ཨ་རིའི་བོད་པ།
ངས་བཤད་འདོད་པ་ནི་”དབུས་བོད་མིའི་སྒྲིག་འཛུགས”ཟེར་བའི་བཀའ་བློན་ཁྲི་བའི་མིང་བྱང་གི་སྐོར་ཡིན། ཡིན་ན་ཡང་མིང་བྱང་དེ་སྲིད་གཞུང་ཞིག་གི་མིང་རེད་དམ། ཚོགས་པ་ཞིག་གི་མིང་རེད་ཟེར་བའི་སྲིད་དོན་གྱི་རྣོར་ངར་ལྡན་པའི་རྩོད་པ་དེ་མིན།
ང་ལ་དགོས་པ་ནི་”དབུས་བོད་མིའི་སྒྲིག་འཛུགས” ཟེར་བ་འདི་བོད་ཀྱི་བརྡ་སྤྲོད་དང་མཐུན་པའི་མིང་ཞིག་རེད་དམ་མ་རེད། ཡིན་ན་ནི་དེའི་དོན་དག་ཅི་རེད། བདག་གིས་རྨོངས་བློར་ཤར་བ་ནི་་དབུས་གཙང་གཉིས་སུ་དབྱེ་བའི་དབུས་ཏེ་ལྷ་སའི་གཡས་གཡོན་ན་ཡོད་པའི་བོད་མི་ཚོའི་སྒྲིག་འཛུགས་ཞིག་ལ་གོ་གི་འདུག དེ་ལྟར་ཡིན་ན་ནི་བློ་བཟང་སེང་གེ་ལྷ་སའི་གཡས་གཡོན་ཀྱི་བོད་མི་ཚོའི་བཀའ་ཁྲི་ཡིན་ས་རེད། འོ་ན། གཙང་བོད་མིའི་སྒྲིག་འཛུགས་དང་། ཁམས་བོད་མིའི་སྒྲིག་འཛུགས། ཨ་མདོའི་བོད་མིའི་སྒྲིག་འཛུགས་རེ་རེ་བྱུང་བ་ཡིན་ན་ཅི་བྱེད་བགྱི་ཡིན།
བོད་ཀྱི་སུམ་རྟགས་ཀྱི་སྒྲིག་སྲོལ་ལྟར་ན་ནམ་ཡིན་ན་ཡང་ཁྱད་གཞི་སྔོན་དང་ཁྱད་ཆོས་རྗེས་སུ་ཡོང་དགོས་པས་”དབུས་བོད་མིའི་སྒྲིག་འཛུགས” ཟེར་ན་ལྷ་སའི་ཉེ་འཁོར་དབུས་ཀྱི་བོད་མིའི་སྒྲིག་འཛུགས་ལ་གོ་བ་ལས་བོད་མི་ཡོངས་ཀྱི་དབུས་ཀྱི་སྒྲིག་འཛུགས་ལ་གོ་དགོས་ཟེར་ནས་ཨུ་ཚུགས་རྒྱག་ན་ནི་སྣ་འཐེན་ན་ཁ་ནང་ལ་ཡོང་ཐུབ་པ་རེད་ཟེར་བ་དང་གཅིག་པ་རེད། ཕལ་ཆེར་ནོར་ས་གཙོ་བོ་ནི་བོད་ཡིག་མི་ཤེས་མཁན་ཞིག་གིས་ཨིན་ཡིག་གི་Central Tibetan Administration་ཟེར་བ་འདི་ཐད་སྒྱུར་བྱེད་ཁུལ་བྱས་བ་ཡིན་ས་རེད། Central་སྔོན་ན་འདུག དེའི་ཕྱིར་དབུས་སྔོན་ལ་བཞག་པ་ཡིན་ཟེར་གྱིན་ཡོད་པ་འདྲ། དེ་འདྲ་བྱས་ནས་ཁྱད་ཆོས་སྔོན་དང་ཁྱད་གཞི་རྗེས་ལ་བཞག་ནས་ཨིན་ཡིག་དང་རྒྱ་ཡིག་ཇི་བཞིན་ཐད་སྒྱུར་བྱས་ན་nine people་དང་九人་ཟེར་ན་དགུ་མི་ཟེར་ནས་བསྒྱུར་ན་ག་འདྲ་འདུག ཡང་ན་Red house་དང་紅房子དམར་པོ་ཁང་པ་ཟེར་ནས་བསྒྱུར་ན་ག་འདྲ་འདུག སྔོན་མ་ཞིག་ལ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་བའི་གསར་འགྱུར་གྱི་ནང་”བཞི་བཅུ་ཞེ་དྲུག་རྒྱལ་ཁབ་ཚོགས་འདུ་འཚོགས་འདུག”ཟེར་བ་ཞིག་འདུག འདི་ལ་གོ་རྒྱུ་ཞིག་འདུག་གམ། དེ་ཨིན་ཡིག་ནས་ཐད་སྒྱུར་བྱས་པ་ཡིན་ས་རེད། ཡིན་པ་ནི་རྒྱལ་ཁབ་བཞི་ཅུ་ཞེ་དྲུག་ཚོགས་འདུ་འཚོགས་འདུག་ཟེར་གིན་ཡོད་ས་རེད། དབུས་བོད་མི་ཟེར་བ་འདི་བོད་པ་ཚོས་དངོས་གནས་མ་ཤེས་བ་མ་རེད། བོད་པ་བཙན་བྱོལ་བའི་གཞུང་མང་གཉིས་ཀྱི་ཡིག་ངག་གཉིས་ཐོག་ན་རྒྱ་གར་དབུས་གཞུང་དང་རྒྱ་ནག་དབུས་གཞུང་ཟེར་གིན་འདུག འོ་ན། ཅི་ཕྱིར་འདི་འདྲའི་སྒྲ་ལོགས་བྲིས་བ་རེད། མིང་བྱང་འདི་བོད་ཀྱི་ཆེ་མཐོ་བའི་སྲིད་གཞུང་གི་མིང་བྱང་ཆགས་ཡོད་ཙང། བོད་མི་མང་གི་མིང་བྱང་ཆགས་ཡོད་པ་རེད། འདིའི་ལྷག་གི་གལ་ཆེན་ཞིག་གང་ན་ཡོད།
བོད་མིའི་དབུས་སྒྲིག་འཛུགས་ཞེས་ཅི་ཕྱིར་མ་བྲིས་བ་རེད།
དེ་ལྟར་བྲིས་ན་སྐྱོན་ག་རེ་ཡོད་པ་རེད། བོད་ཀྱི་གཞུང་སྒེར་གཉིས་ཀྱི་འབྲེལ་ཡོད་རྣམས་པས་འདི་ལ་གསལ་བཤད་གནང་བའི་རེ་བ་ཡོད། གསལ་བཤད་མ་བྱུང་ཚེ་ཁྱེད་ཚོས་་་་ ”དབུས་བོད་མིའི་སྒྲིག་འཛུགས” ཟེར་བ་འདི་བོད་ཡིག་ལ་ཤ་ཞེན་མེད་ནས་བྲིས་པ་རེད། བོད་ཡིག་ལ་གཏོར་བཤིག་བཏང་བ་རེད། ཨིན་ཡིག་གིས་བོད་ཡིག་ལ་བཙན་འཛུལ་བྱས་པ་རེད། ཅེས་ངེས་འཛིན་བྱེད་ཀིན་ཡིན།
”བོད་མིའི་དབུས་སྒྲིག་འཛུགས”ཞེས་འབྲི་དགོས་པའི་རྒྱུ་མཚན་འདི་དག་ཡིན།
༡ བོད་མི་ནི་ཁྱད་གཞི་དང་དབུས་ནི་ཁྱད་ཆོས་ཆགས་ཐུབ་པས་བོད་ཀྱི་བརྡ་སྤྲོད་དང་མཐུན་པ།
༢ ས་གནས་བྱེ་བྲག་པ་ཞིག་གི་བོད་མིའི་སྒྲིག་འཛུགས་ལ་མི་གོ་པར་བོད་མི་ཡོངས་ཀྱི་སྒྲིག་འཛུགས་ལ་གོ་ཐུབ་པ།
༣ བོད་ཅེས་བའི་མིང་ཡིག་མགོ་ལ་བཞག་ན་བོད་ཀྱི་རྒྱལ་ཁབ་དང་སྐད་ཡིག་ལ་གུས་ཞབས་དང་སྤོབས་པ་སླེབ་ཐུབ་པ། (འཛམ་གླིང་གི་རྒྱལ་ཁབ་སུ་ཡིན་ཡང་རང་གི་རྒྱལ་ཁབ་ཀྱི་མིང་ཐོག་མར་བཤད་ཀིན་འདུག་ག དཔེར་ན། ཨ་རིའི་སྲིད་འཛིན་དང་རྒྱ་གར་གྱི་སྲིད་བློན་གཉིས་ཀྱིས་ས་ཆ་གཅིག་ནས་གསར་བསྒྲགས་ཞིག་སྤེལ་བ་ཡིན་ན། ཨ་རིའི་སྲིད་འཛིན་གྱིས་ཨ་རི་དང་རྒྱ་གར་་་་་་་་་་ཞེས་བཤད་གི་རེད། རྒྱ་གར་གྱི་སྲིད་བློན་གྱིས་རྒྱ་གར་དང་ཨ་རི་་་་་་་་་་་་་་་ཞེས་བཤད་གི་རེད།)
ཀློག་མཁན་ཚོས་བསམ་ཚུལ་གསུངས་བའི་རེ་བ་ཡོད།
ཉོབ་གཏམ་ཕྱེད་ཙམ་ལས་བལྟས་མེད། ཡིན་ནའང་ནང་དོན་གང་ཡིན་གསལ་པོ་ཤེས་སོང་། ཁྱོད་ལ་སྙིང་འདྲ་བརྗེ་སོང་། དེ་ཙམ་ལས་
་གསལ་བཤད་བྱེད་རིན་ཡོད་པའི་དཔྱད་གཏམ་ཞིག་མི་འདུག །
(དབུས་བོད་མིའི་སྒྲིག་འཛུགས་)ཟེར་ན་ལྷ་ས་གཅིག་པོ་ལ་གོ་འི་མི་འདུག།
གལ་སྲིད་(དབུས་བ་བོད་མིའི་སྒྲིག་འཛུགས་)ཟེར་ན་ལྷ་ས་རང་ལ་གོ་བ་རེད།
དེ་ནས་(བོད་མིའི་དབུས་སྒྲིག་འཛུགས)་ཟེར་ན་གོ་ཡ་ཆི་གང་ཡང་མི་འདུག། བོད་མིའི་དབུས་ཟེར་ན་ག་རེ་རེད།
(བོད་པ་དབུས་སྒྲིག་འཛུགས་)ཟེར་ན་གོ་ཡ་ཞིག་འདུག ཡིན་ན་ཡང་ང་སྒྲིག་འཛུགས་ཤིག་སྲུང་ནས་ཤི་འདོད་མེད་པས་མིང་འདི་ང་དང་འབྲེལ་མེད་ཡིན། ང་ད་དུང་བོད་བཙན་བྱོལ་གཞུང་གི་འབངས་ཕྲུག་ཞིག་གམ་བོད་རྒྱ་ཁབ་སླར་གསོ་བའི་མི་བུ་གསོན་པོ་ཞིག་ལ་ཤི་འཐབ་རོ་འཐབ་བྱས་ནས་བསྡད་ཡོད་པས། ཨ་རིའི་བོད་པར་ཐུགས་དཀྲུགས་འདྲ་བྱས་འདུག་ན་དགོངས་དག་ཞུ་ཡ་ཡིན།
འདི་ཚོ་སྐྱག་ལང་དུ་ཤོར་རྒྱུ་མང་དྲགས་ཏེ་མ་དག་རྒྱུན་འབྱམས་སུ་སོང་བའི་སྐྱོན་རེད་སྙམ་ལ། སྤྱིར་བཏང་ནས་ཁྱད་གཞི་སྔོན་དང་ཁྱད་ཆོས་རྗེས་སུ་སླེབས་པ་དེ་བོད་སྐད་ཀྱི་ཁྱད་ཆོས་ཤིག་ལགས་མོད། རྣམ་པ་ཀུན་ཏུ་དེ་ལྟར་ཡིན་པའི་ངེས་པའང་རྩ་ནས་མི་འདུག་སྟེ། དམར་ནག་སྤྲིན་གྱི་འཇིགས་པ་བཟོད་པར་དཀའ། །ཞེས་བྲིས་ན་བོད་སྐད་མ་རེད་ཅེས་བརྗོད་ཐབས་བྲལ་ལ། འདི་ལྟའི་ཚིག་རྗོད་ནི་གནའ་ནས་ད་ལྟ་བར་གྱི་བོད་ཀྱི་སྙན་ངག་སོགས་བསྟན་བཅོས་མང་པོ་ན་ཡོད་པ་རེད།
གཉིས་ན་གོམས་པ་ཡུན་རིང་དུ་སོང་སྟེ་གོ་བ་ལམ་ལོག་ཏུ་མི་འགྲོ་ན་སྐྱོན་མི་འདུག་བསམ། མིང་དང་ཚིག་བརྗོད་པ་གང་འདྲ་ཞིག་ལགས་ཀྱང་བརྗོད་དོན་གསལ་བའི་ཆེད་ཡིན་ལ། བརྗོད་དོན་ཇི་བཞིན་དུ་གོ་ཐུབ་ན་མ་འཐུས་པ་མེད་པ་རེད། ད་ལྟ་ང་ཚོའི་སྐད་ཡིག་སྤྱི་དང་། ཁྱད་པར་དུ་སྐད་ལ་འགྱུར་བ་ཧ་ཅང་ཆེན་པོ་འགྲོ་བཞིན་ཡོད་ལ། རང་རེའི་སྒྲིག་འཛུགས་དང་མཁས་པ་ཚོས་སྐད་ཀྱི་རྗེས་སུ་བསྟུན་པའི་ཡིག་སྦྱོར་གསར་བརྗེ་བྱ་མ་ཐུབ་པས་སྐད་དང་ཡི་གེའི་བར་ཐག་ཇེ་རིང་ཇེ་རིང་ནས་རེད། ང་ཚོའི་སྔར་ནས་བཟུང་། དབུས་གཞོན་ནུའི་སྒྲིག་འཛུགས་སོགས་འདི་དང་ཆ་འདྲ་བ་མང་པོ་བོད་ཕྱི་ནང་གཉིས་ཀ་ནས་བེད་སྤྱོད་ཡུན་རིང་བྱས་སྟབས་ད་ནི་འབྲི་སྟངས་འདི་ག་རང་བྱས་ཀྱང་སྐྱོན་ཆེན་པོ་ཅང་མི་འདུག་བསམ་གྱི་འདུག
༄༅།། ཨ་རིའི་བོད་པ་ཟེར་བ་འདིའི་ཁ་མདོག་ལ་གཟིགས་དང་། ཁོ་རང་གི་ཡི་གི་དག་ཆ་ཙམ་ཡང་བལྟ་བཟོ་མིན་འདུག་ན་ད་དུང་བརྡ་དག་གི་འགྲོ་སྟངས་བཤད་པ་ནི་གོ་རྒྱུ་འདུག་གམ། དེ་ལས་བོད་ཡིག་ལེགས་ཙམ་སྦྱངས་ནས་དེ་རྗེས་འགྲེལ་བཤད་བྱས་ན་མི་ལེགས་སམ།
ཨར་བོད་ལ་ཡིག་ནོར་ཡོད་མོད། དཔྱད་པ་གནད་ལ་ཁེལ་འདུག
གཉན་གཡག་ཕྲུག་ཟེར་བ་ལགས། ཡི་གི་དག་ཆ་་་་་་་་དང་་་་་་་་མིན་འདུག་་་ཟེར་ན་ཅི་རེད།
དེ་ལྟར་ཡིན་ན། དཀར་པོའི་ལྷ་རྣམས་རྒྱལ་གྱུར་ཅིག་ཅེས་པར། ཇི་ལྟར་འབྲི། ཏུན་ཧོང་བོད་ཡིག་ཚང་མ་་་་་་་་་་་་་་ཧ་ཧ། ལྐུགས་པ་རང་རེད།
དེ་ལྟར་ཡིན་ན། ཨ་རིའི་བོད་པ་ཟེར་ན་ཁྱད་གཞི་ཨ་རི་རེད་པས། བོད་པའི་མི་ཟེར་བའི་ཚབ་ལ་མིའི་བོད་པ་ཟེར་དགོས་སམ།
ཨ་རི་བོད་པ་བྲོད་ཁོད་རྒྱག་དྲག་པ་རེད། དབུས་བོད་མིའི་ཟེར་དུས་དབུས་དེ་དབུས་གཙང་གི་དབུས་ལ་གོ་ན་་བོད་མིའི་དབུས་ཟེར་བའི་དབུས་དེ་དབུས་གཙང་གི་དབུས་ལ་མི་གོ་བའི་རྒྱུ་མཚན་ཅི་རེད།
ཨ་རིའི་བོད་པ་ལགས་ང་ཁྱེད་རང་ལ་སྙིང་རྗེ་སྐྱེས་སོང་། གནས་ཚུལ་གང་ཡང་འགོ་ཚུས་པ་དྲ་ཐོག་ལ་མཆན་བྲིས་ན་སོ་སོའི་རང་གཟུགས་ཕྱིར་ལ་མངོན་པ་ལགས།
གནམ་ལགས། བོད་པ་ཟེར་ན་བོད་མི་རེད། བོད་མི་ཟེར་ན་བོད་པ་རེད། དོན་གྱིས་གཅིག་པ་རེད།
བཀྲ་ཤིས་ལགས། དཀར་པོའི་ལྷ་རྣམས་རྒྱལ་གྱུར་ཅིག་་་ཟེར་ན་་མདོག་དཀར་པོ་ཡིན་པའི་ལྷ་ཞིག་ལ་གོ་གི་མ་རེད། རང་བཞིན་དཀར་པོ་ཡིན་པའི་ལྷ་ལ་གོ་བས་་་་་་་དཀར་པོ་ཁྱད་གཞི་རེད། དེ་བཞིན་་་་་་་ཨ་རིའི་བོད་པ་ཟེར་ན་་་་་ཨ་རིའི་བོད་པ་ཟེར་ན་ཨ་རི་་་ཁྱད་གཞི་དང་བོད་པ་ཁྱད་ཆོས་ཡིན་པར་གོ་བ་ཧ་ཅང་ལས་སློ་བོ་རེད་མི་འདུག་གམ
འདི་ན་འདྲེ་ངའི་ལག་འགུལ་རིན་ཅང་མི་འདུག་པས་་་འདྲེ་མིན་མི་མིན་ཁྱོད་ཚོས་རྩོད་རྒྱོབས།
དཔྱད་པ་འདི་ལ་བསམ་བློ་གཏོང་རིན་མེད་པ་མ་རེད།
དབུས་བོད་མིའི་སྒྲིག་འཛུགས་ཞེས་པ་བོད་གཞུང་གི་ཚབ་མཚོན་མིང་ཚིག་ཡིན་ན་ནི་་་་་
་གཞུང་བོད་དམ་ཡང་ན་གཞུང་བོད་མིའི་སྒྲིག་འཛུགས་ཞེས་ཟེར་དོན་ལ་གནས་སམ།
མ་གཞི་སྒྲིག་འཛུགས་ཟེར་པ་དང་དབུས་ཟེར་པ་དེ་ཚོས་གཞུང་ཞེས་པའི་དོན་ཇི་བཞིན་སྟོན་ཐུབ་རྒྱུ་ཁག་པོ་ཡིན་ཡང་རྡོ་ཆག་བཙན་བསྒྲིགས་བྱེད་རྒྱུར་དེ་སྔོན་ནས་དགའ་བོ་ཡོད་པ་རེད།
དཔེར་ན། དམངས་གཙོ་ཞེས་པའི་ཚབ་ལ་མང་གཙོ་ཞེས་ཨུ་ཚུགས་བྱེད་པ་ལྟ་བུ།
ད་དུང་ཡ་ཆ་བའི་ཚིག་ཅིག་ལ་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་ཚབ་ཏུ་བདེན་པ་ཉིད་རྒྱལ་གྱུར་ཅིག་ཟེར་པའི་གསོལ་འདེབས་འདྲ་བའི་མིང་བཏགས་པ།
དེ་དག་ནི་ང་ཚོའི་སྡེ་བ་ན་གཏམ་དཔེ་ཞིག་ཡོད་པ་དེ། ཡོད་མེད་ལ་བརྗེས། མེད་ཐལ་ལ་བརྗེས། ཐལ་གྱམ་པའི་རང་ཐག་ལ་འཐག ཞེས་པ་དང་མཚུངས་སོ།
ཨ་རིའི་བོད་པ་ལགས།
དབུས་ཟེར་ན་ཆེས་མཐོ་བའམ་སྤྱི་ལ་གོ་ནའང་འགྲིག ངས་བལྟས་ན། དབུས་བོད་མིའི་སྒྲིག་འཛུགས་ཞེས་པའི་མིང་ལ་དོན་གྱི་སྙིང་བོ་གང་ཡིན་མཛུབ་མོས་རི་སྟོན་གྱི་གོ་བ་ལོན་པའི་ནུས་པ་མི་འདུག་པ་འདི་ལ་བསམ་བློ་གཏོང་རྒྱུ་འདུག སྔོན་མ་བཙན་བྱོལ་བོད་གཞུང་ཟེར་ན་གོ་བ་ཙམ་གྱིས་དོན་སྙིང་གསལ་ལེར་སྟོན་ནུས་ཏེ། རང་ཡུལ་ལ་གཞན་གྱིས་བཙན་འཛུལ་བྱས་པ་ལས་གཡོལ་བའམ་བྱོལ་བའི་ཆེད་དུ་ཡུལ་ལུང་གཞན་དུ་རང་གི་གཞུང་དེའི་རྒྱུན་སྐྱོང་བ་དེ་གོ་ཐུབ། བདག་གིས་མིང་འདི་ལ་ཡང་དང་ཡང་དུ་བསམས་པའི་ཚེ་འདི་ནི་མིང་དུ་བཏགས་པ་ཤིན་ཏུ་ནས་དོན་ལ་འབྱོར་བ་ཞིག་ཡིན་པ་རྟོགས་སོང་།
ད་ལྟ་དབུས་བོད་མིའི་སྒྲིག་འཛུགས་ཞེ་ན། གཅིག་ནས་འབྲེལ་སྒྲའི་ཕྲད་ཀྱི་དབང་གིས་ཚིག་ཏུ་གྲུབ་པས་མིང་གི་ངོ་བོ་ཆེར་མེད་པ་དང་། གཉིས་ནས་དོན་གྱི་ཆ་ལ་གོ་ལ་གསལ་བོ་ལོན་དཀའ་བའི་ཞན་ཆ་འདུག་སྟེ། གཞིས་བྱེས་གཉིས་ཀྱི་བདག་པོར་གྱུར་བའི་སྒྲིག་འཛུགས་ཤིག་ལ་གོའམ། ཡང་ན་སྐྱབས་བཅོལ་དུ་ཡོད་པའི་བོད་མི་ཚོའི་སྒྲིག་འཛུགས་ཤིག་ལ་གོ་དགོས།
དེར་བརྟེན་མིང་འདི་ལ་བསྐྱར་དུ་བསམ་གཞིགས་བྱས་ནས་དོན་ཅི་ཡིན་མཛུབ་མོས་རི་སྟོན་ནུས་པའི་མིང་ཞིག་བཏགས་ན་ཕན་ཐོགས་འདུག་སྙམ། དེ་མིན་རང་སོར་བཞག་ཀྱང་བོད་མི་ཚོས་རང་གི་གཞུང་དངོས་གནས་དེའི་མཚོན་བྱེད་ཡིན་པར་འདུ་ཤེས་ན་ཆེར་མི་སྐྱོན་ནོ།།
སྙིང་རྗེ། ཨ་རིའི་བོད་པ་ཟེར་མཁན་དེའི་ཤེས་ཚད་རང་གིས་ཚོད་མ་ཟིན་པར་གཞན་ལ་བརྡ་སྤྲོད་དང་མཐུན་མི་མཐུན་སྐོར་བཤད་སྟངས་ལ་ལྟོས་དང་། ཧཧཧཧཧཧཧཧ ཁྱད་གཞི་སྔོན་དང་ཁྱད་ཆོས་རྗེས་ལ་འགྲོ་བ་སྤྱིར་སྟངས་ཞིག་དང་། སྡེབ་སྦྱོར་དང་སྙན་ཆ་ཡོད་མེད་སོགས་ལས་ཁྱད་ཆོས་སྔོན་དུ་འགྲོ་བ་ལུང་པ་གང་ཡོད་པ་མ་ཤེས་པ་རེད། དཔེར་ན་། དབུས་གཞུང་ཟེར་བ་ལས་གཞུང་དབུས་ཟེར་སྲོལ་མེད་པ་དང་། དེ་བཞིན་ཆེན་པོ་ཧོར་ཟེར་བ་ལས་ཧོར་ཆེན་པོ་ཟེར་གྱི་མ་རེད། དེ་བཞིན་མཛེས་པའི་མེ་ཏོག ཞིམ་པའི་ཟས། འཇམ་པའི་གོས། སྙན་པའི་གཏམ་ཟེར་བ་སོགས་ཁྱད་ཆོས་སྔོན་དུ་འགྲོ་བ་དེ་ཚོ་མ་མཐོང་བ་སྙིང་རེ་རྗེ།
ངེས་པར་དུ་དབུས་ཞེས་པའི་ཐ་སྙད་རྩོད་པ་ཅན་འདི་འབྲི་དགོས་དོན་ག་རེ་རེད། བོད་མིའི་སྒྲིག་འཛུགས་ལབ་ན་མི་ཆོག་པ་ག་རེ་འདུག དཔེར་ན་བོད་གཞུང་ཞེས་པ་བཞིན་རེད། དབུས་བོད་གཞུང་ཟེར་ན་གོ་རྒྱུ་འདུག་གམ། འདི་ཡང་ཀརྨ་ཆོས་འཕེལ་ལྟ་བུ་བོད་ཡིག་ལ་རང་མགོ་མི་ཐོན་པར་ཐ་སྙད་གསར་བཟོ་ལ་བྲེལ་བ་ཁོལ་བསྡད་ཡོད་པ་ཞིག་གིས་བཟོས་པ་ཡིན་ཐག་ཆོད་རེད། རྒྱ་ཡི་ཀྲུང་དབྱང་ཟེར་བ་ལྟ་བུའི་རྗེས་སུ་ཁྱི་འདེད་ཕག་འདེད་བྱེད་དགོས་དོན་ག་རེ་འདུག རང་ཚུགས་མེད་མཁན་ཚོ།
འདི་ནི་ཡི་གེའི་བཅོད་མཚམས་ཡག་པོ་མ་ཤེས་པའི་རྟགས་་རེད། དབུས་ཤེས་ཡར་བཅད་ནས་་་བོད་མིའི་སྒྲིག་འཛུགས་ཤེས་བོད་མིའི་ཞེས་པ་དེ་སྒྲིག་འཛུགས་གི་འགོ་ལ་མར་སྦྱར་བ་ཡིན་ན་འཁྲུལ་པའི་གནས་མེད།
ད་ཡིན་ན། མི་འདི་ཚོའི་ཀླད་རྒྱ་ཆུང་དུ་འགྲོ་གི་འདུག
དབུས་བོད་མིའི་སྒྲིག་འཛུགས་ཞེས་པའི་དབུས་ནི་དབྱིན་ཡིག་ནང་center ཞེས་པའི་གོ་དོན་ཡིན། ཨ་རིའི་བོད་པར་དབྱིན་ཡིག་ནང་སན་ཌར་ཞེས་པར་བོད་སྐད་ནང་གང་ཞིག་ལབ་ཀྱི་ཡོད་མེད་ལའང་དོགས་པ་མ་བྱུང་བ་དེ་སྐྱོ་པོ་རེད།
གོང་གི་རྩོམ་ཡིག་དེས་བཤད་པ་བདེན་པ་རེད། བོད་ཀྱི་བཙན་བྱོལ་བའི་སྤྱི་ཚོགས་སུ་བོད་ཡིག་གི་བརྡ་སྤྲོད་ཀྱི་འགྲོ་སྟངས་ལ་དོ་སྣང་ཅི་ཡང་མེད་པར་ཨིན་ཡིག་གི་ལད་ཟློས་སུ་བྱེད་པས་རང་རེའི་རིག་གཞུང་ལ་གནོད་སྐྱོན་ཚབས་ཆེན་གཏོང་བཞིན་ཡོད། ལྷག་པར་དུ་བོད་ཀྱི་བཙན་བྱོལ་བའི་ལས་ཁུངས་སོགས་སུ་བོད་རང་གི་རིག་གཞུང་གི་འགྲོ་ལུགས་ལྟར་བོད་ཡིག་བེད་སྤྱོད་བྱེད་ཤེས་ཀྱི་མེད་པ་གསལ་བོ་ཡིན། Central Tibetan Administration་ཞེས་པ་འདིའི་བོད་ཡིག་གི་ནང་དོན་དངོས་ནི། བོད་ཀྱི་དབུས་འཛིན་སྐྱོང་ལས་ཁུངས་ཞེས་པ་དེ་ཡིན། དེར་བརྟེན། སྤྱིར་Tibetan་ཞེས་པ་ནི་བོད་མིའི་དང་བོད་ཀྱི་ཞེས་པ་གཉིས་ལ་འཇུག་པ་ལས་སྐབས་འདིར་བོད་ཀྱི་ཞེས་པའི་དོན་ཡིན།
མང་པོ་བཤད་འདོད་མེད། འོན་ཀྱང་རྩོམ་པ་པོ་དེས་ཨ་རིའི་བོད་མི་ཡོངས་ཀྱི་མིང་བེད་སྤྱོད་བཏང་པ་དང་གཅིག
བོད་ཡིག་གི་མིང་ཚིག་ཁྱབ་ཆེ་ཆུང་ལ་གོ་བ་མི་ལོན་པར་བཀའ་མོལ་གསུངས་པ་དང་གཉིས་ལ་རྗེས་སུ་ཐུགས་སྣང་མང་ཙམ་གནང་རོགས་ཞུ་རྒྱུ་ཡིན།
འདིའི་སྐོར་ངས་ཀྱང་བསམ་བློ་ཞིབ་མོ་བཏང་ཡིན་ ཆབ་སྲིད་ཀྱི་གོ་དོན་གཏིང་ཟབ་ཅིག་མེད་དམ་སྙམ་ མི་བྱེད་དགུ་བྱེད་ཟམ་གདོང་བླ་མས་བྱས་སོང་ ད་ཆ་བློ་སེང་གི་སྲིད་གཞུང་དེ་སྔོན་མ་དགའ་ལྡན་ཕོ་བྲང་དུ་གྲགས་པའི་གཞ྄ུང་ལས་ཆེས་ཁྱད་པར་ཅི་མི་འདུག་ བློ་སེང་ལ་བཀའ་ཁྲི་ཅེས་འབོད་དགོས་དོན་ཅི་
ཁོང་སྟག་བྲག་པའི་རྗེས་འཇུག་སྲིད་སྐྱོང་ཞིག་མིན་ནམ་
དོན་དག་ལ་དགས་སུ་དཔར་རྒྱག་རྒྱུར་ཕྱིན་པ་མ་གཏོགས་ད་ལྟ་བར་གཞིས་ཆགས་སྐྱོ་ས་མེན་སྤར་དང་སྦན་ད་ར་བཅས་སུ་མ་ཕྱིན་པ་ཅི་ཡིན་
མི་འདི་ཉམས་མྱོངས་གསོག་པར་འགོར་ནས་དུས་ཚོད་འཕྲོ་བརླག་ཏུ་གཏོང་མཁན་ཅིག་རེད་
ཨ་རིའི་བོད་པས་བཤད་པ་ལྟར་ཡོད་ཚད་ལ་ཁྱད་གཞི་སྔོན་དང་ཁྱད་ཆོས་རྗེས་སུ་ཐོབ་ས་མ་རེད། ཡིན་ཡང་དེང་སང་ཨིན་ཡིག་དང་རྒྱ་ཡིག་གི་ཤུགས་རྐྱེན་ལས་ལྷ་ས་གྲོང་ཁྱེར་དང་། མི་སྣ་གྲགས་ཆེན། ཚོགས་འདུ་ཐེངས་དང་པོ་ཟེར་བ་ལ་། རིམ་བཞིན་་་་་གྲོང་ཁྱེར་ལྷ་ས། གྲགས་ཆེན་མི་སྣ། ཐེངས་དང་པོའི་ཚོགས་འདུ་ཟེར་གི་འདུག་ག
ཁྱད་གཞི་སྔོན་ལ་བཞག་སྟེ་ཁྱད་ཆོས་རྗེས་སུ་འབྲི་བ་འདི་ནི་ཕོ་མོའི་སྒང་ལ་འཛེག་པའི་གནའ་རབ་ཀྱི་རྒྱོ་རྒྱག་སྟངས་རེད། ཁྱད་ཆོས་སྔོན་ལ་བྲིས་ནས་ཁྱད་གཞི་རྗེས་ལ་འབྲི་བ་ནི་མོ་ཕོའི་སྒང་ལ་འཛེག་པའི་དེང་རབས་ཀྱི་རྒྱོ་རྒྱག་སྟངས་རེད། གུ་ཡངས་ཅན་ལ་གཉིས་ཀ་འགྲིག
གང་ལྟར་དབུས་བོད་མིའི་སྒྲིགས་འཛུགས་ལབ་ཡག་མིང་འདིར་ཚིག་དོན་གཉིས་ལ་སྙན་པོ་དང་གོ་དོན་གང་ཡང་མི་འདུག གལ་སྲིད་ང་ཚོའི་ཆབ་སྲིད་ཀྱི་ལམ་དབུས་མ་ལྟར་བུའི་སྲིད་ལུགས་ཁྲོད་མིང་འདིར་ཡང་དེ་འདྲའི་མ་བབ་དགོས་པ་ཡིན་ན་བཙན་བྱོལ་བའི་སྒྲིག་འཛུགས་ཅེས་མ་འབོད་པ་གང་ཡིན་ནམ།
ཀླད་པ་ཆུང་ཆུང་། རྩོད་པ་ཆུང་ཆུང་།
ཀླུ་སྨྱོན་ནས་གསུངས་པར་རྒྱབ་སྐྱོར་ཡོད། དབུས་ཞེས་པའི་རྩོད་གཞི་ཅན་གྱི་ཐ་སྙད་དེ་ག་རེ་བྱས་ནས་བྲིས་པ་ཡིན་ནམ། བོད་མིའི་སྒྲིག་འཛུགས་ལབ་ན་མི་ཆོག་པ་ག་རེ་འདུག་ཅེས་གསུངས་པ་ལྟར། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཚང་མ་བོད་ཅེས་པ་ཚིག་དེ་འདོར་ཚར་བ་རེད། དཔེར་ན་སྒོ་བྱང་དང་ལས་ཤོག་སོགས་སུ་འདི་འདྲ་བྲིས་ཡོད་པ་རེད། <>ཞེས་དང་<> <><> <>ཞེས་སོགས་བཏབས་ཡོད་པ་དེ་རེད། བོད་ཅེས་པའི་ཚིག་འདི་འགོད་དགོས་ཀྱི་འདུག་སྙམ། དེ་ནི་ངའི་བསམ་ཚུལ་ལས་སྐྱོན་བརྗོད་རིགས་ཁྱོན་ནས་མིན་ཅིང་། སོ་སོའི་བོད་མི་ཞིག་ཡིན་པ་ཆ་ནས་བོད་ཅེས་པའི་ཚིག་དེ་མེད་ན་ཁྱོན་ནས་བདེ་པོ་ཞིག་མི་འདུག་པས། སེམས་ཀྱི་མ་བཟོད་དེ་ལབ་པ་ཞིག་ལས་གཞན་ཅི་ཡང་མིན་ནོ། དེ་དོན་མཁྱེན་པར་མཛོད།
ཁྱད་གཞི་སྔོན་དང་ཁྱད་ཆོས་རྗེས་ནས་སྦྱར་ཞེས་པ་ནི་ཕྱོགས་གཅིག་ཁོ་ནས་སྐད་ཆ་ཞིག་ཏུ་ཟད་དེ་ཁྱོན་ཡོངས་ནས་དེ་ལྟར་ངེས་པ་མེད་པ་ནི་གོང་དུ་མཆན་བུ་མང་པོས་གསལ་བཤད་དང་འགྲེལ་བཤད་ཡག་པོ་བྱས་འདུག་པས་བསྐྱར་བཟློས་མི་དགོས་ཀྱང་དེང་སང་ཐོན་དངོས་གསར་པ་དང་ལས་ཁུངས་ཁག་ལ་མིང་གསར་ཞིག་འདོགས་དུས་དབྱིན་ཡིག་ལ་དཔེར་བལྟས་ནས་འདོགས་པ་ནི་གཅིག་ན་ཉམས་མྱོང་དང་སློབ་སྦྱོང་ལེན་པའི་སྲོལ་དུ་མཆིས་པས་སྐྱོན་དུ་མཐོང་ཡང་དབྱིན་ཡིག་གི་ཚུལ་ཇི་ལྟར་བོད་ཡིག་ཏུ་ཐད་བསྒྱུར་བྱས་དྲགས་ན་ངོ་མ་དགོད་རྐྱལ་ཞིག་རེད།་་་ཁ་རྩང་འདི་གར་བོད་མི་ཞིག་གིས་བོད་བསྒྱུར་བྱེད་པའི་ཁ་ཐུག་དེར་ཁོང་གིས་བསྒྱུར་རྒྱུར་ལེབ་ལེབ་རྡོ།་་་དཀར་པོ་ཁྱི།་་་་་ནག་པོ་གྲོང་ཁྱེར་ཞེས་སྒྱུར་གྱིན་འདུག་པས་ངས་བལྟས་ན་འདི་བོད་མིའི་སུམ་རྟགས་ཀྱི་སྲོལ་ལུགས་དང་མི་མཐུན་པ་གང་ཞིག་ལ་བརྗོད་པ་ཡང་ཁྱོན་ནས་བདེ་བོ་མི་འདུག་པས་འདི་འདྲའི་རིགས་ནི་ངེས་པར་དོར་བྱ་རེད།་་་ད་མ་གཏོགས་ཁྱད་གཞི་དང་ཁྱད་ཆོས་སྔོན་གཞུགས་བཤད་པ་ནི་མཐའ་གཅིག་ཏུ་ངེས་པ་མི་འདུག་སྙམ།
དབུས་བོད་མའི་སྒྲིག་འཛུག་
དབུས་ཟེར་བ་འདི་ རྩ་བ་བ་དང་ སྙིང་པོ་ དཀྱིལ་ གཞུང་ སོགས་ལ་གོ་བས།
ད་རེས་སྐབས་སུ་བབ་པ་ལ་ གཞུང་གི་ངོ་བོ་མཚོན་པའི་དབུས་བོད་མའི་སྒྲིག་འཛུག་ལ་གོ་དགོས།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དེ་དབུས་གཙང་ལ་གོ་བ་ལེན་སྟངས་ལ་རྟགས་ན་ཨ་རིའི་བོད་པའི་མིང་འཛིན་མི་འུ་ཁྱོད་སྨྱོ་འཁྲུལ་གདོན་གྱིས་བཏབས་པའི་བཟི་གཏམ་རང་ལས། དེ་ལ་གསལ་བཤད་བྱེད་མཁན་དག་སྨྱོ་པ་རེད། འདི་ནི་ཤར་ཕྱོགས་ཀུ་ཏའམ་ཡང་ན་ཀུ་ཏའིའི་རིགས་ཅན་གྱི་ཁྱི་སྤྱང་འཁང་ངུས་གངས་སེང་ཅོ་འདྲིའི་དཀྲུགས་གཏམ་རང་རེད།
༼བློ་སེང་ནི་ལྷ་སའི་གཡས་གཡོན་གྱི་བོད་མིའི་བཀའ་ཁྲི་རེད་དམ།༽
ནི་སྒྲ་སྦྱར་ན་འོག་གི་དྲི་ཚིག་དོར། །
དྲི་ཚིག་བཀོད་ན་ནི་སྒྲའི་ནུས་པ་ཉམས། །
འདི་གནད་རྟོགས་ན་ད་གཟོད་དབུས་ཞེས་པ། །
གང་ལ་གོ་མིན་ཤེས་པར་འགྱུར་རོ་ལགས། །
རྩོད་པ་ཆུང་ཆུང་ཆེ་བར་འགྱུར།
དབུས་བོད་མིའི་སྒྲིག་འཛུགས་ཞེས་པའི་མིང་འདི། ཧ་ཅང་མ་འོས་པ་ཞིག་འདུག་ལ། བཀའ་ཤག་སྐབས་སྔ་མའི་བཀའ་བློན་ནང་ནས་མིང་འདིར་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་བྱུང་འདུག་ཀྱང་། མང་གཙོའི་དབང་གིས་ད་ལྟའི་གོ་དོན་ཞན་ཞིང་། སྙན་ཆ་མེད་ལ། ལྗིད་ཚད་མེད་པའི་མིང་འདི་འདྲ་ཞིག་ཏུ་གྱུར།
དངོས་གནས་དཔྱད་གཞི་པེ་ཡག་པོ་ཞིག་བྲིས་འདུག་རང་རིགས་ལ་དུང་བ་ཟབ་མོ་ཞིག་ཡོད་པ་དངོས་གནས་མཚོན་ཐུབ་ཐུགས་རྗེ་ཆེ་་་་་་་་་་་་་འདི་ཡང་ཀརྨ་ཆོས་འཕེལ་ལྟ་བུ་བོད་ཡིག་ལ་རང་མགོ་མི་ཐོན་པར་ཐ་སྙད་གསར་བཟོ་ལ་བྲེལ་བ་ཁོལ་བསྡད་ཡོད་པ་ཞིག་གིས་བཟོས་པ་ཡིན་ཐག་ཆོད་རེད་་་་་་་་་་་་་ཀླུ་སྨྱོན་གྱིས་གསུངས་འདུག་དེ་འདྲ་ཞིག་མ་རེད་དྲན་སོང་དཔྱད་གཞི་འབྲི་མཁན་དེ་བོད་ཡིག་ཏན་ཏན་ཡག་པོ་འདུག་བསམ་གྱིན་ཡོད་་ཀརྨ་ཆོས་འཕེལ་གྱིས་དངོས་གནས་བོད་ཡིག་ཤེས་ཀྱི་མི་འདུག་་ཉེན་ཁ་ཅན་གྱི་ཚིག་མཛོད་རྐུ་བཤུས་སོགས་ཧ་ཅང་མང་གི་རེད་ལབ་མཁན་མང་གི་འདི་ཕྱོགས་ལ་བསམ་་བློ་རེ་གཏོང་རོགས་བོད་ཡིག་ལ་དོན་སྣང་ཡོད་མཁན་རྣམས་་་་་་་་་་ཐུགས་ལ་འཇགས་པར་ཞུ་་་་་་་་་་་
ངས་བལྟས་ན་་་་དབུས་བོད་མིའི་སྒྲིགས་འཛུགས་ཡིན་ནའང་འདྲ་བོད་མིའི་སྒྲིགས་འཛུགས་ཡིན་ནའང་འདྲ་ཁྱད་པར་མི་འདུག་
མདོར་ན་་་་བློ་སེང་ནི་་་་ཤ་རུས་གཅིག་པའི་སྤུན་ཟླ་མེར་སྲེགས་བཏང་མཁན་གྱི་དབུ་འཁྲིད་ཞིག་ཡིན་པ་ནི་ཐེ་མི་ཚོམ།།
ངས་བལྟས་ན་་་་དབུས་བོད་མིའི་སྒྲིགས་འཛུགས་ཡིན་ནའང་འདྲ་བོད་མིའི་སྒྲིགས་འཛུགས་ཡིན་ནའང་འདྲ་ཁྱད་པར་མི་འདུག་
མདོར་ན་་་་བློ་སེང་ནི་་་་ཤ་རུས་གཅིག་པའི་སྤུན་ཟླ་མེར་སྲེགས་བཏང་མཁན་གྱི་དད་དཔོན་ཡིན་ས་རེད།
ངས་བལྟས་ན་་་་དབུས་བོད་མིའི་སྒྲིགས་འཛུགས་ཡིན་ནའང་འདྲ་བོད་མིའི་སྒྲིགས་འཛུགས་ཡིན་ནའང་འདྲ་ཁྱད་པར་མི་འདུག་
མདོར་ན་་་་བློ་སེང་ནི་་་་ཤ་རུས་གཅིག་པའི་སྤུན་ཟླ་མེར་སྲེགས་བཏང་མཁན་གྱི་དབུ་འཁྲིད་རང་རེད་ཤག། །།
རེད་ཡ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལ་གོ་ན། མཐའ་བོད་མི་དང། ཟུར་བོད་མི། སྟོད་བོད་མི། སྨད་བོད། གཞུང་་་་་སོགས་མང་པོ་སྒྲིག་འཛུགས་གཏན་པོ་མེད་པ་རེད། བོད་སྤྱི་ལ་ཁྱབ་མེད་པ་བཟོས་འདུག
འདིར་ཀླུ་སྨྱོན་སོགས་དྲྭ་གྲོགས་ཁ་ཤས་ཀྱིས་དབུས་ཞེས་པའི་ཐ་སྙད་འདི་མེད་པར་བོད་མིའི་སྒྲིག་འཛུགས་ཞེས་བྲིས་ན་མི་ཆོག་པ་ག་རེ་འདུག་ཟེར་ན། དེ་མེད་ན་རྩ་བ་ནས་མི་འགྲིག་སྟེ། དབུས་ཀྱི་(Central) ཞེས་པ་ལ་གོ་དོན་ཁ་ཤས་ཡོད་དེ། ༡ ཅ་ལག་གང་དང་གང་གི་ལྟེ་བ་ལ་དབུས་དང་། ༢ ས་གནས་གང་དང་གང་གི་དཀྱིལ་མ་ལ་དབུས་དང་། ༣ གྲོང་ཁྱེར་གང་དང་གང་གི་ཆ་ཤས་ཤིག་ཏུ་ལས་ཁུངས་དང་། ཚོང་ཁང་། མི་ཚོགས་འཛོམས་སའི་གནས་ལ་དབུས་དང། ༤ བྱ་དངོས་གང་དང་གང་གི་བྱེ་བྲག་གི་ཆ་ཤས་མང་བོའི་བྱེད་རྩོལ་ལ་དབང་སྒྱུར་དང་སྟངས་འཛིན་བྱེད་མཁན་ཞིག་ལ་དབུས་དང་། ༥ གནད་དོན་གང་དང་གང་གི་རྩ་བའི་ལས་དོན་ལ་དབུས་སོགས་ཡོད་པ་ལས་སྐབས་འདིའི་དབུས་ཀྱི་ཞེས་པའི་དོན་ནི་ཨང་བཞི་བ་དེ་ཡིན་པ་རེད། དབུས་མེད་ན་རྒྱལ་ཁབ་གང་དང་གང་གི་ལས་ཁུངས་ལ་སྤྱི་དང་བྱེ་བྲག་གི་དབྱེ་བའི་སྲིད་སྐྱོང་ལམ་ལུགས་དང་འགོ་ཁྲིད་སོགས་ཀྱི་གོ་རིམ་གྱི་རྣམ་གཞག་འཁྱོར་བར་འགྱུར་རོ། །
དྲ་གྲོགས་ཚང་མས་དཔྱད་པ་ལྟར་ན། དབུས་བོད་མིའི་སྒྲིག་འཛུགས་ཟེར་བ་ལས། མཐའ་བོད་མིའི་སྒྲིག་འཛུགས་ཟེར་ན་དོན་ལ་གནས། ས་མཐའ་ན་ཡོད་པའི་བོད་པའི་སྒྲིག་འཛུགས་རེད།
ཨ་ཁུ་ཀླུ་སྨྱོན་གི་རྒྱོ་རྒྱགས་སྟངས་ཀྱི་སྒོ་ནས་ཁྱད་ཆོས་ཁྱད་གཞིའི་ཚིག་སྦྱོར་སྟངས་དེ་དམར་ཁྲིད་རེད། དེས་ཀྱང་གོ་བརྡ་མ་འཕྲོད་ན། དབང་རྟུལ་ཡིན་པས་ཁྱད་ཆོས་ཁྱད་གཞིའི་ཚིག་སྦྱོར་སྦྱང་ནས་དཀའ་ལས་མ་བརྒྱབ་ན་ཡག ཧཧ
དབུས་བོད་མིའི་སྒྲིག་འཛུགས་ཟེར་ན། དབུས་དང་ས་གནས་གཉིས་ནས་བོད་པའི་ལས་ཁུངས་ཨ་མ་དེ་ལ་གོ་རྒྱུ་ཞིག་ཡིན་གྱི་རེད་དེ་གོང་གི་ཟིན་བྲིས་པར་ཐུགས་ཁག་གཏན་ནས་མི་འདུག དངོས་གནས་གོ་ལོག་ཏུ་འགྲོ་རྒྱུར་ཉེན་ཁ་འདུག ང་ཚོར་ནད་སྙིང་ཞིག་ཡོད་པའི་ཐོག་ཁམས་དང་ཨམ་མདོ་གཉིས་ཕར་རྒྱ་ལ་སྤྲོད་ནས་འབྲུ་ཆུ་ཡན་ཆད་ཚུར་ལེན་ཏེ་དབུས་བོད་མིའི་སྒྲིག་འཛུགས་ཤིག་བཟོས་པ་ལྟ་བུ་ཞིག་མི་གོ་བའི་ངེས་པ་མི་འདུག
(བོད་མའི་ཆབ་སྲིད་ལྷན་ཁང་)ཞེས་བཏགས་ན་ག་འདྲ་རེད་འདུག
(བོད་མིའི་ཆབ་སྲིད་ལྷན་ཁང་)
བོད་ཡིག་བརྡ་སྤྲོད་ཤེས་ཀྱི་མེད། བོད་པའི་ངག་རྒྱུན་ལ་དོ་སྣང་བྱེད་དུས། ཁྱད་གཞི་སྔོན་ལ་བཤད་ནས། ཁྱད་ཆོས་རྗེས་ལ་འཇུག་པ་དང་ཁྱད་ཆོས་སྔོན་ལ་བཞག་ནས། ཁྱད་གཞི་རྗེས་ལ་འགྲོ་གཉིས་ཀ། ང་ཚོའི་ངག་རྒྱུན་ལ་འདུག། ཨ་རིའི་བོད་མིས་མི་ལ་རས་པའི་མགུར་དང་། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར། དེ་བཞིན་ཞབས་དཀར་བའི་མགུར། དེ་བཞིན། བོད་ཀྱི་སྲོལ་རྒྱུན་དམངས་ཁྲོད་ཀྱི་གླུ་དེ་ཚོར་དོ་སྣང་བྱས་ན། ད་གཟོད་གཞི་ནས། ངའི་སྐད་ཆ་དེར་གོ་ལ་ལོན་ཐུབ།
ད་ེབཞིན། མིང་དང་རྒྱན་ཚིག་མ་ནོར་བ་བྱེད་པ་འདི་གལ་ཆེ། དབུས་ཞེས་པ་འདི་མིང་ལ་འཇུག་པ་ཅིའི་ཕྱིར་མ་འགྲིགས་སམ། ཁྱེད་ཀྱི་བརྗོད་པ་བཞིན། དཀར་པོའི་ལྷ་ལྟ་བུར། དཀར་པོ་ཁྱད་གཞི་ཡིན་ན། དབུས་ཅིའི་ཕྱིར་དེ་ལྟར་མི་འཇུག་གམ། རྒྱལ་བ་ཚངས་དབྱངས་རྒྱ་མཚོས། དབུས་ཀྱི་རི་རྒྱལ་ལྷུན་པོ། མ་འགྱུར་བརྟན་དུ་བཞུགས་དང་། ཅེས་པར། རི་རྒྱལ་དབུས་ཀྱི་ལྷུན་པོ་ཟེར་འབྲི་དགོས་སམ།
ཁྱེད་ཀྱི་དགོངས་པ་ལྟར་རང་སོར་བཞག་ན། ང་ཚོ་བོད་མིའི་ངག་རྒྱུན་ལ་འགྱུར་བ་གཏོང་དགོས། དཔེར་ན།
རི་བོ་ཤར་ཕྱོགས་ཀྱི་རྩེ་ནས། ཟླ་བ་དཀར་གསལ་ཤར་བྱུང་། ཨ་མ་མ་སྐྱེས་པའི་བཞིན་རས། ཡིད་ལ་ཡང་ཡང་ཤར་བྱུང་། ཞེས་བྲི་དགོས་སམ།
སྨྱོན་པའི་གར་ལ་ལྟོས་དང་། ཞེས་པར། གར་སྨྱོན་པ་ལ་ལྟོས་དང་ཞེས་འབྲི་དགོས་སམ།
འོ། དེ་བཞིན། ཨ་རིའི་བུས། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཀློག་དང་། ཚང་མ་དེ་ལྟར་རེད།
རྒྱལ་བ་ཚངས་དབྱངས་རྒྱ་མཚོས།
ཤར་ཕྱོགས་རི་བོའི་རྩེ་ནས། ༼འདིར་ཁྱད་ཆོས་སྔོན་ལ་བཞག་འདུག༽༷
དཀར་གསལ་ཟླ་བ་ཤར་བྱུང་། ༼འདིར་ཁྱད་ཆོས་སྔོན་ལ་བཞག་འདུག༽
མ་སྐྱེས་ཨ་མའི་བཞིན་རས།
ཡིད་ལ་འཁོར་འཁོར་བྱས་བྱུང་།
མི་ལས།
བྱང་ཕྱོགས་བྲང་སྟོད་དགོན་པ་ན།
གྲུ་གསུམ་སྙིང་ཀྱི་དཀྱིལ་འཁོར་ལ། ༼འདིར་ཁྱད་ཆོས་སྔོན་ལ་བཞག་འདུག༽
རང་སེམས་རྟ་པོ་རླུང་ལྟར་གཡོ།
དེ་དག་ལ་གཟིགས་དང་། ཁྱད་གཞི་ཁྱད་ཆོས་ཇི་ལྟར་བཞག་འདུག
ཁྱད་ཆོས་སྔོན་དུ་འགྲོ་བའི་འབྲི་སྲོལ། མཁས་པ་ཚང་མས་ཕྱག་ལེན་གནང་འདུག
དཔེར་ན། རྒྱལ་བ་བསྟན་འཛིན་རྒྱ་མཚོས།
ཚད་མེད་ཡོན་ཏན་རྒྱ་མཚོའི་དཔལ་མངའ་ཞིང་། ཞེས་དང་།
རྒྱལ་བའི་བཀའ་འགྱུར་གྱི་ནང་ལ། བཟང་པོ་སྤྱོད་པའི་སྨོན་ལམ་དེ་དག་གིས་ཅེས་དང་།
་དུང་། གསང་བའི་རྣམ་ཐར་ལྟ་བུ་དང་།
པན་ཆེན་བློ་བཟང་ཆོས་རྒྱན་གྱིས། སྒྲིབ་བྲལ་ལྷན་སྐྱེས་དགའ་བའི་རོལ་བ་ཆེ་ལྟ་བུ་དང་།
མཉམ་མེད་དཔལ་སྤྲུལ་རིན་པོ་ཆེས། དྲིན་ཅན་བླ་མ་བྱང་ཆུབ་བར་དུ་བསྙེན་ཞེས་དང་། ད་དུང་བླ་མ་འདི་པས། འོད་གསལ་དབྱིངས་སུ་ལོངས་སྐུའི་ཞིང་སྣང་གཟིགས་སོགས་ལ་ཚང་མ་ཁྱད་ཆོས་སྔོན་འདུ་འགྲོ་བ་ཤ་སྟག་རེད།
ཨེ་རེད།
ད་གཡུག་ཞོགས། ཨ་རིརི་བུའི་སྐེད་པ་བཅག་ཚར་སོང་། ད་རྡོག་པས་མ་རྫིས་ཤིག
་”དབུས་བོད་མིའི་སྒྲིག་འཛུགས”ཟེར་ན། དབུས་གཙང་གཉིས་སུ་དབྱེ་བའི་དབུས་ཏེ་ལྷ་སའི་གཡས་གཡོན་ན་ཡོད་པའི་བོད་མི་ཚོའི་སྒྲིག་འཛུགས་ཞིག་ལ་གོ་གི་འདུག དེ་ལྟར་ཡིན་ན་ནི་བློ་བཟང་སེང་གེ་ལྷ་སའི་གཡས་གཡོན་ཀྱི་བོད་མི་ཚོའི་བཀའ་ཁྲི་ཡིན་ས་རེད། ཨ་བོད་ལགས་ཀྱིས་གོ་བ་ལེན་སྟངས་དེ་རང་རེད། ནོར་མི་འདུག
༡༩༡༤ལོའི་དབྱིན་བོད་རྒྱ་གསུམ་གྱི་འཆང་ཡིག་འཇོག་སྐབས་བློན་ཆེན་བཤད་སྒྲའི་བོད་རྒྱལ་ཁབ་ཀྱི་ས་བཀྲ་སྟེང་དུ་བོད་མདོ་དབུས་ཁམས་གསུམ་ཅེས་ཡི་གེ་བཀོད་ཡོད། དོན་དངོས་ས་བཀྲའི་རི་མོའི་ནང་ཨ་མདོ་སྟོད་མ་ནས་ཆབ་མདོའི་ནུབ་བརྒྱུད་ལ་བོད་རྒྱལ་ཁབ་ཀྱི་ས་བཀྲ་ཡིན། དེང་སང་གི་མཚོ་སྔོན་དང་ཀན་སི་ཁྲོན་བཅས་སུ་ཡོད་པའི་ཨ་མདོའི་ས་ཆ་དང་། སི་ཁྲོན་དང་ཡུན་ནན་ནང་ཡོད་པའི་ཁམས་པའི་ས་ཆ་ཚུལ་རེད། མི་བདེན་ན་སྐབས་དེའི་ས་བཀྲ་ལ་ལྟོས་དང་རྡ་ས་དཔེ་མཛོད་ཁང་དུ་ཡོད།
མང་པོ་ཞིག་གིས་ཨ་བོད་ཀྱི་བཤད་པ་མགོ་ཚོས་གི་ཡོད་་ས་མ་རེད། ཁོས་་དབུས་བོད་མི་ཟེར་ན་དབུས་ཁྱད་གཞི་རེད། བོད་མི་ཁྱད་ཆོས་རེད། དེ་ཕྱིར་དབུས་དེ་དབུས་གཙང་གི་དབུས་ལ་གོ་འགྲོ་གི་འདུག
བོད་མིའི་དབུས་ཟེར་ན་བོད་མི་ཁྱད་གཞི་དང་དབུས་ཁྱད་ཆོས་ཡིན་པས་བོད་པ་ཡོངས་གི་དབུས་ལ་གོ་གི་འདུག་ ཟེར་གི་ཡོད་ས་རེད།
མང་པོ་ཞིག་གིས་ཨ་བོད་ཀྱི་བཤད་པ་མགོ་ཚོས་གི་ཡོད་་ས་མ་རེད། ཁོས་་དབུས་བོད་མི་ཟེར་ན་དབུས་ཁྱད་གཞི་རེད། བོད་མི་ཁྱད་ཆོས་རེད། དེ་ཕྱིར་དབུས་དེ་དབུས་གཙང་གི་དབུས་ལ་གོ་འགྲོ་གི་འདུག
བོད་མིའི་དབུས་ཟེར་ན་བོད་མི་ཁྱད་གཞི་དང་དབུས་ཁྱད་ཆོས་ཡིན་པས་བོད་པ་ཡོངས་གི་དབུས་ལ་གོ་གི་འདུག་ ཟེར་གི་ཡོད་ས་རེད།
ཡ་ཁོ་རེ། ད་ཡིན་ན། བློ་བཟང་སེངྒེ་ལགས་བོད་དབུས་ནས་མིན་པ་འདྲ། ཕྱི་བོད་བོད་ཕྱི། དེ་བཞིན་ནུབ་བོད་西藏དང་ཤར་བོད།东 藏
ཀླུ་སྨྱོན་སོགས་ཁ་ཅིག་ལ་གསལ་བཤད། དབུས་ཞེས་བྲིས་དགོས་པ་ནི་གཞུང་དང་སྒྲིག་འཛུགས་ཁག་ལ་དབུས་དང་ས་གནས་ཀྱི་གཞུང་དང་སྒྲིག་འཛུགས་གཉིས་ཡོད་པས་རྡ་སར་ཡོད་པའི་བོད་མིའི་སྒྲིག་འཛུགས་དེ་ལ་དབུས་བོད་མིའི་སྒྲིག་འཛུགས་ཟེར་གྱི་ཡོད་རེད། དེ་མིན་ནུབ་ཕྱོགས་དང་རྒྱ་གར་གྱི་ས་གནས་གཞན། འབྲུག བལ་ཡུལ་སོགས་ལ་ཡོད་པའི་བོད་མིའི་སྒྲིག་འཛུགས་ལ་ས་གནས་བོད་མིའི་སྒྲིག་འཛུགས་ཟེར་གྱི་ཡོད་རེད། ད་ཧ་ག་ས་ཡོད། ཡིན་ནའང་ཁ་ཅིག་ནི་ནོར་བ་ཁྱོན་ནས་ཁས་ལེན་མི་སྲིད།
རྒྱ་གར་གཞུང་ལ་ Government of India སྐབས་རེ་ Center government ཟེར། ཡིན་ནའང་ Center government of india ནམ་ཡང་མི་འབྲི། དེ་ཡིན་དུས་དབུས་ཞེས་པའི་ལྷན་པ་དེ་རྒྱག་དགོས་པ་དང་མི་དགོས་པའི་སྐབས་སོ་སོར་འབྱེད་དགོས་སྙམ། ངའི་འདོད་པ་ལྟར་ནའང་དབུས་ཞེས་པ་དེ་མ་སྦྱར་ན་ལེགས་པར་མངོན།
ཡིན་ནའང་ཁ་སྟོང་ཚིག་སྟོང་རེད་པ། ཧ་ཧ་
ད་རུང་རྩོད་རྒྱོབས་ར་་་་་བཙན་བྱོལ་སྲིད་གཞུང་ཡོད་སའི་ས་ཆ་འདི་་་་བོད་མིའི་དབུས་སམ་དཀྱིལ་ལ་ཆགས་གྲབས་ཆགས་གྲབས་གནང་གིན་འདུག་པས་་་་ངོ་མས་དགའ་ནི་ཞིག་རེད། དགའ་དགོས་པའི་རྒྱུ་མཚན་ནི་་་ཆུ་བོ་གངྒའི་དམན་ནས་་་་་རྒྱ་ནག་ལྕགས་རི་ཆེན་མོའི་ཡན་ཆོད་བར་་་་བོད་མིའི་མངའ་འོག་ཏུ་བསྡུས་པའི་ལོ་རྒྱུས་ཡ་མཚན་ཅན་དེ་ཚོའི་དབང་དུ་བྱས་ན་་་་ཕལ་ཆེར་འུ་ཚང་གི་སྲིད་གཞུང་ས་གནས་འདི་་་་་བོད་མའི་ས་ཆའི་དབུས་སམ་་དཀྱིལ་ལ་ཏག་ཏག་ཁེལ་འདུག་པས་་་དབུས་བོད་མིའི་སྒྲིག་འཛུགས་ལབ་ན་དོན་ལ་གནས་པར་སེམས་སོ།
ལས་མེད་ཚོ་འུར་ཟིང་དེ་ཙམ་མ་ཆེ་ནས། དབུས་བོད་མིའི་སྒྲིག་འཛུགས་ཞེས་པ་འདི་འགྲིག་མེད་ན་ཟམ་གདོང་བླ་མ་འཚོལ་དུ་སོང་། ཀརྨ་ཆོས་འཕེལ་གྱིས་བོད་ཡིག་ཤེས་ཀྱི་མེད་སྐད་བཤད་མཁན་གཉིས་ལས། རྒྱོ་དབང་ཀླུ་སྨྱོན་ཕར་ལ་ཕུད། གསེར་རྟ་ཚང་གི་སྔགས་རྒན་འདུག་རོགས་གྱིས། ཀརྨ་ཆོས་འཕེལ་གྱིས་ཡི་གེ་ཤེས་རྒྱུ་ཕྱེད་ཀ་ཙམ་ཁྱོད་ཀྱིས་མི་ཤེས་བཞིན་ཏུ། གཅིག་གཅིག་རེད། གཉིས་གཉིས་རེད་ཟེར་ནས་མི་ལ་རྐྱང་རྐྱང་མ་ལབ་ནས། ཁ་ཚུར་ལ་བསྐོར་དང་། ཚིག་རྐང་བཅུ་ཙམ་ཡང་ལེགས་པོ་ཞིག་འབྲི་མི་ཤེས་བཞིན་ཏུ་ཤེས་ལྡན་དག་ལ་སྨོད་པ་ནི་སྙིང་རེ་རྗེ།
སྤྱིར་དབུས་བོད་མིའི་སྒྲིག་འཛུགས་ཞེས་བཤད་ན་གོ་རྒྱུ་མེད་པ་ཞིག་མ་རེད་མོད། འོན་ཀྱང་རྒྱལ་ཁབ་ཅིག་དང་། མི་རིགས་ཤིག་གི་གཞུང་ལ་འདོགས་འོས་པའི་མིང་ཞིག་གཏན་ནས་མ་རེད། དབྱིན་ཇེའི་ནང་ལ་དེ་ལྟར་བྲིས་ན་ཡང་། བོད་ཡིག་ཐོག་ལ་བཙན་བྱོལ་བོད་གཞུང་ཟེར་ནས་བྲིས་ན་འཕྲལ་བཟང་ལ་ཕུག་ཁེ་བ་རེད། འགྲིག་ཡོད་ན་ཟམ་གདོང་བླ་མའི་བྱས་རྗེས་རེད་ལ། འགྲིག་མེད་ན་ཟམ་གདོང་བླ་མའི་ནག་ཉེས་རེད།
ཨིན་ཇིའི་ཚིག་དོན་ཇི་མ་ཇི་བཞིན་ནི་འདི་འདྲ་ཞིག་ལ་ཏག་ཏག་བབ་འདུག
༼ central tibetan administration བོད་ཀྱི་གཞུང་འཛིན་ལྟེ་གནས་ལྷན་ཁང་། ༽
མཆན་ ༡༨
མཆན་བགོད་པོ་ ཡིག་ནོར་ཞབས་ཞུ་བ།།
མཆན་ལ་ ཕྱོགས་ཞེན་དོར་བའི་དྲང་ཚུགས་ཀྱི་ནུས་པ་མཆིས།།
མཆན་ལ་ ནང་དོན་ཟབ་པས་དེར་ནན་ཏན་གྱིས་གཟིགས་རོགས།།
ཨ་རིའི་བོད་པ། དབྱིན་ཇིའི་བོད་པ། རྒྱ་གར་བོད་པ། འབྲུག་གི་བོད་པ། བལ་པོའི་བོད་པ། ཀྲུང་གོའི་བོད་པ་ཟེར་རྒྱུ་ཡིན་ནམ༽
ཨ་རིར་གནས་སྡོད། དབྱིན་ཇིར་གནས་སྡོད་བཅས་བྲིས་ན་མི་ལེགས་སམ༽ གཞན་བོད་པ་རང་གིས་རྒྱལ་ཁབ་གཞན་གྱི་ཚོང་ཟོག་འདྲ་པོ་བཟོ་ཡས་ཉེན་ཁ་འདུག ཞར་དུ་བརྗོད་དགོས་པ་ཞིག་ལ་དམངས་གཙོའི་འགྲོ་ལུགས་ལྟར་བཀའ་ཁྲི་མཆོག་ཆོལ་ཁ་གསུམ་གས་འདེམས་པ་ལས་༧རྒྱལ་བ་རིན་པོ་ཆེས་ཐད་བསྐོས་གནང་བ་མ་ཡིན་སྟབས་དགའ་ལྡན་ཕོ་བྲང་གི་གཞུང་ཞེས་བརྗོད་ན་མི་ལེགས། གྲགས་པའི་ཟེར་བ་ནི་མ་རངས་པའི་ཚིག་ཡིན། སེམས་ཅན་སོ་སོར་ཁམས་མི་འདྲ་བ་དང་། མོས་པ་མི་འདྲ་བ་ཡོད་སྟབས་རང་གི་འདོད་པ་ལྟར་ཡོང་ཡས་ཁག སྲིད་པའི་རྡོ་རྗེ་ལགས་ནས་དགོངས་པ་རྒྱ་ཆེ་ཙམ་བཞེད་ནས་ལྟ་བ་རྙིང་པ་དོར་དགོས།
Center Tibetan Administration. CTA
Center དབུས Tibetan བོད་མི Administration སྒྲིག་འཛུགས།
ཞེས་དབྱིན་ཡིག་ནས་སྒྲ་ཐད་སྒྱུར་བྱས་ནས་བོད་སྐད་ནང་བླུགས་པ་དེས་མགོ་རྙོག་ཚང་མ་བཟོས་པ་རེད།
སྒྱུར་མཁན་གྱི་མི་བུ་དེ་ལ་བོད་པ་རང་གི་ཁྱད་གཞི་དང་ཁྱད་ཆོས་བརྗོད་པའི་སྒྲའང་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་ཡི་འགྲོ་ལུགས་མ་ཤེས་པའི་ནོངས་པ་ཁོ་ནའོ། དེ་འདྲ་ཚིག་སྒྱུར་བྱེད་ན། My honey ངའི་སྦྲང་རྩི། have a sweet dream གཉིད་ལམ་མངར་མོ་ཐོངས།
ལྟ་བུ་ཆགས་འགྲོ དེ་འདྲ་མིན་པ། ངའི་སྙིང་སྡུག གཉིད་ལམ་སྐྱིད་པོ། ཞེས་སྒྱུར་དགོས་པ་ལྟར་གོང་གི་དེ་ལ་ཆེས་མཐོ་བོད་མིའི་སྒྲིག་འཛུགས། ཟེར་ན་དོན་འགྱུར་ཡིན་ནོ།
གོང་དུ་ཚིག་སྒྱུར་བྱས་པའི་ཉེ་ལེན་ལས། དབུས་བོད་མིའི་སྒྲིག་འཛུགས། ཁམས་ཀྱི་བོད་མིའི་སྒྲིག་འཛུགས།
ཨམ་མདོ་བོད་མིའི་སྒྲིག་འཛུགས། བཅས་གསུམ་ཐོན་མི་སྲིད་མིན།
Upper Tibetan Administration, Center Tibetan administration and Lower Tibetan administration. ལྟ་བུར་ཆགས་ནས་བོད་མི་སྤྱི་ཁྱབ་ཀྱི་སྒྲིག་འཛུགས་ཤིག་ལ་གོ་མི་ཐུབ།
དབུས་ཟེར་བའི་ཚིག་འདི་ལྷ་སའི་གཡས་གཡོན་གྱི་བོད་མི་ལ་གོ་གི་འདུག་ན།
དབུས་ཟེར་བའི་ཚིག་འདི་མེད་པ་བཟོས་ན་དགའ་བསུ་ཡོད་ལགས།
དབུས་ཀྱི་བོད་མི། བོད་གཞུང་འམ་བོད་མིའི་སྒྲིག་འཛུགས་ནང་མེད་འདུག་ན།
དབུས་དང་འབྲེལ་བའི་ཚིག་ཡོད་ཚད་མེད་པ་བཟོ་དགོས་དང་དགོས་ལགས།
དབུས་ཀྱི་སྤྱི་འཐུས་མེད་པ་མཐོང་བཞིན་དུ་དབུས་གཙང་སྤྱི་འཐུས་ལབ་ན་ངོ་ཚ་པོ་རེད་ལགས།
དབུས་ཀྱི་བཟོས་པའི་གསུམ་བཅུའི་དུས་དྲན་དེ་ཡང་དུས་སང་ནས་མ་བཏང་པར། ལེགས་པོ་སྤྲུལ་སྐུ་དང་། དགེ་ཏག་སྤྲུལ་སྐུས་བཅིང་སྒྲོལ་དམག་མི། བོད་ལ་ཁྲིད་ཡོང་བའི་དུས་ཚིག་དེ།
དྲན་གསོ་བྱས་ན་ཡག་པོ་འདུག་ལགས།།
ཕྱི་ཟླ་ལྔ་པའི་ཕྱི་ཚེས་ཉི་ཤུ་གསུམ་ཉིན། བཙན་བྱོལ་བོད་གཞུང་བསྡུ་གསོག་བརྒྱབ་ནས།
དབུས་བོད་མིའི་སྒྲིག་འཛུགས་ལ་བཟོ་མཁན། ཟམ་གདོང་བླ་མ་དང་སྤེན་པ་ཚེ་རིང་རེད་འདུག་ན།
དབུས་དང་ཕྱི་ཟླ་ལྔ་པའི་ཕྱི་ཚེས་ཉི་ཤུ་གསུམ་གྱིས་དུས་ཚིག། འདི་གཉིས་ལ་དྲི་བ་ཡོད་ན་ཁོང་གཉིས་ལ་དྲི་དགོས་པ་མཐོང་ལགས།།
དབུས་བོད་མིའི་སྒྲིག་འཛུགས། བོད་མིའི་སྒྲིག་འཛུགས།
དབུས་གཙང་སྤྱི་འཐུས། གཙང་སྟོད་སྤྱི་འཐུས།
གསུམ་བཅུའི་དུས་དྲན། ལེགས་དགེ་སྤྲུ་སྐུའི་བཅིང་དམག་དུས་དྲན།།
བོད་ཅེས་པའི་ཚིག་འདི་སྔོན་ལ་དགོས་ངེས་ན་ཨ་རིའི་བོད་པའི་ཚབ་ལ་བོད་པ་ཨ་རི་ལོབས།
ངས་བལྟས་ན་དབུས་བོད་མིའི་སྒྲིག་འཛུགས་ལས་ །། གངས་ལྗོངས་བོད་ཀྱི་བསྟི་གནས།། ཟེར་ན་སྙན་པོ་ཞིག་འདུག་སྙམ།། གངས་ལྗོངས་ཟེར་བ་འདི་ལོ་ངོ་སྟོང་ཕྲག་ཟིན་པའི་བོད་ཡུལ་གྱི་མིང་ཞིག་ཡིན་ནམ་སྙམ། དེའི་ཕྱིར་མིང་སྙན་པོ་འདི་རང་སོར་བཞག་ན་ལེགས་པར་འདུག སྔར་བཅའ་ཁྲིམས་བཟོ་བཅོས་རྒྱག་སྐབས། །།བདེན་པ་ཉིད་རྒྱལ་གྱུར་ཅིག། ཅེས་པའི་མིང་གསར་བ་ཞིག་བཏགས་རབས་འདུག །འོན་ཀྱང་སྨོན་ལམ་འདྲ་བོ་འདུག །
བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས། ཟེར་ན་གང་འདྲ་འདུག
མདོ་དབུས་ཁམས་གསུམ་ཞེས་པའི་ཐ་སྙད་དེ་ཐོག་མར་ཀུན་སློང་གང་འདྲ་ཞིག་གིས་ཐོག་ནས་བཟོས་པ་རེད་དམ། མདོ་ཞེས་པ་དེ་སྔོན་ལ་ངེས་པར་དུ་དགོས་དོན་ཅི་ཡིན་ནམ། ཐ་སྙད་དེ་གསར་དུ་ཐོན་ནས་ལོ་ཤས་ལས་ཕྱིན་མེད། དེར་ཨུ་ཚུགས་ཀྱིས་ཤི་འཐམ་རོ་འཐམ་ཅིའི་ཕྱིར་བྱེད་བཞིན་པ་རེད་དམ།
མདོ་སྨད་རྟ་ཡི་ཆོལ་ཁ་ཞེས། །
མིང་གི་ཐོག་མའི་མདོ་འདི་ནི། །
གནའ་ནས་གྲགས་ཚོད་འདུག་པ་ལ། །
འཁྱོག་བཤད་མ་གནང་ཐུགས་རྗེས་གཟིགས། །
མཆན་མང་བས་ཀློག་ཁོམ་མ་བྱུང་བས་གཞན་རྣམས་ལ་ལན་འདེབས་མེད།
རྩོམ་པ་པོས་གསུང་པ་འདི་ཧ་ཅང་འཐད། ད་བར་དུ་ཁོ་བོས་འདི་ལ་དོ་སྣང་མ་བྱུང་བ་གང་ཡིན་ནམ་སྙམ་བྱུང་།
ཁྱེད་ཀྱི་མཚན་མ་འཁོད་པ་དེ་ནོར་འདུག འོན་ཀྱང་དག་བཅོས་འདི་ལ་ཐུགས་རྗེ་ཆེ།
ཡང་འདི་ལ་ཞིབ་ཆ་ཞིག་བྱེད་དགོས་པ་ནི་ཁྱེད་ཀྱིས་བོད་སྐད་ལ་ཁྱད་ཆོས་དེ་ཁྱད་གཞིའི་རྗེས་སུ་འགྲོ་བས་ཁྱབ་གསུང་པ་དེ་ནོར་བ་མིན་ནམ་སྙམ། ཁྱེད་ཀྱིས་གསུང་བའི་ཚིག་(བོད་མིའི་དབུས་སྒྲིག་འཛུགས)་ཟེར་བ་དེ་རང་ལ་བསམ་ན་ཡང་(དབུས་སྒྲིག་འཛུགས)་ཞེས་ཀློག་རྒྱུ་ཡིན་ཞིང་། འདིའི་སྐབས་སུ་དབུས་ནི་སྒྲིག་འཛུགས་ཀྱི་སྔོན་དུ་འདུག་པས་སོ། དེ་བཞིན་མང་པོ་ལོས་ཡོད།
མཆན་འདེབས་མཁན་མང་པོ་ཞིག་གིས་རྩོམ་པ་པོ་ལ་འཕྱ་དམོད་བྱེད་པ་མཐོང་བས་དེ་དག་གིས་རང་མདོག་བསྟན་པ་རང་རེད། རྩོམ་པ་པོ་ལ་བོད་ཀྱི་བརྡ་དག་གི་འགྲོས་ལ་བག་ཆག་ཟབ་མོ་ཡོད་པ་མཐོང་ཐུབ་ཀྱི་འདུག་གཞན་མང་པོ་ཀློག་ཁོམ་མ་བྱུང་།
གང་ལྟར་བོད་ཀྱི་སྐད་ཀྱི་ནང་དུ་སྒྲིག་འཛུགས་ཤིག་གི་མིང་ཡིན་ན་ས་གནས་གནས་དེ་སྔོན་དུ་འབྲི་བ་རང་གྲུབ་རེད། དཔེར་ནཿ ཆབ་མདོ་ས་གནས་དམག་ཁུལ་ཁང་། ལྷ་ས་་་་་་ཡན་ལག་ཁང་། གཞིས་རྩེ་་་་་་ཁང་། བོད་ལྗོངས་སློབ་ཆེན། པེ་ཅིན་མི་རིགས་སློབ་ཆེན། ལན་ཀྲུ་མི་རིགས་སློབ་ཆེན། ཟི་ལང་་་་་་ཡན་ལག་ཁང་། སོགས་ཀྱིས་ཤེས་ཐུབ། དེ་བཞིན་རྒྱ་ནག་དབུས་གཞུང་། རྒྱ་གར་དབུས་གཞུང་། དབྱིན་ཇི་དབུས་གཞུང་ཟེར་བ་སོགས་ཀྱང་མ་ནོར་བར་འབྲི་བཞིན་ཡོད།
འདིར་དབུས་གཞོན་ནུའི་སྒྲིག་འཛུགས། དབུས་བོད་སློབ་འཛིན་ཚོགས་ཟེར་བ་སོགས་ཡོད་པ་ནི་མ་དག་རྒྱུན་འབྱམས་སུ་སོང་བ་རང་རེད་འདུག་སྙམ། འདི་དག་ནི་རྩོམ་པ་པོས་གསུང་པ་བཞིན་དབྱིན་ཡིག་གིས་བོད་ཡིག་ལ་བཙན་འཛུལ་རེད། ད་དུང་བོད་ཀྱི་ངག་ལ་འདི་འདྲ་བ་མང་པོ་ཐོས་རྒྱུ་ཡོད།
ཨ་ཤུ་རེ་གོ། རྩོམ་ཡིག་འདི་ཡོང་འཕྱི་སོང་། འདི་བསམ་ཚུལ་དོན་ལྡན་ཞིག་རེད། ད་དུང་རྭ་རྒྱ་བློ་དབང་དང་ཀླུ་སྨྱོན། ཚེ་རིང་རྡོ་རྗེ་བཅས་ཀྱིས་ཀྱང་མཆན་ཡག་པོ་སྤེལ་འདུག སྤྱིར་ན་ཕྱི་ལོ༢༠༡༡ལོར་བཙན་བྱོལ་བོད་གཞུང་ཞེས་པ་ཕྱིར་བསྡུའི་སྐབས་སུ་བོད་གཞུང་ཕྱིར་བསྡུ་བྱས་པར་ངོ་རྒོལ་སྤེལ་མཁན་མང་དུ་བྱུང་མོད། བཙན་བྱོལ་ཞེས་པ་ཕྱིར་བསྡུ་བྱས་པར་གླེང་སློང་བྱུང་མཁན་མ་བྱུང་ཐལ། སྐབས་དེར་བདག་གིས་《གཞུང་ལས་ཀྱང་བཙན་བྱོལ་གལ་མི་ཆེའམ》ཞེས་པ་དང་《ད་ཕྱིར་བསྡུ་བྱེད་དགོས་པ་གང་རེད》ཅེས་པའི་རྩོམ་ཡིག་སྔ་ཕྱི་གཉིས་སྤེལ་ཏེ་(གངས་ལྗོངས་བཙན་བྱོལ་མང་གཙོའི་སྒྲིག་འཛུགས)ཞེས་པ་ལྟ་བུ་ཞིག་ལེགས་རབས་ཀྱི་རྩོམ་ཡིག་སྤེལ་མོད། ནུས་པ་ཅི་ཡང་མ་ཐོན་ཐལ། དོན་དངོས་སུ་སྐབས་འདིར་དབྱིན་ཇིའི་མིང་ཚིག་ཅིག་བེད་སྤྱོད་པ་འདི་ལས་ཀྱང་བཙན་བྱོལ་ཞེས་པའི་ཐ་སྙད་འདི་ཤོར་བ་ནི་ཕངས་སེམས་བླ་ན་མེད་པ་དེ་རེད་སྙམ་བྱུང་།
རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་ཟེར་བ་དེ་མི་འགྲིག་པ་མེད་ན། དབུས་བོད་མིའི་སྒྲིག་འཛུགས་ཟེར་བ་དེ་མི་འགྲིག་པ་ག་རེ་འདུག །ངས་བལྟས་ན་ཐ་སྙད་དེ་ལ་མི་བཟོད་པ་བྱེད་དགོས་དོན་མི་འདུག་སྙམ། དེ་འདྲ་རྐྱང་རྐྱང་རྩོད་སྡད་ན། སེ་ར་འབྲས་སྤུངས་དགའ་ལྡན་ཟེར་བའི་ཐ་སྙད་དེ་ཡང་བཅོས་དགོས་ཀྱི་འདུག་ཟེར་མི་སྲིད་པ་རེད་མིན་འདུག །བོད་རིགས་འགའ་ཤས་ནི་ཁ་དང་ལག་གཉིས་ན་ང་ཚོ་ཁྱོད་ཚོ་རྐྱང་རྐྱང་ཟེར་བའི་གོམས་གཤིས་ཤིག་འཇགས་ནས་ཡོད། གོམས་གཤིས་དེ་རྒྱུན་སྐྱང་ངམ་དོར་དགོས་མིན་བསམ་གཞིག་བྱ་དགོས་པ་ཡིན།
དབུས་གཞུང་། དང་། ས་གནས་གཞུང་ཞེས་འཐད་ན། དབུས་བོད་མིའི་གཞུང་ཞེས་མི་འཐད་པ་ག་ལ་ཡོད།
དཔེ་ཡག་པོ་མཐོང་སོང་།་་ཀྲུང་དབྱང་བོད་མི་སྒྲིག་འཛུགས་ཞེས་བཏགས་ན་བོད་ནང་ནས་བརྒྱ་ཆ་༩༩རྒྱབ་སྐྱོར་རག་ས་རེད།་་དེ་མིན་བཙན་བྱོལ་ཚང་ལ་བརྡ་སྤྲོད་མེད།་་བཀའ་བློན་ཁྲི་བ་བོད་ཡིག་མེད་ཟེར་བ་དེར་བདེན་དཔང་བྱས་ཤག
དབྱིན་ཡིག་གི་ཚིག་ཇི་བཞིན་བསྒྱུར་དགོས་དོན་ཇི་ཡིན་ནམ།