ཀླུ་སྨྱོན་ཧེ་རུ་ཀ
ཉིན་འདི་ཚོར་ཁོ་བོས་སྟོན་པ་ཡེ་ཤུའི་གསུང་ཕྱོགས་བསྒྲིགས་”དམ་པའི་གསུང་རབ་”བམ་དབྱིན་སྐད་དུ་Holy Bible ཞེས་པ་དེར་སློབ་སྦྱོང་བྱེད་བཞིན་པའི་སྒང་ཡིན་ཞིང་། རང་རེའི་བཀའ་འགྱུར་གྱི་བརྒྱ་ཆ་གཅིག་ཙམ་ལ་ཡང་མི་ལོངས་པའི་དེབ་འདི་གཅིག་པོའི་ནུས་ཤུགས་ཀྱིས་འཛམ་གླིང་གི་ས་ཆ་ཧ་ཅང་ཆེན་པོ་ཞིག་ཟིན་ཡོད་པར་བསམས་ན་ཡིད་དབང་མེད་དུ་གཡོ་བར་འགྱུར་བ་དང་། སྟོན་པ་ཡེ་ཤུ་དགུང་ལོ་ཆུང་དུས་རྒྱ་གར་གྱི་ན་ལནྡྲ་ཞེས་པའི་མཐོ་སློབ་ཏུ་ཕེབས་ནས་སློབ་གཉེར་མཛད་པར་འདོད་མཁན་གྱི་མཁས་པ་ཡང་མི་ཉུང་བ་ཞིག་ཡོད་པས། གལ་སྲིད་གཏམ་དེ་བདེན་པ་ཡིན་ན་ཁོང་ཡང་རང་རེའི་སྟོན་པའི་རྗེས་འཇུག་ཏུ་བགྲང་ཐུབ་ཙམ་ཡོད་ཅིང་། གཤམ་དུ་ཁོང་གི་གསུང་གི་སྙིང་པོར་གྱུར་པའི་ཆོས་ཚན་ཉུང་ངུ་ཞིག་ཀྱང་བཞག་ཡོད་ལ། རང་རེའི་ཆོས་གྲྭ་ཆེན་པོ་དག་ཏུ་ལོ་སྟོང་ཕྲག་སྔོན་ནས་རྒྱ་གར་དུ་བག་ལ་ཞ་བའི་གྲངས་ཅན་པ་སོགས་ཀྱི་གྲུབ་མཐའི་གནད་འགག་དག་ད་དུང་རྩོད་བཞིན་སྡོད་པ་ལས། དེང་སང་ཉིན་རེ་ནས་ཉིན་རེ་བཞིན་རང་རེའི་སྒོ་དྲུང་དུ་བཅར་དང་བཅར་བཞིན་པའི་ཡེ་ཤུའི་ཆོས་ལུགས་འདི་ལ་དོ་སྣང་དང་སློབ་སྦྱོང་། སྐབས་སུ་བབས་ན་དགག་སྒྲུབ་དང་དོགས་སློང་སོགས་ཀྱང་བྱེད་རན་འདུག གཏམ་རྒྱུད་གསེར་ཐང་དུ་གསུངས་པ་བཞིན། ནང་པའི་རྒྱལ་ཁམས་ཤྲི་ལིངྐའི་ཡུལ་དུ་ཆེས་རིང་མོ་ཞིག་ནས་ཡེ་ཤུའི་ཆོས་ལུགས་འདི་དར་ཁྱབ་བྱུང་བ་དང་། འཇར་མན་ནས་ཡིན་པའི་ནང་པའི་དགེ་སློང་ཏེ་ལོ་བྱ་བ་ཞིག་གིས་ཡེ་ཤུ་བ་ཚོ་དང་བསྟན་པ་རྒྱལ་བཙུགས་ནས་རྩོད་པ་བྱས་ཏེ་ཡེ་ཤུ་བའི་སློབ་དཔོན་དུ་མ་སྨྲ་བ་ལན་མེད་དུ་བཏང་བའི་ལོ་རྒྱུས་དེ་ཡང་དྲན་པའི་ཟུར་དུ་ཉར་ན་ལེགས། ང་ལ་ཡོད་པའི་དེབ་འདི་ནི་སྤྱི་ལོ་༡༩༦༠ལོར་རྒྱ་གར་ཀ་ལི་ཀ་ཏ་ནས་བོད་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱས་ཤིང་། ༡༩༦༩ལོའི་ཟླ་བཅུ་པའི་ཚེས་བཅུ་དྲུག་སྟེ་ཁོ་བོ་སྐྱེས་ནས་ཉི་མ་བཞིའི་རྗེས་སུ་ཡེ་ཤུའི་ཆོས་པ་ཞིག་གིས་ཨ་རིར་ཕེབས་པའི་ས་སྐྱ་བདག་ཆེན་ལ་ཕུལ་པའི་ཡི་གེ་མདུན་ཤོག་ནང་མའི་ངོས་སུ་བྲིས་འདུག་ལ། ལོ་ངོ་བཞི་བཅུ་ལྷག་གི་རྗེས་སུ་ཁོ་བོའི་ལག་པར་འབྱོར་བ་འདི་ཡང་སྟབས་ལེགས་སྟེས་དབང་ཞིག་ཡིན་པར་སྨོན། ཡིད་ཕངས་པ་ཞིག་ལ་དམ་པའི་གསུང་རབ་འདི་བོད་ཡིག་ཏུ་བསྒྱུར་མཁན་གྱི་མིང་དེ་དེབ་འདིའི་མདུན་རྒྱབ་གང་དུ་ཡང་མི་གསལ་ཞིང་། ཚིག་གི་འགྲོས་ལ་དཔགས་ན་བོད་ཡིག་གི་ཆུ་ཚད་ཧ་ཅང་ལེགས་པོ་ཡོད་མཁན་ཞིག་ཡིན་པ་ནི་ཤེས་ཐུབ་པ་དང་། དེ་ཡང་ཚིག་རིས་མང་པོ་ཞིག་ནི་མདོ་སྡེ་མཛངས་བླུན་ཞེས་པ་དེ་བོད་ཡིག་ཏུ་ཡོད་པའི་ཚིག་འགྲོས་དང་ཐག་ཧ་ཅང་ཉེ་བོ་འདུག
དམ་པའི་གསུང་རབ་ཀྱི་ལུ་ཀའི་LUKEབཀའ་བསྡུས་ལེའུ་དྲུག་པའི་ཡིག་ཕྲེང་ཉེར་བདུན་པ་ནས་སོ་དགུ་བར་དུ་བྱམས་པ་དང་བཟོད་པའི་སྐོར་གསུངས་པ་འདི་ལྟར།
“ངས་ཁྱེད་རྣམས་ལ་ཟེར། ཁྱེད་རང་གི་དགྲ་ལ་བྱམས་སེམས་སྐྱེད། ཁྱེད་ལ་ངན་སེམས་སྐྱེད་མཁན་རྣམས་ལ་དྲིན་བྱོས། ཁྱེད་ལ་སྨད་སྒྲ་གཏོང་མཁན་རྣམས་ལ་བྱིན་རླབས་ཐོངས། ཁྱེད་ལ་འཚེ་ཞིང་གནོད་པ་བྱེད་མཁན་རྣམས་ཀྱི་དོན་དུ་སྨོན་ལམ་ཐོབ་ཅིག སུས་ཁྱེད་ཀྱི་འགྲམ་པ་ཡ་གཅིག་ལ་འགྲམ་ལྕག་རྒྱག་ན། དེ་ལ་གཞན་དེ་ཡང་སྟོན་ཅིག སུས་ཀྱང་ཁྱོད་ཀྱི་ཕྱུ་བ་འཕྲོགས་ན། ཨང་ཐུང་ཀྱང་འཕྲོགས་པ་ལས་མ་འགོག་ཅིག སུས་ཀྱང་ཁྱེད་ལ་ཞུ་ན་དེ་ལ་ཐོངས། སུས་ཀྱང་ཁྱོད་ཀྱི་ནོར་འཕྲོགས་ན་ཚུར་མ་ལེན་ཞིག ཇི་ལྟར་མི་གཞན་གྱིས་ཁྱེད་རྣམས་ལ་བྱེད་པར་དགའ་བ་ལྟར་ཁྱེད་ཀྱིས་ཀྱང་མི་གཞན་ལ་བྱོས་ཤིག ཁྱེད་ལ་བྱམས་མཁན་རྣམས་ལ་དྲིན་ལན་གང་ཐོབ་ཡོང་། མི་སྡིག་ཅན་རྣམས་ཀྱིས་ཀྱང་རང་ལ་བྱམས་མཁན་ལ་བྱམས་སོ།། ཡང་ཁྱེད་ལ་དྲིན་བྱེད་མཁན་རྣམས་ལ་དྲིན་བྱེད་ན་དྲིན་ལན་གང་ཐོབ་ཡོང་། མི་སྡིག་ཅན་རྣམས་ཀྱིས་ཀྱང་དེ་བཞིན་དུ་བྱེད་དོ།། ཡང་ཁྱེད་རྣམས་ཀྱིས། ཁོ་ནས་ཐོབ་ཡོང་ཞེས་རེ་བ་བྱེད་ཅིང་མི་ལ་སྐྱེ་ན་དྲིན་ལན་ཅི་རྙེད། སྡིག་ཅན་རྣམས་ཀྱིས་ཀྱང་གཅིག་གིས་གཅིག་ལ་སྐྱིན་པ་ཐོབ་པའི་རེ་བ་བྱེད་ཅིང་སྐྱི་འོ།། འོན་ཀྱང་ཁྱེད་ཚོས་རང་གི་དགྲ་རྣམས་ལ་བྱམས་པ་བྱོས། དྲིན་བྱོས་ལ་ནམ་ཡང་མ་འཕངས་པར་སྐྱིས་ཤིག་དང་། ཁྱེད་ཀྱི་རྔན་པ་ཆེན་པོ་ཡིན་པར་འགྱུར། ཡང་བླ་ན་མེད་པའི་དཀོན་མཆོག་གི་སྲས་ཡིན་པར་འགྱུར་རོ།། གང་ལ་ཟེར་ན། ཁོང་གིས་བཀའ་དྲིན་མི་དྲན་པའི་མི་དང་མི་ངན་པ་ལ་ཡང་ཐུགས་རྗེས་གཟིགས་སོ།། ཁྱེད་ཀྱི་ཡབ་ཀྱིས་ཐུགས་བརྩེ་བར་དགོངས་པ་ལྟར་ཁྱོད་ཅག་གིས་ཀྱང་སྙིང་རྗེ་སྐྱེད་ཅིག ཞལ་ཆེ་མ་གཅོད་ཅིག དེ་ནས་ཁྱོད་རྣམས་ཀྱི་ཞལ་ཆེ་ཡང་མི་གཅད། ཆད་པ་མ་གཅོད། དེ་ནས་ཁྱོད་རྣམས་ལ་ཡང་ཆད་པ་འཕོག་མི་ཡོང་། ཐར་དུ་ཆུག་ཅིག དེ་ནས་ཁྱོད་རྣམས་ལ་ཡང་ཐར་དུ་འཇུག་པར་འགྱུར་རོ།། སྟེར་ཤིག དེ་ནས་ཁྱོད་རྣམས་ལ་ཡང་སྟེར་བར་འགྱུར། ”
ཡོ་ཧ་ནན་(ཇོན)གྱི་བཀའ་བསྡུའི་ལེའུ་བརྒྱད་པའི་ཡིག་ཕྲེང་བཅུ་གཉིས་པར་ཡེ་ཤུས། “ང་ནི་འཇིག་རྟེན་གྱི་འོད་ཡིན། སུ་ཡང་ངའི་རྗེས་སུ་འབྲངས་པ་དེ་མུན་པའི་ནང་ན་མི་འགྲུལ་བར་སྲོག་གི་འོད་དང་ལྡན་པར་འགྱུར།”
དེབ་དེ་ང་ཚོས་ཀྱང་ལྟ་ཐུབ་པར་སྨོན། ༼ རང་རེའི་བཀའ་འགྱུར་གྱི་བརྒྱ་ཆ་གཅིག་ཙམ་ལ་ཡང་མི་ལོངས་པའི་དེབ་འདི་གཅིག་པོའི་ནུས་ཤུགས་ཀྱིས་འཛམ་གླིང་གི་ས་ཆ་ཧ་ཅང་ཆེན་པོ་ཞིག་ཟིན་ཡོད་པར་བསམས་ན་ཡིད་དབང་མེད་དུ་གཡོ་བར་འགྱུར་བ་དང་།༽ཞེས་པའི་སྐད་ཆ་ཡིད་ལ་འཐད་པ་ཞིག་རེད་འདུག གང་ལྟར་ལྟ་ཐུབ་པར་སྨོན།།
ངས་ཀྱང་དེབ་དེ་བོད་ཡིག་ཏུ་ཡོད་པ་ཞིག་བལྟ་མྱོང། ཡེ་ཤུའི་ཆོས་དཔོན་ཚོས་བོད་རིགས་ཀྱི་ཆེད་དུ་དེབ་རིགས་དང་བོད་སྐད་ཐོག་ཡོད་པའི་གླུ་དང་སྒྲུང་ཡེ་ཤུ་མ་ཤི་ཀའི་རྣམ་ཐར་སོགས་མང་པོ་ཞིག་བོད་རིགས་འདུ་འཛོམས་དང་གྲོང་གསེབ་ཁག་ཏུ་འགྲེམས་ཀྱིན་འདུག ཁོང་ཚོས་གླུ་གཞེས་དང་རྣམ་ཐར་རིགས་སྒྲ་བཅུག་བྱས་པའི་འོད་སྡེར་ལས་སོགས་མང་པོ་ཞིག་བོད་རིགས་དེ་དག་བློ་འགུག་པའི་ཐབས་སུ་བཀྲམས་ཀྱང་དེ་ལས་ལྡོག་སྟེ་འོད་སྡེ་ལས་སོགས་སྒྲ་འཇུག་བྱས་པའི་སྒྲ་ལེན་བྱེད་ཀྱི་འཕྲུལ་ཆས་རྣམས་ཀྱི་ནང་གི་རྣམ་ཐར་དང་གླུ་གཞེས་སོགས་སྒྲ་བསུབ་ཅིང་སྟོང་པ་བཟོས་ཏེ་རང་རང་གི་ཆོས་ལུགས་ཀྱི་འདོན་པ་སོགས་འཇུག་གྱིན་འདུག ངས་བསམ་པར་ཨ་ཁ་ཁོང་ཚོའི་འདོད་པདོན་མ་གྲུབ་པར་མ་ཟད། རྒྱུ་གྲོན་ཆེན་པོ་བཏང་ས་ཏེ་བཀྲམ་པ་དག་ཀྱང་བེད་སྤྱོད་ལོག་པར་བཏང་བ་འདིར་བསམ་ན་ནོར་བུ་མ་ལོན་ལག་སྟོང་དུ་སླེབས་པ་རང་རེད་བསམ་བྱུང།
འོན་ཀྱང་ལ་དྭགས་ལས་སོགས་བོད་རིགས་མང་པོ་ཞིག་གི་གྲོང་པ་ཉམས་ཐག་དེ་ཚོར་ཁོང་ཚོས་ཕྲུག་གུ་སློབ་གྲྭར་གཏོང་བ་དང་སྨན་ཁང་རྒྱབ་པ་རྒན་གསོ་ཁང་རྒྱབ་པ་ལས་སོགས་ཀྱིས་མང་པོ་ཞིག་བློ་འགུག་བྱས་ཐུབ་ཡོད་འདུག
དཔེར་ན་ལྷོ་ཨབ་རི་ཁ་ལྟ་བུ་རེད། མ་ཟད་བོད་པ་ཡེ་ཤུ་ཡོང་ཡོད་པ་ལོ་ཤས་སྔོན་དུ་ཨ་རིའི་བོད་སྐད་རྒྱང་བསྲིང་རླུང་འཕྲིན་ཁང་ནས་ཨ་རིར་གནས་སྡོད་བོད་པ་ཡེ་ཤུའི་ཁྱིམ་ཚང་ཞིག་ལ་དྲི་བ་དྲིས་ལན་བྱས་སོང།
ཉིན་གཅིག་ཁོང་ཚོའི་བསམ་དོན་འགྲུབ་སྲིད་པ་རེད། བོད་པ་ཚོ་ནི་ཀླད་སྟོང་དང་དངུལ་གྱི་དོན་དུ་མཆོང་རྐྱང་བྱེད་མཁན་རེད། མ་ཟད་བོད་པ་ནི་རང་མི་རིགས་ཀྱི་ཆོས་དང་ཤེས་རིག་རྙིང་པ་རྣམས་དོར་གྱིན་དོར་གྱིན་དང་གསར་པ་ལེན་གི་ལེན་གི་བྱེད་མཁན་ཞིག་རེད།
བོད་བྱང་ཤར་གྱི་ས་ཁུལ་མང་པོ་ཞིག་ལ་ཡེ་ཤུའི་ལྷ་ཁང་རྒྱག་ཏེ་བོད་མི་མང་པོ་ཞིག་ཡེ་ཤུའི་ཆོས་དད་པར་འགྱུར་བཞིན་ཡོད་པ་གོ་ཐོས་བྱུང་། ལྷོ་ཀོ་རིའི་ཡ་དང་ནུབ་ཕྱོགས་པའི་ཆོས་དར་སྤེལ་བྱེད་མཁན་དེ་འདྲ་མང་པོ་བོད་དུ་ཡོད་འདུག ཁྲེལ་དང་ངོ་ཚ་མེད་པའི་བླ་མའི་མིང་ཅན་གྱི་ཚོང་པ་དག་རྒྱ་མི་རྒྱུ་ཆེན་རེ་འགུག་རྒྱུའི་བསམ་བློ་ལས་ས་གནས་སོ་སོར་འགན་གཏན་ནས་ཁུར་བཞིན་མེད།
ཨོ་ཡེ་ཤུའི་བསྟན་པའི་སྙིང་པོ་དེ་འདྲ་ཞིག་ཡིན་ན་ང་ཡང་བལྟ་འདོད་འདུག འཛམ་གླིང་གི་མི་རྣམས་དེ་ཕྱོགས་ལ་ཡིད་འགུལ་ཐེབས་པ་དོན་མེད་རེད་མིན་འདུག
ངས་ཀྱང་ལོ་གཅིག་གི་སྔོན་དུ་ཡེ་ཤུའི་ཆོས་དབྱིན་སྐད་དུ་ཡོད་པ་ཤོག་ལྡེབ་འགའ་ཞིག་བཀླགས་མྱོང་། དེའི་ནང་དུ་མི་རྣམས་འཁོར་བར་ཐོག་མར་འཁྲུལ་པ་ནི་ཤིང་ཏོག་ཅིག་ཟོས་པ་ལ་བརྟེན་ནས་གཉིས་འཛིན་གྱི་རྣམ་རྟོག་སྐྱེས་ནས་འཁྲུལ་ཚུལ་ཞིག་གསུངས་པ་མཐོང་། དེར་བརྟེན་ནས་ངས་ཡེ་ཤུའི་ཆོས་དང་ནང་པའི་ཆོས་གཉིས་ཀྱི་བར་དུ་བཤད་སྟངས་ཀྱི་ཁྱད་པར་མ་གཏོགས་ནང་དོན་གཅིག་པ་ཡིན་ས་རེད་ཅེས་ཁ་བརྡའི་སྒང་ལ་བརྗོད་མྱོང་། དེ་དུས་ནང་པའི་བླ་སྤྲུལ་གྱི་མིང་འཛིན་མཁན་ཞིག་གིས་ང་ལ་བཀའ་བཀྱོན་ཡང་བཏང་བྱུང་། ཨ་ལགས་ལ་ཁྱེད་རང་ཡང་གཟབ་གཟབ་མ་བྱས་ན་ང་ལ་བཀའ་བཀྱོན་གཏང་མཁན་ནས་བཀའ་བཀྱོན་རག་ཡོང་གོ
ཨོ་ད་དུང་ཅིག་ཞུ་རྒྱུ་ཏཱ་ར་ན་ཐའི་རྒྱ་གར་ཆོས་འབྱུང་དུ་ཀླ་ཀློའི་ཆོས་ནི་ཆོས་རྒྱལ་ཨ་ཤྭ་ཀའི་དུས་ཙམ་ན་ནང་པའི་གྲྭ་ལོག་ཅིག་གིས་བརྩམས་པ་ཡིན་ཚུལ་ཞིག་གསུངས་འདུག། ཀླ་ཀློའི་ཆོས་དེ་གང་ཡིན་མཁྱེན་མཁན་ཡོད་པས། ངས་ནི་ཡེ་ཤུའི་ཆོས་དེ་ཡིན་ནམ་བསམ་བྱུང་།
གཡུ་འབྲུག་གིས་དྲན་སྐུལ་བྱས་པར་དགའ་ཡོད། ངས་ཀྱང་ཆོས་འབྱུང་དེར་ཡང་སྐྱར་ཅིག་ལྟ་དགོས་སོང་།
ལགས་སོ་ཀླུ་སྨྱོན་ལགས། ཁྱེད་ཀྱིས་ཡང་བསྐྱར་གཅིག་གཟིགས་ནས་དེ་ལས་ཐོབ་པའི་ཤེས་རབ་ཀྱི་འོད་སྣང་དེ་ད་དུང་ཁ་བརྡ་སྒང་ལ་བཀྱེ་བར་མཛོད་ཅིག།
གང་ལྟར་ཡི་ཤུའི་ཆོས་ཀྱི་ངོ་བོ་ཇི་འདྲ་ཡོད་མེད་ཤོད་དཀའ་ཡང་། ཆོས་སྤེལ་རྒྱུ་ལ་ཐབས་ལ་མཁས་ཤིང་། རྩལ་འདོན་གཙོ་བོར་བྱེད། དེ་དང་ཆ་འདྲ་བ་བོད་བརྒྱུད་ཆོས་ལུགས་བཞིའི་ཡ་གྱལ་ཞིག་ལའང་ཡོད།
ཡེ་ཤེའི་ཆོས་དེ་དངོས་གནས་བཏིང་ཟབ་པ་ལ་སྔོན་ཙམ་ནས་ཤེས་ཡོད་ན་དགའ་བ་ལ།
བླ་མ་ཧེ་རི་ཀ་འདི་གསར་བཏོད་ལ་མོས་པ་ཞིག་རེད། དངོས་གནས་ང་ཚོའི་སྤྱི་ཚོགས་ནང་ཡེ་ཤེའི་ཆོས་དར་སྤེལ་གཏོང་མི་སྲིད་པ་མིན།རྒྱོབ་སྐྱོར་ཡོད།
ཧེ་རུ་ཀས༼རང་རེའི་ཆོས་གྲྭ་ཆེན་པོ་དག་ཏུ་ལོ་སྟོང་ཕྲག་སྔོན་ནས་རྒྱ་གར་དུ་བག་ལ་ཞ་བའི་གྲངས་ཅན་པ་སོགས་ཀྱི་གྲུབ་མཐའི་གནད་འགག་དག་ད་དུང་རྩོད་བཞིན་སྡོད་པ་ལས། དེང་སང་ཉིན་རེ་ནས་ཉིན་རེ་བཞིན་རང་རེའི་སྒོ་དྲུང་དུ་བཅར་དང་བཅར་བཞིན་པའི་ཡེ་ཤུའི་ཆོས་ལུགས་འདི་ལ་དོ་སྣང་དང་སློབ་སྦྱོང་། སྐབས་སུ་བབས་ན་དགག་སྒྲུབ་དང་དོགས་སློང་སོགས་ཀྱང་བྱེད་རན་འདུག༽ཅེས་གསུངས་པ་ནི་དེ་དེ་བཞིན་ནོ་ཞེས་ཞུའོ།།
ཡེ་ཤུ་དེ་ཚོ་ཆོས་ལུགས་དར་སྤེལ་ལ་ཐབས་ལ་མཁས་པོ་ཇི་འདྲ་ཞིག་ཡོད་ན་ཡང་། ལོ་མང་པོའི་སྔོན་དུ་ཡེ་ཤུའི་ཆོས་ཀྱི་བསྟི་གནས་ཤིག་ཡིན་པའི་ཀེམ་བྲིཇ་དང་ཨོགསི་ཕོཌི་སློབ་གྲྭ་ཆེན་མོ་གཉིས་ཀྱི་སློབ་གྲྭ་པ་རྣམས་ཀྱིས་ནི་ཡེ་ཤུའི་ཆོས་ལ་དད་པ་བྱེད་ཀྱི་མེད་ཟེར། དེར་ཡོད་པའི་ལྷ་ཁང་རྣམས་སུ་ཡང་ཡེ་ཤུའི་བླ་མ་རྒྱལ་ཁབ་གཞན་གྱི་མི་རིགས་ཀྱིས་བྱེད་པ་ལས་དབྱིན་ཇི་བ་གཅིག་ཀྱང་མེད་ཟེར། འོན་ཀྱང་ཆང་ས་རྒྱག་དུས་དང་གཤིན་པོའི་བུམ་པ་བཟུང་བ་སོགས་ཡེ་ཤུ་ལྟར་བྱེད་པ་ནི་ལམ་ལུགས་ཙམ་མ་གཏོགས་ཆོས་དད་ཀྱིས་མིན་ཟེར་རོ། །མ་ཟད་དེ་ལྟ་བུའི་སྐབས་སུ་ཡེ་ཤུའི་ལུགས་འབའ་ཞིག་མིན་པར་ཆོས་ལུགས་གང་སྟབས་བདེ་བ་བྱེད་ཀྱི་ཡིན་ཟེར་ཏེ། དཔེར་ན་ཡེ་ཤུའི་ལུགས་ལ་ཕོ་མོ་ཆང་ས་རྒྱག་དུས་མངལ་དུ་ཕྲུ་གུ་སྦྲུམ་པ་ཡོད་ན་མི་རུང་བས། དེ་འདྲའི་གནས་སྐབས་བྱུང་ན་ནང་པའི་ལུགས་ལྟར་རྒྱག་གི་ཡོད་ཟེར་རོ༎
གཡུ་འབྲུག་ཁྱོད་རང་ཡང་བློ་ཆེ་མདོག་ཁ་པོ་མ་བྱེད་པར་རང་གི་ཕ་ཡུལ་ལ་ཆོས་ལུགས་གསར་པ་དེ་ཚོར་ཚོད་འཛིན་བྱོས། ཚང་མ་གཅིག་པ་རེད། འདྲ་པོ་རེད་འདྲ་ཟེར་ནས་མདོ་མེད། རུས་མེད། ཀླད་མེད། རིས་མེད་དེ་འདྲ་མ་བྱེད་ཨེ་གོ མནོ་བསམ་ལེགས་ཤོམ་བེ་གཏང་སྨ་རེ།
ཧ་ཧ་མེ་ཏོག་དཀར་པོ་ལགས། མནོ་བསམ་ལེགས་ཤོམ་སྦེ་བཏང་རུང་མ་བཏང་རུང་ཁུགས་ཅིག་མིན་འདུན། དེ་ལས་འདི་ག་སྟབས་བདེཝ་འབདཝ་དྲག་པས་མེན་ན།
ཡེ་ཤུའི་ཆོས་ནས་བྱམས་སྙིང་རྗེའི་བསྐོར་འཆད་བཞིན་པ་རྣམས་འགོག་དགོས་དོན་མི་འདུག འཇིག་རྟེན་འཀོད་པ་བོ་འདོད་པའི་སྟེང་ནས་འཁོར་བའི་ཐོག་མ་ལྟ་བུ་ཁས་ལེན་པའི་གྲུབ་མཐའ་རྣམས་ནི། ནང་པའི་གཞུང་ན་ཧ་ཅང་ནན་ཏན་བྱས་ཏེ་འགོག་བྱེད་ཀྱི་རིགས་པ་མང་པོ་རྩལ་དུ་བཏོན་ཏེ་བཀག་འདུག དེ་ལས་གཞན་ནང་བསྟན་ཀྱི་གཞུང་ནས་སྔར་བཀག་མ་མྱོང་ཞིང་ད་ལྟ་ངེས་པར་འགོག་དགོས་པ་གང་དང་གང་འདུག
གཡུ་འབྲུག་ལགས། ཕྱོགས་གཅིག་ནས་རང་མགོ་འཐོན་ན་ཆ་ལུགས་ངན་ནའང་ངན། ཞེས་པ་ལྟར་ཡང་རེད་མོད། རང་གི་ཕ་ཡུལ་གྱི་ལ་རྒྱ་བཟུང་རྒྱུ་འདི་ཡང་གནམ་མེ་ས་མེ་གལ་ཆེ་ཞུ་ནི་ཨིན།
ལོ་ངོ་སྟོང་ཕྲག་ཡར་སྔོན་རྒྱ་གར་དུ་དར་བའི་ལྟ་གྲུབ་རྣམས་ལ་དགག་སྒྲུབ་ཀྱིས་སྦྱང་བརྩོན་མཛད་བཞིན་པ་ནི། རང་རྒྱུད་ལ་བདག་མེད་རྟོགས་པའི་ལྟ་བ་ངེས་ཤེས་སྐྱེ་གྱུར་ཕན་རླབས་བ་ལ་དམིགས་པ་ཞིག་ཡིན་ནའང༌། ད་ལྟ་འཛམ་གླིང་འདིར་དར་ཁྱབ་ཧ་ཅང་ཆེ་བའི་ཁ་ཆེ་དང༌། ཡེ་ཤུའུ། ཇེའུ་སོགས་ཀྱི་ལྟ་གྲུབ་ལ་དཔྱད་པ་མཛད་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་མཐོང་ན། དབྱིན་ཡིག་སོགས་ཡིག་རིགས་གཞན་ལ་མཁྱེན་པ་ཕུལ་དུ་ཕྱིན་ཡོངས་ནས། སྒྲུང་གཏམ་དང༌། ཆགས་གཏམ་སོགས་མི་བསྒྱུར་བར། གྲུབ་མཐའ་དེའི་ལུགས་ཀྱི་བསྟན་བཅོས་སོགས་བསྒྱུར་ན། བོད་ཀྱི་རིག་གནས་ལ་དགོས་མཁོ་ཆེ་བར་སྙམ།།
མེ་ཏོག་ལགས། དེ་འདྲ་མ་རེད། ཆ་ལུགས་བཟང་པོ་དགོས་རེད། འཛམ་གླིང་ས་ལྒང་གི་སྟེང་དུ་སྤྱོད་པ་འཚེ་བ་མེད་པ་ཞིག་དགོས་རེད། དེ་འགྲུབ་ཡ་ལ་ནང་པ་སངས་རྒྱས་པ་གཅིག་པ་རེད་མི་འདུག། གོང་དུ་ཀླུ་སྨྱོན་གྱིས་དྲངས་པ་ལྟར་ན་ཡེ་ཤུ་ལ་ཡང་བྱམས་དང་བརྩེ་བ་བཟོད་པ་དང་སྙིང་རྗེ་སོགས་ཀྱི་ཁྱད་ཆོས་ལྡན་འདུག་ག
འབྲུག་ཡུལ་འདིར་མི་མང་ཆེ་བ་ཡེ་ཤུ་ལ་བསྒྱུར་བཞིན་འདུག་ཟེར། ཁོང་ལ་ཡེ་ཤུར་ཞུགས་དགོས་པའི་རྒྱུ་མཚན་དྲིས་ཚེ། ནང་པ་སངས་རྒྱས་པ་བྱེད་ན་ཁང་པའི་ནང་དུ་མཆོད་ཁང་ཞིག་ཉར་དགོས་ཤིང་། དེའི་ནང་དུ་སྐུ་རྟེན་གསུང་རྟེན་ཉོ་དགོས་འདུག་ཟེར། དེ་མ་ཟད་ཨ་མཆོད་མང་པོ་ཞིག་གདན་ཞུས་ཀྱིས་ལོ་མཆོད་དང་ཟླ་མཆོད་སོགས་བྱེད་དགོས་ལ། དེ་དུས་ཨ་མཆོད་ལ་བཞེས་ལག་ཡག་པོ་དྲང་དགོས་ཤིང་། ད་དུང་དགོང་མོ་ཕྱག་འགྱེད་ཟེར་ནས་སྒོར་མོ་སྤྱིར་བཏང་གི་ལས་མིའི་ཡོན་ནས་མཐོན་པོར་སྤྲོད་དགོས་འདུག་ཟེར། ལོ་མཆོད་དང་ཟླ་མཆོད་སོགས་ཀྱི་ཆེད་དུ་དུང་རྒྱ་གླིང་སོགས་མཆོད་ཆས་རིགས་མང་པོ་སྒྲུབ་དགོས་པས་འགྲོ་གྲོན་ལྕི་པོ་འདུག་ཟེར། དེ་བཞིན་འཆི་དུས་ཀྱང་བུམ་པ་ཞག་པོ་༢༡ གི་བར་དུ་བཟུང་དགོས་ཤིང་དེ་དུས་ཀྱང་བླ་མ་ཆོས་པ་གདན་འདྲེན་ཞུས་ཏེ་འགྲོ་གྲོན་མང་པོ་གཏང་དགོས་འདུག་ཟེར། དེ་བས་ཡེ་ཤུ་བྱེད་ན་དེ་ལས་ལྡོག་སྟེ་འགྲོ་གྲོན་ཡང་བས་མ་ཟད་ད་དུང་ཡེ་ཤུའི་ཨ་མཆོད་བ་ཚོས་གྲོགས་དན་གང་དྲག་བྱེད་ཀྱི་འདུག་ཟེར།
དེ་ཡིན་དུས་ང་ལྟ་བུ་ཞིག་གིས་ཕ་ཆོས་བརྒྱུད་འཛིན་ཡའི་ཕྱིར་དུ་གང་ཡང་བྱེད་ཡས་ཡོད་མ་རེད། བྱེད་དགོས་ན་བླ་མ་ཆོས་པ་སྟེ་བསྟན་བདག་ཚོས་བྱེད་ཡ་མ་གཏོགས་ང་ལྟ་བུའི་མི་ཕལ་པ་ཞིག་གིས་ག་རེ་བྱེད་ཡས་འདུག ཡེ་ཤུ་ལ་ཞུགས་པ་ལས་བཟློག་པའི་ཐབས་བསྟེན་དགོས་ན་ནང་པ་བྱེད་དུས་འགྲོ་གྲོན་ལྕི་པོ་མེད་པ་བཟོ་དགོས་འདུག་ག དེ་སུས་བཟོ་ཐུབ་ཀྱི་རེད། འདི་བཟོ་ཐུབ་མཁན་བླ་མ་ཆོས་པ་གཅིག་རང་རེད་དྲན་གྱི། ད་མེ་དཀར་ལགས་ཀྱིས་དེ་ལ་དགོངས་པ་ག་རེ་ཡོད་གསུངས་རོགས།
ཐོས་ཚུལ་ལ་ལ་དྭགས་པ་ཐོག་མའི་ཡེ་ཤུ་པ་ཆགས་མཁན། སྤྱི་ལོ་སྔ་མའི་མགོ་སྟོད་ཙམ་ལ་བསྒྱུར། དང་པོ་ཁྱིམ་ཚང་གཉིས་གསུམ་ལས་སླ་བའི་སྒོ་ནས་ཡེ་ཤུ་ཆགས་སྐབས་སུ། ལོ་ཁ་ཤས་ནང་དུ། ལ་དྭགས་པ་མང་པོ་ཞིག་ཡེ་ཤུའི་ཆོས་ལུགས་པར་འགྱུར་བའི་རེ་བ་བྱས་ཀྱང་། ལ་དྭགས་པའི་སྔར་རྒྱལ་དུས་ཀྱི་བཀའ་བློན་བརྒྱུད་པས། དཔེ་ཐུབ་དགོན་པའི་མཁན་པོ་ལ། བླ་མ་ཅི་བྱེད་དམ། མི་ཚང་མ་ནི་ཡེ་ཤུའི་ཆོས་ལུགས་པ་ཆགས་ཟེར་བ་ན། དཔེ་ཐུབ་དགོན་པའི་མཁན་པོས། མོན་གྱིས་ད་མན་བརྡུངས་ཏེ། མི་རྣམས་སྡུས་མོལ། མི་རྣམས་འདུས་པ་ན། མཁན་པོ་དེས་སུ་གང་རང་གི་ཆོས་སྤངས་ཏེ། ཡེ་ཤུའི་ཆོས་ལུགས་པར་འགྱུར་ན། མི་འགྲིག་ཅེས་ཁ་བརྡ་བཏང་བས། མི་རྣམས་ཡེ་ཤུའི་ཆོས་ལུགས་པ་ཆགས་པ་ལ་འཛུར་བར་གྱུར་ཞེས་ཐོས་སོ།། ཡེ་ཤུའི་གླེགས་བམ་དེ་ཡང་དེ་དུས་ཀྱི་ཇར་མན་པ་དང་། ལ་དྭགས་པ་ཡོ་སེབ་བསོད་ནམས་ཚེ་བརྟན་སོགས་ཚོགས་ཀྱིས་བསྒྱུར་བར་མངོན། དེ་དུས་ཀྱི་ཇར་མན་མཁས་པ་ཡེ་ཤུའི་ཆོས་སྤེལ་བ་པོ་དག་གིས་ལ་དྭགས་སོགས་ཀྱི་རྒྱལ་རབས་དང་། བོད་དང་ཇར་མན་དང་། དེ་ཉིད་ཨིན་སྐད་དུ་བསྒྱུར་ནས། བོད་ཨིན་ཚིག་མཛོད་༡༨༨༡སྤར་པ་དེ་ད་ལྟ་ཡང་དེའི་གོང་ན་བོད་ཨིན་ཚིག་མཛོད་མེད་པ་ལྟ་བུར་ཆགས་འདུག།
དང་པོ། ཆ་ལུགས་ངན་པ་ཟེར་བ་དེ་གཏམ་དཔེ་ཙམ་རེད། དེང་དུས་ཆ་ལུགས་ལེགས་ཤིང་གཙང་དགོས་པ་བདེན།
གཉིས་པ། བྱམས་སྙིང་རྗེའི་སྐོར་ཡི་ཤུ་སོགས་གཞན་ལ་ཡོད་དུ་ཆུག ནང་པའི་ནང་བྱམས་སྙིང་རྗེའི་སྐོར་མ་འདང་མ་འཐུས་པ་འདྲ་ཨེ་འདུག དེ་ཡོད་ཚོད་མེད། དེས་ན་ནང་པ་ཞིག་བྱམས་སྙིང་རྗེའི་སྐོར་ཡི་ཤུ་ལ་རེ་བ་ནི་གླང་པོ་རྙེད་ནས་གླང་རྗེས་འཚོལ་བ་འདྲ།
གསུམ་པ། ཤིན་ཏུ་བདེན། ནང་པ་ཡི་ཤུ་འགྱུར་བཞིན་པར་རྒྱུ་མཚན་མི་འདྲ་བ་ཁ་ཤས་ཡོད་ཆོག ༡ ཡི་ཤུའི་སྤྱི་ཚོགས་ནང་འབྲེལ་འདྲིས་མང་བ། ༢ ནང་པའི་གོ་རྟོགས་དམན་པ། ༣ ཁྱོད་ཀྱིས་དྲངས་པ་ལྟར་དཔལ་འབྱོར་གྱི་དཀའ་ངལ་རེད། དེ་ཚོའི་འགན་དེ་བླ་མ་ཟེར་བ་དང་སྤྲུལ་སྐུ་ཟེར་མཁན་རྒྱུ་ཆེན་དེ་ཚོས་བླངས་དགོས། ཁོང་ཚོས་དད་ལྡན་པའི་དངུལ་སྐྱབས་རྟེན། བསྔོ་རྟེན་སོགས་མིང་མང་པོ་བཏགས་ནས་ཡར་བསྡུ་བ་ལས་ཕར་ལ་གཏན་ནས་སྤྲོད་མི་ཤེས། དང་པོ་བླ་སྤྲུལ་རྩ་མེད་བཏང་། དེ་རྗེས་དགོན་པ་ཚོ་འཛིན་སྐྱོང་དེ་དམངས་གཙོ་དང་འདུལ་བའི་ལུགས་ལྟར་གྲྭ་པ་བཞི་ཉུང་མཐའ་བྱས་པའི་ཚོགས་པས་འཛིན་སྐྱོང་བྱ། དེ་ཡང་བཤད་པ་དང་སྒྲུབ་པ་གཙོ་བོར་བྱས་པས་སྤྱི་ཚོགས་ལ་ཁ་ཚ་དགོས་བཏུག་གིས་ལས་ལ་འཇུག དཔེར་ན་ཁོར་ཡུག སྨན་ཁང་། རྒས་གཅོང་རོགས་སྐྱོར། ཆུ་དང་གློག་ལ་ཚོད་འཛིན། དེ་སོགས་མང་དུ་བྱ་རྒྱུ་འདུག
གང་ལྟར་བྲོད་ཆེན་རྒྱག་པ་དགོན་པའི་ཚོང་དཔོན་ཚོ་མ་རྒུད་བར་དཀའ་ལས་རེད།
ད་བཤད་གིན་བཤད་གིན། སྟབས་བདེཝ་འབདཝ་སྡོད་ནི་འདི་རང་ལེགས་ཤོམ་ཨིན་འདྲེ།
འོ་རེད་རེད་མེ་དཀར་ལགས། ཁྱེད་ཀྱིས་གསུངས་པ་དེ་ལ་ཡང་རྒྱབ་སྐྱོར་ཡོད། ད་མང་པོ་མི་བཤད། མང་པོ་མང་པོ་བཤད་ན་ནང་པ་སངས་རྒྱས་པའི་བསྟན་པ་རྒྱུན་འཛིན་ཆེད་དུ་ནང་པའི་བསྟན་བདག་རྩ་མེད་གཏང་དགོས་ཟེར་དགོས་ས་རེད། མ་རེད་པས་་་་་ཧ་ཧ་ཧ་ཧ་
བསྟན་བདག་མ་རེད་བསྟན་དགྲ་རྩ་མེད་བཟོ་དགོས། བསྟན་དགྲ་དེ་བླ་མ་དང་སྤྲུལ་སྐུ་དེ་ཚོ་རེད། རྩ་མེད་བཟོ་འོས།
ཧོ་ལི་འབའ་འབེལ་ནི།
ཀླ་ཀློ་་ཡེ་ཤུའི་ཆོས་ལུགས། །
འཇིག་རྟེན་བྱེད་པོ་འདོད་པས། །
མཆོག་གསུམ་གོ་ས་འཕྲོག་ཡོད། །
ཕྱི་མའི་ཕྱི་མ་མེད་པས། །
ལས་འབྲས་རྩ་གཏོར་བཏང་ཡོད། །
ཕྱི་ནང་དབྱེ་འབྱེད་ཤེས་དགོས། །
དེ་འདྲ་མང་པོ་བོད་ཕྱི་ནང་གང་སར་ཡོད་ཚོད་འདུག་པས་ཡིད་བརྟན་མི་རུང་སྲིད་པའི་ཕུན་
ཚོགས་དང་གཉིས་སུ་མ་མཆིས་སོ།
བོད་དུ་མངོན་གསལ་དོད་ཤོས་ནི་བོད་ལྗོངས་སྨར་ཁམས་རྫོང་དུ་ཡི་ཤུའི་ལྷ་ཁང་ཞིག་དང་ཉམས་ལེནག་གྱི་བསྟི་གནས་ཞིག་ཡོད་པར་ཐོས་པས། ད་ཆ་རྒྱ་ནག་དང་ཤར་ཕྱོགས་ཀྱི་ས་ཆ་མང་ཆེ་བར་དེ་རིགས་ཀྱི་ཁྱབ་སྤེལ་རིང་ལུགས་པ་མང་པོ་ཡོད་ཚོད་འདུག་ལ་ཉེ་ཆར་རྒྱ་ནག་གི་ཞིང་ཆེན་འགའ་ཞིག་ཏུ་དེ་རིགས་བཀག་འགོག་
དང་། ཡ་ལན་གསར་པའི་ཐབས་ལམ་ཞིག་ཀྱང་སྤེལ་བར་བརྟེན་རྒྱ་ནག་གཞུང་དང་ཡི་ཤུའི་རྩ་བའི་གདན་ས་འམ་སྟི་གནས་ཧྥན་ཏི་ཀང་ངམ་པྰན་ཏིས་ཀའང་གཉིས་བར་འགལ་འདུ་ཇེ་ཆེར་འགྲོ་བཞིན་ཡོད་པ་ནི་ཆབ་སྲིད་ཀྱི་དོགས་གཞི་དང་དམིགས་ཡུལ་འབའ་ཞིག་ཏུ་
མངོན་པ་ལས་ཆོས་ཀྱི་གནད་དོན་ནམ་རིག་གཞུང་གི་ལེགས་བྱང་གནས་ཚུལ་ཞིག་མིན་ནོ་སྙམ།
ཡེ་ཤུའི་དམ་པའི་ཆོས་ཟེར་བའི་དམ་པའི་ཚིག་དེ་ཐོབ་ཐང་ཡོད་མིན་མི་ཤེས་མོད།
འོན་ཀྱང་བསླབ་པ་གསུམ་ཙམ་ཡོད་དུ་ཆུག་ཀྱང་ལྷག་པའི་བསླབ་པ་གསུམ་པོ་མེད་པས་ནོངས་ཏེ། གཞི་རྩའི་ལས་འབྲས་ཀྱི་རྣམ་བཞག་གི་ཐད་ནས་རྟག་ཆད་ཀྱི་མཐའ་གཉིས་སུ་ལྷུང་བ་གང་ཞིག འཁོར་བ་ནས་གཏན་དུ་ཐར་བའི་ཐབས་དང་ཤེས་རབ་ཕུལ་དུ་བྱུང་བ་ཞིག་གཏན་ནས་
མེད་པའི་ཕྱིར་རོ།
རེད་ཡ། བོད པའི་སྤྲུལ་སྐུ་རྒྱག་པ་འདི་ཚོའི་ལམ་ལུགས་མེད་པར་བཟོ་འོས།
བོད་མི་ཤོག་བུ་ཚོ་ཡེ་ཤུའི་རྗེས་སུ་རྒྱུགས་ཤིག ཁོ་བོ་ནི་ཤི་དུར་ས་ལ་སླེབས་ཀྱང་ནང་པ་ཞིག་ཡིན་ལ་ནམ་ཡང་འགྱུར་མི་སྲིད། མཆན་བུ་བ་ཁ་ཅིག་གིས་ཡེ་ཤུའི་གསུངས་དེ་ཟབ་པ་ལ་སྔ་ཙམ་ནས་མཐོང་ན་ཟེར་བ་ནི་དགོད་བྲོ་བ་ཞིག བྱམས་སྙིང་རྗེ་སྐོར་དེ་འདྲ་བ་ནི་རང་རེའི་ཆོས་གཞུང་ནང་ལ་མི་ཚེ་གཅིག་ཀློག་ན་ཡང་རྫོགས་མི་ཐུབ་པ་ཡོད་རེད།
འདི་ལའང་ཁོམ་པ་ཡོད་ན་ཅིག་ལྟོས། ཡེ་ཤུ་མ་ཤི་ཀ་བོད་ལ་སླེབས་མྱོང་ཚུལ་གྱི་ལོ་རྒྱུས་ཤིག་རེད
http://www.khabdha.org/?p=6517#more-6517
ལ་དྭགས་པ་རྒན་བློ་བཟང་འཇམ་དཔལ་ལགས་ཀྱིས་ཟུར་ཙམ་གླེང་འདུག་པར་དགའ། ཡོ་སེབ་དགེན་སོགས་ཀྱིས་ཡེ་ཤུའི་གསུང་རབས་བསྒྱུར་པ་འདི་ཐོག་མ་ཡིན་མིན་མི་ཤེས། སྤྱི་ལོ་བརྒྱ་ཕྲག་བཅུ་དགུ་བའི་འགོ་སྟོད་ཙམ་ནས་བོད་ཡིག་དང་འཇར་མན་ཚིག་མཛོད་ཅིག་རྩོམ་སྒྲིག་བྱས་ཡོད་པ་བདེན་པར་འདུག དེ་ཡང་འཇར་མན་པ་ཡེ་ཤུའི་ཆོས་སྤེལ་མཁན་སོ་མ་ཀྲི་ཨེ་ལགས་ཟན་ཊར་ཡིན་སྙམ། སྤྱིར་ཁོང་ནི་ཕོ་ཆི་གྷལ་ནས་ཡིན་ལ་རང་གི་རིགས་རྒྱུད་ཧི་མ་ལ་ཡའི་ཕྱོགས་ཡོད་སྐད་ལ་རྩད་ཞིབ་ཆེད་དུ་ཡོང་བ་ཡིན་མོད། མཇའ་མོའི་ཕྱོགས་སུ་སླེབས་ནས་ཟངས་དཀར་བརྒྱུད་ལ་དྭགས་ཕྱོགས་སུ་འགྲོ་རྩིས་བྱས་ཤིང་། སྐད་རིགས་མི་གོ་བས་བོད་སྐད་སྦྱོང་འགོ་བཙུགས། ཟངས་དཀར་པ་ཕ་རྒུན་གཉིས་༼མིང་མི་དྲན་༽ཀྱི་རྩ་ནས་བོད་སྐད་ཡིག་སྦྱོང་བའི་འགོ་བཙུགས་ནས་ལ་དྭགས་སུ་འབྱོར་མཚམས་ཏོག་ནས་བསྡད་ཡོད་པར་སྣང་། ག་ལེར་ལ་དྭགས་ཁུལ་དུ་ཡེ་ཤུའི་ཆོས་ཁྱབ་སྤེལ་བྱེད་འགོ་བཙུགས་ཤིང་། གསུང་རབ་ལས་དུམ་ཚན་རེ་གཉིས་ཀྱང་བསྒྱུར་ཡོད་པ་འདྲ། ཕྱིས་སུ་བོད་ཀྱི་རིག་གནས་ལ་དོ་སྣང་ཆེ་རུ་ཕྱིན་ཅིང་མཐར་ཁོང་གིས་རིག་གནས་ཁོ་ན་སློབ་སྦྱོང་གིས་བོད་དང་འཇར་མན་ཚིད་མཛོད་རྩོམ་སྒྲིག་གནང་འདུག དེ་ནས་བོད་དང་དབྱིན་ཇིའི་ཚིག་མཛོད་རྩོམ་སྒྲིག་གནང་སྟེ་སྤྱི་ལོ་༡༨༣༤ ལོར་བོད་འཇར་མན་ཚིད་མཛོད་དང་། ༡༨༣༨ ཙམ་ལ་བོད་དང་དབྱིན་ཇིའི་ཚིག་མཛོད་ཀ་ལི་ཀ་ཏར་པར་སྐྲུན་གནང་འདུག་པར་སྙམ། གསལ་ཁ་མེད་པའི་བསམ་ཚུལ་འདི་དག་སྔར་གུས་བ་ལ་དྭགས་ཕྱོགས་སུ་སྔ་རྗེས་སུ་སོང་ནས་མཐོང་ཐོས་བྱུང་བ་དག་ཡིན་ལ། སི་མ་ཀྲི་ཞེས་པའི་ཕྱི་གླིང་བ་འདི་ནུབ་ཕྱོགས་ཀྱི་བོད་རིག་པར་མཁས་པ་ཐོག་མ་དང་། ཕྱི་མིའི་བོད་སྐད་ཡིག་གི་ཐོག་ལ་ལས་ཀ་བྱེད་མཁན་དང་གྲུབ་འབྲས་ལོན་མཁན་ཐོག་མ་དེ་ཡང་ཡིན་ནམ་སྙམ། ཞིབ་དུ་རིམ་པས་གླེང་བར་བྱའོ། །
གང་ལྟར་ཡེ་ཤུའི་ཆོས་བ་ཚོ་ལ་བཟང་ཞིག་ཡོད་ནོ་ཕར་ལ་གསོ་མི་དགོས་བར་ཚུར་ལ་གསོ་འི་རེད། མི་མང་གསོ་ནིའི་རོགས་སྐྱོར་ཆོས་སྲིད་གང་གི་ཕྱོགས་ནས་ཐོབ་ན་དགའ་བསུ་ཡོད། ཡིན་ན་ཡང་མཐར་ཐུག་གི་ཐམས་ཅད་མཁྱེན་པའི་གོ་འཕང་ཞིག་ཡེ་ཤུའི་ཆོས་ནས་རེག་ཚོད་མི་གདའ།
བླ་རྒན་ཁ་ཤས་ཤིག་གི་ཆོས་ལ་བར་ཆད་འབྱུང་རྒྱུ་ཡིན་པ་འདྲ། ད་གང་ཡོང་། རི་བོང་ཤོར། སྡོམ་པ་ཤོར། དད་པ་ཤོར། དུས་ཚོད་ཤོར།
མཆན ༤ ནང་། ་་ཏཱ་ར་ན་ཐའི་རྒྱ་གར་ཆོས་འབྱུང་དུ་ཀླ་ཀློའི་ཆོས་ནི་ཆོས་རྒྱལ་ཨ་ཤྭ་ཀའི་དུས་ཙམ་ན་ནང་པའི་གྲྭ་ལོག་ཅིག་གིས་བརྩམས་པ་ཡིན་ཚུལ་ཞིག་གསུངས་འདུག། ཀླ་ཀློའི་ཆོས་དེ་གང་ཡིན་མཁྱེན་མཁན་ཡོད་པས། ངས་ནི་ཡེ་ཤུའི་ཆོས་དེ་ཡིན་ནམ་བསམ་བྱུང་།་་ ཟེར་བའི་ནང་གི་ཀླ་ཀློ་དེ།
དགེ་ཆོས་ལྟར་ན། རང་རེའི་སྐད་དུ་མ་མ་ཐར་གྱི་ཆོས་བརྒྱུད་རེད་འདུག། མ་མ་ཐར་ཟེར་བ་གོ་མ་མྱོང་ན། མད་ཧ་མྨད་ཟུར་ཆག་པ་འདྲ། དགེ་ཆོས་ཀྱིས། དུས་འཁོར་དུ་སྦྲང་རྩིའི་བློ་གྲོས་བྱུང་བ་ཡང་། རྒྱུད་ཕྱི་མ་ན། ཀླ་ཀློའི་མགོན་པོ་མ་དྷུ་མ་ཏི་ཞེས་དངོས་སུ་འཐོན་འདུག་པས་དེ་ལེགས་སྦྱར་རང་དུ་བསམ་ནས་བསྒྱུར་བར་ཐེ་ཚོམ་མེད་དེ། དེར་བྰག་ད་ལ་ངག་སྦྱིན་སོགས་ཨ་རབ་སོགས་ཀླ་ཀློའི་གྲོང་འགའ་ཞིག་གི་མིང་ཡང་རྒྱ་སྐད་བཞིན་བྲིས་ནས་བསྒྱུར་བས་སོ་ཞེས་སོགས་གསལ།
ཁོང་གིས་མུ་མཐུད་དུ། ་་དེ་ན་མདཧམ་མད་བྱ་བ་དོན་ལ་ཨ་རབ་བྷིའི་སྐད་ཡིན་ཞིང་། མ་དྷུ་མ་ཏི་དང་། མ་མ་ཐར་གཉིས་ཀཚིག་དེ་ཉིད་ཀློག་མཉམ་པ་ཙམ་མོ། འདི་དག་གི་སྟོན་པའི་ལོ་རྒྱུས་ལ་རང་རེས་ཀླུ་སྒྲུབ་ཀྱི་སློབ་མ་ཞིག་ཁྲིམས་འཆལ་ནས་ཆོས་ལོག་བརྩམས་པ་ཡིན་སོགས་བྲིས་པའང་ཕལ་ཆེར་ཆགས་སྡང་གི་གཏམ་མིན་ནམ་སྙམ་ལ། དེ་བཞིན་དགེ་སློང་ཞིག་གནས་ནས་ཕྱུངས་པར་རྔ་མ་བརྡུང་བར་ང་འགྲོ་ཆོག་སྨྲས་ཀྱང་མ་ཉན་པས་སྙིང་ནད་ཀྱིས་ཀླ་ཀློའི་ཆོས་བརྩམས་ཟེར་བ་ཡང་། དུས་འཁོར་གྱི་བོད་འགྲེལ་རྙིང་པ་ཞིག་ཏུ། སཉྠྰིབིཧརའི་མཁན་པོ་བསླབ་པ་ཉམས་པ་ལ་དེ་ལྟར་བྱུང་ནས་སྙིང་ནད་ཀྱི་ཆོས་ལོག་བྲིས་ཏེ་རྒྱལ་པོ་སྦྲན་པར་དར་སོགས་བྲིས་ནས། དེ་ལི་ཡུལ་དུ་ཀླ་ཀློ་ཐོག་མར་དར་བའི་ཚུལ་ལ་སྦྱར་ཞིང་། དེ་གོང་ལོ་དྲུག་བརྒྱ་ཙམ་ནས་ཀླ་ཀློའི་ཆོས་ཡོད་པ་བར་སྐབས་སུ་ཉམས་པ་དེ་སླར་གསོས་སོ་བྱ་བ་སྣང་སྟེ་དེ་བདེན་ནམ་སྙམ་པ་ཞིག་གོ་་ ཞེས་གསལ། དེ་ནས་མར་མ་མ་ཐར་གྱི་ལོ་རྒྱུས་བྲིས་འདུག་པས། གཏམ་རྒྱུད་གསེར་ཐང་ནང་གི་པྰ་ལའི་རྒྱལ་བརྒྱུད་སྐབས་ཀྱི་མཇུག་ཏུ་ལྟ་བར་ཞུ།
ཀླ་ཀློ་དེ་མུ་སལ་མན་ལ་གོ་དགོས་འདྲ།
༼ རང་རེའི་བཀའ་འགྱུར་གྱི་བརྒྱ་ཆ་གཅིག་ཙམ་ལ་ཡང་མི་ལོངས་པའི་དེབ་འདི་གཅིག་པོའི་ནུས་ཤུགས་ཀྱིས་འཛམ་གླིང་གི་ས་ཆ་ཧ་ཅང་ཆེན་པོ་ཞིག་ཟིན་ཡོད་པར་བསམས་ན་ཡིད་དབང་མེད་དུ་གཡོ་བར་འགྱུར་བ་དང་།༽དེབ་གཅིག་པོའི་བྱིན་རླབས་རེད་ཟེར་ན་བཤད་དཀའ། དཔལ་འབྱོར་དང་དམག་དོན་གང་ཅིའི་ཐད་ནས་དར་ཁྱབ་ཕྱིན་པ་ཞིག་རེད། ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱིས་དམག་བརྒྱབ་ནས་ས་ཆ་མང་པོ་ཟིན་ཡོད་པ་དང་ཚན་རིག་པ་མང་པོ་གསོན་སྲེག་བྱེད་པའི་ལོ་རྒྱུས་གཏམ་རྒྱུད་གསེར་ཐང་དང་དབྱིན་དེབ་མང་པོའི་ནང་ཐོན་པ་དེ་རེད། ནུབ་ཕྱོགས་ཨ་རི་དང་སྟོབས་ཆེན་རྒྱལ་ཁབ་མང་པོའི་དཔལ་འབྱོར་གྱི་རྒྱབ་རྩ་དང་དེའི་ནུས་ཤུགས་ལ་བརྟེན་ནས་གཞན་ལ་རོགས་ཕན་གྱི་ཁ་གཡར་ནས་ཡེ་ཤུའི་ཆོས་ལུགས་ལ་ཞུགས་མཁན་ཡང་གང་མང་མང་བྱུང་ཡོད་པ་རེད། ཨ་རི་གཅིག་བུའི་ནང་ཡེ་ཤུ་ས་ཡ་ཉིས་བརྒྱ་ལྔ་བཅུ་ལྷག་ཡོད་པར་བཤད་ལ། འཛམ་གླིང་ནང་རྒྱལ་ཁབ་མང་ཆེ་བར་ཡེ་ཤུའི་ཚོགས་པ་རྩ་འཛུགས་བྱས་ཡོད་པ་རེད། བོད་ལའང་སིམ་འཛུལ་བྱས་ནས་བོད་ཀྱི་བླ་སྤྲུལ་མང་པོ་བསླུ་བྲིད་ཀྱི་འོག་ཏུ་ཚུད་ཡོད་པ་རེད། འདི་ནི་དཀོན་མཆོག་གི་བྱིན་རླབས་རེད་དམ། ཁ་ཆེ་བ་ཚོས་ཡང་དེ་དེ་བཞིན་དུ་དམག་བརྒྱབ་ནས་ས་ཆ་མང་པོ་ཟིན་ཡོད་པ་དང་འཛམ་གླིང་ཡུལ་གྲུ་གང་སར་དབང་བསྒྱུར་བྱས་ཡོད་པ་རེད། རྩ་བའི་ཡེ་ཤུའི་གསུང་རབ་ནང་བྱམས་བརྩེ་དང་འབྲེལ་ན་ཡང་སྐྱེ་བ་སྔ་ཕྱིའི་རྣམ་བཞག་མེད་པས་དགེ་སྡིག་གི་རྣམ་དབྱེ་མེད་པར་གང་དགའ་གང་སྐྱིད་བྱེད་ཆོག་པ་འདི་དཀོན་མཆོག་གནང་བ་རེད།
ཆོས་ལུགས་སྤེལ་ལ་ཨི་ཤུར་དོ་ཟླ་མེད། །
ཆོས་ལུགས་སྲུང་ལ་ཁ་ཆེ་སྙིང་ཁམས་ཆེ། །
ཆོས་ལུགས་བཤད་པར་ཧིན་དུ་མཁས་ན་ཡང་། །
ཆོས་ལུགས་ནང་འཁྲུག་བོད་ཀྱི་ནང་པ་རྫིག །
ཡེ་ཤུའི་གསུང་རབ་སྦ་སྦལ་དང་།།ཁ་ཆེའི་གསུང་རབ་ཀོ་རན་གཉིས།།
རྣམ་པ་ངོ་བོ་འདྲ་བས་ན།།འབྱུང་ཁུངས་གཅིག་ལས་མཆེད་མིན་ནམ།།
མགོན་ཕྱག་གི་མཆན་བུ་འདི་ལྟ་བུར་གོ་རྒྱུ་ཡོད་ཡོད་ཀི བསམ་རྒྱུ་ཡོད་ཀི བཀའ་དྲིན་ཆེ་ཟེར་གི་ཡིན།
མི་སྒེར་སོ་སོའི་ངོས་ནས་ཆོས་ལུགས་ཕར་འགྱུར་ཚུར་བྱེད་ཆོག་པ་ནི་རང་དབང་གི་འགྲོ་སྟངས་ཤིག་ཡིན་ནི་རེད། སྔོན་དུས་བོད་རྒྱ་འོག་ཏུ་མ་ཤོར་སྔོན་ཙམ་དུ་སྨར་ཁམས་སུ་ཡེ་ཤུའུ་ཆོས་ལུགས་དར་ཡོད་ཚུལ། ཀྲུང་གོའི་བོད་ལྗོངས་དེབ་ནང་དུ་བཀོད་འདུག ལ་དྭགས་སུའང་སྔོན་དུས་ཆོས་ལུགས་དེར་འགྱུར་མཁན་མང་ཙམ་བྱུང་ཡོད་ནའང༌། ཕྱིས་སུ་རྨོངས་གཉིད་ལས་སད་དེ་ཚུར་འགྱུར་མཁན་ཡང་བྱུང་གིན་ཡོད་རབ་ཐོས་བྱུང༌།
རེད། ཡེ་ཤུ། ཇོའུ། ཁ་ཆེའི་ཆོས་ལུགས་ཀྱི་ཁུངས་ཕར་ནས་ཕར་དེད་ན་ལོ་རྒྱུས་ཀྱི་ཁུངས་སྣེ་གཅིག་ལ་ཐུག་གི་ཡོད་པ་རེད། རྗེ་སུ་ཁོང་ཡང་སྐྱེ་ཁུངས་ཇོའུ་རེད། ཆོས་ལུགས་དེ་གསུམ་ཆ་ལ་དཀོན་མཆོག་གཅིག་ཡོད་པ་རེད། དཀོན་མཆོག་གཅིག་པོ་དེ་གཞི་རྩར་བཞག་ནས་རིམ་པས་ཆོས་ལུགས་གསུམ་དུ་ཁ་གྱེས་པ་རེད།
རི་རྒྱལ་ཏི་སེ། སྒེར་གྱིས་རང་དབང་ཐོག་ཆོས་ལུགས་བསྒྱུར་ན་ཁྲིམས་མཐུན་རེད། མོས་མཐུན་ཡོད།
མགོན་པོ་ལགས ཇོའུ་ཟེར་བ་ལས་ཇེའུ་ཟེར་ན་སྒྲ་ཐག་ཉེ་གི་མིན་འདུག་གམ། དེ་བཞིན་རྗེ་སུ་ཞེས་པ་ལས་རྗི་སེས་ཟེར་ན་གང་འདྲ་འདུག
འོ་ད་ཀླུ་སྨྱོན་དངོས་གནས་སྨྱོན་པ་རེད་ཤག་་་་ཐོག་མར་གྲྭ་བ་བར་དུ་དགེ་ལུགས་ཐ་མར་རྙིང་མ་དེ་ནས་ཡི་ཤུ་ད་རྗེས་སུ་ཁ་ཆེ་ཡིན་རྒྱུ་རེད། ཁྱོད་ཀྱིས་རང་གི་ཕ་མས་ནས་བརྒྱུད་པའི་ནང་བསྟན་ཆོས་ལུགས་ལ་དྲི་མ་ཙམ་ཡང་སྣུམ་མ་མྱོང་མཁན་ཞིག་གི་ཆོས་ལུགས་གཞན་གྱི་དགེ་མཚན་གླེང་ན་ལེན་པོ་མི་འདུག། གོང་ས་སྐུ་འཕྲེང་དྲུག་པས། བན་ངྷེ་སྐྱ་མིན་སེར་མིན། སངས་རྒྱས་བསྟན་པའི་དགྲ་བོ་གསུངས་བ་བཞིན་དངོས་གནས་བསྟན་པའི་དགྲ་བོ་འདི་མིན་ན་སུ་ཡིན། དེ་ལས་དབྱིན་ཇི་མགོ་སེར་ཚོ་ལ་མགོ་བསྐོར་རེ་བཏང་ནས་ཉིན་རེ་འཚོ་བ་འཁྱོོལ་ན་ཁྱོད་དེས་འགྲིག།
དྲྭ་གྲོགས་མང་པོ་ཞིག་གིས་ཆོས་ལུགས་སྐོར་མང་པོ་བཤད་ཀྱི་འདུག། འོ་ན་ཁྱེད་ཅག་གི་ནང་ན་རང་རེའི་མཆོག་གསུམ་གྱི་ངོ་བོ་དང་དབྱེ་བ་ཁྱད་པར་རྣམས་གསུང་མཁན་ཡོད་དམ། ཡོད་ན་ཏོག་ཙམ་འགྲེལ་བཤད་ཅིག་གནང་རོགས།
དེང་སང་རང་རེའི་སྤྱི་ཚོགས་ཁྲོད་དུ་བོད་ཀྱི་མེས་དབོན་རྣམས་པའི་དཀའ་བ་སྤྱད་ནས་བསྐྲུན་པའི་རིག་པའི་གཞུང་ལུག་དག་ཡག་པོ་ཤེས་པའི་ཐོག་གཞན་གྱི་ཆོས་དང་རིག་གཞུང་ལ་བལྟས་ན་ཡག་པོ་འདུག་འོན་ཀྱང་བྱ་བ་གང་བྱས་ཀྱང་སོ་སོའི་དམིགས་ཡུལ་ཞིག་དགོས་པ་ནི་ངེས་ཅན་རེད་་་་་་་་་་ཀླུ་སྨྱོན་ལགས་ལ་དམིགས་ཡུལ་ཅི་འདྲ་ཞིག་ཡོད་གསལ་པོར་ཞིག་གསུང་ན་ཡག་པོ་འདུག་་་་་་་་་་་་་་་་་་་་་་
བོད་ནང་ལ་ཡེ་ཤེས་ཀྱི་ཤུགས་རྐྱེན་སྔ་ཤོས་དེ་དུས་རབས་བརྒྱད་པ་དགུ་པ་ཞིག་ནས་ཡིན་པར་བརྗོད་གི་འདུག བོད་ཀྱི་ནུབ་ཕྱོགས་སུ་ཡེ་ཤེས་ཀྱི་རྒྱ་གྲམ་སོགས་བྲག་ལ་བརྐོས་ཡོད་པའི་རི་མོ་ཁ་ཤས་ཤིག་རྙེད་ཡོད་འདུག དེ་ནས་ཏུན་ཧོང་དུ་རྒྱའི་ལུགས་ཀྱི་རི་མོ་རྣམ་པ་བྱང་ཆུབ་སེམས་དཔའི་ཚུལ་ཅན། མགུན་རྒྱན་ཡོད་པ་ཞིག་རྙེད་འདུག་པའི་མགུལ་རྒྱན་ཐོག་ཡེ་ཤེས་ཀྱི་རྟགས་རྒྱ་གྲམ་བཀོད་ཡོད་པ་ཞིག་ཀྱང་རྙེད་ཚུལ་འདུག དེའི་རི་མོ་དང་རྩོམ་ལ་ཞིབ་ལྟ་བྱེད་འདོད་ན་འདིར་ཕྱིན། http://earlytibet.com/2007/12/02/christianity-in-early-tibet/
རྗེས་སུ་བོད་ནང་ལ་ཐོག་མར་རྐང་པ་བཙུགས་ནས་དགོན་པ་བརྒྱབ་པ་ནི། ཆིག་སྟོང་དྲུག་བརྒྱ་ཉི་ཤུའི་ནང་ལ་རེད། སྔ་ཕྱིར་གཙང་ཁོངས་དང་རྩ་ཧྲང་དུ་ཡེ་ཤུའི་རྟེན་གཞི་དགོན་པ་བཙུགས་ཡོད་ཀྱང་རྗེས་སུ་གནས་ཐུབ་མི་འདུག ད་རུང་དེའི་བར་སྐབས་དེར་བྱང་ཆུང་ལམ་རིམ་ཆེན་མོ་ཡང་ཨི་ཏ་ལའི་སྐད་དུ་བསྒྱུར་ཡོད་པ་རེད།
ཀླུ་སྨྱོན་ལགས་་་་་་་་་་་་་་་་་་་་་་་རྗེས་མ་ཁྱེད་ཀྱི་འདོད་པའི་བསྟན་བཅོས་ལ་བལྟ་ཡི་ཡོད་ཟེར་ནས་དྲ་ཐོག་ལ་ག་དུས་འགོད་རྒྱུ་ཡིན་་་་་ཧཧཧཧཧཧཧཧཧཧ
མགོན་པོ་ཕྱག་གཉིས་ལགས་་་་་་་་་་་ཡེ་ཤེས་ཀྱི་ཤུགས་རྐྱེན་ཟེར་ཅི་རེད་་་་་
སྔོ་མ་སི་ཏུ་རིན་པོ་ཆེས་ཆོས་བཤད་སྐབས་ལ་་་་་་་་མི་སུ་ཞིག་གི་འགྲམ་པ་ལ་ཞུས་ན་དེ་ལ་འགྲམ་པ་གཞན་དེ་སྟོན་དགོས་རེད་ཟེར་བ་གོ་སོང་་་་ད་བྱེད་དུས་དེབ་འདི་ལ་གཟིགས་པ་མིན་འགྲོ
ཆོས་ལུགས་ཅི་འདྲ་ཞིག་བྱས་ཀྱང་བྱམས་སྙིང་རྗེ་དང་གཞན་ཕན་གྱི་ལྷག་བསམ་ལྡན་ཚེ། སྐྱེ་བ་སྔ་ཕྱི་མཁས་ལེན་མི་བྱེད་མཁན་ཞིག་ཡིན་ཀྱང་ཆོག
ཡེ་ཤུའི་ཆོས་ལུགས་ཟེར་པ་འདི་ཀླ་ཀློ་ཟེར་ན་མི་ཤེས་མོད་མུ་སྟེགས་པའི་ཆོས་ཁུངས་སུ་བགྲང་ཆོག་པ་ཡིན།
ཡིན་ན་ཡང་། དེང་སང་གི་ནུབ་ཕྱོགས་པའི་ཡེ་ཤུ་ཆོས་ལུགས་ཀྱི་བུ་རབས་ཚ་རྒྱུད་པའི་གཞོན་སྐྱེས་ཕལ་མོ་ཆེ་ནི་ལས་གང་ལའང་ངོ་ལྐོག་རྒྱབ་མདུན་མེད་པར་ཧུར་བརྩོན་ཆེ་བ་དང་། དགའ་ན་སྡུག་ན། སྐྱོ་ན་སྐྱིད་ན། སེམས་ཀྱི་ཚོར་བ་སྦ་གསང་མེད་པར་ཐད་ཀར་དུ་ཤོད་པའི་གཞུང་རྒྱུད་ལ་གཡོ་ཆོག་ཉུང་བར་མངོན།
དེ་དང་བསྡུར་ན་ཤར་ཕྱོགས་པའི་ནང་པ་དང་ནང་པ་མ་ཡིན་པའི་རིགས་རྒྱུད་ཕལ་མོ་ཆེ་ནི་ཁ་ནས་ཤོད་པ་དང་ཁོག་ནས་དྲན་པ་གཉིས་ཆ་མི་མཚུངས་པའི་རྣམ་རྟོག་དང་གཡོ་ཆེ་བའི་རང་གཤིས་ལྡན་པ་མང་།
གནད་དེ་གང་ནས་གང་ལ་ཐུག་མིན་ད་རུང་ལྐོག་གྱུར་དུ་གནས་འདུག ཡང་ན་མི་རིགས་ཀྱི་གཤིས་རྒྱུད་དང་འབྲེལ་བ་འདུག ཡང་ན་ཆོས་ལུགས་ཀྱི་ལྟ་བ་དང་འབྲེལ་འདུག དོན་དག་དེ་སྤྱི་ཚོགས་དེ་གཉིས་ལ་ཡུན་རིང་མ་འགྲོགས་ན་ཉམས་མྱོང་ཐོབ་དཀའ།
སྔོན་མ་ཞིག་ལ་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱིས་དཔེ་ཁྲིད་གསུང་བཞིན་པའི་སྐབས་ཤིག་འཕྲོས་དོན་གྱི་ཚུལ་དུ་འདི་འདྲ་ཞིག་གསུངས་མྱོང་བ་དྲན་གྱི་འདུག དེང་སང་ཡེ་ཤུའི་ཆོས་སྤེལ་མཁན་དེ་ཚོ་བོད་ཀྱི་ལྷོ་ཁ་སོགས་ཀྱི་མཚོན་གང་སར་སློབ་གྲྭ་དང་སྨན་ཁང་རྒན་གསོ་ཁང་སོགས་རྒྱབ་ནས་རིམ་གྱིས་ཡོང་གི་ཡོད། འདི་རིགས་ལ་དོག་ཟོན་བྱ་དགོས། མ་གཞི་ཡེ་ཤུས་པའི་འཇིག་རྟེན་བཀོད་པ་པོ་འདོད་པ་དེར་བོད་སྐད་དུ་དཀོན་མཆོག་ལ་བསྒྱུར་བ་དེ་ནོར་འཁྲུལ་རེད། དེ་དཀོན་མཆོག་ལ་བསྒྱུར་ན་དོན་ཐོག་ནས་འགྲིག་གི་མ་རེད་ལ། ནང་ཆོས་ལ་གོ་རྟོགས་ཡག་པོ་མེད་པའི་ནང་པ་ཚོས་ཀྱང་དཀོན་མཆོག་ཟེར་དུས་ནང་བའི་སྐྱབས་ཡུལ་དེ་ཚོ་དང་གཅིག་པ་ཡིན་པར་སེམས་འགྲོ་འི་རེད། འདི་ཚོའི་སྐོར་ལ་དཔྱད་རྩོམ་རེ་བྲིས་ན་ཡག་པོ་འདུག ཅེས་གསུངས་པ་ཞིག་དྲན་གྱི་འདུག་དེ་ཚོ་དཔྱད་གཞིར་ཕུལ་བ་ཡིན།
ནུབ་ཕྱོགས་སུ་ཡེ་ཤུ་ཆོས་ལུགས་ལ་སྐྱུག་མེར་ལང་དགོས་དོན་གཙོ་བོ་ནི་ཡེ་ཤུའི་ཆོས་དཔོན་དེ་ཚོས་རིགས་མཐུན་གྱི་ལས་ཀ་བྱས་པ་ལས་བྱུང་བ་རེད་ཟེར། དེ་ལྟར་ན་ཉིན་གཅིག་ནུབ་ཕྱོགས་པ་ཚོས་ནང་པའི་བསྟན་པ་ལའང་གཅིག་བྱེད་མི་ཡོང་ངམ་བསམ་གི་འདུག ད་ལྟ་ནི་སྦས་ནས་བསྡད་རེད། སྔ་ཕྱི་མེད་པར་ཧ་གོ་ངེས་རེད ། ཀླ་ཀློ་དང་མུ་སྟེགས་གང་ཡིན་རུང་ཁྱད་པར་མེད། མི་ལ་ཕནཐོགས་སུ་ཆེ་བལྟ་རྒྱུ་རེད། རྒྱ་ནག་གིས་ནང་པའི་ཆོས་ཡག་པོ་རེད། ནང་ཆོས་བྱེད་མཁན་ཁྲམ་པ་རེད་ཟེར་དེ་ལའང་བསམ་བློ་འདྲ་གཏོང་རྒྱུ་ཡོད་བྲོ། ནང་པས་བཤད་རྒྱུ་གཙོ་བོ་དང་ཆོས་ལུགས་གཞན་མ་ཚོས་ཉམས་ལེན་གཙོ་བོ་བྱེད་ཀྱི་རེད།
འདོད་ལྷ་དང་བན་དེ་བ་སོགས་ཡི་ཤུ་པ་གནང་རོགས། ཆོས་དད་རང་དབང་རེད། ཧ་ཧཧ་ཧ་
ཡེ་ཤུ་ཡིན་ནའང་འདྲ། ནང་བ་ཡིན་ནའང་འདྲ། དེ་བཞིན་དུ་ཁ་ཆེ་ཡིན་ན་ཡང་འདྲ། གཙོ་གནད་ནི་ཆོས་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་ཡིན། བྱང་ཆུབ་ཀྱི་སེམས་དེ་ཡང་གཞན་ཕན་གྱི་བསམ་པ་བཅོས་མ་མ་ཡིན་ཞིག་དགོས་པ་དེ་རེད། སུས་གཞན་གྱི་འཀའ་ངལ་སེལ་ཐུབ་ན་དེ་ནི་བྱང་ཆུབ་ཀྱི་སེམས་དང་ཆོས་ཀྱི་རྩ་བ་ལ་ཐུག་ པ་རེད།
དེ་མིན་ཁ་སྟོང་ནང་ནས་ཚིག་སྟོང་རྐྱང་པས་གཞན་ལ་ཕན་པ་བསྒྲུབ་རྒྱུ་དཀའ་བ་རེད། དོན་དག་དེ་ཤེས་ན་ཆོས་ལུགས་གང་གིས་གཞན་ཕན་བྱེད་པ་དང་། ཆོས་ལུགས་གང་ཞིག་ཡང་དག་པ་ཡིན་མིན་ད་གཟོད་ཤོད་ན་འགྲིག་གི་རེད། ཚོད་ཚོད་ལ་དོན་མེད་དུ་ཆོས་ལུགས་གཞན་ལ་ངན་སྨོད་བྱེད་པ་ནི་ཆོས་ལུགས་སྤྱི་དང་ཁྱད་ པར་ནང་བ་སངས་རྒྱས་པ་ཞིག་ཡིན་ན་ཤིན་ཏུ་མ་རུང་བའི་ཁ་སྡུག་ཡིས་སྡུག་བསགས་པ་རེད།
ཡེ་ཤེའུ་དང༌། ཁ་ཆེའི་ཆོས་ལུགས་ཀྱི་ནང་དུ་བྱང་ཆུབ་ཀྱི་སེམས་ཞེས་པ་ཞིག་ཡོད་མེད་ཀྱང་ཐེ་ཚོམ་རེད་ལ། གལ་སྲིད་ཡོད་པའི་དབང་དུ་བཏང་ནའང་ནང་བསྟན་ནས་བྱུང་བའི་ཐ་སྙད་དེ་དང་མཚུངས་མིན་ཡང་འཕྱང་མོ་ཉུག་ཏུ་གནས་པར་སེམས། ནང་བསྟན་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཞེས་པའི་གོ་བ་དེ་ནི་ཧ་ཅང་ནས་རྒྱ་ཆེན་པོ་ཞིག་ཡིན་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་མཚོན་ན་ནམ་མཁའ་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་རྣམ་མཁྱེན་གྱི་གོ་འཕང་ལ་བཀོད་འདོད་ཀྱི་བློ་ཞིག་ཡིན་དགོས་པ་མ་ཟད། དོན་དམ་བྱང་ཆུབ་ཀྱི་སེམས་ནི་སྟོང་ཉིད་རྟོགས་པའི་བློ་དང་ཡང་འབྲེལ་དགོས་པ་ཞིག་ཡིན་ཙང༌། ཆོས་ལུགས་གཞན་དག་ལ་དེ་འདྲ་ཡོད་མེད་བརྟག་དཔྱད་བྱས་ནས་མཆན་བཀོད་ན་ལེགས།
མཆན ༣༠ ཁ་ཆེའི་ཆོས་ལུགས་སྲོལ་བཏོད་མཁན་གྱི་མིང་ལ་ མོ་ཧ་མ་ཏི་་་ཟེར། ཕལ་ཆེར་དེ་ལ་གོ་དགོས་པ་འདྲ།
ཡི་ཤུ་ཆོས་ལུགས་ཀྱི་བཀའ་དེ་ཡང་དུམ་པ་གཅིག་མ་རེད། དུམ་པ་མང་པོ་ཞིག་ཡོད་པ་རེད། འོན་ཀྱང་ཁྱིམ་ཚང་དང་། མི་རེ་ངོ་རེས་འཁྱེར་བདེ་བཀའ་གཅིག་སྟེ། ༼Holy Bible༽ གཅིག་བཟོས་ཡོད་པ་རེད། དེ་ནི་དུམ་པ་མང་པོ་ཡོད་པའི་ནང་དོན་ཕྱོགས་གཅིག་ཏུ་བཟོས་པ་ལྟ་བུ་རེད། ང་ཚོ་ནང་པ་སངས་རྒྱས་པ་རྣམས་ལ་དེ་ལྟར་མི་རེས་འཁྱེར་བདེ་བའི་བཀའ་གཅིག་ཡོད་ན་ཅི་མ་རུང་སྙམ། ང་ཚོའི་ཁྱིམ་ཚང་སོ་སོས་ཉར་ཚགས་བྱེད་སྲོལ་ཡོད་པ་སྟེ། བརྒྱད་སྟོང་པ་དང་། མདོ་སྡེ་བསྐལ་བཟང་། མདོ་ཏིང་ངེ་འཛིན་རྒྱལ་བོ། ད་དུང་གསེར་འོད་དམ་པ་མདོ་སྡེ་དབང་གི་རྒྱལ་བོ་བཅས་ཡོད་ན་ཡང་། དེ་དག་ལས་དུམ་པ་གཅིག་འདེམས་དགོས་ན། ང་ཡིན་ན་མདོ་ཏིང་ངེ་འཛིན་རྒྱལ་བོའམ། གསེར་འོད་དམ་པ་མདོ་སྡེ་དབང་གི་རྒྱལ་བོ་གང་རུང་ཞིག་འདེམས་ས་རེད། རྒྱུ་མཚན་ནི། བརྒྱད་སྟོང་པ་ལ་མཚོན་ན་སྟོང་ཉིད་བསྟན་དོན་བྱས་ནས། ཉིན་རེའི་བྱ་བྱེད་བསྟན་མེད་ལ། དེ་བཞིན་དུ་མདོ་སྡེ་བསྐལ་བཟང་ལ་མཚོན་ན་ཡང་། བསྐལ་བཟང་གི་སངས་རྒྱས་སྟོང་གི་འཁྲུངས་འདས་སོགས་བསྟན་པ་ལས། ནང་པ་སངས་རྒྱས་པ་ཞིག་ཡིན་ན། ཉི་མ་རེ་རེར་ལུས་ངག་ཡིད་གསུམ་གྱི་བྱེད་སྒོ་སོགས་བསྟན་མེད་པའི་རྒྱུ་མཚན་གྱི་ཡིན། འདིའི་སྐོར་ལ་མི་མང་པོས་དྲི་བ་བཀོད་ཀྱི་འདུག ནང་པ་སངས་རྒྱས་པའི་ ༼Holy Bible ༽ ག་རེ་རེད་ཟེར་ནས་དྲི་བ་བཀོད་ཀྱི་འདུག ངས་སྔོན་མ་ཞིག་ལ་ལམ་རིམ་ཆེན་མོ་རེད་ཟེར་ནས་ལན་བཏབ་ན་ཡང་། ཁོང་ཚོས་དེ་ནི་སངས་རྒྱས་ཀྱི་གསུང་མ་རེད། སེམས་ཅན་གྱིས་དཔྱད་པ་བཏང་ནས་བྲིས་པ་ཡིན་པས། m༼Holy Bible ༽གྱི་ཚབ་ལ་བཞག་ན་འགྲིག་གི་མ་རེད་ཟེར། ཡང་བཀའ་འགྱུར་དུམ་པ་བརྒྱ་དང་བརྒྱད་ཡོད་པ་རེད་ཟེར་ནས་ལན་བཏབ་ན། ཁོང་ཚོས་མི་ཚེ་ཐུང་ཐུང་ཞིག་ལ། སློབ་གྲྭ་འགྲོ་དགོས། འཚོ་བའི་ཆེད་དུ་ལས་ཀ་ལས་དགོས། བྲེལ་ཟིང་འདི་འདྲ་ཞིག་གི་ནང་ནས་དུམ་པ་བརྒྱ་དང་བརྒྱད་ཀློག་ནས་སྡོད་ཁོམ་ཞིག་ག་བ་ཡོད་རེད། དུམ་པ་གཅིག་གི་ནང་དུ་ཆ་ཚང་འདུ་བ་ཞིག་ཡོད་པ་མ་རེད་དམ་ཟེར་ནས་དྲི་བ་བཀོད་ཀྱི་འདུག ར་ཤི་ཡའི་ནང་པ་རྣམས་ལ་མཚོན་ན་གསེར་འོད་དམ་པ་མདོ་སྡེ་དབང་གི་རྒྱལ་བོ་འདི་ཡིན་ས་རེད། ཁྱིམ་ཚང་རེ་རེར་ཉར་ཡོད་ས་རེད། དེའི་སྟེང་དུ་བྱུང་ན་སྟོང་ཉིད་སྟོན་པའི་ཕྱོགས་ལ་རྡོ་རྗེ་གཅོད་པ་ཉར་གྱི་ཡོད་པ་གོ་མྱོང་། དྲ་གྲོགས་རྣམས་ཀྱིས་བསམ་ན། བཀའ་འགྱུར་དུམ་པ་བརྒྱ་དང་བརྒྱད་ལས། མི་རྣམས་ཀྱི་ལག་པར་འཁྱེར་བདེ་ལ། བསླབ་པ་གསུམ་ཚིག་ཟིན་རང་ལ་གོ་ཐུབ་པའི་དུམ་པ་གཅིག་འདེམས་དགོས་ན། དུམ་པ་གང་ཞིག་ཡག་པོ་ཡོད་པ་རེད་དམ།
གོང་དུ་དྲ་གྲོགས་ཁ་ཤས་ཀྱིས་བོད་ཀྱི་ནང་པ་སངས་རྒྱས་པ་རྣམས་ལ་འགྲོ་སོང་ཡོད་པ་དང་། ཡི་ཤུ་ཆོས་ལུགས་པ་རྣམས་ལ་འགྲོ་སོང་མེད་པར་མ་ཟད། སྦྱིན་པ་ཚུར་གཏོང་གི་འདུག་ཟེར་བ་དེ་ནོར་བ་རེད། འཛམ་བུ་གླིང་གི་ཆོས་ལུགས་པ་ཚང་མ་གཅིག་རེད། ཆོས་ལུགས་གང་ཞིག་དར་སྤཻལ་གཏོང་པ་ལ། འགྲོ་སོང་ཆོས་ལུགས་དར་སྤེལ་གཏོང་མཁན་གྱིས་གཏོང་གི་རེད། འོན་ཀྱང་ཆོས་ལུགས་དེ་ལུང་པ་དེའི་ཆོས་ལུགས་ཆགས་ཚར་བའི་རྗེས་སུ་འགྲོ་སོང་གཏོང་མཁན་ཡོད་པ་མ་རེད། ལུང་པ་དེའི་དགོས་མཁོ་ལ་བསྟུན་ནས་འགྲོ་སོང་ལུང་པ་དེ་ག་རང་ནས་བཏོན་དགོས་པ་རེད། ཨ་རི་ལ་མཚོན་ན་ཡང་ཡི་ཤུ་ཆོས་ལུགས་ཀྱི་ལྷ་ཁང་རེ་རེ་བཞིན་དུ་དད་ལྡན་མང་ཚོགས་ལས་ཞལ་འདེབས་སློང་ནས་བཞེངས་པ་རེད། ད་དུང་གཟའ་འཁོར་རེ་རེ་བཞིན་དུ་ཡི་ཤུ་ལྷ་ཁང་ལ་སོང་ན་ཞལ་འདེབས་སློང་བྱེད་ཀྱི་སྡེར་མ་ཁས་ཡོང་གི་རེད། ད་དུང་དད་ལྡན་རང་ཉིད་ཆོས་ཚོགས་གང་ཞིག་གི་ཁུངས་གཏོགས་ཡིན་ཚེ། ལྷ་ཁང་དེ་ལ་ཚོགས་དངུལ་ཕུལ་དགོས་པ་རེད། འདི་དག་ཤེས་དགོས་པ་ཞིག་ཡིན། ཡི་ཤུ་ཆོས་པ་ཚོས་ཡི་ཤུའི་ཆོས་སྤེལ་བའི་ཕྱིར་དུ་ཤར་ཕྱོགས་པ་དང་། ཨ་ཧྥུ་རི་ཀའི་ལུང་པ་ཁ་ཤས་ལ་ཡི་ཤུའི་ཆོས་སྤེལ་བའི་སླད་དུ། ཐོག་མར་རོགས་རམ་བྱེད་ཀྱི་ཡོད་པ་བདེན་མོད། ཡི་ཤུ་ཆགས་ཚར་བའི་རྗེས་སུ་ད་དུང་ཆུ་བོའི་རྒྱུན་བཞིན་དངུལ་དངོས་འབབ་པ་ཞིག་མ་རེད།
མདོར་བསྡུས་ན་བཤད་ན། ཡི་ཤུའི་ཆོས་དེ་སྤྱིན་པ་་འམ་རོགས་རམ་ལ་བརྟེན་ནས་སྤེལ། ཁ་ཆོས་ཆོས་དེ་དམག་འཁྲུག་ལ་རྟེན་ནས་སྤེལ། ནང་པའི་ཆོས་དེ་སྤྱིའི་ཆ་ནས་སྤྱོད་ལམ་ལ་རྟེན་ནས་སྤེལ། འོན་ཀྱང་བོད་ཀྱི་ནང་པའི་ཆོས་དེ་གཏན་ཚིགས་ལ་རྟེན་ནས་སྤེལ། དེ་འདྲ་ཞིག་ངའི་སེམས་ལ་དྲན་གི་འདུག མ་རེད་དམ།
ངས་ཆོས་ཀྱི་ཚོམས་སམ་ཆོས་ཀྱི་ཚིགས་སུ་བཅད་པ་དེ་འདེམས་ས་རེད།
ཁུག་མའི་ནང་དུ་བཅུག་ནས་འགྲོ་ཆོག་ཆོག།
གང་དུ་ལག་ཏུ་བླངས་ནས་ཀློག་ཆོག་ཆོག།
བློ་ལ་ངེས་དགོས་བྱུང་ཡང་ངེས་ཆོག་ཆོག།
མཐོ་དམན་སུས་ཀྱང་གོ་བ་ལེན་ཆོག་ཆོག།
འདི་ལ་མིང་མཛོད་དུ། ལaaཧ་ཆེམས་ཞེས་སaaགྱུར་ཡོད་དོ།
ཀོ་རི་ཡའི་ཁྱིམ་ཚང་ཁ་ཤས་ནས། ཡི་ཤུའི་ཨ་ནེ་དང་། ནང་པའི་ཨ་ནེ་ཚོ་ཞབས་བརྟན་ལ་སྐད་གཏོང་གི་རེད། འབུལ་བ་གཅིག་པ་ལེན་གི་འདུག ཝེ་ཏི་ནམ་གྱི་ཁྱིམ་ཚང་ལ་སོང་ན་ཡང་གཅིག་པ་རེད། ཨ་རི་ལ་མཚོན་ན་ཡི་ཤུ་གྲྭ་བ་དང་ནང་པའི་གྲྭ་བ་གཉིས་བསྡུར་ནས་བཤད་ན། ཡི་ཤུའི་གྲྭ་བ་གོང་ཆེན་པོ་རེད། ཞབས་བསྟན་ཟེར་གྱི་ཡོད།
མགོན་པོ་ཕྱག་གཉིས་པའི་གསུངས་པ་དེ་ཤིན་ཏུ་ནས་བདེན་པ་ཡིན་ས་རེད། ཐེ་ལན་དང་ཤི་རི་ལིང་ག་སོགས་ལྷོ་བརྒྱུད་ནང་པ་རྣམས་ཀྱིས་ཆོས་ཀྱི་ཚིགས་སུ་བཅད་པ་དེ་༼Holy Bible༽ཀྱི་ཚབ་བྱེད་ཀྱི་ཡོད་པ་གོ་མྱོང་། འོན་ཀྱང་དེ་དགེ་འདུན་ཆོས་འཕེལ་གྱི་བསྒྱུར་བ་དེ་མ་གཏོགས། གནའ་སྔ་མོ་ལོ་ཙྰ་བ་ཚད་ལྡན་ཞིག་གིས་བསྒྱུར་བ་བཀའ་འགྱུར་ཁྲོད་ན་ཡོད་པ་རེད་དམ། དེ་གནའ་སྔ་མོ་བསྒྱུར་བའི་བཀའ་འགྱུར་ཁྲོད་བཞུགས་པའི་ཆོས་ཀྱི་ཚོམས་ཟེར་བ་དེ་རེད་ཟེར་མཁན་འདུག་མོད། བདེན་པ་ཡིན་ནམ། ད་དུང་དྲི་བ་གཅིག་ནི་ཆོས་ཀྱི་ཚོམས་དེར་བསླབ་པ་གསུམ་ཚིག་ཟིན་ལ་སྟོན་པ་ཡོད་པ་རེད་དམ།
ངས་ནང་པའི་དམ་པའི་གསུང་རབ་ཆོས་ཀྱི་ཚིགས་སུ་བཅད་པ་དང་ཡེ་ཤུའི་དམ་པའི་གསུང་རབ་སྦ་ཡེ་སྦལ་གཉིས་མཉམ་དུ་སྦྱར་ནས་ཅིག་བྲིས་ཡོད།
Holy Bible ཡེ་ཤེའུ་དེ་འདྲ་བ་ཞིག་ནང་པའི་བཀའ་བསྟན་ཁྲོད་ནས་སྡོམ་ཞེས་ཟེར་ན། ངས་ནི་མདོ་བསྡུད་དེ་འདེམས་ས་རེད།
ཁ་ཆེ་ལ་ཀླ་ཀློ་གསུངས་ནས་ཁ་སྡིག་མི་འགྲོ་ན་ཡི་ཤུ་ལ་ཀླ་ཀློ་མིན་པའི་རྒྱུ་མཚན་མེད། ངས་མཆན་བུ་ཀློག་མཁན་ནང་ལ་ཡི་ཤུ་ཆོས་ལུགས་པ་མེད་པའི་རེ་བ་ཡོད། གལ་ཏེ་ཡོད་ན་དགོངས་དག་ཞུའོ། །
ངའི་ཤོད་ས་མཆན་བུ་༥༡པ་འདོད་ཁམས་པ་ལགས་སོགས་པ་ཡིན་པ་དེ། ༥༢པ་རི་རྒྱལ་ཏི་སས་གསལ་སྟོན་གནང་འདུག་པས་ཁྱེད་གཉིས་ཀ་ལ་ཐུགས་རྗེ་ཆེ་ཞེས་ཞུ་འདོད་ཀྱང་བྱུང་ལགས།
ཨ་ཁུ་ཀླུ་སྨྱོན་གྱི་བཤད་སྟངས་འགའ་ལ་འུར་སྟོད་ལྟ་བུར་མཐོང་།
“རང་རེའི་བཀའ་འགྱུར་གྱི་བརྒྱ་ཆ་གཅིག་ཙམ་ལ་ཡང་མི་ལོངས་པའི་དེབ་འདི་གཅིག་པོའི་ནུས་ཤུགས་ཀྱིས་འཛམ་གླིང་གི་ས་ཆ་ཧ་ཅང་ཆེན་པོ་ཞིག་ཟིན་ཡོད་པར་བསམས་ན་ཡིད་དབང་མེད་དུ་གཡོ་བར་འགྱུར་བ་དང་།”
མི་འབོར་ཆེན་ཡོད་པས་ཡིད་དབང་གཡོ་ནུས་ན། དེང་སང་བོད་པ་ཚོ་གླེང་ཁ་ཡོད་ན་འབོར་ཆེན་དང་། གཞུང་འབྲེལ་མཛད་སྒོ་སོགས་ཆེ་ཉུང་བས་ཡིད་དབང་འཕྲོག་གམ།
ཆོས་ལུགས་ལོ་རྒྱུས་རྒྱུད་རིམ་ནང་ཕྱི་བྱུང་རྣམས་གྲངས་འབོར་མང་བ་ཡོད་པ་ནི་ཆོས་ཉིད་ཡིན་པས་ཡིད་དབང་འཕྲོག་དགོས་དོན་མེད།
“རང་རེའི་ཆོས་གྲྭ་ཆེན་པོ་དག་ཏུ་ལོ་སྟོང་ཕྲག་སྔོན་ནས་རྒྱ་གར་དུ་བག་ལ་ཞ་བའི་གྲངས་ཅན་པ་སོགས་ཀྱི་གྲུབ་མཐའི་གནད་འགག་དག་ད་དུང་རྩོད་བཞིན་སྡོད་པ་ལས། དེང་སང་ཉིན་རེ་ནས་ཉིན་རེ་བཞིན་རང་རེའི་སྒོ་དྲུང་དུ་བཅར་དང་བཅར་བཞིན་པའི་ཡེ་ཤུའི་ཆོས་ལུགས་འདི་ལ་དོ་སྣང་དང་སློབ་སྦྱོང་། སྐབས་སུ་བབས་ན་དགག་སྒྲུབ་དང་དོགས་སློང་སོགས་ཀྱང་བྱེད་རན་འདུག”
ཡེ་ཤུའི་ཆོས་དཔེ་ཀློག་ཐུབ་ན་དགེ་ཕན་ཡོད་པར་ངོས་ལེན་ཡོད་རུང་། གྲངས་ཅན་སོགས་ལྟར་ཡོངས་མི་སྲིད། དེང་དུས་བློ་ཟུར་བོར་གནས་ནས་ཆོས་ལུགས་རྩོད་མཁན་མེད། མ་ཟད་སྐྱོན་བརྗོད་སྣ་གཅིག་གིའང་མི་མང་ཁྲི་ཁྲག་གི་སྲོག་དབང་ཤོར་སྲིད། ཟབ་ཟབ་གནང།
དེ་མིན་བྱམས་སྙིང་རྗེ་སྐོར་དེ་ཚོ་ནི་ཧ་ལས་དགོས་པ་འདུག་ ནང་ཆོས་ཀྱི་སྙིང་རྗེ་དང་དམིགས་ཡུལ་མི་འདྲ་བ་ལས་རྣམ་པའི་ཆ་ནས་ཤིན་ཏུ་མཚུངས། ཁྱེད་བཟང་འུར་འུར་མེད་ཐོག་ནས་འབྲི་དང་། དྲང་གཞུང་ཡོད་ཐོག་ནས་འབྲི་དང་།
ཟླ་མེད་ལགས།
འཕགས་པ་ས་ལུ་ལྗང་པའི་མདོ་དང་ཤེས་རབ་སྙིང་པོ་གཉིས་གང་འདྲ་འདུག དང་པོས་ཐབས་དང་གཉིས་པས་ཤེས་རབ་སྟོན་པ་མ་རེད་དམ། འདི་དང་རིང་པོ་མེད་པས་ད་དུང་གཅིག་དགོས་ན་དཀོན་མཆོག་རྗེས་དྲན་གྱི་མདོ་བསྣན།
འགྲ་ོསོང་སྐོར་ལ་ཁྱོད་ཀྱིས་བཤད་པ་དེ་དག་ཀྱང་སྔ་ནས་ཤེས་ཡོད། དེ་དང་ཅུང་མི་འདྲ་བ་ནི་འདི་ལྟར།
༡ ཨི་ཤུའི་ཆོས་ཁང་ནང་འགྲོ་དུས་ཞལ་འདེབས་ཕུལ་དགོས་ཟེར་བ་དེ་ནང་པའི་དགོན་པར་ཞལ་འདེབས་སྒམ་ཆེ་ཐག་ཆོད་དེ་འདྲ་རྟེན་གཙོའི་མདུན་དུ་བཞག་པ་དང་། ཡང་གཡས་གཡོན་སོགས་མནཌལ། མགོན་ཁང་། བླ་མའི་བཞུགས་ཁྲི དེ་བཞིན་ལས་ཁུངས་ནང་དངོས་གཞི་ཞལ་འདེབས་ཕུལ་ས་བཅས་དད་ལྡན་པའི་ལག་ནས་དངུལ་འཐེན་རྒྱུའི་ཐབས་ལམ་གཅིག་ནས་ཐར་ནའང་གཞན་ནས་ཐར་ཐབས་མེད་པ་དེ་འདྲ་རེད། གང་ལྟར་དེ་དག་ནི་ཨི་ནང་གཉིས་ཀ་རང་མོས་ཀྱིས་ཕུལ་ན་ལས་ངེས་པར་ཕུལ་དགོས་མེད་ཚོད་རེད།
༢ ད་ལྷ་སྡེ་འམ་དགོན་པར་བརྟེན་པའི་ཁྱིམ་ཚང་ཉམ་ཐག་དེ་འདྲ་ན་བའམ། བུ་ཕྲུག་ལ་སློབ་སྦྱོང་གི་དཀའ་ངལ་ལམ། བཟའ་འཁོན་གྱི་དཀའ་སྡུག ཛ་དྲག་དངུལ་དངོས་ཀྱི་དགོས་མཁོའི་སྐབས་བོད་རྒྱུད་ནང་པས་བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །སོགས་གསུངས་པ་ལས་ཁ་ཚ་དགོས་བཏུག་ཕན་བཏགས་མཁན་མེད། ཨི་ཤུ་པས་དངོས་སུ་ཕན་བཏགས།
༣ སློབ་གྲྭ། ཆུ། འབྱུང་བའི་གནོད་པ་ཚབ་ཆེན་དེ་འདྲར་མི་རྒྱུ་གཉིས་ཀ་བཏང་ནས་ཕན་བཏགས་པ་ལའང་ཨི་ཤུ་ལེགས། འདི་ནང་ཕེབས་མཁན་གང་མང་ཞིག་ནས་ཀྱང་ཨི་ཤུའི་སྐྱོབ་གསོའི་འོ་ཕྱེ་སོགས་ལ་སྤྱད་མྱོང་ཡོད་ཤག
༤ ནད་པའི་རིམས་གྲོ་དང་གཤིན་པོའི་ཆོ་ག་ལ་སླེབས་དུས་དམིགས་ཡུལ་ལ་ཕན་པ་ཆེ་ཆུང་གང་ཤེས་འགྲོ་སོང་ལ་གནམ་ས་རེད། བརྒྱ་བཞི་གཏོང་ན་འགྲོ་སོང་། དུས་ཚོད། སོགས་མང་པོ་ཞིག་བློས་གཏོང་དགོས། གཤིན་པོའི་ཆོ་ག་རོ་སྲེག་ནས་ཞེ་དགུའི་བར་གྲྭ་པ་བཞི་ཙམ་ཉུང་མཐར་བྱས་ཏེ་ཉིན་གང་པོར་དེ་དག་ལ་ལྷ་གསོལ་གསོལ་བྱ་དགོས།
༥ ནམ་རྒྱུན་ནས་རླུང་རྟ། མཆོད་མེ། བསུར། བསངས་སོགས་འགྲོ་སོང་ཡོད་ལ་ཨི་ཤུར་དེ་འདྲ་ཡོད་དམ།
དེ་དག་རང་མོས་གང་འཚམས་རེད་མོད་དོན་ཚན་བཞི་པ་འདི་ལས་གཡོལ་ཐབས་གཏན་ནས་མེད། འདིའི་གཡུ་འབྲུག་དཀར་པོས་གསལ་བཤད་མང་ཙམ་གནང་བའི་རེད་ཡོད།
ལོ་ཤས་གོང་༧གོང་ས་མཆོག་གིས་གཤིན་ཆོག་དེ་ཚོ་མདོ་ཙམ་གྱི་མ་འཐུས་པ་མེད་་ཚུལ་བཀའ་སློབ་གནང་བ་ཞིག་ཐོས་སོང་། གང་ལྟར་འདི་རིགས་ལ་རིག་གནས་གསར་རྗེ་ཞིག་དགོས་ངེས་འདུག མ་རྩ་གོང་ཞུས་བཞིན་དགོན་བདག་ཚོང་དཔོན་དེ་ཚོས་འགུལ་བསྐྱོད་མེད་བསྒྱུར་བཅོས་དཀའ། དེ་ཚོས་རང་མོས་ཀྱིས་བསྒྱུར་བཅོས་མི་བྱེད་དེ། ཚོང་ཉམས་པར་འགྱུར་བས་སོ།།
གུས་ཞབས་བཅས་ཀླུ་སྨྱོན་ལགས་སུ། ཨི་ནང་ཟུང་འཇུག་གི་གྲུབ་མཐའ་སྲོལ་གཏོད་གནང་ལ་ཉེ་བར་མྱ་ངན་ཞུ།
ཡེ་ཤུའི་ཆོས་དང་ཁ་ཆེའི་ཆོས་ལུགས་འཇེའིུ་ཆོས་ལུགས་རྣམས་ནི་འབྱུང་གཞི་གཅིག་རེད་བུ་སྤུན་གསུམ་ལྟ་བུ་ཞིག་རེད། འོན་ཀྱང་ཕྱིས་སུ་རིམ་པས་འགྱུར་བ་ཕྱིན་པ་རེད། དཔེར་ན་བོད་ཀྱི་ཆོས་རྒྱུད་བཞི་ལྟ་བུ་རེད། བུ་སྤུན་ཡིན་ཀྱང་དམག་འཁྲུག་མང་པོ་རྒྱབ་མྱོངས། ད་གང་ལྟར་ཡི་ཤུ་ཡིནའང་འདྲ་ཁ་ཆེ་ཡིན་ནའང་འདྲ་ནང་པ་ཡིན་ནའང་འདྲ་དོན་དམ་མི་ཡི་སེམས་ཁམས་ལ་ཕན་པ་སྟེར་མཁན་ཞིག་དགོས་ཀྱི་ཡོད་རེད། ཡེ་ཤུའི་ཆོས་ཀྱིས་འཛམ་གླིང་གི་མི་དམངས་ས་ཡ་མང་པོའི་སེམས་ཁམས་ལ་ཞི་བདེ་དང། དེ་བཞིན་ཁ་ཆེའི་ཆོས་ཀྱིས་ཀྱང་འཛམ་གླིང་གི་མི་དམངས་ས་ཡ་མང་པོའི་མི་ཚེ་ལ་བདེ་སྐྱིད་སྟེར་མཁན་གཅིག་རེད། དེ་ཡིན་དུས་ང་བཟང་ཁོ་བཟང་གི་སྐད་ཆ་བཤད་ས་མི་འདུག བཤད་ན་མི་རེ་ངོ་རེ་ནས་ང་དབུ་མ་ཡིན་ཟེར་གི་རེད། གཡུ་འབྲུག་གིས་བཤད་པ་དེ་ལའང་མི་བདེན་རྒྱུ་མེད། དེང་སང་བོད་རིགས་གཞོན་སྐྱེས་མང་པོ་ཞིག་གིས་བསམ་པར། ནང་པའི་ཆོས་བྱེད་ན་ཤི་གསོན་གང་གི་སྐབས་སུའང་འགྲོ་སོང་ཆེན་པོ་རེད་འདུག་ཟེར། ཤི་ཚར་བའི་རྗེས་ལ་ཞེ་དགུ་མ་བཟུང་ན་གྲོང་པ་ཁྱིམ་མཚེས་ཚོས་འཕྱ་སྨོད་བྱེད་ཀྱི་རེད། བྱེད་དགོས་ན་བླ་མ་གྲྭ་བ་མང་པོ་སྐད་གཏོང་དགོས་ཆགས་ཀྱི་རེད། དེ་དག་ལ་རེ་འགའ་ལ་སྐུ་སྐལ་བཞི་སྐལ་དང་རེ་འགའ་ལ་གསུམ་སྐལ། རེ་འགའ་ལ་གཉིས་སྐལ་ལས་སོགས་རིམ་པ་མང་པོ་བརྩེགས་ནས་འགྲོ་དགོས་ཡོད། དེ་ནས་གཤིན་པོའི་ཐོབ་སྐལ་གྱི་རྒྱུ་ནོར་རྩ་ཆེ་བ་རྣམས་ཀྱང་བླ་མ་བྱང་རྟེན་དང་བསྔོ་རྟེན་འཕོ་བའི་རྟེན་སོགས་མང་ཐག་ཆོད་གཅིག་འབུལ་དགོས་རེད། དེ་ནས་ཉིན་ལྟར་མཆོད་མེ་འབུལ་དགོས་པ་རེད། དེ་ནས་ཆོས་རྒྱུད་ཀྱི་བླ་མ་ལས་སོགས་ལ་བསྔོ་རྟེན་འབུལ་དགོས་པ་རེད། མ་ཕུལ་ན་བུ་རྒྱུད་ཚོས་མ་འཇོན་པར་བརྩི། འབུལ་བར་བྱེད་པ་ལ་བུ་ཕྲུག་ཚོའང་མི་ཡུལ་དུ་འདུག་དགོས་རྟེན་དཀའ་ངལ་ཤིན་ཏུ་ནས་ཆེན་པོ་རེད། དེ་ནས་གཤིན་རྩིས་ཞུས་ནས་ཡང་གསོན་གཤིན་གཉིས་ཀ་ལ་ཞབས་རིམ་ལས་སོགས་མང་ཐག་ཆོད་གཅིག་བབ་ཀྱི་རེད་དེ་མ་བྱས་ན་རྣམ་རྟོག་བསླང་བྱེད་དགོས་ན་རྒྱུ་ཡིས་མི་འདངས། ད་གཟིགས་དང་འགྲོ་སོང་ག་ཚོད་གཅིག་འདུག
གང་ལྟར་ཡིན་རུང་མིན་རུང། ཆོས་ལུགས་ཚང་མས་མི་ཡི་འགྲོ་བ་ལ་ཕན་ཐོགས་ན་ཐོགས་སྙམ་དང་གནོད་ན་གནོད་སྙམ་རང་རེད། ཆོས་ལུགས་ནང་དུ་བཞུགས་ན་ཆོས་ལུགས་ཀྱི་རུ་ཏྲ་ཆེན་མོ་རི་འདྲ་བ་ཞིག་ནི་ཚང་མར་འདུག ཤི་ཚར་བའི་རྗེས་ལ་སུས་ཤེས། ག་བར་འགྲོ་གི་ཡོད་མེད།
ཀླུ་སྨྱོན་དང་འདོད་ལྷ་ང་ཚོའི་བསམ་བློ་གཏོང་ཕྱོགས་ནོར་མེད། ད་ལྟ་བསམ་བློ་གཏོང་ས་འདུག ཡར་མེད་མར་མེད་བར་དོ་ཡིན་ཀྱང་ཆོག་ཆོས་ལུགས་གྲུབ་མཐའི་ཆགས་སྡང་གི་མེ་ཆུས་སྡུག་ངལ་དེ་མེད་པ་ཆགས་པ་རེད། དེ་ཡང་སྡུག་བསྔལ་ཐོལ་པ་རེད།
གོང་གི་ནང་དག་ཆ་དང་བརྗོད་སྟངས་ཏོག་ཙམ་བདེ་མི་བདེ་འདུག་སྟེ་དོན་ནི་ངའི་སེམས་ནང་ཡོད་པ་དང་གྲོགས་པོ་མང་པོར་བགྲོ་གླེང་བྱས་པ་དེ་འདྲ་ཡིན། འདིས་བོད་བརྒྱུད་ནང་པ་ཆ་ཚང་ལ་ཁྱབ་པ་དེ་འདྲ་རང་ལྟ་ཡིན་མི་སྲིད་མོད། ཧི་མ་ལ་ཡའི་གཡས་གཡོན་དུ་གནས་སྟངས་འདི་ཁ་གསལ་པོ་རེད། ནང་པ་ཨི་ཤུར་བསྒྱུར་མཁན་ཚོས་རྒྱུ་མཚན་བཤད་དུས། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་དེ་འདྲ་བཤད་གི་མིན་འདུག མི་གཅིག་ཤི་འགྲོ་དུས་དགེ་བ་ལ་མི་ཚང་དེའི་དངུལ་འབོར་ཧ་ལམ་རྫོགས་འགྲོ་གི་འདུག མཆོད་མེ་བརྒྱ་ཐམ་པ་སྤར་དངོས་གི་འདུག ཨི་ཤུ་ལ་དེ་འདྲ་དགོས་གི་མིན་འདུག ཚུར་ལ་རོགས་པ་གནང་གི་འདུག་སོགས་བཤད། དོན་ལ་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར། བྲམ་ཟེ་སྙིང་རྗེ་མེད་པ་དེ་ཚོས་ཧིན་དུའི་གསང་ཚིག་དེ་ཚོ་རིགས་བཟང་ལས་གཞན་གྱིས་ཉན་མི་ཆོག་པར་བཟོས་གསུངས་པ་ལྟར། བླ་རྒན་སྙིང་རྗེ་མེད་ཅིང་ཤ་ཆང་ལ་སྙིང་པོར་ལྟ་བ་འགའ་ཞིག་གིས་ཤི་གསོན་གྱི་ཆོ་ག་ལ་རྒྱས་རྒྱས་མོ་དང་ཞིབ་ཞིབ་མོ་དེ་འདྲ་བཟོས། དེའི་རྗེས་འཇུག་ཚོས་དེ་ནི་ནང་བསྟན་གྱི་ཉིང་ཁུའོ་སྙམ་དུ་འཛིན། ཕྱིས་དེ་ལྟར་མེད་པར་རྒྱུད་ནས་གསུངས་པའི་ལག་ལེན་དངོས་བསྟར་དུས་ལན་ཚ་མེད་པའི་ཟས་ལྟར་དེ་དག་ལ་དྭངས་བ་མེད། སྔ་མོའི་ལུགས་དེ་རང་གཙིག་ཆེར་ལྟ། དེས་དཔལ་འབྱོར་དམན་པའི་དད་ལྡན་པ་ཚོར་དཀའ་ངལ་ཚད་མེད་བཟོས། དེ་ནས་ཨི་ཤུ་ལ་འགྱུར། དེས་ནང་པ་ཀི་ཉུང་ལ་ཕྱིན། གང་འཚམ་ནས་དད་ལྡན་གྱི་ཁྲག་དང་ཆུ་སེར་འཇིབ་ནས་རྒྱག་པ་ཆགས་པ་དེ་ཚོ་སྐམ་པོ་ཆགས་འགྲོ་མི་ཡོངས་དྲན།
མོག་མོག ཐུག་པ། འབྲས་ཚལ། བག་ལེབ། ཨོ་གཅིག་པ་རེད། དྲོག་ཁོག་རྒྱག་ཡ་རེད། མིད་པ་བརྒལ་ནས་སྐྱག་པ་རེད།
འདི་བན་དེ་བ་ཁྱེད་རྣམ་པ་རེད། སྡུག་ཅག་རེད་ཞུས་མེད། གང་ལྟར་དེ་འདྲ་རེད། འོ་ད་དུང་། ཞི་མི། ཁྱི། གླང་གོག མ་ཧེ། སྟག འབྲོང་། གླང་ཆེན། གཅིག་པ་རེད། སྲོག་ཆགས་རེད། དུད་འགྲོ་རེད། དབུགས་ཡོད་རེད། བདེ་བ་འདོད། སྡུག་བསྔལ་མི་འདོད། འདྲ་པོ་རེད། ཀླད་མེད། རུས་མེད། མདོ་མེད། རིས་མེད།
ལེགས་ཆ་ཡོད་རེད། དེ་འདྲའི་རིང་ལུགས་པ་རྣམས་ལ་ཟ་རྒྱུ་འཐུང་རྒྱུའི་དཀའ་ངལ་ཕྲད་གི་མ་རེད། བྱ་དང་ཕྲད་དུས་གཤོག་པ་དང་། བྱི་ལ་ཕྲད་དུས་སོ་སྟོན། ཁེ་བཟང་རེད། རང་མོས་རེད། རིས་མེད་རྒྱལ་ལོ།།
བོད་ནང་གི་ཡི་ཤུ་དགོན་པ་དང་། དེའི་ནང་གི་ཡི་ཤུ་གསུང་རབ་ཀློག་འདོན། ད་དུང་དཀོན་མཆོག་ལ་བསྟོད་པའི་འདོན་རྟ་དབྱངས་གསུམ་སོགས་བོད་རིགས་ཀྱི་ཁྱད་ཆོས་ཡོད་པའི་སྒོ་ནས་ཡོད་པ་གཤམ་གྱི་ལྟད་མོ་ལས་མཐོང་ཐུབ།
http://www.youtube.com/watch?v=VqfCy8oWV7s
ཡེ་ཤུའི་རྗེས་འབྲངས་བ་དག་གིས་ཡེ་ཤུའི་གསུང་རབ་ལ་དད་པས་ཀློག་པ་གཅིག་བུ་ལས་བསྲེགས་བརྡར་བདར་བའི་སྲོལ་ཀ་མི་འདུག་ཀྱང་དེང་སང་ཚན་རིག་གི་ཤན་ཤུགས་ཐེབས་ནས་ཡེ་ཤུའི་ཆོས་དད་པ་ཚོས་ཀྱང་ནང་པའི་གསུང་རབ་ཀློག་པ་དང་། དེང་སང་ནང་པ་དང་འབྲེལ་ལམ་ཡག་ཤོས་དེ་ཁོང་ཚོ་ཆགས་ཡོད་པ་རེད། དཀོན་མཆོག་གི་བཀའ་ལྟར་རང་གི་གསུང་རབ་ལ་དོགས་སློང་བྱེད་མི་ཆོག་ཀྱང་། འདི་ཡང་ཕྱོགས་གཅིག་ནས་ཆོས་སྤོང་གི་ལས་ངན་མང་པོ་ཞིག་གི་སྒོ་ཁེགས་འགྲོ་གི་ཡོད་པ་རེད། སྟོན་པ་ཤཀྱ་ཐུབ་ཀྱིས་རང་གི་བཀའ་ལ་བསྲེགས་བཅད་བརྡར་གསུམ་གྱི་སྒོ་ནས་དོགས་སློང་བྱེད་ཆོག་པར་གནང་བ་ཙམ་དུ་མ་ཟད། དེ་ཡང་ཤིན་ཏུ་གལ་ཆེ་བར་གསུངས་ཡོད་མོད། འདི་བློ་དམན་པ་དག་གིས་མ་འཆུན་པར་ཆོས་སྤོང་གི་ལས་ངན་བསགས་པའི་ཉེན་ཁ་ཡོད་པ་རེད། འདི་ལ་ཆོས་ཀྱི་རྗེས་འབྲངས་ཟེར། སྔ་མ་ལ་དད་པའི་རྗེས་འབྲངས་ཟེར།
མགོན་པོ་ཕྱག་གཉིས་པས་རྩ་བའི་དཀོན་མཆོག་གཅིག་ལས་མཆེད་ཚུལ་བཤད་པ་དང་། གཞོན་ནུ་ཟླ་མེད་ཀྱིས་སྦ་སྦལ་ནི་ཡེ་ཤུའི་གསུང་རབ་ཀྱི་སྙིང་པོ་ཕྱོགས་བསྒྲིགས་ཟེར་བ་བདེན་པ་རེད། ཡེ་ཤུའི་ཞལ་ནས་གསུངས་བ་ཡིན་མིན་ལ་དོགས་པ་རེད། དཔེར་ན་རྗེ་ཙོང་ཁ་བའི་ལམ་རིམ་ཆེན་མོ་ནི་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་ནས་ལམ་གྱི་རིམ་པ་སྟོན་པ་ལྟ་བུ་བརྗོད་བྱ་སངས་རྒྱས་ཀྱི་གསུང་རབ་ཡིན་ཡང་བརྗོད་བྱེད་གསུང་རབ་ཀྱི་ཚིག་སྣ་བསྡུས་ནས་ཕྱོགས་བསྒྲིགས་བྱས་པ་ཞིག་རེད། མདོ་ཕྱོགས་ནས་བཤད་ན་དེ་དང་སྔགས་ཕྱོགས་ནས་སྔགས་རིམ་ཆེན་མོ་དེ་སྙིང་བསྡུས་རེད། ང་ཚོ་བོད་པའི་ནང་པ་ཚོས་ལམ་སྔགས་གཉིས་མཆོད་བཀུར་བཀླགས་སློག་དང་ཐོས་བསམ་བྱེད་བཞིན་པ་དེའོ།།བྱང་ཆུབ་ལམ་རིམ་ཆེན་མོའི་ཆོས་ཚོགས་ཀྱང་རྒྱ་ནག་དང་སོག་ཡུལ། ཉི་ཧོང་དང་ཀོ་རེ་ཡ་འཛམ་གླིང་ཡུལ་གྲུ་མང་པོ་ན་བཙུགས་ཡོད་པ་རེད།
དེ་སོ་མ་ཀོ་རོས་ཨེ་ལེཀས་སནདར་ཞེས་པ་སྙིང་སྟོབས་དང་ལྡན་པ། སྟེས་དབང་སྐལ་བཟང་དུ་གྱུར། དེའི་ཡུལ་ན་དེའི་དྲན་རྟེན་དུ་ཚོགས་པ་ཞིག་དང་དེ་ཉིད་ཀྱི་མཚན་ཐོག་ལྷ་ཁང་ལྟ་བུ་ཁང་པ་ཞིག་ཀྱང་ཡོད་འདུག དེ་ཀའི་ཚོགས་པའི་འཐུས་མི་༷ཞིག་གིས་དེ་ཉིད་ཀྱི་སྐོར་ལ་བོད་སྐད་དུ་ཚིག་ཁ་ཤས་འབྲི་གྲོགས་གྱིས། ཞེས་བསྐུལ་མ་བྱུང་བ་དེ་བཞིན་བྲིས་ནས།་བཏང་བ་དེ་གོང་གསལ་ཁང་པ་དེ་ན་ཡོད་ངེས།
དེ་ཉིད་ཧང་གི་རི་ཞེས་པ་ནུབ་གླིང་གི་ཤར་ཕྱོགས་ཡུལ་ཞིག་སྐུ་འཁྲུངས། དེ་ཉིད་དང་གཞན་གཞོན་ནུ་གཉིས་བཅས་གཞོན་ནུ་གསུམ་གྱིས་ཧང་གི་རིའི་མི་རིགས་ཀྱི་འབྱུང་ཁུངས་འཚོལ་བར་དམ་བཅའ་བྱས། གཞན་གཉིས་ཀྱིས་དཀའ་ངལ་མཐོང་ནས། དམ་བཅའ་སྤངས། དེ་སོ་མ་ཀོ་རོ་ས་ཨེ་ལེཀ་སན་ད་ར་ཡིས་དམ་བཅས་བཞིན་ཤར་གླིང་ཕྱོགས་སུ་རང་གི་མི་རིགས་ཀྱི་འབྱུང་འཚོལ་བར་སྐྱོད་པ་ན། ཨིན་ཡུལ་པ་ཞིག་གིས་དེ་ཡི་མི་རིགས་ཀྱི་འབྱུང་ཁུངས་རྙེད་པའི་ཕྱིར་དུ། བོད་ཡིག་སྦྱོང་བར་སློབ་སྟོན་བྱས། དེ་ནས་དེ་ཉིད་ལ་དྭགས་ཟངས་དཀར་དུ་སླེབས་ཏེ། རང་གི་མི་རིགས་འབྱུང་ཁུངས་རྙེད་པར་སྙིང་རུས་ཀྱིས་བོད་ཡིག་ལེགས་པར་སྦྱང་བ་ལ་ལོ་ཁ་ཤས་འགོར་ཡོད་ངེས། མི་རྣམས་ཀྱིས་དེ་ཉིད་ཕྱི་མའི་སྔ་ལམ་དུ་གྱུར་པ་ཐག་བཅད། ལོ་ཁ་ཤས་རྗེས་ལ་བོད་ཀྱི་རིག་གཞུང་དང་དཔེ་ཆ་གླེགས་བམ་རྟ་ཁུར་ཁ་ཤས་བཅས་སླར་བདེ་བར་རྒྱ་གར་དུ་འབྱོར། དེའི་དུས་རྒྱ་གར་ཨིན་ཇིས་དབང་སྒྱུར་བ་དང་། ལ་དྭགས་རང་དབང་ཡོད་པའི་རྒྱལ་བློན་དག་གིས་དབང་སྒྱུར། དེ་སོ་མ་ཀོ་རོ་ས་ཨེ་ལེཀསན་དར་ཀ་ལི་ཀ་ཏཱ་རུ་བོད་ཀྱི་དཔེ་ཆ་རྣམས་ཀྱིས་དོ་དམ་མཛད་ཅིང་། རྩམ་པ་བཞེས་ནས། འདོད་ཆུང་ཆོག་ཤེས་ཀྱིས་བཞུགས་ཤིང་། བོད་སྐད་ཀྱི་བརྡ་སྤྲོད་ཨིན་སྐད་དུ་བྲིས་པ་དང་། བོད་ཨིན་ཚིག་མཛོད་དང་། ས་སྐྱ་ལེགས་དང་། མདོ་མཛངས་བླུན་སོགས་ནས་བཏུས་ཏེ། ཚིགས་བཅད་དང་། ཚིགས་ལྷུགས་མང་པོ་བསྒྱུར་ཏེ། དིང་དུས་ཀྱི་རྒྱ་གར་པ་དང་། ནུབ་ཕྱོགས་པ་རྣམས་ལ་བོད་ཀྱི་རིག་གཞུང་གི་ངོ་སྤྲོད་མཛད། མཐར་དགུང་ལོ་ང་བདུན་ཙམ་ལ་ཀ་ལི་ཀ་ཏཱ་ནས་རྡོ་རྗེ་གླིང་བར་དུ་ཞབས་ཐང་མཛད་སྐབས་སུ། ཚ་བའི་ནད་ཀྱིས་ཟིན་ཏེ། རྡོ་རྗེ་གླིང་གི་ཉི་འགྲམ་ས་གནས་འགུམ་ཞེས་པར་སྐུ་གཤེགས་འདུག །ཕྱིས་ཀྱི་མི་རྣམས་ཀྱིས་དེ་ཉིད་མཛད་པ་ལ་རྗེས་སུ་ཡི་རང་སྐྱེས་ཏེ། དེ་ཉིད་ལ་བྱང་ཆུབ་སེམས་དཔའ་ལྟ་བུར་བརྩིའོ།།
ཡང་བོད་ནང་དུ་ཡི་ཤུ་ཆོས་དང་ནང་ཆོས་མཉམ་སྤྱོད་བྱེད་པའི་ས་གནས་ཀྱི་འཚོ་བ་དང་། གོམས་གཤིས། ཆོས་བྱེད་སྟངས་སོགས་འོག་གི་དྲ་ཐག་ནས་མཐོང་ནུས།
http://www.youtube.com/watch?v=LAxbz9QAkec&feature=related
ཟླ་མེད་ལགས། ཁ་སང་ཁ་བརྡ་ཡར་བསྔོག་མར་བསྔོག་བྱས་པས་ཁྱོད་ཀྱི་ཟི་ལིང་ནས་རྒྱ་གར་བར་གྱི་ཟིན་བྲིས་དེ་མཐོང་བས་བཀླགས། ཆིག་དགོད་ཤོར་ནས་བྲོད་ཁོག་ཟུག་རྒྱག་སོང་།
ཞར་འཕྲོས་ཡིན།
ཡི་ཤུ་མ་ཤི་ཀ་སྟོན་པ་ཁོང་རང་གི་མི་ཚེ་ནང་གི་ལོ་རྒྱུས་ནང་ལ་མི་ལོ་བཅུ་གཉིས་ཙམ་གར་སོང་ཆ་མེད་སོང་བ་ཡི་ཤུ་པ་ཀུན་གྱིས་ཀྱང་འདོད་པ་དང་། དེའི་བར་ལ་འགའ་ཞིག་གིས་ཚོང་པ་དང་མཉམ་དུ་རྒྱ་གར་ན་ལེནཌར་ཕྱི་ཆོས་དང་ནང་ཆོས་སྦྱངས་པར་འདོད་པ་དང་།
ཁྲིམས་ཆད་སྲོག་ཐོགས་ཤིང་གི་ཀུ་རུ་ཁར་ཆུ་ཚོད་དྲུག་བཀལ་ནས་འཆི་བར་བརྩིས་ནས་དུར་ཁང་དུ་བཞག་ནས་ཕུང་པོ་བརླག་སྟོར་སོང་བ་ཡང་རྩོད་མེད་སྤྱུ་མཐུན་ཡུན་པ་ལ།
འདི་པའི་ལུགས་ལ་ཁོང་་མ་འཆི་བར་གསང་སྟབས་ཀྱིས་རྒྱ་གར་ཀ་ཤི་མིར་རུ་དགུང་གྲངས་བརྒྱད་བཅུ་ཙམ་བཞུགས་ནས་འདས་གྲོངས་སོང་བའི་སྐུ་དུང་་ས་སྦས་ཀྱི་ས་གཞི་ཡང་ངོས་འཛིན་ཐུབ་པར་བཤད་འདུག
དེས་ན་དགེ་བསྙེན་ང་ནི་སྟོན་པ་ཡི་ཤུར་གུས་དུད་ཡོད་ཀྱང་། སྦྰ་ཡེ་སྦེལ་རང་གི་རྩ་བའི་དམ་བཅར་འཇིག་རྟེན་བྱེད་པོ་ཡོད་པར་འདོད་པ་དང་། སྐྱེ་བ་ཕྱི་མ་གཉིས་ལས་ལྷག་མེད་པར་འདོད་པ་ལ་དགག་པ་མཐར་ཕྱིན་་བྱེད་མཁན་ཞིག་ཡིན་ལགས།
ཡང་ཁ་ཆེའི་ཆོས་ལུགས་ནི་མགོན་པོ་ཀླུ་སྒྲུབ་ཀྱི་དུས་ཚིགས་སུ་བྱུང་བ་དངོས་འབྲེལ་དང་། ཆོས་གསར་རྩོམ་བྱེད་མཁན་ཡང་ནང་པའི་དགེ་སློང་ཞིག་བསླབ་པ་ཉམས་ན་ས། གནས་དབྱུང་བྱས་པ་ལ་སྙིང་ན་ནས་ནང་ཆོས་དང་མི་མཐུན་པའི་ཆོས་ལུགས་གསར་དུ་བརྩམས་དོན་ཡང་དེ་ལྟར་ཡིན་པ་བོད་སྐད་དུ་ཡོད་པའི་ཆོས་འབྱུང་ནང་ལ་གསལ་ཡོད།
མདོར་ན་ཆོས་དེ་གཉིས་ནང་ལ་འཇིག་རྟེན་བྱེད་པོ་འདོད་པས་ལས་འབྲས་འདོད་མི་ཐུབ། དེས་ན་རྟེན་འབྲེལ་དང་འཁོར་འདས་བདེན་བཞི་སོགས་འདོད་མི་ཐུབ་པས། ནང་པ་རང་གི་བློ་ངོར་དགག་བཞག་ཚད་འཕེར་ཐུབ་པ་བྱ་རྒྱུ་ནི། དུས་རབས་ཉེར་གཅིག་པའི་ནང་པ་་ཡིན་དགོས་གསུངས་པའི་དགོངས་དོན་ཡང་དེ་ལ་ཐུག་གོ
༸གོང་ས་མཆོག་གིས་ཆོས་ལུགས་གཞན་ལ་གུས་བརྩི་དང་། རང་གི་ཆོས་ལ་དད་པ་དགོས་པ་གཉིས་སོ་སོར་མ་བསྲེས་པར། གཞན་ཆོས་ལ་གུས་དུད་དང་རང་ཆོས་ལ་ཉམས་ལེན་བྱ་རྒྱུ་དེ་དེང་དུས་འཛམ་གླིང་ཞི་བདེ་ལ་ཕན་པའི་ལས་དོན་གལ་ཆེ་གཅིག་རེད་སྙམ་ལགས།
ཡི་ཆོས་ལ་ཀླ་ཀློའི་ཆོས་ཞེས་ཁ་སྡིག་སོང་ཡོད་ན་འགྱོད་ཕྱག་དང་བཅས།
དགེ་བསྙེན་ང་ཡི་་ཚེ་གྲོགས་ཀྱི་བཀའ་བཀྱོན་དང་རེས་གཟའ་ཉི་མའི་རང་གི་བུ་ཆུང་གི་རྩེད་ཟླ་བར་ནས་འབྲི་དགོས་བྱུང་བར་བརྟེན། ་་་སྤྱུ་མཐུན་ཡུན་པ་ལ། སོགས་ཡིག་ནོར་སོང་བར་དརུ་གྲོགས་ཚོར་དགོངས་དག་གཉིས་པ་དེ་ཡང་ཞུའོ། །
བསྟན་དགྲ་དེ་བླ་མ་དང་སྤྲུལ་སྐུ་དེ་ཚོ་རེད།
བླ་མ་སྐྲུལ་སྐུ་ལ་དབང་དངོས་སུ་ཡོད་ཀྱང་། བརྒྱུད་ནས་དབར་མེད་། བརྒྱུད་ནས་དབང་དེ་བོད་མི་མངས་ལ་ཡོད། ལྡི་ལིར་གནས་པ་ལ་དྭགས་ཨམ་ཅིས་བཀྲ་ཤིས་བོད་དུ་ལོ་འགའ་ཞིག་གི་སྔོན་དུ་སོང་སྟེ། དགོན་པ་ཁག་ཏུ་གནས་མཇལ་དུ་སྐྱོད་པ་ན། དགོན་པ་གང་ལ་སྤྲུལ་སྐྱ་ཡོད། དགོན་པ་དེ་གང་ཅིའི་སྒོ་ནས་ལེགས་པ་དང་། དགོན་པ་གང་ལ་སྐྲུལ་སྐུ་མེད། དགོན་པ་དེ་གང་ཅིའི་ཐོག་ནས་རྒུད་ཡོད་པ་ཞིག་ཏུ་མཐོང་འདུག དེ་ཉིད་སུས་བྱས་པ་ཡིན་ནམ།། སྤྲུལ་སྐུས་བྱས་པ་ཡིན་ནམ། བོད་མི་མངས་ཀྱིས་བྱས་པ་ཡིན་འདི་ལ་དོན་མཐུན་གྱི་ལན་རྒྱབ་དགོས་སོ།།
སྔོན་བན་དེའི་ཆོས་ལུགས་བོད་ཡུལ་དུ་དར་ཡོང་དུས་ས་གནས་ཀྱི་བོན་པོ་ཚོ་དང་ངེས་པར་བསྟུན་དགོས་པ་ཞིག་ནི་བྱུང་ཡོད་པ་དང་། རྩ་བའི་ཆ་ནས་བོན་པོ་འདི་ཚོ་ངར་མ་ཞིག་ནི་གཏན་གཏན་བྱུང་ཡོད་ས་རེད། བན་དེ་ཚོ་དགེ་སློང་སེར་པོ་ནང་བཞིན་རྒྱ་གར་བའི་ཆ་ལུགས་དང་སྐད་ལུགས་སོགས་ཀྱི་ཐོག་ནས་འདོན་པ་དང་སྐྱོར་བ་སོགས་བྱེད་དབང་མེད་པར། བོད་རང་སའི་འགྲོ་སྟངས་གང་ལ་གང་མཚམས་བཟུང་དགོས་པ་འདི་དེ་དུས་བོན་པོའི་བླ་མ་དང་བོད་ཞེན་ཅན་ཚོའི་བཀའ་དྲིན་ལས་བྱུང་བ་ལོས་ཡིན་བསམ། དཔེར་ན་དེང་སང་ཡེ་ཤུ་དང་ཁ་ཆེ་སོགས་བོད་ཡུལ་དུ་སླེབས་ཡོང་དུས་བོད་རང་སའི་རིག་གཞུང་དང་བསྟུན་དགོས་པ་ཞིག་ནི་རང་བཞིན་གྱིས་ཆགས་ཀྱི་འདུག་བ། ཡིན་ནའང་ཡེ་ཤུ་དང་ཁ་ཆེ་བ་རྣམས་ཀྱི་ཆོས་གོས་དང་ཆ་ལུགས། མིའི་མིང་དང་དགོན་པའི་བཟོ་དབྱིབས་བཅས་བོད་རང་སའི་རིག་གཞུང་དང་མཐུན་པོ་རང་མི་འདུག་པས། ཆོས་ལུགས་འདི་གཉིས་ཀྱི་རྗེས་འཇུག་པ་ཚོས་བོད་རང་སའི་སྐད་དང་ཡེ་གེ་དང་གོམས་གཤིས་དང་ལུགས་སྲོལ་སོགས་ལེགས་པར་རྒྱུད་འཛིན་དང་བདག་གཉེར་བྱེད་ཐུབ་བམ། འོ་ན་ཆོས་ལུགས་དེ་རྐྱང་རྐྱང་གཙོ་བོར་བཟུང་ནས་སྡོད་དགོས་པ་རེད་དམ། ཆོས་ལུགས་ཡིན་ནའང་མི་རིགས་ཀྱི་གོམས་གཤིས་དང་ཡུལ་སྲོལ་ལ་བརྩི་བཀུར་མ་བྱས་ན་རིམ་པས་ཡུལ་ལུང་དེ་འདི་ཡིན་འདི་མིན་མེད་པར་ར་མ་ལུག་ལྟར་མི་འགྱུར་རམ། །
རྒན་ལ་དྭགས་ལེགས། ཉིད་ཀྱིས་དྲངས་པའི་རྒྱུ་མཚན་དེ་གས་སྤྲུལ་སྐུ་ཟེར་མཁན་ཚོ་བསྟན་དགྲ་ཡིན་པ་གྲུབ། ཁོང་ཚོས་དབང་ཆ་དང་དཔལ་འབྱོར་ཡོད་ཚད་སྒེར་བདག་བྱས། རང་ལྟོས་རྣམས་ལྐུགས་པ་ཁྱུ་གཅིག་བཟོས། དེས་ན་སྤྲུལ་སྐུ་མེད་རྗེས་དགོན་པ་འཛིན་སྐྱོང་བྱ་མཁན་མེད་པ། དཀོན་པ། བྱེད་མི་ཤེས་པ་བཅས་ཀྱིས་ཉམས་སོང་བ་རེད། དེའི་འགན་དགོན་བདག་ཚོང་དཔོན་ཁོ་རང་ཚོ་རེད།
རང་ཅག་རྣམས་ཀྱི་སྟོན་པ་བཅོམ་ལྡན་འདས་ཀྱི་སྟོང་པ་རྟེན་འབྱུང་གི་དོན་དང་རྟེན་འབྱུང་སྟོང་པའི་དོན་དུ་བཀྲལ་བའི་ཐལ་འགྱུར་བའི་ལྟ་བ་ཁྱད་དུ་འཕགས་པ་དེ་ཡིས་ཁྱོད་ཀྱི་ཡིད་དབང་འཕྲོག་མ་ཐུབ་པར་ཡེ་ཤུའི་སྟོན་པའི་གསུང་“ངས་ཁྱེད་རྣམས་ལ་ཟེར། ཁྱེད་རང་གི་དགྲ་ལ་བྱམས་སེམས་སྐྱེད། ཁྱེད་ལ་ངན་སེམས་སྐྱེད་མཁན་རྣམས་ལ་དྲིན་བྱོས། ཁྱེད་ལ་སྨད་སྒྲ་གཏོང་མཁན་རྣམས་ལ་བྱིན་རླབས་ཐོངས ཞེས་པ་ལ་སོགས་པའ་ཉམས་ལེན་གྱི་ཚིག་འགའ་ཞིག་གིས་ཁྱོད་ཀྱི་ཡིད་དབང་མེད་དུ་འཕྲོག་པ་ནི་སྟོན་པ་ཡི་ཤུས་གནང་བའི་ཀུན་དགའ་དོན་འགྲུབ་འགའ་ཞིག་གིས་ཡིན་སྲིད།
གཟབ་གཟབ་བྱོས་མ་གཏོགས། ད་ལྟ་འཛམ་གླིང་ན་ཡེ་ཤུའི་ཆོས་ལུགས་ལ་གཡོ་སྒྱུའི་ཆོས་ལུགས་ཞེས་མིང་བཏགས་ཡོད་པ་རེད།
ཕ་རི་གཡས་ལ་བསྐོར་ནས་ཚུར་རི་གཡོན་ལ་བསྐོར་ནས་ཤུགས་རྒྱག་གི་འདུག དེ་ལྟར་ཤུགས་རྒྱོབས་ཤིག། ནམ་ཞིག་གི་ཚེ་ཁྱེད་ཀྱི་རེ་འདུན་འགྲུབ་སྲིད།
ཡེ་ཤུ་བ་དག་གིས་འཇིག་རྟེན་དཀོན་མཆོག་གིས་བསྐྲུན་ཚུལ་ནི། ཉིན་དང་པོར་གནམ་ས་གཉིས་དང་ཉིན་མཚན་གཉིས་བཟོས། ཉིན་གཉིས་པར་བར་སྣང་། ཉིན་གསུམ་པར་རྒྱ་མཚོ་དང་སྐམ་ས། ཤིང་སྡོང་དང་རྩི་ཤིང་སོགས་སྐྱེས་དངོས་རིགས། ཉིན་བཞི་པར་ཉི་ཟླ་སྐར་གསུམ། ཉིན་ལྔ་བར་འདབ་ཆགས་བྱ་ཡི་རིགས། ཉིན་དྲུག་པར་དུད་འགྲོའི་རིགས་དང་སྐྱེས་བུ་ཕོ་མོ་གཉིས་བཟོས། ཉིན་བདུན་པ་དེར་ལས་མཚམས་བཞག་པ་ཡིན་ཙང་ལྷ་ཁང་དུ་གསོལ་བ་སྨོན་ལམ་འདེབས་པ་དང་མཆོད་འབུལ་སོགས་བྱེད་ནས་གཟའ་ཉི་མར་གུང་སེང་བཏང་བའི་སྲོལ་ལུགས་དུས་དེ་ནས་བྱུང་།
ཆོས་ལུགས་རང་ཐད་ནས་གཡོ་སྒྱུའི་ཆོས་ལུགས་ཡིན་ཟེར་ན་མི་རུང་། རྩ་བའི་ཆོས་ལུགས་ཚང་མའི་གཞི་གཅིག་ལ་འབབ་པ་ཡིན། དེ་ནི་བྱམས་པ་ཡིན། བྱམས་པ་ཟེར་ན་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་འདོད་དེ་ལ་ཟེར། སྙིང་རྗེ་ཟེར་ན་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་དེ་ལ་ཟེར་གི་ཡོད། ལྟ་བའི་ཆ་ནས་འཇིག་རྟེན་བཀོད་པ་པོ་འདོད་མི་འདོད། སྐྱེ་བ་སྔ་ཕྱི་འདོད་མི་འདོད། འཁོར་བ་སྤངས་ནས་སངས་རྒྱས་རྒྱུ་ཡོད་མེད། རང་ཉིད་དཀོན་མཆོག་ངོ་མ་ཞིག་ཏུ་འགྱུར་རྒྱུ་ཡོད་མེད་དེ་རེད། དེ་ལ་ཁྱད་པར་ཆེན་པོ་བྱུང་བ་རེད། ཁ་ཆེ་བ་ཚོས་ཀྱང་འགྲོ་བ་མིའི་ལོངས་སྤྱོད་བྱར་གྱུར་བའི་ཆར་ཆུ་དང་ཟས་གོས་གནས་མལ་ཚང་མ་དཀོན་མཆོག་གིས་གནང་བར་བཤད་གི་ཡོད་པ་རེད། དཀོན་མཆོག་ནི་དོན་དམ་པའི་བདག་པོ་དང་རྟག་གཅིག་རང་དབང་ཅན་ཡིན། སྟོན་པ་མ་དྷུ་མ་ཧ་ལྟ་བུས་ཨ་ལ་ཞལ་གཟིགས་ནས་མི་ལོ་ཉི་ཤུ་རྩ་གཉིས་བར་ཆོས་ཉན། ཕྱིས་སུ་དེ་ཐམས་ཅད་ཕྱོགས་སྒྲིག་བྱས་པ་དེ་ལ་ཀོ་རན་ཟེར། སྟོན་པ་ནི་དཀོན་མཆོག་གི་ཕོ་ཉ་དང་དཀོན་མཆོག་གི་འཕྲིན་སྐྱེལ་མཁན་ཡིན་ཟེར་གི་ཡོད་པ་རེད། ཆོས་ལག་ལེན་གྱི་ཐོག་ནས་བཟང་པོ་ཡང་བྱུང་ཡོད་པ་རེད་ལ་འཚེ་བའི་ལས་ཀྱང་མང་པོ་ཞིག་བྱུང་ཡོད་པ་རེད། ཆོས་ལུགས་པ་ཚང་མ་ལ་དེ་དེ་བཞིན་རེད། གྷན་དྷེ་ཇི་དང་རྒྱ་གར་ཀ་ལི་ཀ་ཏའི་ཡེ་ཤུའི་བཙུན་མ་མ་དྷར་ཊི་རེ་ས་ལྟ་བུ་དང་ཨ་སྦུ་དྷོལ་ཀ་ལན་ལྟ་བུས་མི་ཚེའི་གོ་རྟོགས་ཟབ་མོ་ཡོད་པ་དེ་ཚོས་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད།
ཞང་ཆང་གསར་པ་ཞེས་པའི་དེབ་དེ་དང་དམ་པའི་གསུང་རབ་གཉིས་གཅིག་པ་ཡིན་ནམ། སྔོན་ཆད་ངྷ་སའི་གཡས་གཡོན་གྱི་ཐང་ན་ཞང་ཆང་གསར་པ་གཡུགས་ཡོད་པ་མཐོང་ནའང་། སྐབས་དེར་ྐློག་འདོད་མ་བྱུང་།
ཞལ་ཆང་གསར་པ། དག་ཆ་འདི་ཡིན་ནམ།
ཞང་ཆང་མ་རེད་ཞལ་ཆད་རེད། ཡེ་ཤུའི་གསུང་རབ་ལ་གསར་རྙིང་ཡོད་པའི་འདིའི་གསར་པ་དེ་གླེང་གི་ཡོད། འདི་ལ་ཞལ་ཆད་གསར་པའི་མདོ་ཡང་ཟེར་གི
ཡེ་ཤུའི་དང་ཁ་ཆེ་རྒྱ་ཆེན་པོར། དུས་ཚོད་ཐུང་ཐུང་ནང་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱུབ་མགྱོགས་པའི་རྒྱུ་མཚན་གཙོ་བོ་འདི་ལྟར་རེད།
ཡེ་ཤུ་དང་ཁ་ཆེའི་ཆོས་ལུགས་ནང་ལ། མི་དམངས་དང་ཁྱིམ་ཚང་གིས་ཆོས་ལུགས་དེའི་བདག་འཛིན་བྱེད་པའི་ཐོབ་ཐང་ཆེན་པོ་ཡོད། དཔེར་ན། ཆོས་ལུགས་དེ་གཉིས་ཀྱི་ལྷ་ཁང་དང་ཚོགས་འདུ་སར། གཙོ་བོ་མང་ཚོགས་རྣམས་ཡོང་ནས་ཚོགས་ཞུགས་བྱེད་པ་དང་། འགན་འཁུར་ལེན་ཐུབ་པས་རེད། བོད་ཀྱི་ནང་པར་མཚོན་ན། བླ་མ་དང་། དགེ་བཤེས། མཁན་པོ། གྲྭ་པ། ཨ་ནི་སོགས་ཆས་མི་འདྲ་བ་དུ་མ་གྱོན་མཁན་གྱི་ཚོགས་སྡེ་ཞིག་ཡོང་ནས། ཆོས་ཀྱི་བྱེད་སྒོ་ཚང་མ། ཁོང་ཚོས་འཕྲོག་འགྲོ་བས། མང་ཚོགས་ལ་ཞལ་འདེབས་འབུལ་བ་ལས་གཞན་དབང་ཆ་མེད། དེས་ཆོས་ལུགས་དེ་མ་ི་དམངས་ནང་ལ་ས་ཁྱབ་རྡོ་ཁྱབ་འགྲོ་དཀའ། ཡེ་ཤུའི་ལྷ་ཁང་ནང་གི་རྐུབ་སྟེགས་དེ་ཚོ་མང་ཚོགས་འདུག་ས་རེད། བོད་པའི་ལྷ་ཁང་ནང་གི་ཞུགས་གྲལ་དེ་གྲྭ་པ་དང་ཨ་ནེ་སྡོད་པ་ལས། མང་ཚོགས་ཞུགས་ཆོག་གི་མེད།
སྔ་ཕྱི་ཙམ་ལས། བོད་ནང་ལ་ཡེ་ཤུ་དང་ཁ་ཆེའི་ཆོས་ལུགས་རྒྱ་ཆེན་པོ་དར་ནས། ལོ་བརྒྱ་ལྷག་རྗེས་ལ། ནང་ཆོས་འདི་ཤིན་དུ་མི་འབོར་ཉུང་ལ། སྤྱི་ཚོགས་དང་འབྲེལ་བ་སྤུ་ཙམ་ཡང་མེད་མཁན་གྱི་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་ཤིག་ཏུ་འགྱུར་སྲིད། རྒྱུ་མཚན་མང་པོ་ཡོད།
དེར་རྟེན། ཀླུ་སྨྱོན་གྱིས་བཤད་པ་བཞིན་ང་ཚོར་ཉིན་རེ་བཅར་ཡོང་མཁན་གྱི་ཆོས་ལུགས་དེ་དག་ལ་བསམ་བློ་གཏོང་དགོས། དེ་དག་འགོག་ནས་མི་ཕན། དེ་ལ་སྐྱོན་བཏགས་ནས་མི་ཕན། གཙོ་བོ། ང་རང་ཚོའི་ཆོས་ལུགས་ཀྱི་གོམས་གཤིས་དང་། སློབ་ཁྲིད་ལ་འགྱུར་བ་བཏང་ནས། ཆོས་ལུགས་དེ་མང་ཚོགས་ལ་དབང་བའི་ཆོས་ལུགས་གཅིག་ཏུ་འགྱུར་ཐུབ་ན། ད་གཟོད་རེ་བ་ཡོད།
ལྷ་ས་གཅིག་པུར། འདས་པའོ་ལོ་བཅུའི་ནང་ལ། ཡེ་ཤུ་ཆོས་ལུགས་ཀྱི་མི་འབོར་གྲངས་ཀ་འཕེལ་རྒྱས་མགྱོགས་པོ་ཡིན་པ་དང་། བོད་རིགས་ན་གཞོན་ནང་ལ། ཆོས་ལུགས་དེ་ལ་དད་པ་བྱེད་མཁན་གྱི་གྲངས་འབོར་ང་ཚོའི་བསམ་ཡུལ་ལས་འདས་པ་རེད།
ཞལ་ཆད་ཅེས་པའི་སྒྲ་དེ། ལ་དྭགས་པས་དམ་བཅའ་ལ་ཟེར། གཞན་ལུང་པར་ཡང་དེ་འདྲར་འདོད་དམ། ངའི་སེམས་ན།
འདི་ཁྱེད་ཀྱི་ཞལ་ཆད་ཡིན་ཟེར་ན། དབུས་གཙང་པའི་མི་ཞིག་གིས་གོ་ཐུབ་བམ། ང་ལ་འདི་ལ་རྒྱུས་ལེགས་པ་རང་མེད་པ་ཡིན་ནོ།།
ངའི་བསམ་བྱས་ན། དང་པོ། ཡེ་ཤུའུ་ཚང་གི་Holy Bibleའདྲོ་བོ་སངས་རྒྱས་གསུང་ཐེག་པ་ཆེ་ཆུང་གཉིས་ཆར་སྟོན་ཐུབ་པའི་བཀའ་ཞིག་ལ་གཞིར་བཅོལ་ཏེ་སློབ་ཁྲིད་བྱེད་རྒྱུ་ཞིག་གཏན་འབེབས་བྱེད་དགོས་པ་དང༌།
གཉིས་པ། ངར་རེའི་ཆོས་ཕྱོགས་དབུ་ཁྲིད་ཆེ་ཆུང་ཡོངས་རྫོགས་ནས། དཔལ་འབྱོར་མཁོ་སྒྲུབ་བྱེད་ས་ཐབས་བརྒྱ་ཇུས་སྟོང་གིས་ཁྱེར་ཡོང་སྟེ། ཉམས་ཐག་དགོས་མཁོ་ལྡན་པའི་ཡུལ་ལུང་ཁག་ཏུ་ཁ་ཚ་ཁ་ཚ་དགོས་གལ་དུ་གཏོང་ཕོད་པ་བྱེད་དགོས།
གསུམ་པ། ད་ལྟ་རང་རེའི་སྤྱི་ཚོགས་སུ་དར་བཞིན་པ་ལྟར་ཚེས་བཅུ་ཉེར་ལྔ་སོགས་དུས་ཆེན་རྣམས་སྐབས། སྐྱེས་པ་བུད་མེད་ཡི་གེ་ཀློག་ཤེས་མཁན་ཡོངས་རྫོགས་ཆོ་ག་འུར་འདོན་བྱེད་ཆོག་པའི་སྟེང༌། སྐབས་དེར་འཁོད་པའི་ནང་ཆོས་སྟེང་ནས་ཚད་ཐོ་ཙམ་ཞིག་ནས་དེ་འབྲེལ་གྱི་ངོ་སྤྲོད་བྱེད་རྒྱུ་གསར་གཏོད་བྱེད་དགོས་པ་བཅས་སོ།།
ཏི་སེའི་སྐད་ཆར་དགའ་ཡོད། ངས་ཀྱང་འདིར་ལྟར་དྲན། མདོ་མངས། བརྒྱད་སྟོང་། བཀའ་ཐང་སོགས་ཉིན་རེའི་ཞབས་རིམ་སྐབས་ཉིན་གུང་གསོལ་ཇའི་སྐབས་ཉུང་ཐར་ཆུ་ཚོད་རེ་རེའི་རིང་སྦྱིན་བདག་ནང་མི་བཀུག་ནས་ནང་ཆོས་སྐོར་གསུངས་རྒྱུའི་ལུགས་སྲོལ་ཞིག་སྤེལ་ན་སྐབས་ཐོབ་དད་ལྡན་ལ་ཕན་པ། གྲྭ་པ་ཚོའང་སློབ་སྦྱོང་མི་བྱེད་ཀ་མེད་ཆགས་པའི་དགེ་ཕན། ཤེས་ཡོན་ཅན་གྱི་གྲྭ་པར་ཆེ་མཐོང་སླེབས་པ་བཅས་དགེ་མཚན་སྣང་།
ཡར་ཤུའི་ཆོས་པས་གཞན་ལ་རོག་པ་བྱེད་ཀྱི་ཡོད་ཀྱང་། དེའི་དམིག་ཡུལ་ཅི་ཡིན་ཤེས་དགོས། གཞོན་ནུ་ཟླ་མེད་ཀྱི་སྐད་ཆ་དེ་ཚོ་ཉམ་མྱོང་ཡོད་པའི་སྐད་ཆ་རེད།
ཡེ་ཤུ་ཞེས་བཅོས།
ལུང་རྟོགས་ཀྱིས་ཨི་ཤུས་གྲོགས་རམ་བྱེད་པ་ལ་དམིགས་ཡུལ་ཅིག་ཡོད་མདོག་བཤད་སོང་། དེ་མི་ཤེས་རྒྱུ་ཅི་ཡོད་དེ་ཆོས་ལུགས་སྤེལ་རྒྱུ་དེ་རེད།
སྨན་ཁང་མེད་སར་སྨན་ཁང་བཙུགས་ཏེ་མཉམ་ཐག་གི་ནད་པ་གྲངས་མེད་ནད་ཀྱི་སྡུག་བསྔལ་ལས་ཐར་པར་བྱས། སློབ་གྲྭ་མེད་སར་སློབ་གྲྭ་བཙུགས་ཏེ་མཉམ་ཐག་གི་དབུལ་ཕྲུག་གྲངས་མེད་ཡིག་རྨོངས་གི་གནས་ལས་གྲོལ་པར་མཛད་པར་བྱས། ཕ་མ་མེད་པའི་དྭ་ཕྲུགས་གྲངས་མེད་ཟས་གོས་གནས་མལ་དང་བདག་སྐྱོང་མ་ལས་ལྷག་པར་གནང་། རྒྱལ་ཁབ་མེད་པའི་སྐྱབས་བཅོལ་མི་མང་འབུམ་ཕྲག་དུ་མ་མ་ཟས་དང་གོས་ཀྱིས་གང་ལ་དགོས་ཕན ་གྲོགས་དཔུང་གཉེན་མཛད། དོན་དངོས་གང་ན་མཉམ་ཐག་ཡོད་ན་དེ་ལ་སྤྱན་གཟིགས་མཛད་པའི་ཡེ་ཤུའི་ཆོས་ལུགས་པ་ཚོ།
ཕར་ལ་སྒོར་རྡོག་གཅིག་གིས་ཕན་གྲོགས་མེད་ཁར་གཞན་གྱིས་ཡོན་ཏན་མ་ལུས་སྐྱོན་དུ་བལྟ་བའི་མི་ཆོས་ལུགས་པ་འདི་ཚོ་ཅི་འདྲའི་ཀླ་ཀློའི་རིགས་སུ་གཏོགས་པ་ལའང་།
ཨི་ཤུ་འདོད་ལ་ཁམས་པར་ཕྱག་འཚལ་ལོ། །
ཞལ་ཆདཅེས་པ་ཞེ་ས་དང་། ཞེ་མ་མེད་པ་ལ། ཁ་ཆད་ཟེར་། གལ་ཏེ་ལུང་པ་གཞན་དུ། སྒྲ་འདི་དག་ཡོངས་གྲགས་མེད་ན། ཡེ་ཤུའི་གླེགས་བམ་སྒྱུར་བ་པོ་དེ་ལ་དྭགས་པ་ཇོ་སེབ་བསོད་ནམས་ཚེ་བརྟན་ཡིན་པ་ཐག་ཆོད། ང་ཆུང་ངུའི་སྐབས་སུ་ཡེ་ཤུ་པ་རྣམས་ཀྱི་དཀོན་མཆོག་གི་འཕྲིན་བཟང་ཞེས་པའི་དཔེ་ཐུང་ཞིག་ལ་དྭགས་སུ་འགྲེམ། ཡེ་ཤུའི་བྱེས་ཁང་། ཞེས་ཁང་པ་དཀར་པོ་ཞིག་ཀྱང་གླེ་ན་འདུག། དེར་ཉིན་བདུན་གཅིག་རིང་བྱེས་པ་སྡོད་ཆོག་པ་ཐོས་སོ།།
ཁ་ཆད་ཅེས་པ་མི་ཕན་ཚུན་གྱིས་སྐད་ཆ་བཤད་ནས་ཐག་གཅོད་བྱས་པའི་དོན་ཡིན་པར་འདོད་དེ། ངས་དེ་རིང་མི་ཞིག་དང་འཛོམས་རྒྱུའི་ཁ་ཆད་བྱས་ཡོད་ཟེར་བ་ལྟ་བུ་བཤད་སྲོལ་འདུག་ལ། དེ་བཞིན་དུས་ནམ་ཞིག་ལ་གང་དུ་འཛོམས་མིན་ཐག་བཅད་པར་དུས་ཆད་ཅེས་ངས་མི་ཞིག་ལ་དུས་ཆད་བཟོས་ཡོད་ཟེར་སྲོལ་ཡོད། འདི་ལ་དུས་བཅད་འབྲི་བའང་འདུག
རྒན་ལ་དྭགས་པ་ལགས། ཞལ་ཆད་ཅེས་པ་ནི་ས་ཆ་བྱེ་བྲག་པ་ཞིག་གི་ལུང་སྐད་མིན་པར། བོད་སྤྱི་ཡོངས་ལ་ཁྱབ་པའི་ཡིག་སྐད་རེད།
རྒན་ལ་དྭགས་པ་ལགས། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་དུ། ཁ་དན་ནམ་ཁ་ཆད།⁽179b⁾ཕེབས་རྒྱུའི་ཞལ་ཆད་མཛད་པ།⁽179b⁾ཞལ་ཆད་གསལ་པོར་མཛད་པ། ཞེས་གསལ།
ཞལ་ཆད་ལས་ཞལ་ལུང་ལེགས་པ་འདུག སྟོན་པའི་ཞལ་ལུང་ཟེར་ན་སྙན་པོ་འདུག
རྒན་ལ་དྭགས་འཇམ་དཔལ་ལགས། ཁྱེད་ཀྱི་དོ་སྣང་བྱུང་ཡོད་མེད་མི་ཤེས། འདིར་མི་གཞན་ཞིག་གིས་ཁྱེད་ཀྱི་མཚན་བེད་སྤྱད་ནས། མཆན་བཀོད་འདུག་རུང་། ཡིག་ནོར་ཆེས་མང་བས། རྒན་ཁྱེད་མིན་པ་གསལ་པོ་རེད། གཤམ་ལ་གཟིགས་དང་།
______
༧༥༽ ལ་དྭགས་བློ་བཟང་འཇམ་དཔལ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༥ གི་ཆུ་ཚོད་ ༩ སྐར་མ་ ༤༢
བསྟན་དགྲ་དེ་བླ་མ་དང་སྤྲུལ་སྐུ་དེ་ཚོ་རེད།
བླ་མ་སྐྲུལ་སྐུ་ལ་དབང་དངོས་སུ་ཡོད་ཀྱང་། བརྒྱུད་ནས་དབར་མེད་། བརྒྱུད་ནས་དབང་དེ་བོད་མི་མངས་ལ་ཡོད། ལྡི་ལིར་གནས་པ་ལ་དྭགས་ཨམ་ཅིས་བཀྲ་ཤིས་བོད་དུ་ལོ་འགའ་ཞིག་གི་སྔོན་དུ་སོང་སྟེ། དགོན་པ་ཁག་ཏུ་གནས་མཇལ་དུ་སྐྱོད་པ་ན། དགོན་པ་གང་ལ་སྤྲུལ་སྐྱ་ཡོད། དགོན་པ་དེ་གང་ཅིའི་སྒོ་ནས་ལེགས་པ་དང་། དགོན་པ་གང་ལ་སྐྲུལ་སྐུ་མེད། དགོན་པ་དེ་གང་ཅིའི་ཐོག་ནས་རྒུད་ཡོད་པ་ཞིག་ཏུ་མཐོང་འདུག དེ་ཉིད་སུས་བྱས་པ་ཡིན་ནམ།། སྤྲུལ་སྐུས་བྱས་པ་ཡིན་ནམ། བོད་མི་མངས་ཀྱིས་བྱས་པ་ཡིན་འདི་ལ་དོན་མཐུན་གྱི་ལན་རྒྱབ་དགོས་སོ།།
རྒད་པོ་ལེགས།
འདི་ང་རང་གིས་བྲིས་པ་ཞུས་དག་བྱེད་པར་བཀོད་པར་བཀའ་དྲིན་ཆེ། ངས་བྲིས་པ་དག་ལ་ཡིག་ནོར་མང་དུ་ཡོད་པ་དེ་དག་སྤར་པའི་རྗེས་སུ་མཐོང་། ཡིག་ནོར་བྱུང་བ་དེ་རྣམས་ལོ་རྒས་པས་མ་ཡིན་པར་སེམས་གཡེངས་པས་འབྱུང་། གཤམ་གསལ་རབ་བྱེད་དེ་ལ་ཞུས་དག་དང་། སྣོན་མ་འགའ་ཡང་རྒྱབ་དགོས་པར་མཐོང་།
བླ་མ་སྤྲུལ་སྐུ་ལ་དབང་དངོས་སུ་ཡོད་ཀྱང་། བརྒྱུད་ནས་དབང་མེད་། དངོས་དབང་དང་བརྒྱུད་དབང་གཉིས་ལས། བརྒྱུད་དབང་དེ་ཤུགས་ཆེ་བར་མཐོང་། བརྒྱུད་ནས་དབང་དེ་བོད་མི་མངས་ལ་ཡོད། ལྡི་ལིར་གནས་པ་ལ་དྭགས་ཨམ་ཅི་བཀྲ་ཤིས་བོད་དུ་ལོ་འགའ་ཞིག་གི་སྔོན་དུ་སོང་སྟེ། དགོན་པ་ཁག་ཏུ་གནས་མཇལ་དུ་སྐྱོད་པ་ན། དགོན་པ་གང་ལ་སྤྲུལ་སྐུ་ཡོད། དགོན་པ་དེ་གང་ཅིའི་སྒོ་ནས་ལེགས་པ་དང་། དགོན་པ་གང་ལ་སྤྲུལ་སྐུ་མེད། དགོན་པ་དེ་གང་ཅིའི་ཐོག་ནས་རྒུད་ཡོད་པ་ཞིག་ཏུ་མཐོང་འདུག དེ་ཉིད་སུས་བྱས་པ་ཡིན་ནམ།། སྤྲུལ་སྐུས་བྱས་པ་ཡིན་ནམ། བོད་མི་མངས་ཀྱིས་བྱས་པ་ཡིན་འདི་ལ་དོན་མཐུན་གྱི་ལན་རྒྱབ་དགོས། སྤྲུལ་སྐུ་ཡིན་ན།
རྗེ་གུང་ཐང་བསྟན་པའི་སྒྲོན་མ་ལྟ་བུ་ཞིག་འབྱུང་ན། མེ་ཏོག་དཀར་པོ་ཡང་དགའ་ངེས། རྗེ་གུང་ཐང་པ་དེ་ཡིས་ནི་ཨ་མདོ་མི་དམངས་ཀྱི་ཉིན་གྱི་འབུལ་བ་རྣམས་དགོངས་མོར་ཁུངས་སོ་སོ་ཁག་ལ་བགོས་ནས་མ་གཏོང་བར་དུ། མནལ་གཟིམ་པ་ཡང་མེད་ཅེས་བཀླགས། དེ་ལྟ་བུའི་སྤྲུལ་སྐུ་དག་བྱུང་ན། མེ་ཏོག་དཀར་པོ་ཡང་། ཉིན་ལན་གསུམ་མཚན་ལན་གསུམ་ཕྱག་མ་འཚལ་བར་སྡོད་མི་ཐུབ་བསམ་མོ།།
རྒན་ལེགས། ཉིད་ཤིན་ཏུ་བདེན། ཁ་ནས་བཤད་པ་དེ་ལག་ལེན་བསྟར་ན་ཕྱག་ལོས་འཚལ་ཏེ། སྒོ་གསུམ་གུས་པས་སོ།།
རྒན་ལེགས། དེ་འདྲ་ཡོད་ན་སྤྲུལ་སྐུ་ཞེས་པའི་མིང་མེད་ཀྱང་རུང་སྟེ། གུས་སོ།།
ད་ལྟའི་མཐོང་ཆོས་སུ་ཡོད་པའི་ཡི་ཆོས་འདི་ཡི་བྱིས་དུས་དང་གཉིན་སྒྲིག་སྐབས་ལ་བརྟགས་ནས་བཤད་ན།
ཐོག་མར་བྱིས་པ་དམར་སྦྱར་ཆོས་ཀྱི་གོ་ཤེས་མེད་པའི་དུས་སུ། ཕ་མ་དང་ཆོས་དཔོན་གྱི་བཙན་ཤུགས་ཀྱིས་བྱིས་པིའ་མགོ་བོར་ཆུ་བླུགས་ནས་འཇིག་སྐག་དང་། དངངས་ཚབ་ཚད་མེད་སྐྱེ་རུ་བཅུག་པ་ནི། འོས་པའི་གནས་སུ་མ་མཐོང་ལགས། ནང་ཆོས་ནང་ལ་གུ་ཡངས་ཤིན་ཏུ་ཆེ་བ་ཡོད་པ་ཤེས་དགོས།
ཕྱིས་སུ་གོ་ཤེས་ཐུབ་དུས་ལྷ་ཁང་ནང་ལ་ཆོས་དཔོན་གྱིས། དཀོན་མཆོག་ལ་ཡིད་འཆེས་ན་ཡར་འགྲོ་བ་དང་། ཡིད་མ་འཆེས་མར་འགྲོ་བར་མཐའ་གཅིག་ཏུ་བཤད་ནས་མི་ཚེ་གུ་དོག་ཅན་དུ་བསྐྱལ་བ་མ་ཡིན་ནམ།
ཡང་གཉེན་སྒྲིག་གི་སྐབས་སུ་ཕོ་མོའི་ཆགས་སེམས་དང་སྡིག་པའི་མི་ཚེ་འགོ་འཛུགས་སྐབས་ལ་ཆོས་དཔོན་གྱི་རྒྱབ་སྐྱོར་བྱས་ན། ཆོས་དཔོན་རང་ལ་སྡིག་ཉེས་མི་འོང་ངམ།
ཕོ་མོའི་བཟའ་སྒྲིག་སྐབས་ལྷ་ཁང་ནང་དུ་འགྲོ་རུ་བཅུགས་ནས། དཀོན་མཆོག་དང་ཆོས་དཔོན་གྱི་མདུན་དུ་དམ་བཅའ་ཁས་བླངས་བྱས་པས། ཕྱིས་སུ་ཁས་བླངས་དང་བརྒལ་ཚེ་ཁོང་གཉིས་ཀྱི་ཆོས་དད་ལ་ཤིན་ཏུ་གནོད་ཚབ་མི་ཡོང་ངམ།
དང་པོ་གཉིས་པ་གཉིས་ལ་ངོ་རྒོལ། ཕྱི་མ་གཉིས་སྟངས་སྙོམས། ཀ་བ་རྡོ་བོ་ལགས།།
ཀརྡོ་གཉེར་ཕྱག་པ་ལགས།
བྱིས་པ་དམར་རྗེན་ཟེར་བ་རེད། སྐབས་རེ་བྱིས་པ་མ་འབྱར་ཟེར་བ་ཡང་ཡོད་པ་རེད། དམར་སྦྱར་ཟེར་ན་གོ་བ་མི་གདའ། མི་ཤེས་ན་རྒན་ལ་དྲིས། མི་རིག་ན་སྒང་ལ་བུད། དག་ཆ་མི་ཤེས་ན་ཚིག་མཛོད་ལ་ལྟོས། ཨ་ལ་རྩེད་མོ་ཡིན།
མ་འབྱར་ཞེས་པ་ངའི་ཁ་ལ་མི་བདེ་ཡང་། ཁུངས་གཅིག་ནང་སྨ་འབྱར་བྲིས་པ་ཡང་འདུག ནོར་བཅོས་ལ་ཐུགས་རྗེ་ཆེ།
དམར་འབྱར་ཞེས་འབྲི་འདོད་ཀྱང་། ཁུངས་མེད་པ་འདྲ།
ཆུང་དུས་བྱིས་པ་རྣམས་དྲིན་ཆེན་མ་ལ་རྟེན་ཡོད་པས་ན་མ་འབྱར་བཏགས་པ་རེད། གདོན་མའི་སྐབས་ཆུང་དུས་ཀྱི་བྱིས་བ་རྣམས་ཀྱི་ལུས་ལ་སྒྲིབ་གཡོག་མེད་པར་ལུས་དམར་རྗེད་དུ་བསྡོད་པས་ན་དེ་ལྟར་དུ་འབོད་པ་རེད། ཁྱོས་འབྲི་ན་འདོད་པའི་དམར་འབྱར་དང་སྨ་འབྱར་འདི་ཡུལ་ལུང་གང་གི་ཁ་སྐད་ཡིན་ནི་ན་མི་ཤེས།
མ་འབྱར་དང་ཕ་འབྱར་ཨེ།
ཡེ་ཤིའི་ཆོས་ལུགས་ཀྱི་འཛིན་སྐྱོང་དང་། དཔལ་འབྱོར་བསྡུ་ལུགས། ཁྱབ་བསྒྲགས་བྱེད་ལུགས། རོགས་སྐྱོར་བྱེད་ཐབས་སོགས་ལེགས་ཆ་ལེན་དགོས། ཆོས་ལུགས་བར་དུ་མཐུན་སྒྲིལ་དགོས་ཀྱང་ལེབ་ལེབ་གཅིག་ཏུ་བཟོ་མི་དགོས། བྱམས་དང་སྙིང་རྗེ་ཕྱོགས་རེ་པ་ཚོ་མེད་ཀྱང་ཐབས་ཟད་རྒྱུ་མ་རེད། ད་ལྟ་ཆོས་ལུགས་རིས་མེད་ཀྱི་ཆབ་སྲིད་འདིས་འདྲ་མཚུངས་ཐམས་ཅད་ཞྭ་དཔེ་ལྷམ་སྦྱོར་བྱས་ཏེ་་ཉིན་གཅིག་རང་གི་ཆོས་ལུགས་དང་། དད་སློབ་སོགས་ཅི་ཡང་མེད་པའི་ས་ཞིག་ལ་མི་སྐྱེལ་པའི་ངེས་པ་མི་འདུག
ཁ་ཆད། གྲོས། ཞེ་ཚིག ཞལ་ཆད། དཔེར་ན། ཁ་སང་ང་གཉིས་ཞལ་ཆད་བྱས་པ་ལྟར། དེ་རིང་རི་སྟེང་ལྷ་གསོལ་བར་འགྲོ་གི་ཡོད།
རང་ཕེར་ཤ་སྒྲོག་པའི་ཆོས་བརྒྱད་དང་། །གཞན་ཁྱད་དུ་བསོད་པའི་སྐྱོན་གཏམ་དང་། །ཆོས་སྤོང་བ་གྲུབ་མཐའ་ཕྱོགས་འཛིན་གསུམ། །རང་གཞན་གྱི་རྒྱུད་ལ་མི་སྐྱེ་བར། །ཆོས་བྱས་པས་ཆོས་སུ་སོང་གྱུར་ཏེ། །དངོས་འབྲས་བུ་གཞན་ལ་ཕན་པ་འགྲུབ། །མ་འགྲོ་ཀུན་སྲིད་མཚོ་ལས་སྒྲོལ་བའི། །དེ་བྱེད་པོར་གྲུབ་པར་སྨོན་པའོ། །ཞེས་པའང་རྩོམ་པ་པོ་སུ་ཡིན་ཆ་མ་འཚལ་བའི་དཔེ་རྙིང་ཞིག་གི་མཇུག་བྱང་ལས་དྲངས་པའོ༎
ཕྱིན་ནང་གཉིས་ལ་གུས་དད་སོ་སོར་དགོས་ཏེ།
ཕྱི་ཆོས་ནང་ཆོས་བར་ལ་ཞི་ལྟར་འཚོ་ཞེས་ན། །
ཕྱི་ཆོས་པ་ལ་གུས་ལྡན་ནང་ཆོས་དད་མོས་དགོས། །
ཕྱི་ཆོས་གཞན་གྱི་ལྷ་ཁང་བརྗིད་ལ་སྤྱི་ཚོགས་ཞབས་ཞུར་འགྲམ་ཆུ་ལྡང་། །
ནང་ཆོས་དད་ཀྱང་ཆོས་བྱེད་དགེ་འདུན་བླ་སྤྲུལ་རྣམས་ལ་རྣམ་མང་སྨད། །
བོད་ཀྱི་དཔལ་འབྱོར་ཆབ་སྲིད་གཉན་ཕྲང་ཆེ་བའི་དུས་སྐབས་ཉག་ཕྲ་འདིར། །
མཆོག་གསུམ་དད་པ་ལས་འབྲས་ཡིད་ཆེས་སྤངས་ན་ཤིན་ཏུ་ཕངས་ལ་དམན། །
ཕྱི་ཆོས་དར་བས་འཛམ་གླིང་ཕྱི་ལོགས་མཛེས་རྒྱན་དང་། །
ནང་ཆོས་འཛིན་པས་འཛམ་གླིང་ཞི་བདེ་སྙིང་དབུས་ཆོངས། །
དགེ་ཆོས་ལགས་ཀྱིས།
་་་་་། རྩེ་ན་བྲག་གི་སྟེང་དུ་སངས་རྒྱས་ཀྱི་ཞབས་རྗེས་ཀྱང་ཁྲུ་གང་བ་ཞིག་ཡོད། དེ་རྰམཎའི་ཞབས་རྗེས་ཡིན་ཅེས་མུ་སྟེགས་རྣམས་ཀྱང་མཆོད། ཨདམ་གྱི་ཞབས་རྗེས་ཞེས་ཀླ་ཀློ་དག་ཀྱང་མཆོད། ་་་་་
དེབ་དེ་ང་ལ་ཡང་ཐོབ་བྱུང་བས་དགོས་མཁན་རྣམས་རིན་མེད་ཐོག་འབུལ་ཡོང་།
ཡེ་ཤུའི་དམ་པའི་གསུང་རབ་ནི་ཞལ་ཆད་གསར་རྙིང་གཉིས་སུ་བགོས་ཡོད། བསྡོམས་པའི་དེབ་༦༦་འདུག སྤྱི་ཁྱབ་དུ་བཀོད་པ་ལྟར་ན་དེའི་མ་ཡིག་ནི་ཀེ་སེའི་སྐད་(Greek)དང་ཨིབ་རི་པའི་སྐད།(Hebrew) ཨ་རྰ་མེ་ཁེའུ་སྐད(Aramaic)་དུ་བྲིས་འདུག་ཟེར། དེའི་ཞལ་ཆད་རྙིང་བ་ལ་དེབ་སོར་དགུ་དང་ཞལ་ཆད་གསར་བ་ལ་དེབ་ཉེར་བདུན་གནས། ཞལ་ཆད་རྙིང་བའི་དོན་རེགས་བསྡུས་ན་གཅིག་ནི་འཇིག་རྟེན་དང་གནམ་ས་བཀོད་ཚུལ། གཉིས་ནི་ཕོ་མོ་འབྱུང་ཚུལ། གསུམ་ནི་དག་པའི་ལྡུམ་རར་དུ་བདུད་སྦྲུལ་གྱིས་མི་ལ་བསླུས་ནས་སྡུག་པའི་མགོ་ཚུགས། དེ་ཡང་སྡུག་པའི་རྒྱུའང་ཟེར། ལྡུམ་རར་ཕྱིར་སྤྱུགས། བཞི་ནི་མི་དང་དཀོན་མཆོག་བར་གྱི་འབྲེལ་ཆད། མིའི་རིགས་ཀྱི་ལོ་རྒྱུས་མགོ་ཚུགས། ལྔ་བ་ནི་མིའི་རིགས་ལས་དཀོན་མཆོག་ལ་དད་པ་སྐོར་དང་དད་པ་མེད་པའི་སྐོར་གཉིས་སུ་གྱེས། དྲུག་པ་འཇིག་རྟེན་སྡུག་གི་ཁེངས་བས་དཀོན་མཆོག་གི་སྤྱན་ལམ་དུ་མ་བཟོད་པའི་འཇིག་རྟེན་དང་ཐོག་ཆུས་ནུབ། ཆབས་ཅིག་ཏུ་ནོ་ཨས་དཀོན་མཆོག་གི་བཀའ་ལ་བརྩི་བས་ཁྱིམ་མི་བརྒྱད་གྲུ་གཟུངས་ཞིག་དུ་སྐྱབས། བདུན་པ་འདམས་མི་རིགས་སྟེ་ཨིསི་རྰ་ཨེལ་དང་དཀོན་མཆོག་བར་གྱི་ལོ་རྒྱུས་དང་། ལྷ་མི་ཕྱེ་བྲག་དང་དཀོན་མཆོག་བར་གྱི་རྟོགས་བརྗོད་བཅས་སོ།། དེ་མིན་གསུང་མགུར་དང་ལེགས་བཤད་བཅས་ནི་ཞལ་ཆད་རྙིང་བའི་དེབ་ཡོངས་གྲུབ་པའོ།།
ཞལ་ཆད་གསར་བའི་ནང་དོན་རགས་བཤད་ཙམ་ཞེ་ན། དང་པོ། དེབ་བཞིའི་སྟེ། མད་ཐྰའི་འཕྲིན་བཟང་། མའ་ཀོའི་འཕྲིན་བཟང་། ལོ་ཀུའི་འཕྲིན་བཟང་། ཡོ་ཧ་ནན་གྱི་འཕྲིན་བཟང་བཅས་གཙོ་བོ་ཡེ་ཤུ་སྟོན་པའི་རྣམ་ཐར་དང་ངོ་མཚར་མཛད་རྗེས། ད་རུང་མིའི་བུ་ཀུན་སྤྱོད་དང་མིའི་བུས་རྗེས་འཇུག་རྣམས་ལ་གནང་བའི་གསུངས། སྲིད་འཛིན་དང་ཆོས་དཔོན་གྱིས་འཛིན་བཟུང་བྱེད་པ་དང་གནར་གཅོད་བྱེད་པ། དེ་ནས་རྒྱ་གྲམ་དུ་འཆི་ཁྲིམས་བཅད་པ། སྐུ་གཤེགས་པ་དང་ཉིན་གསུམ་རྗེས་སུ་སླར་གསོན་པ། ཕྱིས་སུ་རྗེས་འཇུག་པ་རྣམ་ལ་སླར་འཇལ་བ་དང་བཀའ་སྒྲུབ་ཚར་བ་དང་ཕྱིར་དག་ཞིང་དུ་མཆིས་བ་སོགས་ཡིན་ནོ།། གཉིས་པ་རྗེས་འབྲངས་བའི་གཏམ་དང་མི་ཆོས་གཙང་མའི་ཀུན་སྤྱོད། བཀའ་སྲུང་། ཆོས་བསྒྲགས་པའི་རྐྱེན་དང་རྒྱུ་སོགས་བརྗོད་པ། གསུམ་པ། འཇིག་རྟེན་འཇིག་པའི་ཚུལ་དང་ལུང་བསྟན་པ་བཅས་སོ།།
རྫུན་དཔྱད་ཕྱོགས་བསྡུས། དང་པོ་ཡེ་ཤུ་རང་ཉིད་རྒྱ་གར་དུ་སློབ་གཉེར་བྱོན་པའི་ཡིག་ཆ་མེད། ཁ་ཆེའི་སློབ་དཔོན་དང་རྒྱ་གར་བོད་སོགས་ལོ་རྒྱུས་དུ་རྒྱུས་ལོན་དང་འབྲེལ་འདྲིས་མང་བས། ཁ་ཅིག་ཏུ་དེ་ནི་ཁ་ཆེ་སློབ་གཉེར་བ་གནང་། ཁ་ཅིག་ཏུ་ཡེ་ཤུའི་ཆོས་བཀག་སྣོན་པས་སླད་དུ་བཟོས་བའི་གཏམ་ཡིན་པར་འདོད། དེ་མིན་ཁ་ཆེའི་ཆོས་གཞུང་ཆེས་ཤས་ནི་ཡེ་ཤུའི་དམ་གསུང་ལས་བཤུ་བ་བྱོས་པ་དང་། དེའི་དོན་བརྗོད་དང་དད་ལུགས་དུ་བཙན་དྲགས་དང་དམ་བཟུང་། མུ་སྟེགས་པ་རྣམ་ཁ་སྒྱུར་བ་དང་དམར་གསོ་བྱེད་དགོས་སོགས་ཁ་སྣོན་དང་བཅོས་བཟོ་གནང་ཡོད། དེ་ནི་མོ་ཧན་མོ་འདུའི་ཁ་ཆེ་ཆོས་གཞུང་གི་རྩ་བའང་ཡིན་ནོ། གཉིས་པ་ནི་ཡེ་ཤུའི་གསུང་དུ་མི་རྣམས་ལ་ཆོས་བསྒྲགས་དགོས་ཟེར་བ་ནི་གཙོ་བོ་མི་རྣམས་སྡུག་པ་ལས་ཐར་དགོས་བ་དང་སྡུག་པ་ནི་ཅི་ཞིག་ཡིན་པ་གསལ་བཤད་གནང་བ་ཁ་ཅིག་ཏུ་དེ་ལྟར་སྙམ་ནུས། ཅི་ཕྱིར་ཞེ་ན། ཡེ་ཤུའི་ཆོས་གཞུང་གནང་བའི་སྡུག་པ་ནི་གཙོ་བོ་དཀོན་མཆོག་གི་བཀའ་ལ་་མ་སྲུང་བ་དག་ལ་གོ དེ་ནི་ཞལ་ཆད་རྙིང་བ་ལས་མོ་སེའི་བཀའ་ཁྲིམས་བཅུ་རུ་བཀོད་ཡོད། སོ་སོ་ནི་༡ དཀོན་མཆོག་གཞན་མཆོད་མི་རུང་། ༢ རང་གི་ཆེ་དུ་སྟེང་གི་ནམ་མཁའ་འམ། འོག་གི་སའམ། ས་འོག་ཆུའི་ནང་ཡོད་པའི་གཟུགས་བརྙན་གང་ཞིག་གི་འདྲ་སྐུ་བཟོ་མི་རུང་། སྐུ་འདྲ་གང་ཞིག་ལ་ཕྱག་མ་འཚལ་བ་དང་། དེ་དག་ལ་མཆོད་འབུལ་ལམ་བསྙེན་བཀུར་སོགས་གང་ཡང་བྱེད་མི་རུང་། རྒྱུ་མཚན་ནི་དཀོན་མཆོག་ཡ་ཧོ་ཝ་ལ་འདྲ་མཉམ་མཁན་བྱེད་མཁན་སུ་ཡང་མི་འདུག་པས་སོ།། ༣ དམིགས་ཡུལ་ངན་པ་ཞིག་སྒྲུབ་པའི་ཕྱིར་དུ་དཀོན་མཆོག་གི་མིང་ལོག་སྤྱོད་བྱེད་མི་རུང་། ༤ ངལ་གསོ་བའི་ཉིན་་ཞག་སྲུང་ནས་དམ་རྩིས་བྱེད་དགོས། ཞག་ཉིན་དྲུག་ལ་བྱ་བའི་ལས་དོན་ཚང་མ་བྱེད་དགོས། ཞག་ཉིན་བདུན་པ་དཀོན་མཆོག་ལ་བསྔོ་འབུལ་བྱེད་པའི་ཉི་མ་ཡིན་པས། ཁྱིམ་བདག་དང་བུ་ཕྲུག། བྲན་གཡོག་ཚོ་དང་། དུད་འགྲོ་དང་། གནས་སྡོད་པ་ཚོས་ཀྱང་ལས་གང་ཡང་བྱེད་མི་ཆོག། རྒྱུ་མཚན་ནི་དཀོན་མཆོག་གིས་ཉིན་དྲུག་བར་དུ་གནམ་དང་ས། རྒྱ་མཚོ་བཅས་ཚང་མ་བཀོད་པས་ཉིན་བདུན་ངལ་གསོ་གནང་བའི་ཕྱིར་རོ།། ༥ རང་གི་ཕ་མ་གཉིས་ལ་གུས་ཞབས་བྱོས་ཤིག ༦ སྲོག་གཅོད་མི་རུང་། ༧ ལོག་གཡེམ་བྱེད་མི་རུང་། ༨ མ་བྱིན་ལེན་མི་རུང་། ༩ རྫུན་གྱི་དཔང་པོ་བྱེད་མི་རུང་། ༡༠ མི་གཞན་གྱི་ཁང་བའམ། དེའི་ཆུང་མ། བྲན་གཡོག་དང་དེ་རྒྱུ་ནོར་གང་ཡིན་ཡང་ལྷམ་སེམས་སྐྱེད་མི་རུང་ཅེས་བཀའ་ཁྲིམས་བཅུའོ།།
ཞལ་ཆད་གསར་བའི་བཀའ་ཁྲིམས་ལྔ་ནི། མད་ཐྰ་འཕྲིན་བཟང་ལེའུ་ལྔ་ལས་གསལ།