བསྟན་འཛིན་བརྩོན་འགྲུས་ཀྱིས་བརྩམས། ཚེ་རིང་རྡོ་རྗེས་བསྒྱུར།
ཉིན་གྲངས་གོ་དགུའི་གོམ་བགྲོད
མི་མགོ་སུམ་བརྒྱ་གཅིག་བརྒྱབ་གཅིག་སྣོན་གྱིས
རུ་དཔུང་གཅིག་ཏུ་གཤར་ཏེ
གན་ངྷི་དང་ཏཱ་ལའེ་བླ་མའི་སྐུ་པར་འཆང་བཞིན
གླེང་མོལ་བྱེད་བཞིན
ཡིན་ནའང་ཕན་ཚུན་གྱི་མིག་ཟུང་ལ་བལྟ་མི་ནུས
མགོ་བོ་གཅིག་རྗེས་གཅིག་བསྙེག་གིས
སྒེར་བའི་སྒྲུང་དང་གསང་བ་ཕན་ཚུན་ལ་བརྗོད་བཞིན
གཡུ་མདོག་གི་ཞིང་ཁ་དང
ནག་རུབ་རུབ་ཀྱི་གཅོང་རོང
དགུང་ལ་ཟུག་པའི་རི་བོ་རྣམས་བརྒྱུད་བཞིན
ཟམ་པ་བརྒལ་བཞིན
མོ་རཱ་ཌ་སྦ་ཌའི་འདུ་འཛི་ཆེ་བའི་སྲང་ལམ་དག་བརྒྱུད་བཞིན
སྦོབ་མར་ལི་དང་འདྲ་བའི་གླུ་གཞས་གཏོང་བསམ་བཞིན
སྦོལ་ལི་ཝོ་ཏི་རྙིང་པའི་གླུ་གཞས ༔སུ་ཧ་ན་ ས་ཧྥར་ ཧའེ༔ ལེན་བཞིན
ང་ཚོ་བོད་མི་ཡིན་པ་ལས༔རྒྱ་ནག་པ༔་མིན་པ་དང
ཁྲིན་ལོང་ལ་འབྲེལ་བ་མེད་པ་གསལ་བོ་སྟོན་བཞིན
ལམ་འགྲམ་དུ་ཉལ་བའི་ཉིན་གྲངས་གོ་དགུ
ཕ་ཡུལ་རྨི་ལམ་དུ་འཁོར་བཞིན
རྒྱ་ནག་གི་མདེའུ་དང་
བོད་ཀྱི་བཙོན་ཁང་ནང་གི་འུར་སྒྲ་ཡོད་ཚད་ཡིད་ལ་བསམ་བཞིན
ལམ་བར་ནས་འཕྲད་པའི་རྒྱ་གར་བ་རེ་རེ་ལ
༔ནཱ་མ་སི་ཏྲེ༔ཟེར་བའི་ཉིན་གྲངས་གོ་དགུ
ཆར་བའི་ནང་དུ
དྲག་ཆར་གྱི་ནང་དུ
རུ་ཌར་ཕུར་གྱི་ཚ་གདུགས་ཀྱི་ཁྲོད་དུ
གོམ་བགྲོད་ཀྱི་མོད་ལ་ཚགས་པར་ཀློག་བཞིན
ད་དུང་ལམ་ཁའི་ལྕི་བ་རློན་པ་རྐང་བས་རྫི་བཞིན
ཌི་ཌི་ཧད་ལ་འགྲོ་བའི་ལམ་བར་གྱི་དུག་སྦྲང་དང་འབུ་ཁྲག་འཇིབ་དག
ཀུ་མོན་གྱི་རི་ཚོགས་མཐོན་པོ
རྔུལ་ཆུ་འཛར་བཞིན
གྱོན་གོས་ལ་ཐིམས་ཤིང་ཤ་སྐྱི་བརླན་པའི་རྔུལ་ཆུ
རྐང་བར་ལྡད་འགྱིག་གི་ལྒང་བུ་འདྲ་བའི་ཆུ་འབྲུམ་འབུར་ཞིང
དེའི་ཤུལ་དུ་ན་ཟུག་འབྱིན་པའི་མིག་འབུར་དམར་པོ་ཆགས
ལྷམ་ཀོག་མཐིལ་ཟད་དུ་གྱུར་ཡང་སྟེང་ནས་བལྟས་ན་ད་དུང་སྙིང་རྗེ་བོ་འདུག
མི་རྐྱང་དང་སྤྱོད་ལམ་བཟང་པོ་སྐྱོང་བའི་ཉིན་གྲངས་གོ་དགུ
བཙུན་པ་དང་བཙུན་མ
ད་དུང་སྐྱ་བོ་རྣམས་
འཛིན་བཟུང་ཐེབས་ཏེ
མི་གསོད་ཉེས་ཅན་དང་ལོག་གཡེམ་ཉེས་ཅན་དག་དང་ལྷན་ཅིག་བཙོན་ཁང་དུ་བསྡད
ཕ་མ་དང་གྲོགས་པོ
རྒྱ་གར་མཐོ་སློབ་ཀྱི་སློབ་གྲོགས་བཟང་པོ་རྣམས
བརྒྱབ་ཏུ་སྐྱུར་བཞིན
དྲ་རྒྱའི་འཕྲིན་ཡིག་དང་ཡཱ་ཧོ་གླེང་མོལ
ཧའེ་ཧྥའེ་བི་དང་གདོང་དེབ་ནང་གི་འདྲ་པར་ལ་སོགས་དྲན་བཞིན
ཉི་མ་རེ་རེར་གོམ་པའི་རྗེས་ལ་གོམ་པ་བསྙེགས་ཏེ་བོད་ལ་རྒྱང་བསྐྱོད་བྱེད་བཞིན
ཐེངས་རྗེས་མར་ཉེན་རྟོག་པས་ཇི་ཞིག་བྱ་སྲིད་པ་དང
རྒྱལ་མཚམས་སུ་སླེབས་ན་ཅི་ཞིག་འབྱུང་བར་སེམས་འཁྲལ་བྱེད་བཞིན
གདེངས་ཚོད་མ་ངེས་པའི་ཕྱོགས་སུ་གོམ་པ་སྤོ་བཞིན
ཉིན་གྲངས་གོ་དགུའི་གོམ་བགྲོད
སྐོམ་པ་ཆུ་འདོད་ཀྱིས་བསམ་བཞིན
རྨི་ལམ་ནང་ན་ང་ཚོ་ཕ་ཡུལ་དུ་ལོག་གིན་ཡོད་པར་སྙམ་པ་དང་
ཉིན་མ་དགུ་བཅུ་གོ་དགུ་བ་ལ་
ང་ཚོ་རྒྱ་གར་ཉེན་རྟོག་པས་འཇུས་པའི་དུས་སུ
རྨི་ལམ་དཀྲོགས་ནས་འདར་ཡོམ་མེར་སོང
སྦ་སི་རླངས་འཁོར་དང་དོས་སྐྱེལ་རླངས་འཁོར
ཇེབ་རླངས་འཁོར་སོགས་ཀྱི་ནང་དུ་བརྫངས་ཏེ
བོད་ཀྱི་སྒོ་ཐེམ་ལས་ཕྱིར་བསྐྱལ
ཕྱིར་ལྡི་ལི་རུ་བསྐྱལ
ང་ཚོས་གོམ་བགྲོད་ཇི་ལྟར་བྱས་པ་མ་རྗེད་ཅིག
འགྱུར་མཆན། དབྱིན་ཡིག་མ་རྩོམ་ནི། བཙན་རྒོལ་ཞེས་པའི་དེབ་དེར་གསལ།
༼ འདི་ནི་བཙན་བྱོལ་ནང་སྐྱེ་བའི་བོད་མིས་ཨིན་ཡིག་ཐོག་སྙན་ངག་ག་འདྲ་ཞིག་འབྲི་ཡི་ཡོད་མེད་བོད་ཡིག་སྙན་ངག་འབྲི་མཁན་ཚོར་མཁྱེན་རྟོགས་ཆེད་གྲོགས་ཚེ་རྡོས་བསྒྱུར་བའོ༽
བོད་དོན་གོམ་བགྲོད་གནང་བ་བསྔགས།
རྩོམ་བསྒྱུར་འདི་བཀླགས་པ་དང་ཐང་ཆད་སོང་། ད་ཏོག་ཙམ་ཉལ་ནས་ངལ་གསོ་གི་ཡིན།
གོང་གི་ཚིག་དུམ་དེ་དག་སྙན་ངག་རེད་དམ་སྐད་ཆ་རེད།
སྙན་ངག་ཀྱང་སྐད་ཆ་རེད།
བསྟན་འཛིན་བརྩོན་འགྲུས་མཁས་པ་དང་དཔའ་བོ་རེད། བོད་དོན་ལས་འགུལ་བ་དཔེ་མི་སྲིད་པའི་ཡག་པོ་རེད། དབྱིན་ཇི་ཡག་པོ་ཡོད་རེད། སྙན་སྔགས་པ་རེད། ཕྲག་དོག་བྱས་ན་སྡུག་གྱོང་རེད
ག་ལ་བརྗེད། བོད་དུ་སླེབས་རྒྱུ་མེད་པའི་བོད་བར་གྱི་མཆུ་ཏོའི་གོམ་བགྲོད་ལ་ངས་ཀྱང་ཕྱིན་པ་ཡིན།
ཇོ་ཇོ་ཁྱོད་གོམས་བགྲོད་ལ་ཕེབས་པ་ཡག་པོ་རེད། ངས་ཉལ་ས་དྲོན་པོ་ནང་ནས་ཉིན་ཤས་རིང་གི་གོམས་བགྲོད་ལ་ཕྱིན་ཏོ།།
ད་སྒྱུར་མཁན་གྱི་འགྱུར་མ་ཡག་པ་ཡིན་ནམ། སྙན་ངག་གི་འབྲི་ཐབས་དང་ལྕི་ཁོག་ཞན་དྲགས་པ་ཡིན་མ་ངེས་ཀྱང་། ཀློག་གིན་ཀློག་གིན་བྱིས་པ་རྣ་ལུག་ཅིག་གི་ལས་བྱ་འབྲི་འབྲི་བྱས་འདུག ཚིག་སྦྱོར་ཀྱི་ངོས་ནས། ནང་དོན་གྱི་ཆ་ནས། གང་ལྟར་་་་བོད་ཀྱི་སྙན་ངག་པ་དང་ཁོ་ཚོའི་སྙན་ངག་ཟེར་ན་དེ་འདྲ་ཞིག་རེད་དམ། ཧོའོ། ཐང་ཆད་ཡོང་གི
རེད་ཡ་་་་ད་དུང་ཁོང་ཚོས་གོམ་བགྲོད་ཉི་གྲངས་གསུམ་ཙམ་བྱ་ཐོག་ན་རྒྱ་ནག་ནས་བོད་རང་བཙན་སྤྲོད་གྲབ་བྱེད་འདུག
སོང་ཙང་ད་དུང་ཉི་མ་གསུམ་ཤུགས་རྒྱོབ་དང་རང་བཙན་རག་གི་རེད་ལོ།།
ཉི་མ་གོ་དགུ་ལ་མི་རིགས་དང་རྒྱལ་ཁབ་ཆེད་དུ་སོང་བ་བདེན་རེད། ཡིན་ན་ཡང་སྐབས་དེ་ལ་ཉམ་ཆུང་བའི་གྲྭ་བ་དང་བཙུན་མ་ད་དུང་ཉམ་ཆུང་བའི་མི་སྐྱ་ཚོ་་སྙིང་རྗེ་མེད་པའི་ཉེན་རྟོགས་པས་ཁྱི་རོ་བཞིན་དུ་དྲུད་ནས་རླངས་འཁོར་ནང་དུ་འཇུག ་སྙན་པ་ཁོའི་མགོ་ཡི་རས་དམར་བོ་དེ་རྡ་སའི་སྲང་ལམ་ན་རླུང་བསྐུར་བཞིན་བདེ་ལེགས་པ་ཡོད་ད། ཉི་མ་གོ་དགུ་བརྗེད་མི་སྲིད་པའི་མགོ་བདེ་ཁ་ཤས་ཀྱི་ཟློས་གར་ཆུང་ཆུང་།