ་ཞིག་གིས་ཟེར་ན་བོན་གྱིས་གང་བྱས་བོད་ཀྱི་རིག་གཞུང་གི་ཆེད་དུ་རེད། དེ་ལ་ཁོང་ཁྲོ་དགོས་དོན་མེད་པར་མ་ཟད། ད་དུང་དེ་ལ་རྗེས་སུ་ཡི་རང་བྱ་དགོས་པའི་བསྐུལ་མ་གནང་མཁན་ཡང་འདུག་མོད། ཁོ་ཚོས་བོད་ཀྱི་རིག་གཞུང་དང་། མི་རིགས་ལ་ཕན་ཐོགས་ཡོད་པའི་བྱ་བ་ཞིག་གི་སྣེར་འཛིན་བཞིན་ཡོད་ན། དེ་གས་འཐུས་ཀྱང་། ལོ་རྒྱུས་མི་འདྲ་བ་དང་། བསྟན་འབྱུང་མི་འདྲ་བ་སྣ་ཚོགས་ཤིག་སྒྲོ་བཏགས་ཀྱིས་ལོགས་སུ་དབྱེ་བཞིན་པ་རེད།
ལོགས་སུ་འབྱེད་པ་ནང་བཞིན་དོན་ལ་གནས་པ་ཞིག་ཡིན་ན་འགྲིགས་ཀྱང་། ཚང་མ་སྒྲོ་བཏགས་རྐྱང་རྐྱང་རེད། ངས་དེ་སྔོན་ཁོ་ཚོས་ལུང་དྲངས་སའི་ཆོས་འབྱུང་དང་། རྒྱལ་རབས་སུམ་བཅུ་ལྷག་ལ་གཏུགས་ཏེ། ཞིབ་བཤེར་ཞིག་བྱས་པ་ཡིན་ཏེ། ཚང་མ་རྫུན་མ་རེད་འདུག ད་དུང་ཁོ་ཚོས་རྫུན་མ་བཟོ་ངེས་ཡིན་པས། རིགས་སྨྲ་དག་གིས་ཞིབ་འཇུག་གནང་ན། བོད་ཀྱི་ཆོས་དང་། རིག་གཞུང་གཉིས་ཀར་གཏད་སོ་གང་ཡང་མེད་པ་ཞིག་ཏུ་བསྒྱུར་མ་སོང་ན། ངས་གང་བཤད་རྫུན་མ་ཡིན།
ཟུར་ཙམ་ཡིན།
ཀརྨ་ཡེ་ཤེས་ལགས། ཁྱེད་ཨུ་རྒྱན་ཉི་མ་རེད་བས།? གང་ཡིན་ཟེར་ན་ཁྱེད་ཀྱིས་སྤེལ་བའི་“མེད་པ་བཞི་ཡིས་བོན་ཡིག་རྫུན་མ་ཡིན་པར་རྟོགས།”ཟེར་བ་འདི་ངས་དེ་རིང་ཞོག་པར་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ནང་ནས་ཨུ་རྒྱན་ཉི་མའི་ཡིག་སྒམ་ནང་དུ་མཐོང་སོང་། ཡིན་ནའང་འདི་ནི་གྲུབ་མཐའི་ཆགས་སྡང་རྨོངས་གསུམ་གྱི་མྱོས་ཆུ་མཐུངས་བའི་ར་བཟི་བ་ཞིག་གིས་བྲིས་པའི་བཟོ་འདྲ་མ་གཏོགས་ལུང་དང་རིགས་པའི་རྒྱབ་རྟེན་ཡོད་པའི་དཔྱད་རྩོམ་ཞིག་གཏན་ནས་རེད་མི་འདུག་ཞུ།
ཀརྨ་ཡེ་ཤེས་ཀྱིས་འདིར་སྤེལ་བའི་”མེད་པ་བཞི་ཡིས་བོན་ཡིག་རྫུན་མ་ཡིན་པར་རྟོགས།”ཟེར་བ་དེ་འདིའི་ནང་དུ་ཡོད།
ཨོ་རྒྱན་ཉི་མ། http://blog.amdotibet.cn/ogyenling/index.aspx
ཀརྨ་ཡེ་ཤེས་ཟེར་བ་འདི་ནི་ཨུ་རྒྱན་ཉི་མ་ཡིན་ནའང་འདྲ་སྤོབས་པ་མཐའ་ཡས་ཡིན་ནའང་འདྲ་གང་ལྟར་ཁོ་ཡི་ཕ་མེས་ཀྱི་ཤ་ཁྲག་དེ་བོན་པོས་འཇིབས་པ་གཏན་གཏན་རེད་འདུག་དེ་མིན་འདི་ལྟའི་བསམ་གཟས་བྱེད་དོན་གང་ཡོད། ཨུ་རྒྱན་ཉི་མ་ཟེར་བ་འདི་ཡིས་ཆོག་ཤེས་ཟེར་བའི་དེབ་ཞིག་བྲིས་འདུག་དེ་ངས་གཅིག་ལྟས་ཡིན་མོད་ཁ་སྟོང་ལག་སྟོང་གི་བརྒྱ་བཤད་སྟོང་བཤད་བྱས་པ་རང་རེད་འདུག་ཁོ་ནི་རྙིང་མ་བ་རེད། རྙིང་མ་བ་དེ་ཚོས་བོན་པོ་ཐོག་མར་བོད་ཡུལ་དུ་མེད་པ་བྱེད་མཁན་དེ་ཡིན་པ་དང་དེར་བརྟེན་བོན་ཆོས་རྐུ་མཁན་དང་ཤོས་དེ་རེད། ཆོས་རྒྱུད་གཞན་མ་ཚོས་རྙིང་ཆོས་ལ་བོན་ཚ་ཞེས་ཟེར། དེ་རྒྱུ་མཚན་ལོས་ཡོད་བསམ་པ་བྱུང། ད་དུང་ཤོད་བདུད་འཇོམས་ཀྱི་རྒྱལ་རབས་དེ་ཚོ་ནས་སློབ་སྦྱོང་བྱེད་ན་བྱས་འབྲས་དེ་འདྲ་རང་རེད།
ཁྱེད་ཚོས་ཀརྨ་ཡེ་ཤེས་དང་། སྤོབས་པ་མཐའ་ཡས། ཨོ་རྒྱན་ཉི་མ་གསུམ་མ་བསྲེས་རོགས། ཀརྨ་ཡེ་ཤེས་ནི་ཁེངས་ཆེན་རྒྱོས་པའི་རྡོ་མཇེ་རེད། སྤོབས་པ་མཐའ་ཡས་ནི་བོང་རྫི་ཟེར་བའི་དབྱིན་ཡུལ་ཁེམ་བྷི་རི་ཅི་ན་ཡོད་པའི་རྡོ་སྦི་བློ་བཟང་མིང་ཅན་དེ་རེད། ཨོ་རྒྱན་ཉི་མ་འདི་ཁམས་པ་ཞིག་ཡིན་པས་རང་མིང་དངོས་སུ་བྲིས་ནས་རྩོམ་ཡིག་དང་མཆན་རྒྱག་གིན་འདུག དེས་ན་མི་འདི་ཚོ་གསུམ་སོ་སོར་ཡིན་པའང་ཤེས་པར་གྱིས་ཤིག
གལ་སྲིད་ཨོ་རྒྱན་ཉི་མ་དང་ཀརྨ་ཡེ་ཤེས་གཉིས་མི་གཅིག་མིན་ན་ཀརྨ་ཡེ་ཤེས་ནི་ཧ་ཅང་གི་མི་རྫོབ་ཅན་དང་རྐུན་རྒན་ཞིག་ཡིན་པ་ཐག་ཆོད་རེད། ཁྱི་ངོ་ཚ་རྒྱུ་མེད་མཁན་ཨོ་རྒྱན་ཉི་མའི་རྩོམ་ཡིག་རྐུ་མ་རྒྱག་ནས་ཁོ་རང་གི་ཡིན་མདོག་མདོག་བྱེད་ཀྱི་འདུག་གཱ།