གཞིས་ཆགས་བུས།
ཁ་སང་ཕྱི་ཚེས་ ༡༥ རེས་གཟའ་སྤེན་པའི་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ པའི་ཐོག་དྷ་ས་མེག་ལོར་གྱི་ཇི་མི་ཟ་ཁང་ནང་དུ་བོད་ཀྱི་དེང་རབས་ན་གཞོན་རྩོམ་པ་པོ་བུ་ཆུང་ལགས་ཀྱི་དབྱིན་ཡིག་ཐོག་བྲིས་པའི་དཔེ་དེབ་༼གཡག་གི་རྭ་ཅོ་༽ཟེར་བ་དེ་དབུ་འབྱེད་གནང་སོང། དཔེ་དེབ་ཀྱི་དབུ་འབྱེད་དེའི་ཐོག་སྐུ་མགྲོན་གྱི་གཙོ་བོ་ལོ་རྒྱུས་མཁས་དབང་དང་ཨ་མྱེས་རྨ་ཆེན་གྱི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་དང། དེ་བཞིན་བོད་རིགས་དང་ཕྱི་རྒྱལ་བའི་གྲོགས་པོ་མང་པོ་ཞིག་ཕེབས་ནས་དཔེ་དེབ་དབུ་འབྱེད་དང་སྙན་ངག་གྱེར་འདོན་སོགས་ཀྱི་ལས་རིམ་ལེགས་པར་བསྒྲུབས་སོང།
དཔེ་དེབ་༼གཡག་གི་རྭ་ཅོ་༽ ཅེས་པ་དེ་ནི་གཙོ་བོ་དེང་རབས་བོད་ཀྱི་རྩོམ་རིག་དང་གཞས་། གློག་བརྙན་དང་ཆབ་སྲིད་སོགས་ཀྱི་ཐད་ཟིན་ཐོ་བཀོད་པ་ཞིག་ཡིན་འདུག ཁོང་གི་དཔེ་དེབ་ངོ་སྤྲོད་ཀྱི་ལེ་ཚན་ནང་དུ “དཔེ་དེབ་འདི་ནི་རང་ཉིད་ཀྱི་དམིགས་ཡུལ་བཅངས་པ་བཞིན་། དེང་རབས་བོད་ཀྱི་གནད་དོན་འདྲ་མིན་གྱི་ཐོག་ཏུ་བཀོད་པའི་ཟིན་ཐོ་ཕྱོགས་བསྡུས་ཤིག་ཡིན།” ཅེས་བཀོད་འདུག དེ་བཞིན་དཔེ་དེབ་དེའི་ནང་དུ་གཙོ་བོ་ཕྱི་ལོ་ ༡༩༥༠ ཚུན་ཆད་དུ་བྱུང་བའི་དེང་རབས་བོད་ཀྱི་རྩོམ་པ་པོ་ ༼བོད་ཡིག་དང་དབྱིན་ཡིག་གང་རུང་ཐོག་བྲིས་མཁན་༽རྣམས་ཀྱི་ངོ་སྤྲོད་དང་ལྷག་པར་བཙན་བྱོལ་འབྱོར་ནས་བོད་རིགས་རྩམ་པ་པོ་རྣམས་ཀྱི་དབྱིན་ཡིག་ཐོག་རྩོམ་བྲིས་བྱེད་པ་རྣམས་ཀྱི་ངོ་སྤྲོད་དང་དེ་བཞིན་དབྱིན་ཡིག་ཐོག་བྲིས་དགོས་པ་རྒྱུ་མཚན་ཅི་ཞིག་ཏུ་འགྱུར་ཡོད་ཚུལ་སོགས་ཀྱང་ངོ་སྤྲོད་གནང་འདུག དེ་བཞིན་དཔེ་དེབ་དེའི་ངོ་སྤྲོད་ཀྱི་ལེ་ཚན་ནང་དུ་
“ངའི་རེ་བ་ལ་དཔེ་དེབ་འདིས་བོད་ནང་གི་བོད་ཡིག་ཐོག་རྩོམ་བྲིས་བྱེད་མཁན་གྱི་རྩོམ་པ་པོ་རྣམས་དང་བཙན་བྱོལ་དུ་སྐྱེས་ཅིང་ནུབ་ཕྱོགས་སུ་ཡོད་པའི་བོད་མི་གང་ཞིག་དེང་རབས་བོད་ཀྱི་རྩོམ་རིག་རྣམས་བོད་ཡིག་གི་ཐོག་འབྲི་ཀློག་ཐུབ་པའི་བོད་ཡིག་གི་ཤེས་ཚད་མེད་པ་རྣམས་ཀྱི་དབར་ཟམ་པ་ལྟ་བུ་ཞིག་ཏུ་བྱེད་ཐུབ་རྒྱུ་དེ་ཡིན།’’ ཅེས་ཀྱང་བཀོད་འདུག
དཔེ་དེབ་དེའི་ནང་དུ་ཁོང་གི་རྩོམ་ཡིག་ཁྱོན་བསྡོམས་ཉི་ཤུ་རྩ་བཞི་འདུག་ཅིང་། དཔེ་དེབ་དེར་ཤོག་གྲངས་ཉི་བརྒྱ་ལྔ་བཅུ་མ་ཟིན་ཙམ་ཞིག་འདུག ཁོང་གིས་དེང་རབས་རྩོམ་རིག་སྐོར་ལ་ “བཙན་བྱོལ་ནི་ཁེར་རྐྱང་གི་སྨྱུ་གུ་ཞིག” “གཡག་གི་རྭ་ཅོ། སྐར་མ་སེར་པོ།” “དམར་གཙོད་ཅན་གྱི་གནམ་འོག་ན་” སོགས་ཁྱོནརྩོམ་ཡིག་བཅུ་དང། དེང་རབས་བོད་ཀྱི་གློག་བརྙན་གྱི་སྐོར་ལ་ “ཁྱེད་ཀྱི་མིང་ཅི་ཡིན།’’ “སྒྲིག་ཆས་ཀྱི་རྒྱབ་ལོགས་” སོགས་ཁྱོན་རྩོམ་ཡིག་ལྔ་དང། དེ་བཞིན་དེང་རབས་བོད་ཀྱི་ཆབ་སྲིད་ཀྱི་སྐོར་ལ་ “འགྱུར་བ།” “ང་ཕོད། བོད་པ་ཡིན་ལ་རྒྱལ་ཞེན་མེད།” སོགས་ཁྱོན་རྩོམ་ཡིག་དྲུག་དང། དེ་བཞིན་དེང་རབས་བོད་ཀྱི་གླུ་གཞས་སྐོར་ལ་ “ཀྱེ་མ། གཞས་དེ།” སོགས་ཁྱོན་རྩོམ་ཡིག་གསུམ་བཅས་ཁྱོན་རྩོམ་ཡིག་ཁག་ཉི་ཤུ་རྩ་བཞི་འདུག
དཔེ་དེབ་གསར་ཐོན་ལ་བཀྲ་ཤིས་བདེ་ལེགས།
“ང་ཕོད། བོད་པ་ཡིན་ལ་རྒྱལ་ཞེན་མེད།” ཅེས་པའི་རྩོམ་ཡིག་ཅིག་བུ་ཆུང་ལྡུམ་ར་བསོད་ནམས་ཀྱི་དེབ་ཏུ་མཆིས་ཟེར་བ་དེས་གཡག་གི་རྭ་གཅོའི་རྩོམ་པ་པོའི་ཤེས་ཚད་ཇི་ཙམ་སྐྱོ་པོ་ཡིན་པ་ཟུར་བལྟས་ལེབ་མཐོང་བྱ་ཐུབ་འདོད།
ལྷག་པར་ཁོས། ཨིན་སྐད་དུ་དེབ་འདི་དཔར་ནས་བོད་སྐད་རྩོམ་པ་པོ་རྣམས་དང་ཨིན་ཡིག་རྩོམ་པ་པོའི་ཟམ་པ་བྱ་རྒྱུ་ཡིན་ཟེར་བ་ནི་རང་གི་ཕ་སྐད་མི་ཤེས་པའི་བུ་ཆུང་ལྡུམ་རའི་རེ་སྟོང་ཁོ་ན་རེད། དེ་འདྲ་ལས་སླ་པོ་ཞིག་ཡོད་ན་ད་གཟོད་ཁྱོད་ཀྱིས་ལྟོས་མི་དགོས་པའི་གསེར་ཟམ་ཞིག་ཡོད་ཚོད་རེད།
“ང་ཕོད། བོད་པ་ཡིན་ལ་རྒྱལ་ཞེན་མེད།” ཅེས་པའི་རྩོམ་ཡིག་ཅིག་བུ་ཆུང་ལྡུམ་ར་བསོད་ནམས་ཀྱི་དེབ་ཏུ་མཆིས་ཟེར་བ་དེས་གཡག་གི་རྭ་གཅོའི་རྩོམ་པ་པོའི་ཤེས་ཚད་ཇི་ཙམ་སྐྱོ་པོ་ཡིན་པ་ཟུར་བལྟས་ལེབ་མཐོང་བྱ་ཐུབ་འདོད།
ལྷག་པར་ཁོས། ཨིན་སྐད་དུ་དེབ་འདི་དཔར་ནས་བོད་སྐད་རྩོམ་པ་པོ་རྣམས་དང་ཨིན་ཡིག་རྩོམ་པ་པོའི་ཟམ་པ་བྱ་རྒྱུ་ཡིན་ཟེར་བ་ནི་རང་གི་ཕ་སྐད་མི་ཤེས་པའི་བུ་ཆུང་ལྡུམ་རའི་རེ་སྟོང་ཁོ་ན་རེད། དེ་འདྲ་ལས་སླ་པོ་ཞིག་ཡོད་ན་ད་གཟོད་ཁྱོད་ཀྱིས་གཏོད་མི་དགོས་པའི་གསེར་ཟམ་ཞིག་ཡོད་ཚོད་རེད།
གཡུ་ཐོག་བུ་ནི་སྐུ་དྲག་གཡུ་ཐོག་པའི་བུ་ཚ་ཞིག་ཡིན་ངེས། སྐུ་དྲག་ཚོར་ཁ་བརྡུང་གཏོང་སྐབས་ལམ་སེང་ངོ་རྒོལ་བྱེད་ཀྱི་འདུག་ག ཁག་མེད། བོད་སྐྱེལ་མཁན་ཁྱེད་ཚོ་རེད་ཚང་མས་བརྗོད་ཀྱིན་ཡོད་ལ་དེ་ངོ་མ་ཡིན་པ་ངས་རྟག་ཏུ་དྲན་གྱི་ཡོད། ཁག་མེད་སྐུ་ངོ་གཡུ་ཐོག་གི་བུ་ཚ་ལགས། །
གཡུ་ཐོག་བུ་ལགས། བུ་ཆུང་གིས་བྲིས་པའི་རྩོམ་ཡིག་དེ་གནས་ཚད་སྐྱོ་པོ་ཞིག་ཡོད་པ་དང་ཁྱེད་ཀྱི་སེམས་ལ་མི་འཐད་པ་ཞིག་འབྱུང་ཡོད་ཚེ་དེར་དགག་ལན་ཞིག་ཡིག་ཐོག་ནས་ཕུལ་ན་གང་འདྲ་འདུག དེ་ནས་སུའི་གནས་ཚད་བཟང་བ་ཡོད་མེད་ཤེས་ཐུབ་ཀྱི་མ་རེད་པས། འཕྲིན་ལ་འཕྲིན་ལན་མེད་པར། །ཁ་སྟོང་བཤད་ནས་ཅི་ཕན།
ཧ་ཧ་་ཧ་ཧ་ འཚིག་པ་མ་ཟ་རོགས།
གཞིས་ཆགས་བུ་ནས་དེབ་མཚམས་སྦྱོོར་བྱེད་པ་ཡག་བྱུང་ཟེར་རྒྱུ་ཡིན། བོད་མི་ལར་ཞེན་ཅན་ཡིན་ན་དཔེ་དེབ་འདི་ལྟ་བུ་པར་དགོས་པ་ཡིན། དེ་མིན་ཆགས་སྲེད་དང་ཕྱོགས་ལྷུང་གིས་བྱུར་བུར་གཏམས་པའི་དེབ་འགའ་བརྩམས་ནས་ཡིན་རབས་དང་ཡོད་རབས་བཤད་ནས་ཕན་ཐོགས་རྒྱུ་གང་ཡང་མེད།
སྐུ་དྲག་ལམ་ལུགས་ ༥༩ ལོར་བོད་ཤོར་ནས་འཇུག་བསྡུས་ཟིན། ད་ནི་བུ་སུ་འཇོན་རེད། སྐུ་དྲག་ཡོད་མ་རེད། ཕྱུག་པོ་དང་དཔོན་པོ་ཚང་མ་སྐུ་དྲག་ཡིན་དོགས་མེད། ད་སྡུག་སྐད་མ་རྒྱག
མེ་ཏོག་དཀར་པོས་བཤད་པ་བདེན། ངའི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཕྱུག་པོའི་བུ་མ་རེད་ལ་སྐུ་དྲག་དེ་བས་མ་རེད།
དོན་གླིང་བུ་ཟེར་མཁན་ཁྱོད་ལ་འདི་འདྲི།
བོད་གཞུང་དགའ་ལྡན་གྱི་མི་སེར་ཟེར་ན་སུ་ལ་གོ་དགོས་སམ། དྲི་ལན་དེར་ལན་འདེབས་ཐུབ་ན་གོང་གི་གནད་དོན་ལ་རིམ་གྱིས་རྒྱུས་མངའ་ཕྲན་བུ་འཐོབ་སྲིད།
ངོས་ནས་རྒྱུན་དུ་བོད་དབུས་ཕྱོགས་ཀྱི་སྐུ་དྲག་ཁྱིམ་ཚང་དང་མདོ་སྟོད་སྨད་ཀྱི་མི་དྲག་དཔོན་ཆེན་རྣམས་བོད་རྒྱ་ལག་ཏུ་ཤོར་དུ་འཇུག་པ་ལ་ནག་ཉེས་གཅིག་མཚུངས་སུ་འགེལ་གྱིན་ཡོད། དེ་ལ་རྒྱུ་མཚན་ཡོད། ཕྱོགས་གཉིས་ཀས་རང་གི་དབང་ཐང་སྲུང་སྐྱོབ་ཁོ་ན་ལ་དམིགས་ནས་མཚམས་རེས་རྒྱ་དང་ཡང་མཚམས་རེས་སོག་པོ་ལ་སྤྲེད་ལས་འཁྲབ་ནས་དམག་ག་རོགས་སྐྱོར་ཞུས་པ་དང་ཁྲལ་སྤྲོད་པ་སོགས་བྱེད་པ་ལས་མི་དམངས་བྱིང་ལ་ཕན་པའི་ལས་ཀ་བྱེད་ཀྱིན་མེད། སྐུ་དྲག་ཟེར་ན་ཡང་འདྲ། ཡང་ན་སྡེ་དགེ་རྒྱལ་པོ། ནང་ཆེན་རྒྱལ་པོ། གླིང་ཚང་དཔོན་པོ། མཱ་ཕྷུ་ཟེར་བ་དང་། མི་ཉག་རྒྱལ་པོ་ཟེར་བ་སོགས་བོད་ཁ་བྲལ་གཏོང་མཁན་གཅིག་མཚུངས་རེད།
བཙན་བྱོལ་བ་ལགས་་་་་་སྐུ་དྲག་གི་འགྲེལ་བཤད་ཡག་ཐག་ཆོད་རྒྱབ་འདུག་དཱ་ངོ་མ་དེ་འདྲ་རང་ཡིན་པ་ཐག་ཆོད་ ཡིན་ན་ཡང་གཤམ་དུ་སྡེ་དགེ་རྒྱལ་པོ་དང་གླིང་ཚང་དཔོན་པོ་ནང་ཆེན་རྒྱལ་པོ་མཱ་ཕྷུ་ཟེར་བ་དང་མི་ཉག་རྒྱལ་པོ་སོགས་ཀྱི་བོད་ཁ་བྲལ་ག་འདྲ་བྱས་ནས་གཏོང་འདུག་????? ལན་སྟབས་བདེ་ཞིག་དང་གོ་བདེ་ཞིག་གནང་རོགས་ཞུ།
གཞུང་དགའ་ལྡན་ཕོ་བྲང་ཟེར་བ་དེ་ནི་གཙོ་བོ་ ༡༦༤༢ ལོར་༸རྒྱལ་མཆོག་ལྔ་པ་ཆེན་པོས་གསར་དུ་བཙུགས་པའི་གཞུང་ཞིག་ཡིན་ཡང་༸རྒྱལ་མཆོག་སྐུ་ཕྲེང་ན་རིམ་རྣམས་ཆབ་སྲིད་ཀྱི་སྲིད་དབང་བཟུང་བའི་དགུང་ན་མ་སོན་པའི་སྐབས་སྲིང་སྐྱོང་བ་རྣམས་ཀྱིས་སྲིད་དབང་བཟུང་གི་ཡོད་ལ། ལྷག་པར་དེའི་སྐབས་སྲིད་སྐྱོང་བ་སུ་ཡིན་ནའང་དེའི་འོག་ལ་རང་ཉིད་ལ་སྤྲེལ་ལད་འཁྲབ་མཁན་དང་རང་ཉིད་ཀྱི་བཀའ་ལ་རྩིས་མཁན་གྱི་མི་སྣ་ཁག་གཅིག་གཞུང་ནང་དུ་བསྐོ་གཞག་གིས་གཞུང་ས་དགའ་ལྡན་ཕོ་བྲང་ནང་དཀའ་ངལ་འདྲ་མིན་ཞིག་འཕྲད་ཡོད་ལ། ལྷག་པར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཆབ་སྲིད་ཀྱི་སྐུ་དབང་མ་བཞེས་དབར་དུ་གཞུང་གི་ནང་དུ་མི་སྣ་ཁ་ཤས་ཀྱིས་དྲང་བདེན་མིན་པའི་བྱ་བ་ཤ་སྟག་ཤིག་བྱེད་ནས་༸རྒྱལ་བའི་དགོངས་པ་འཁྲུག་ཡོད་པ་དེས་མགོན་པོ་གང་ཉིད་དགུང་ལོ་ཆུང་དུས་ནས་མ་འོངས་པར་བོད་འདིར་མང་གཙོའི་ལམ་ལུགས་ཤིག་ཏུ་བསྒྱུར་རྒྱུའི་དགོངས་པ་འཁྲུངས། དེ་ནི་གཞུང་ས་དགའ་ལྡན་ཕོ་བྲང་ནང་དུ་ལས་ཀྱི་སྣེ་མོ་འཛིན་མཁན་གྱི་སྐུ་དྲག་དཔོན་རིགས་འགའི་དྲིན་ཞིག་མིན་ནམ།
ལྷག་པར་བཅིངས་གྲོལ་དམག་མིས་བོད་ས་བཟུང་སྐབས། ཁོང་ཚོ་ནི་ལྷ་སའི་ཉེ་འཁྲིད་དུ་གླིང་ཁ་གཏོང་བཞིན་ཡོད་པ་རེད།
དོན་གླིང་བུ། ཁྱོད་ཀྱིས་དྲི་བའི་ལན་དུ་ཁ་ཕྱོགས་ཙམ་དུ་མ་སླེབས་སྲང་ལམ་གྱི་སྐད་ཆ་དེ་ཚོ་ནེ་གཙོའོ་ཟོལ་དུ་འདིར་ཕབ་པ་ནི་དོན་སྙིང་མི་འདུག དེ་ལས། ཁྱོད་ཀྱི་དོན་གླིང་གཞིས་ཆགས་སུ་རང་གི་ཨ་ཕར་གནད་དོན་འདི་སྐད་ཆ་ཡག་པོ་ཞིག་འཕྲི་ན་ལེགས།
དེང་སང་རྒྱ་ནག་ཕྱོགས་ནས་བོད་རྒྱལ་ནང་གི་མངའ་ཁོངས་ཡིན་པའི་རྒྱུ་མཚན་གཅིག་ནི། གནའ་སྔ་མོ་ནས་མཐའ་མཚམས་ཀྱི་ས་ཁུལ་ཁག་གིས་རྒྱ་ནག་གུང་ཁྲན་གཞུང་ལ་ཁྲལ་འཇལ་གྱིན་ཡོད་ཟེར་བཞིན་ཡོད། ཁྲལ་འཇལ་དགོས་པ་ནི་བོད་མི་རྣམས་ཀྱིས་རང་མོས་ཀྱིས་བྱེད་པ་ཞིག་མིན་པར། དེ་དུས་ཀྱི་དབང་སྒྱུར་བ་རྒྱལ་པོ་དང་མི་དྲག་དཔོན་པོ་ག་གེ་མོ་འདི་དག་ལ་ཐུག་ཡོད་པ་ནི་གསལ་པོ་རེད། ད་དུང་རྒྱའི་འོག་ཏུ་འདུག་རྒྱའི་ས་ཡིག་རྒྱག་མཁན་ཀྱང་བྱུང་ཡོད། འདི་དག་ཁ་བྲལ་གྱི་ལས་ཀ་ཞིག་མིན་ན་ཅི་རེད། དོན་དངོས་དེ་ལྟར་ཡིན་མིན་ནི། བློ་གཟུ་བོར་གནས་པའི་བོད་མི་རྒན་པ་རྣམས་ལ་འདྲི་དང་།
རེད་ཡཱ། རྒྱ་གུང་ཁྲན་དྲིན་ཅན་ཕ་མ་རེད།། དངུལ་རྡ་ཡང་ཆར་པ་བབས་བབས་རེད།། ཅེས་པ་དེ་དང་པོར་ཤོད་མཁན་གཞུང་ས་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་པ་དང་། བོད་དབུས་ཀྱི་མི་མ་རེད། ཤོད་ཚུལ་འདིས་སྐབས་དེའི་ལོ་རྒྱུས་ཀྱི་དུམ་མཚམས་ཤིག་མཚོན་གྱི་ཡོད།
གཡུ་ཐོག་བུ་ལགས། ཁྱེད་ལ་དོན་སྙིང་ལྡན་པའི་སྐད་ཆ་ཞིག་ཤོད་རྒྱུ་ཡོད་དམ། ཁྱེད་ཀྱང་དོན་གླིང་བུ་བཞིན་དོན་སྙིང་མེད་པའི་སྐད་ཆ་ཤོད་མཁན་གཅིག་ཀྱང་རེད་འདུག ཁྱེད་ནས་བུ་ཆུང་བསོད་ནམས་ཀྱིས་དབྱིན་ཡིག་ཐོག་བྲིས་པའི་རྩོམ་ཡིག་ ༼བོད་པ་ཡིན་ལ་རྒྱལ་ཞེན་མེད་པའི་ང་ཕོད། ༽ ཞེས་པ་དེར་དོན་སྙིང་མེད་པ་ཞིག་ཏུ་གོང་དུ་བཤད་འདུག དེར་རྒྱུ་མཚན་འདྲ་གསུང་རྒྱུ་ཡོད་དམ།
ངས་བུ་ཆུང་བསོད་ནམས་ཀྱིས་བརྩམས་པའི་དཔེ་དེབ་གསར་པ་དེའི་ནང་གི་རྩོམ་ཡིག་ (བོད་པ་ཡིན་ལ་རྒྱལ་ཞེན་མེད་པའི་ང་ཕོད་།) ཅེས་པ་དེ་བཀླགས་པ་ཡིན། དེའི་ནང་དུ་ཁོང་གིས་རྒྱུ་མཚན་ཡང་དག་བཀོད་ནས་སྐུ་ཞབས་ང་ཕོད་ལགས་ལ་རྒྱལ་ཞེན་མེད་པ་ཞིག་པ་ཡིན་པ་གསལ་བོར་བསྒྲུབ་འདུག ལྷག་པར་ཁོང་ནས་འབའ་པ་ཕུན་ཚོགས་དབང་རྒྱལ་ལ་སོགས་པའི་དཔེ་དེབ་ནས་ལུང་འདྲེན་གྱིས་སྐུ་ཞབས་ང་ཕོད་ནི་བླུན་པོ་ཆུ་སྣ་གར་འཁྲིད་ལྟ་བུ་ཞིག་ཀྱང་ཡིན་པ་བསྒྲུབས་འདུག དེའི་ཐད་ཁྱེད་ཉིད་ནས་རྒྱུ་མཚན་ལྡན་པའི་སྐད་ཆ་འདྲ་ཤོད་རྒྱུ་ཡོད་དམ།
དེ་ཡང་ས་སྐྱ་ལེགས་བཤད་ལས།
གཞན་ལ་བལྟ་བའི་མིག་ཡོད་ན། །
རང་ཉིད་མཐོང་བའི་མེ་ལོང་དགོས་། །