Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མདོ་རྔ་པའི་གནས་ཚུལ་གསར་པ།

Posted on 2012-07-19 By ཁ་བརྡ་ 36 Comments on ཨ་མདོ་རྔ་པའི་གནས་ཚུལ་གསར་པ།

ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༧ ཉིན་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་བློ་བཟང་བློ་འཛིན་ལགས་ཀྱི་ཕུང་པོ་ཉིན་དེའི་མཚན་མོ་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་ཉེ་འགྲམ་གྱི་ཆུ་ནང་དུ་ཉ་བཞིན་བྱས་ཡོད་ཅིང་། ཉིན་དེའི་ཕྱི་དྲོ་འབར་ཁམས་རྫོང་ཐོག་ནས་མངགས་གཏོང་བྱས་པའི་དྲག་ཆས་ཉེན་པ་སོགས་འབོར་ཆེན་ཞིག་རྒྱལ་རོང་ཚོ་བདུན་དུ་འབྱོར་ཡོད་ཀྱང་ཚོ་བདུན་མི་མང་གིས་རང་ནུས་གང་ཡོད་ཀྱིས་བཀག་འགོག་བྱས་པར་བརྟེན། དགོན་པའི་ནང་དུ་སླེབས་མེད་པར། ཆུའི་ཕར་འགྲམ་དུ་དམག་སྦྱོང་འདྲ་མིན་བྱས་ནས་བསྡད་ཡོད་འདུག ཕྱི་ཚེས་ ༡༨ ཉིན་ཚོ་བདུན་མི་མང་གིས་དགོན་པའི་ནང་དུ་ཕྱག་མཆོད་འབུད་དང་སྐོར་ར་བྱེད་པ་སོགས་དགེ་བའི་ལས་འབད་ཅིང་། ཉིན་གང་བོར་ཚོང་ཁང་དང་ཟ་ཁང་ཚང་མ་སྒོ་བརྒྱབ་སྟེ་མྱ་ངན་གྱི་རྣམ་པ་མཚོན་གང་ཐུབ་བྱས་ཡོད་འདུག

དེ་མིན་ཕྱི་ཟླ་ ༦ ཚེས་ ༢༦
གི་མཚན་མོ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚེ་རིང་། རང་ལོ་ ༢༡ ཡིན་པ་ཁོང་དགོན་པའི་ནང་ནས་རྔ་པའི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཤིང་། ནང་མི་ཉེ་འབྲེལ་ཚོས་འབྲེལ་ཡོད་ལས་ཁུངས་མང་པོར་རྩད་གཅོད་བྱས་ཀྱང་། ད་བར་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་མ་བྱུང་བར་གར་སོང་ཆ་མེད་དུ་གྱུར་ཡོད། ཁོང་ནི་རྔ་སྨད་ལོ་རྟ་ཞང་། བ་ཏོ་སྡེ་བའི་ལྷ་བཟོ་ཚང་ཡིན་ཞིང་། ཕ་མིང་ལ་བཀྲ་ཤིས་ཚེ་རིང་དང་། མ་མིང་ལ་ཆུང་གོ་ཡིན་འདུག ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཏེ་དགོན་ནང་དུ་རྒྱུན་སྡོད་བྱས་ཡོད།

དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༠ ཙམ་ལ་འཛིན་བཟུང་བྱས་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་གྲོས། རང་ལོ་ ༣༦ ཡིན་པ་ཁོང་གི་སྐོར་ཉེ་སྔོན་ཕྱི་ཟླ་ ༧ ཚེས་མགོ་ཙམ་ལ་གནས་ཚུལ་ཤེས་རྟོགས་བྱུང་བར་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ལོ་
༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཅིང་། ཁྲིམས་ཐག་གཅོད་སྐབས་འབྲེལ་ཡོད་ཚོར་བརྡ་ལན་གང་ཡང་འབྱོར་མེད་སྟབས་སྐབས་དེའི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད། ཁོང་ལོ་སྔོན་མར་འཛིན་བཟུང་བྱས་པ་ནས་ཉེ་ཆར་འབར་ཁམས་ནས་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་མ་ཐོས་བའི་བར་དུ་གར་ཡོད་ཙམ་གྱི་གནས་ཚུལ་ཡང་གོ་ཐོས་བྱུང་མི་འདུག ཁོང་ནི་རྔ་སྟོད་ཨ་འདུས་ཞང་། གཤོང་བ་སྡེ་བའི་ཝོ་ཁ་ཚང་ཡིན་ཞིང་། ཕ་མིང་ལ་གདུགས་ཁོ་ཡིན་འདུག ཁོང་རང་ལོ་ ༢༠ ཡོལ་ཙམ་གྱི་སྐབས་སུ་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་། རྒྱུན་དུ་བོད་ལུགས་ཀྱི་རི་མོ་སྣ་ཚོགས་འབྲི་བའི་ལྷ་བཟོ་འམ། རི་མོའི་སྒྱུ་རྩལ་བ་ཞིག་ཡིན་འདུག་པ་བཅས།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས།
ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༨ ལ།

གསར་འགྱུར།

Post navigation

Previous Post: རང་ལུས་མེར་སྲེག་ཐེངས་ ༥༡ པ་དང་བཅས་པའི་ས་ཁྲ
Next Post: བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འཕྲོས་པའི་བསམ་ཚུལ།

Comments (36) on “ཨ་མདོ་རྔ་པའི་གནས་ཚུལ་གསར་པ།”

  1. བྱ་གླག་རྒོད་པོ་ says:
    2012-07-19 at 2:25 am

    གཞི་ལུས་སྤུན་ཟླ་རྣམས་ལ་རྒྱ་དམར་ཀླ་ཀློ་འདིས་མནར་གཅོད་ཇི་ཙམ་གཏོང་གི་འདུག དགྲ་ལ་དགྲ་ལན་
    ཤ་ཤོར་ཤ་ལན་དགུ་སྐོར་མ་བླངས་པར་རང་དགར་འདུག་ཐབས་ཨེ་འདུག་བོད་པ་ཚོ། གཏམ་དཔེར་སངས་
    རྒྱས་བསྟན་ལ་དགྲ་བྱུང་ན་ཉན་ཐོས་རྣམས་ཀྱང་མཚོན་ཆ་ཐོགས་ཟེར་བ་མ་ཡིན་ནམ།

  2. རང་དབང་ཨ་རྡུ་མན་ says:
    2012-07-19 at 2:38 am

    ད་རེས་ངས་བརྗོད་འདོད་པ་ཞིག་ལ་་་་བོད་ཕྱི་ནང་གང་ཡིན་རུང་་་་དགེ་འདུན་འདུན་པ་ཞིག་ནས་བོད་དོན་འཐབ་རྩོད་བྱེད་པ་དེ་ནི་་་་
    སངས་རྒྱས་ཀྱི་བསྟན་པ་ཉམས་པའི་སྔ་ལྟས་ངན་པ་ཞིག་ལ་བརྩིས་ཀྱི་ཡོད། མ་ཟད་ནང་པ་ཡོངས་ཀྱི་ཞབས་འདྲེན་བླ་ན་མེད་པ་ཞུས་པ་རེད། གང་ཡིན་ཟེར་ན་་་དགེ་འདུན་པ་ཟེར་ཡག་དེ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་་་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་རེད་མ་གཏོགས་་་བོད་པ་གཅིག་པོའི་ཆེད་དུ་མ་རེད། སོང་ཙང་དེ་ཧ་གོ་པ་བྱེད་རོགས། གནས་དོན་གཞན་ཡང་་་་དེང་སང་འཛམ་གླིང་གང་སར་་་བོད་པའི་གྲ་པ་ཟེར་དུས་་་་མི་ཚང་མས་བོད་ཀྱི་ཆབ་སྲིད་པ་སླེབས་སོང་ཟེར་ནས་དོག་ཟོན་བྱ་ཡུལ་ཞིག་ཏུ་ཆགས་ཡོད། ཧ་ཅང་བློ་ཕམ་གྱི་ཡུལ་རེད།
    ཆབ་སྲིད་པ་ཚོས་་་ནང་པ་སངས་རྒྱས་པའི་ཆོས་དེ་་་་སྲིད་ཀྱི་ལག་ཆར་བྱེད་ཡག་མང་དྲག་པས་ལན་པ་རེད། ང་རང་ཡིན་ན་་་
    སྤྱིར་བོད་མིས་ཚོས་རང་ལུས་མེར་སྲེགས་གཏང་པར་དགག་པ་མཐའ་གཅིག་ཏུ་བརྒྱབ་མཁན་ཞིག་ཡིན་་་དེའི་ནང་ནས་ཀྱང་དགེ་འདུན་པ་ཞིག་ནས་དེ་འདྲ་བྱེད་ཡོང་དུས་་་་ངའི་མི་ཚེ་ནང་དུ་དེ་ལས་རྣམ་རྟོག་ཆེ་བ་རྩ་བ་ནས་མེད། སོང་ཙང་བོད་རིགས་དགེ་འདུན་པ་ཚོ་་་་་་རྨོངས་གཉིད་ལས་སད་དང་སྐུ་མཁྱེན་་་་་ནང་པའི་རྐང་མ་འདྲེན་དང་་་་་གསུང་མཁྱེན་་་་་སོ་སོ་དམྱལ་བར་འཕེན་བྱེད་ཀྱི་ལས་མ་གསོག་དང་་་་་ཐུགས་མཁྱེེེན། བོད་ནང་དུ་ཞི་བདེ་མ་དཀྲུགས་དང་་་་་་སྐུ་གསུང་ཐུགས་གསུམ་པོ་མཁྱེན་ནོ།།

  3. བྱ་གླག་རྒོད་པོ་ says:
    2012-07-19 at 3:32 am

    བོད་ནང་དུ་དཀྲུག་རྒྱུའི་ཞི་བདེ་ཞིག་ཡོད་ན་དགའ་བ་ལ། ང་རང་མའོ་ཡི་དར་དམར་འོག་ནས་འཚར་ལོང་
    བྱུང་ཞིང་། རང་ལོ་ཉི་ཤུ་རྩ་བདུན་བར་དུ་བོད་ནང་བསྡད་ཀྱང་ཞི་བདེའི་ཚོར་སྣང་ཉིན་མ་གཅིག་བྱུང་མ་
    མྱོང་། ཞི་བདེ་མེད་པར་ཞི་བདེ་དཀྲུག་རྒྱུ་ཡོད་པ་ནི་མོ་གཤམ་བུའི་གདོང་པ་འཕྲོ་བརླག་བཏང་སོང་ཟེར་
    བ་དང་གཅིག་པ་མ་རེད་དམ།

  4. གངས་ལྗོངས་རྒྱལ་སྲས says:
    2012-07-19 at 5:06 am

    མི་ལོ་ཉེར་བདུན་ལ་ཞི་བདེ་ཉིན་གཅིག་མ་བྱུང་འེ་་་་་་དེ་འདྲ་ག་རེ་གནང་སོང་བྱ་གླག་རྒོད་པོ་འཱ་ ཁྱེད་རང་བྱ་ཡི་ནང་ནས་བྱ་གླག་ཡིན་པ་དང་རྒོད་པོ་ཡིན་ན་ཡང་དགོས་ཕན་གང་ཡང་མ་བྱུང་བ་འདྲ་རྒྱ་ནག་བོད་བརྣག་རང་རེད་ངོ་མ་སེམས་དཱ་སེམས་སྐྱོ་ནི་ཟི་རེད་ཡ། ཁྱོད་སྙིང་རྗེ་ཨ་ཁཱ་ཁཁཁཁཁཁ

  5. གངས་ལྗོངས་རྒྱལ་སྲས says:
    2012-07-19 at 5:11 am

    ཨ་མདོ་རྔ་བའི་མི་དམངས་ལ་བདེ་སྐྱིད་ཉི་མ་མྱུར་དུ་ཤར་ཤོག བོད་མའི་དཔའ་མཛངས་གཉིས་ལྡན་གྱི་ཡུལ་མི་ཚོ་ལ་སྙིང་ནས་གུས་འདུད་ཞུ།

  6. ཨ་ནུ་ཐང་བསོད་ནམས says:
    2012-07-19 at 5:16 am

    གནས་ཚུལ་མཁོ་སྤྲོད་གནང་བ་ཐུགས་རྗེ་ཆེ། དཔའ་བོའི་རྣམ་ཐར་ལ་མོས་གུས་ཡོད།

  7. རང་དབང་ཨ་རྡུ་མན་ says:
    2012-07-19 at 5:20 am

    ཧ་ཧ་་་་ངས་ལྟས་ན་་་ཁྱེད་རང་བོད་ནས་གསར་འབྱོར་བའི་གྲལ་ནང་་་་་བརྡ་ས་སྙེགས་ལེན་ཁང་དུ་ཆབ་སྲིད་བཙོན་པ་ཡིན་ཁུལ་གྱིས་རོགས་རམ་འཚོལ་སྡོད་མཁན་དེ་འདྲ་མིན་ནམ་བསམ་་་་ ཁྱེད་རང་ལོ་༢༧ བར་དུ་བོད་ལ་སྡོད་པ་ཡིན་་་ཞི་བདེའི་ཚོར་སྣང་ཉིན་མ་གཅིག་ཀྱང་བྱུང་མ་མྱོང་ཟེར་གྱི་ཡོད་ན་་་ད་འོ་ན་་་་ཁྱེད་རང་གི་སྐྱེས་ཡུལ་ལུང་པའི་མིང་དང་ཕ་མ་སྤུན་མཆེད་སོགས་ངོ་སྤྲོད་གཅིག་གནང་ནས་་་་་ཁྱོད་ཚོར་ཞི་བདེ་མེད་པའི་ཚོར་སྣང་ཡོང་སྟངས་དང་། རྒྱ་ནག་གུང་ཁྲིན་ནས་ཁྱོད་ནང་མི་ཚོར་སྡུག་པོ་གཏོང་སྟངས་སྐོར་གཅིག་གསུང་དང་། ཧཧ་་་ངས་བྱས་ན་དེ་མོ་གཤམ་གྱི་བུས་རུས་སྦལ་གྱི་སྤུ་ཡི་གོས་དེ་གྱོན་ནས་རི་བོང་གི་ར་རྩར་གནའ་མ་འགྲོ་ཡི་མིན་འདྲ་སྙམ།།

  8. བྱ་གླག་རྒོད་པོ་ says:
    2012-07-19 at 5:54 am

    བྱ་གླག་རྒོད་པོ་ཡིན་ན་ཁྱོད་ལ་ཞི་བདེ་ཡོད་པའི་ཁྱབ་པ་ཚངས་པས་ཀྱང་བསྒྲུབ་མི་ནུས་ན། ཨ་ཁུ་ཁྲོ་ཐུང་
    དང་ཧོར་གུར་དཀར་གཉིས་ཀས་སྒྲུབ་ཁུལ་བྱས་པ་ནི། མོ་གཤམ་གྱི་བུས་རི་བོང་གི་རྭ་ལག་ལ་ཁྱེར། རུས་སྦལ་གྱི་
    སྤུ་ཡི་ཁྲབ་གྱོན་པ་རང་རེད། ཧ་་་་་ཧ་་་་་་ཧ་་་་

  9. རང་དབང་ཨ་རྡུ་མན་ says:
    2012-07-19 at 6:09 am

    ཧ་ཧ་་་་ངས་བྱས་ན་ཁྱེད་རང་རྩ་དོན་ཡོད་ངེས་ཞིག་རེད་མི་འདུག་་་་དེ་ལས་ང་རང་གཉིས་མཚམས་འཇོག་བྱས་ན་མཛེས།

  10. དྭངས་བླངས་པ says:
    2012-07-19 at 8:51 am

    མཆན༼༩༽ ལཊ། བོད་ནང་གི་ཞི་བདེ་མ་དཀྲུགས་རོགས་ཟེར་ན་ག་རེ་ཟེར་གི་ཡོད། བོད་ལ་ཞི་བདེ་ཡོད་ན་མེ་ལ་སྲེག་དགོས་པའི་འུ་ཐུག་གི་གནས་སྟངས་འདི་གང་འདྲའི་ཆགས་པ་རེད། ཨ་ཡ་མཚན་ཁྱེད་དངོས་གནས་སྐུ་མདོགས་དམར་རྗེན་བུད་པར་ངོ་ཚ་མི་སྐྱེ་བ་ད་དུང་བྱས་རྗེས་ངོམ་པ་ཞབས་འདྲེན་རེད། ཁྱོད་ཀྱི་བསམ་དོན་དེ་སྐྱེ་བར་ཚེ་རབས་དུ་ཡང་འགྲུབ་མི་ཐུབ་པ་ངས་ཁག་ཁུར་ཆོག། ཁྱོད་རང་བྱ་བ་ལམ་འགྲོ་ཡོང་གི་མ་རེད། བོད་ལ་ལྷ་སྲུང་ཡོད་རེད་ད། མགོ་བདེ་མོ་འཁྲབ་ཆེ་ན་ཆག་སྒོ་ཡོང་གི་རེད་ད

  11. འཇམ་གཅེས་ says:
    2012-07-19 at 9:34 am

    བོད་ལ་ཞི་བདེ་དང་རང་དབང་ཕུན་གསུམ་ཚོགས་པར་ཞིག་ཡོད་ན་ཁྱོད་མི་ཡུལ་ལུང་པར་སྐྱག་པ་ཟ་མཁན་ཡང་བ་ཡིན་ནམ། ཡང་ན་གུང་ཁྲན་གཞུང་གིས་མངག་པའི་མི་ཕོ་གོ་ཆོད་ཞིག་ཡིན་ནམ། རང་དབང་ཨ་རྡུ་མན་ནས། བོད་ནང་གིས་གྲྭ་པའི་ནང་པའི་ཞབས་འདྲེན་མི་ཤེས། ཞབས་ངོ་མ་ཁྱོད་རང་གི་འདྲེན་པ་ཧ་གོ་ན་ཡག་པོ་རེད།

  12. དྭངས་བླངས་པ says:
    2012-07-19 at 12:45 pm

    རང་དབང་ཨ་རྡུ་མན་ལཊ། ཁྱོད་གིས་བོད་ལ་རང་དབང་དང་བདེ་སྐྱིད་འདུག་ཟེར། ད་དུང་ཁྱོད་རང་རང་མགོ་ཐོན་མཁན་ཞིག་ཡིན་འདོག་འདོག་ཟེར། ད་འོ་ན་ངས་ཁྱོད་ལ་གཅིག་འདྲི། ཁྱོད་དང་ཁྱོད་རང་གི་ནང་མི་སྤུན་མཆེད་དེ་ཚོར་རང་དབང་དང་ཞི་བདེ་བོད་ནས་རག་ན་འདིར་སྐྱབས་བཅོལ་ཡོང་དོན་ག་རེ་ཡིན། མ་ཚད་ཁྱོད་རང་དང་ཁྱོད་རང་གིས་ནང་མི་དང་སྤུན་མཆེད་ཞི་བདེ་རག་མཁན་ཚོའི་མིང་དངོས་མ་དེ་སྟོན་དང། སླད་མར་ངས་ཁྱོད་ལ་ཕོ་ཆོ་གའི་མིང་དེ་བཏཊ་ཆོག། དེ་མིན་ཁྱོད་རང་རྒྱ་དགའ་ཡིན་སམ་ཡང་ན་དོལ་ཚོགས་ཡིན། དངོས་གནས་དེ་ལོབ་དང། ཁྱོད་རང་རྒྱ་ལ་མ་སྐྲག་ཀྱང་བོད་པའི་སྤྱི་ཚོགས་སུ་གོམས་པ་གང་འདྲའི་སྤོ་གི་འདུག་ངས་བལྟ་ཆོག། ད་དུང་གྲྭ་བཙུན་ཚོར་ཆབ་སྲིད་མི་དགོས་ཟེར། གྲྭ་བཙུན་ཚོར་རང་དབང་དང་ཞི་བདེ་དང་བདེ་སྐྱིད་མི་དགོས་རེད་བས། ད་དུང་སྡིག་པ་ཆེན་པོ་བསཊ་འདོག་འདོག་ཟེར། དོན་ལ་གནས་པའི་སྐད་ཆ་རེད་མ་རེད་ཁྱོད་རང་བསམ་བློ་ཐོང་དང། སེམས་ཅན་ཐམས་ཅད་བདེ་བར་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་པ་དེ་གྲྭ་བཙུན་ཚོའི་ལྟ་གྲུབ་དང་དམིགས་ཡུལ་ངོ་མ་དེ་རེད། བདེ་བའི་རྒྱུ་དེ་བྱམས་སྙིང་རྗེ་ལ་ཐུག་ཡོད། སྐུ་ལུས་མེར་མཆོད་པའི་གྲྭ་བཙུན་ཚོར་སོ་སོར་འདུག་མ་འདོད་ནས་རང་མེད་བྱས་པ་མ་ཡིན་པར། རྒྱ་གཞུང་གི་འོག་ཏུ་གནར་གཅོད་མྱོང་བཞིན་པའི་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་དང་རང་དབང་དང་ཞི་བདེ་ཐོབ་ཆེད་བྱམས་དང་སྙིང་རྗེའི་ཀུན་ནས་སློངས་སྟེ་རང་གི་ཚེ་སྲོག་ལ་འཕངས་པ་མེད་པར་མེ་ལ་ཕུལ་ནས་རྒྱ་གཞུང་དེ་དྲང་བདེན་མེད་པར་དང་ད་ལྟར་བཟུང་བཞིན་པའི་འཁྲིགས་འཛིན་གི་ལྟ་གྲུབ་དེ་འགྱུར་བ་ཡོང་ཆེད་དང། རྒྱ་གཞུང་གི་དཔོན་རིགས་ཚོར་སོ་སོའི་སོ་སོར་ལས་ཀ་གང་འདྲའི་བྱེད་གི་ཡོད་མེད་ཐད་བསམ་བློ་ཡང་བསྐྱར་གཏོང་བའི་ཆེད་དུ་དང། དྲག་གནོན་རྐྱང་པས་མི་བུ་མགོ་གནན་མི་ཐུབ་པའི་དཔང་རྟགས་དང་ཆོལ་གསུམ་གོང་བུ་གཅིག་གྱུར་ཡོང་བའི་རེ་བ་དང། རྒྱ་གཞུང་དམངས་གཙོ་འགྱུར་ན་འཛམ་གླིང་རྒྱལ་ཁབ་ཚང་མ་དམངས་གཙོ་ཆགས་ནས་སྐྱེ་འགྲོ་སེམས་ཅན་ཐམས་ཅད་རང་དབང་དང་ཞི་བདེར་རོལ་ཐུབ་ཆེད་གཞན་གྱི་སྡུག་བསྔལ་དྭངས་དུ་བླངས་སྟེ་རང་གི་བདེ་སྐྱིད་བློས་གཏོང་གནང་བའི་རླབས་ཆེན་གྱི་མཛད་བཟང་དེ་ཡག་པོ་མིན་ན། ད་འོ་ན་ཁྱོད་རང་གི་ལྟ་གྲུབ་དེ་དང་ལག་ལེན་ལ་འབད་པའི་ཆོལ་གསུམ་གཏོར་བསམ་པའི་བློ་དེ་ཡག་པོ་རེད་བས།

  13. རང་དབང་ཨ་རྡུ་མན་ says:
    2012-07-19 at 2:25 pm

    ངས་བལྟས་ན་བོད་ནང་མེར་སྲེགས་གཏང་མཁན་ཚོས་་་་་་བོད་ནང་དུ་ཞི་བདེ་མེད་པ་དང་རང་དབང་མེད་པའི་རྒྱུ་མཚན་གྱིས་བྱས་པར་མི་འདོད། བརྡ་ས་སྒྲིག་འཛུགས་དེས་ཡ་ང་སྙིང་རྗེ་མེད་པའི་ཇུས་ངན་གཤམ་པའི་གྲུབ་འབྲས་རང་དུ་འདོད།
    ག་རེ་རེད་ཟེར་ན་ཁྱེད་རང་བོད་ལ་ཐེངས་གཅིག་ཕེབས་དང་ཤེས་ཀྱི་རེད། རྒྱ་ནག་གཞུང་ནས་བོད་པ་ཚོར་རང་དབང་ཆ་ཚང་སྤྲོད་ཀྱི་འདུག །སོ་སོས་བྱེད་རྒྱུ་མང་དྲག་ནས་རང་བཙན་དགོས་ཟེར་འགྲོ་ན་དེ་རྒྱ་ནག་གི་རྩ་ཁྲིམས་ལ་ཐུག་པར་བརྟེན་ཉེན་ཁ་ཆེན་པོ་རེད་མ་གཏོགས་དེ་མི་སོ་སོས་ག་རེ་བྱེད་བྱེད་རེད་ཤག་་་གྲ་པ་ཚོས་ཆོས་བྱེད་འདོད་ན་དགོན་པ་ནང་དུ་འགྲོ་ནའང་འདྲ་བྱ་བྲལ་འགྲོ་ནའང་འདྲ་རང་མོས་རེད། མི་སྐྱ་ཚོས་སོ་སོས་ཚོང་ལས་བྱེད་ནའང་འདྲ་ཞིང་ལས་དང་འབྲོག་ལས་གེ་རེ་བྱེད་བྱེད་རེད་ཤག །མ་ཟད་སོ་སོས་འཇོན་ན་སློབ་སྦྱོང་ག་རེ་བྱེད་འདོད་ཡོད་ནའང་བྱེད་ཆོག་གི་འདུག །ད་དེ་ལ་ཞི་བདེ་མི་ཟེར་ན།
    ་་ངས་ཀྱང་ཁྱེད་ཚོར་སྐད་ཆ་ཞིག་འདྲི་བར་འདོད། ད་འོ་ན་བཙན་བྱོལ་ནང་དུ་ཞི་བདེ་དང་རང་དབང་ཡོ་རེད་པས།
    ཆོས་དད་རང་དབང་ཡོ་རེད་པས། ༢༠༠༨ ནང་བོད་མི་ནང་ཕན་ཚན་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་པའི་གནའ་སྐྱེལ་དམ་འབུལ་དང་ས་ཡིག་བརྒྱབ་བཅུགས་་པ་དེ་ཚོ་ཆོས་དད་རང་དབང་དང་ཞི་བདེ་བསྐྲུན་བྱེད་ཀྱི་ལག་ཆ་རེད་པས་ལབ་དང་།
    སོང་ཙང་་་་་་་བརྡ་ས་སྒྲིག་འཛུགས་དེ་ནི་དངོས་གནས་ཞི་བདེ་དཀྲུགས་མཁན་གྱི་ཚོགས་པ་གཅིག་ཡིན་པ་ནི་གོར་མ་ཆགས།།

  14. བྱ་གླག་རྒོད་པོ་ says:
    2012-07-19 at 4:03 pm

    འོ་ད་དང་ངོ་མ་ཧ་གོ་སོང་། ཕ་གསོད་དགྲ་བོར་ངོ་སོ་གཏོང་མཁན་རང་རེད་པས། མི་ཤེས་རྒྱུ་ཅི་ཡོད།

  15. བྱ་གླག་རྒོད་པོ་ says:
    2012-07-19 at 4:17 pm

    ཡང་བསྐྱར་ང་ལ་བཤད་ཡ་གཅིག་ཡོད། རང་དབང་ཨ་རྔུ་མན་རང་བོད་ལ་ཆོས་བྱས་ན་ཆོས་བྱ་ས་ཡོད།
    སྐྱིད་པའི་ཉི་མ་ཤར་ཡོད་ན་ད་ཁྱོད་རང་ས་ལ་མ་བསྡད་པར་སྐྱག་པ་ཟ་བར་ཡོང་བ་ཡིན་པས།
    བོད་མིའི་སྒྲིག་འཛུགས་ཀྱིས་ལྐོག་གཡོ་བཤམ་པ་ཡིན་པའིདཔང་རྟགས་རྒྱ་དམར་ལ་བསྟན་རྒྱུ་མེད་ན།
    ད་ཁྱོད་ལ་གང་ཡོད་སྟོན་དང་། འཛམ་བུ་གླིང་གི་མི་རྣམས་ལ་མིག་གཉིས་དང་ཨམ་ཅོག་གཉིས་རེར་
    ཡོད་པས་མཐོང་ཐོས་ཡོང་གི་རེད།

  16. ཁྲོ་ཐུང་ says:
    2012-07-19 at 5:59 pm

    སྐྱག་པ་ཟོ་རང་དབང་ཨ་རྡུ་མན་ག་རེ་ལབ་གི་ཡོད

  17. དྭངས་བླངས་པ says:
    2012-07-19 at 10:48 pm

    ངས་བལྟས་ན་བོད་ནང་མེར་སྲེགས་གཏང་མཁན་ཚོས་་་་་་བོད་ནང་དུ་ཞི་བདེ་མེད་པ་དང་རང་དབང་མེད་པའི་རྒྱུ་མཚན་གྱིས་བྱས་པར་མི་འདོད། བརྡ་ས་སྒྲིག་འཛུགས་དེས་ཡ་ང་སྙིང་རྗེ་མེད་པའི་ཇུས་ངན་གཤམ་པའི་གྲུབ་འབྲས་རང་དུ་འདོད་ཟེར་ན། ད་འོ་ན་བོད་ནང་གཏེར་ཁ་བསྔོག་རྒྱུ་དང། དགོན་པའི་ནང་དུ་བླ་གྲ་ཚོད་འཛིན་དགོས་པ་དང། འབྲོག་ས་ཞིང་སར་བསྒྱུར་རྒྱུ། ཆུང་སྲིད་རིན་པོ་ཆེ་དང་ཡོངས་འཛིན་བྱ་བྲལ་རིན་པོ་ཆེ་དོན་མེད་འཛིན་བཟུང་དང། པཎ་ཆེན་རིན་པོ་ཆེར་དུག་ཕུལ་རྒྱུ་དང། མི་འདོད་པར་དོར་བྱ་བྱེད་མི་ཆོག་རྒྱུ། བོད་ས་ཡོངས་ལ་རྒྱ་མི་གནས་སྤོ་བྱེད་རྒྱུ། རང་ས་རང་བདག་བྱེད་མི་ཆོག་རྒྱུ། ཤིང་ནགས་བཙན་གཅོད་བྱེད་རྒྱུ། མཐའ་ན་བོད་ཆུའི་ནང་དུ་གནས་པའི་ཉ་ཆུང་ཡན་ཆད་ཚེ་སྲོག་ཤོར་རྒྱུ་བཅས་བརྗོད་ན་སྨྲ་ལྕེ་ངལ་བའི་དཀའ་ངལ་ཡོད་པ་ལས་བཤད་རྒྱུ་རྫོགས་པའི་ཉེན་ཁ་མེད། ད་དུང་ཁྱེད་རང་བོད་ལ་ཐེངས་གཅིག་ཕེབས་དང་ཤེས་ཀྱི་རེད། རྒྱ་ནག་གཞུང་ནས་བོད་པ་ཚོར་རང་དབང་ཆ་ཚང་སྤྲོད་ཀྱི་འདུག་སྨྲ་བརྗོད་རང་དབང་ཟེར་བའི་ཚིག་དེས་གོ་དོན་ག་རེ་རེད། བོད་ལ་རང་བཙན་དགོས་ཟེར་དུས་ཚེ་བཙོན་དང་ཡང་ན་དམར་བསོད་བྱེད་རྐྱང་བྱེད་རྒྱུ་དེས་བོད་ལ་སྨྲ་བརྗོད་རང་དབང་ཡོད་པ་མཚོན་ཨི་ཐུབ་ན། ད་དུང་ངས་ཀྱང་ཁྱེད་ཚོར་སྐད་ཆ་ཞིག་འདྲི་བར་འདོད། ད་འོ་ན་བཙན་བྱོལ་ནང་དུ་ཞི་བདེ་དང་རང་དབང་ཡོ་རེད་པས་ཟེར་ན་ཆ་ཚང་བ་ཡོད་རེད་ཞུ་འདོད་བྱུང།
    ཆོས་དད་རང་དབང་ཡོ་རེད་པས། ཟེར་ན་ཆ་ཚང་ཡོད་རེད་ཟེར་གི་ཡོད། ༢༠༠༨ ནང་བོད་མི་ནང་ཕན་ཚུན་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་པའི་གནའ་སྐྱེལ་དམ་འབུལ་དང་ས་ཡིག་བརྒྱབ་བཅུགས་་པ་དེ་ཚོ་ཆོས་དད་རང་དབང་དང་ཞི་བདེ་བསྐྲུན་བྱེད་ཀྱི་ལག་ཆ་རེད་པས་ལབ་དང་ཟེར་ན་ཆོས་དད་རང་དབང་ཡོད་པའི་རྒྱུ་མཚན་གྱི་སོ་སོའི་བྱེད་འདོད་པའི་ཆོས་ལས་གཞན་པ་མི་འདོད་པ་དེ་རང་དབང་རེད་དང་མ་རེད། ཁྱེད་ཀྱི་གསུངས་ན་རྒྱལ་བ་རིན་པོ་ཆེའི་དོལ་རྒྱལ་བསྐོར་ལ་བརྩལ་བའི་བཀའ་སློབ་ལ་ཟེར་གི་ཡོད་རེད། ༧གོང་ས་བླ་མས་དོལ་རྒྱལ་བསྟེན་ན་སྒེར་ལ་མཚོན་ཡག་པོ་མི་འདུག་གསུངས་པ་ལས། ཁྱེད་རང་ཚོར་དོལ་རྒྱལ་མ་བསྟེན་ཞུ་གི་མེད་སོ་སོའི་འདོད་པ་རེད་ཡིན་ན་ཡང་དེ་བསྟེན་མཁན་གྱི་མི་ཡིན་ན་ཁོང་དང་བླ་སློབ་གྱི་འབྲེལ་བ་མེད་གསུངས་པ་དེས་ཆོས་དད་རང་དབང་ཡོད་པའི་རྒྱུ་གྱི་གསུངས་པ་ལས་བསྟེན་མི་ཆོག་གསུངས་པའི་ཚིག་ཞིག་ངས་དུས་ནམ་ཐོས་མ་སོང་བས། གལ་སྲིད་༧གོང་ས་སྐྱབས་མགོན་རྒྱལ་དབང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱལ་མཚོའི་བོད་མི་མངས་ལ་དོལ་རྒྱལ་བསྟེན་མི་ཆོག་གསུངས་པའི་ཚིག་གཅིག་སྟོན་རྒྱུ་ཡོད་ན་ཁྱོད་སྐྱེས་པ་ཕོ་ཡིན

  18. དྭངས་བླངས་པ says:
    2012-07-19 at 11:07 pm

    ད་དུང་ངས་སྐད་ཆ་གཅིག་དྲན་པ་བརྗེད་འདུག། བོད་མི་མངས་ལ་འདི་ཡག་པོ་འདུག་འདི་ཡག་པོ་མི་འདུག་ཟེར་བའི་ཐོབ་ཐང་དེ་༧གོང་ས་བཅུ་བཞིའི་བར་དུ་བོད་རྒྱ་ཆེ་མི་མངས་གི་ཕུལ་ཟིན་པ་ཡིན་པར་ཧ་གོ་བ་གྱིས།

  19. མེ་ says:
    2012-07-19 at 11:33 pm

    དྭངས་བླངས་པས་གསུངས་པ་ལ་མངོན་པར་བསྟོད། 
    རྒྱ་འདྲེ་སྙིང་ལ་ཞུགས་པའི་བསྟན་དགྲ་རང་དབང་ཨ་རྡུ་མན་ཟེར་བའི་རྒྱལ་ཚོང་པ་དེ་སུ་ཡིན་རྩད་གཅོད་གནང་རོགས། འགོང་པོ་འདི་ལ་ཀུན་གྱི་གཟབ་པར་འཚལ། 

  20. རང་དབང་ཨ་རྡུ་མན་ says:
    2012-07-20 at 12:40 am

    དྭངས་བླངས་པ་ཡིན་ནམ་དུག་བླངས་པ་ཡིན་ཧ་གོ་ཡི་མི་འདུག་ད། ཧ་ཧ་་་་
    ཁྱེད་རང་ད་ལྟ་གཞི་ནས་འཐོང་སངས་ཡག་རེད་ཤག ༧གོང་ས་མཆོག་ནས་༡༩༩༦/བཟུང་ད་བར་ཤུགས་ལྡན་སྐོར་སྩལ་བའི་བཀའ་སློབ་མཆིས་སོ་ཅོག་ནང་དུ་་་འགོ་ངས་བརྩམས་པ་རེད་ཞུགས་ཀྱང་ངས་སྐྱེལ་གྱི་རེད་གསུང་ཡག་དེ་ཚོ་ད་བར་མ་ཚོར་རམ། ངས་བལྟས་ན་ཁྱེད་རང་ཤུགས་ལྡན་རྗེས་འབྲངས་པ་ཞིག་མིན་འགྲོ་བསམ་གྱིན་འདུག །འོན་ཀྱང་ང་ལ་ཁྱེད་པར་རྩ་བ་ནས་མེད། གང་ཡིན་ཟེར་ན་ང་རང་ཆོས་དད་རང་དབང་ལ་དགའ་ཞེན་བྱེད་མཁན་ཞིག་ཡིན་པས་སོ། རྒྱལ་བ་རིན་པོ་ཆེ་ནས་སྲུང་མ་ཤུགས་ལྡན་བཀག་འགོག་གནང་གི་ཡོད་པ་དང་དེ་བསྟེན་གསོལ་བྱེད་མཁན་ཚོར་ཆོས་དང་ཟང་ཟིང་གི་འབྲེལ་བ་རྩ་བ་ནས་གནང་གི་མེད་པ་ཙམ་དུ་མ་ཟད་་་་༢༠༠༨ལོར་རྒྱ་གར་ལྷོ་ཕྱོགས་མོན་ཌ་གྷོཊི་འབྲས་སྤུངས་བློ་གསལ་གླིང་གི་འདུ་ཁང་དབུ་འབྱེད་སྐབས་སུ་སྐྱབས་མགོན་རིན་པོ་ཆེ་ཞབས་སར་འཁོད་ནས་་་གདན་ས་གསུམ་དང་བརྒྱུད་གྲྭ་སྟོད་སྨད་གཉིས་དབུས་རིས་མེད་དགོན་སྡེ་ཁག་དང་གཞིས་ཆགས་ཡོངས་རྫོགས་ལ་་་་ཤུགས་ལྡན་ཙམ་དུ་མ་ཟད་དེ་བསྟེན་གསོལ་བྱེད་མཁན་ཚོ་དང་མཉམ་དུ་་་
    ཆོས་དང་ཟང་ཟིང་གི་འབྲེལ་བ་བྱེད་མི་ཆོག་པའི་གནའ་སྐྱེལ་དམ་འབུལ་གྱི་
    ཕྱག་ལས་གསར་གཏོད་གནང་མཁན་དེ་༧གོང་ས་མཆོག་དང་ཟང་གདོང་བླ་མ་གཉིས་ཡིན་པ་ནི་རབ་རིབ་ཀྱིས་མ་སྒྲིབ་པའི་མིག་ལྡན་ཀུན་གྱི་ཤེས་གསལ་རེད། 
    ཁྱེད་རང་ནས་ཤུགས་ལྡན་པ་ཚོའི་བརྒྱབ་སྐྱོར་བྱེད་འདོད་ཡོད་ནའང་བྱེད་སྟངས་དེ་འདྲ་རྩ་བ་ནས་མ་རེད་ད། སྐད་ཆ་དྲང་པོ་བཤད་དགོས་ཀྱི་རེད་མ་གཏོགས་དེང་སང་སྔ་མ་ནང་བཞིན་ཧམ་བཤད་འགྲོ་ས་ཡོ་མ་རེད་དོའོ།
    གཞན་ཡང་པཎ་ཆེན་རིན་པོ་ཆེར་དུག་ཕུལ་ངེས་དེ་སུ་ཡིན་མིན་ནི་རྩོམ་པ་པོ་ཀླུ་མཁར་བྱམས་ལ་བཀའ་འདྲི་གནང་དང་། ཁྱེད་རང་གི་དོག་པ་བསལ་བ་མ་ཟད་བརྡ་ས་དཔོན་ངན་དེ་ཚོ་ག་རེ་ཡིན་མིན་རིམ་པས་ཤེས་ཀྱིན་རེད།
    ད་དུང་༡༩༥༩/གོང་གི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཁག་ལ་ཕྱིར་བལྟས་ཤིག་བྱས་ན་སྐྱག་པའི་དྲི་མ་ཁ་བ་ལས་གཞན་ག་རེ་ཡོ་རེད། མི་ཚང་ཆེ་ཁག་གྲལ་ཚོས་་་ཉམས་ཆུང་བ་ཚོ་ཁྱིའི་འདུ་ཤེས་ལས་མིར་བརྩིས་ཀྱི་མ་རེད། ཚེ་གཡོ་ཉར་མཁན་ག་ཚོད་མང་པོ་ཡོ་མ་རེད་དངོས་གནས་སྐྱོ་པོ་ཞེ་བྲག་རེད། ད་དུང་བཤད་ན་རྫོགས་མཐའ་ཡོ་མ་རེད་ཡིན་ནའང་དུས་ཚོད་ཀྱིས་རྐྱེན་པས་རེ་ཞིག་བཞག །
    དེང་སང་རྒྱ་ནག་ནང་དུ་བོད་རིགས་མི་དམངས་ཚོར་གཟིགས་དང་དངོས་གནས་ཡར་ཐོན་ཅན་གྱི་མི་རིགས་རང་རེད། རྒྱུ་དཔལ་འབྱོར་གཏམ་སྙན་གྲགས་མཐོ་གོ་ས་གང་ཅིའི་ཐད་ལ་་་བཙན་བྱོལ་བོད་མི་ཚོ་ལས་གནམ་དང་སའི་ཁྱད་པར་ཤོར་ཚར་བ་རེད། བཙན་བྱོལ་ནང་དུ་ཞི་བདེ་དང་རང་དབང་མེད་པ་དེ་སོ་སོས་ངོས་ལེན་བྱེད་ཡག་ཕར་གཞག །ད་དུང་དེ་བོད་ནང་དུ་བོད་མི་ཚོར་ཁ་ཕར་གཡོགས་ན་ཡག་པོ་མ་རེད་པ། དེ་འདྲ་སོང་ཙང་དེ་ཚོ་ལ་དགག་པ་བྱེད་ཁུལ་ནི་ཉི་འོད་སྦར་མས་བཀག་པ་དང་གཉིས་སུ་མ་མཆིས་སོ། ཧ་ཧ་ཁྱེད་རང་ནས་ལམ་སང་་་་་ང་རང་རྒྱ་མིའི་རྒྱུགས་ཁྱི་རེད་་་་་ཡང་མིན་ན་ཤུགས་ལྡན་པ་རེད་ཟེར་བར་ངེས། དེ་ནི་སྤྱི་ཚོགས་ནང་དུ་སྨྲ་བརྗོད་རང་དབང་དང་དམངས་ཚོགས་ཡག་པོ་མེད་པའི་རྟགས་རེད་མ་གཏོགས་ཁྱེད་རང་གཅིག་པོའི་སྐྱོན་མ་རེད། སོང་ཙང་དངོས་གནས་བཙན་བྱོལ་བོད་མི་ཚོ་སྙིང་རྗེའི་གནས་རང་རེད། ལོ་ཉི་ཤུ་སུམ་ཅུའི་རྗེས་སུ་བཙན་བྱོལ་བོད་མི་ཚོར་མིང་དོན་མཚུངས་པའི་དམངས་ཚོགས་དང་ཞི་བདེ་རང་དབང་ཞིག་ཐོག་པར་ཤོག། 

  21. ཚེ་བསམ་ says:
    2012-07-20 at 12:53 am

    རང་དབང་ཨ་རྡུ་མན་རྒྱ་ཁྱི་ཁྱོད་ཉོན་ཅིག་ཁྱོད་རང་བློ་ཕུགས་རྒྱ་ལ་གཏད་ཕ་གསོད་ཀྱི་དགྲ་བོ་གཙུག་ཏུ་བསྐུར་
    བསྐྱབས་གནས་འདྲེ་ལ་བཅོལ་མཁན་ཞིག་ཡིན་ཙང་བོད་ནང་གི་དཀའ་ངལ་དེ་ཚོ་ཧ་གོ་གི་མ་རེད།

  22. དྭངས་བླངས་པ says:
    2012-07-20 at 4:44 am

    རང་དབང་ཨ་རྡུ་མན་ལཊ། ངས་འདིར་ཁྱེད་ཀྱི་འགོད་ཟིན་པའི་མཆན་བུ་ཁ་ཤས་ཞིག་བཤུས་ནས་གཏོང་ཡོད་པས་དགོངས་འགལ་མེད་པར་ཞུ། ད་གཟོད་ཁྱེད་རང་གང་ཡིན་ངོས་འཛིན་ཡག་པོ་ཞིག་བྱེད་ཐུབ། བློ་སེང་ནི་ལྷ་སའི་གཡས་གཡོན་གྱི་བོད་མིའི་བཀའ་ཁྲི་རེད་དམ་ཞེས་པའི་སྐོར་ལ་མཆན་

    ༣༣༽ རང་དབང་ཨ་རྡུ་མན་ནས། 
    སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༨ གི་ཆུ་ཚོད་ ༦ སྐར་མ་ ༢༦
    ངས་བལྟས་ན་་་་དབུས་བོད་མིའི་སྒྲིགས་འཛུགས་ཡིན་ནའང་འདྲ་བོད་མིའི་སྒྲིགས་འཛུགས་ཡིན་ནའང་འདྲ་ཁྱད་པར་མི་འདུག་
    མདོར་ན་་་་བློ་སེང་ནི་་་་ཤ་རུས་གཅིག་པའི་སྤུན་ཟླ་མེར་སྲེགས་བཏང་མཁན་གྱི་དབུ་འཁྲིད་ཞིག་ཡིན་པ་ནི་ཐེ་མི་ཚོམ།།

    རྒྱ་གུང་བྲན་དང་དོལ་རྒྱལ་རྗེས་འབྲངས་པ་ལས་ཅུང་ཙམ་ཉེན་ཁ་འདུག་ཅེས་པའི་སྐོར་ལ་མཆན་

    རང་དབང་ཨ་རྡུ་མན་ནས། ང་ཚོ་བོད་པ་ཟེར་ཡག་དེ་སོ་སོའི་བླ་མ་ལ་ཐུག་ན་་་རྒྱུ་མཚན་ག་ཚོད་ཡོད་ནའང་་་་རྒྱུགས་ཁྱི་དང་ངོ་ལོག་པ་རེད་ཟེར་ཁ་ནས་ཤོར་ཤོར་པ་རེད། ངས་བལྟས་ན་དེ་བདེན་པ་རེད་ལྷག་པར་དུ་རྒྱ་གར་ནང་དུ་ཡོད་མཁན་བོད་པ་ཚོ་༧གོང་ས་མཆོག་ལ་དད་པ་ནི་ཉིན་་རེ་ནས་ཉིན་རེ་སྡུག་ཏུ་འགྲོ་བཞིན་ཡོད། ཤུགས་ལྡན་པ་ཚོ་ནི་ཁོ་རང་ཚོའི་ཆོས་བརྒྱུད་འཛིན་པ་ལས་གཞན་སྡུག་པོ་གལ་མ་རེད་སྙམས། དཔེར་ན་ཉེ་ཆར་་་གོང་ས་མཆོག་ནས་་་་བོད་མི་ཁ་ཆེ་ཆོས་ལུགས་འཛིན་མཁན་ཚོར་ཐུགས་མཉེན་པོ་ཞེ་དྲག་གནང་ཤག་་་་་སོང་ཙང་བོད་པ་ཤུགས་ལྡན་པ་ཚོ་ལ་མཐོང་ཆུང་ཁྱད་གསོད་གནང་ན་མ་འགྲིག་པ་རེད་སྙམས་སོ།།
    ༢༨༽ རང་དབང་ཨ་རྡུ་མན་ནས། 
    སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༨ གི་ཆུ་ཚོད་ ༡༣ སྐར་མ་ ༥༩
    ལུང་རྟོགས་ལགས། ཁྱེད་རང་ནས་ཁ་ཤུགས་ཆེན་པོའི་ངང་་་་ཁྱེད་རང་ཤུགས་ལྡན་པ་མིན་ནམ་ཞེས་དྲི་བ་དེ་ཚད་ལས་རྒལ་བ་མིན་ནམ་སྙམ། ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོའི་ལམ་ལུགས་བརྗོད་མི་ཆོག་པའི་ལུགས་སྲོལ་ངན་པ་དེ་ག་ནས་དར་བ་རེད། ངས་བལྟས་ན་དེ་ནི་ལྟས་ངན་རང་རེད། ཕྱོགས་གཅིག་ནས་བཤད་དུས་དམངས་ཚོགས་རང་དབང་དང་ཆོས་དད་རང་དབང་ཞེས་ཁ་ནས་དུང་ཕྱུར་མང་པོ་བསགས་ནས་དོན་དངོས་ཐོག་ལ་སླེབས་དུས་ཆེས་རྗེས་ལུས་ཀྱི་རྣམ་པ་དང་དམངས་ཤོར་གྱི་ལྟ་བའི་རང་མདོག་སྟོན་པ་རང་རེད། དྲང་པོ་ཞུས་ན་ཤུགས་ལྡན་པ་ནི་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་མཁན་མ་ཡིན་པ་ནི་སུས་ཀྱང་སྒྲུབ་མི་ནུས།
    དཔེར་ན་་་་གོང་ས་མཆོག་ནས་དོན་ལྔ་ལོའི་བར་ངས་ཀྱང་ཤུགས་ལྡན་བསྟེན་པ་ཡིན་ཧུར་ཐག་རྦད་ཐག་བྱས་ནས་བསྟེན་པ་ཡིན་་་ཞེས་པའི་བཀའ་སློབ་དེ་མ་ཚོར་རམ། ཧ་ཧ་དེ་སྔར་རྒྱལ་བ་རིན་པོ་ཆེའང་དགེ་ལྡན་པ་མ་རེད་པས། ལབ་དང་། ད་དུང་ཤུགས་ལྡན་པ་ཚོས་མི་བསད་ཀྱི་ལས་ཀ་བྱེད་ཀྱིན་ཡོད་ན་ངས་ཀྱང་ངོ་རྒོལ་ཡོད་་་་གསུང་དང་ག་དུས་བསད་པ་རེད་བསད་མཁན་མི་དེ་སུ་རེད་མི་ག་ཚོད་ཡོ་རེད། གསལ་པོ་ཞིག་གསུང་དང་་་་ང་ཚོར་དཔང་རྟགས་ཡོད་རོགས་བྱས་ན་རྒྱ་གར་རྩ་ཁྲིམས་ཡོད་པའི་རྒྱལ་ཁབ་ཤིག་སོང་ཙང་་་ང་ཚོས་ཤུགས་ལྡན་པ་ཚོ་ལམ་སང་ཁྲིམས་ལ་སྦྱོར་ཆོག་གི་རེད། དེ་མིན་ཁུངས་མེད་གཏམ་གང་བྱུང་དུ་སྨྲས་ན་རང་ཉིད་དམྱལ་བར་འགྲོ་བའི་རྒྱུར་འགྱུར་བས་མཚམས་འཇོགས་གནང་ན་མཛེས། དངོས་གནས་བྱས་ན་ཤུགས་ལྡན་པ་ཚོའི་ལྷག་བསམ་དང་སྙིང་སྟོབས་ནི་ཆེས་འགྲན་པར་དཀའ་བ་ཞིག་རེད། ༡༩༩༦་ནས་བཟུང་ད་བར་བཙན་བྱོལ་བོད་མི་ཚང་མས་མཐོང་ཆུང་དང་ཁྱད་གསོད་ག་ཚོད་བྱས་ཀྱང་དམ་བཅའ་ལ་འགྱུར་བ་མེད་པར་སྔར་ལས་དར་རྒྱས་ཆེན་པོར་སོང་ཡོད་པ་་་་་གོང་ས་མཆོག་ནས་རྡོར་གདན་དུ་གསུང་པ་དེ་མ་ཚོར་རམ། ང་རང་གི་ལྟ་བ་ནི་ཆོས་དད་རང་དབང་གི་ལྟ་བ་རང་ཡིན་་་དེ་ཡང་ཁ་ནས་བཤད་པ་ཙམ་མིན་པར་དོན་དངོས་ཐོག་ཆོས་དད་རང་དབང་ལ་དགའ་ཞེན་ཡོད། དེ་འདྲ་སོང་ཙང་ཆོས་ལུགས་བཀག་འགོག་བྱེད་མཁན་ཚོར་མཐའ་གཅིག་ཏུ་དགག་པ་ཡོད།
    གང་ཡིན་ཟེར་ན་ཆོས་བྱེད་ཡག་དེ་རང་ཉིད་ཀྱི་སེམས་རྒྱུད་འདུལ་ཡག་རེད་མ་གཏོགས་་་་གཞན་ཀྱ྄ི་གྲུབ་མཐའ་དང་ཆོས་་ལུགས་ལ་ཁ་
    གཏོང་ཡག་རྩ་བ་ནས་མ་རེད། ད་ཧ་གོ་སོང་ངམ། །
    ཨ་མདོ་རྔ་པའི་གནས་ཚུལ་གསར་པ་ཞེས་པའི་སྐོར་ལ་མཆན་ 
    ༢༽ རང་དབང་ཨ་རྡུ་མན་ནས། 
    སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༩ གི་ཆུ་ཚོད་ ༢ སྐར་མ་ ༣༨
    ད་རེས་ངས་བརྗོད་འདོད་པ་ཞིག་ལ་་་་བོད་ཕྱི་ནང་གང་ཡིན་རུང་་་་དགེ་འདུན་འདུན་པ་ཞིག་ནས་བོད་དོན་འཐབ་རྩོད་བྱེད་པ་དེ་ནི་་་་
    སངས་རྒྱས་ཀྱི་བསྟན་པ་ཉམས་པའི་སྔ་ལྟས་ངན་པ་ཞིག་ལ་བརྩིས་ཀྱི་ཡོད། མ་ཟད་ནང་པ་ཡོངས་ཀྱི་ཞབས་འདྲེན་བླ་ན་མེད་པ་ཞུས་པ་རེད། གང་ཡིན་ཟེར་ན་་་དགེ་འདུན་པ་ཟེར་ཡག་དེ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་་་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་རེད་མ་གཏོགས་་་བོད་པ་གཅིག་པོའི་ཆེད་དུ་མ་རེད། སོང་ཙང་དེ་ཧ་གོ་པ་བྱེད་རོགས། གནས་དོན་གཞན་ཡང་་་་དེང་སང་འཛམ་གླིང་གང་སར་་་བོད་པའི་གྲ་པ་ཟེར་དུས་་་་མི་ཚང་མས་བོད་ཀྱི་ཆབ་སྲིད་པ་སླེབས་སོང་ཟེར་ནས་དོག་ཟོན་བྱ་ཡུལ་ཞིག་ཏུ་ཆགས་ཡོད། ཧ་ཅང་བློ་ཕམ་གྱི་ཡུལ་རེད།
    ཆབ་སྲིད་པ་ཚོས་་་ནང་པ་སངས་རྒྱས་པའི་ཆོས་དེ་་་་སྲིད་ཀྱི་ལག་ཆར་བྱེད་ཡག་མང་དྲག་པས་ལན་པ་རེད། ང་རང་ཡིན་ན་་་
    སྤྱིར་བོད་མིས་ཚོས་རང་ལུས་མེར་སྲེགས་གཏང་པར་དགག་པ་མཐའ་གཅིག་ཏུ་བརྒྱབ་མཁན་ཞིག་ཡིན་་་དེའི་ནང་ནས་ཀྱང་དགེ་འདུན་པ་ཞིག་ནས་དེ་འདྲ་བྱེད་ཡོང་དུས་་་་ངའི་མི་ཚེ་ནང་དུ་དེ་ལས་རྣམ་རྟོག་ཆེ་བ་རྩ་བ་ནས་མེད། སོང་ཙང་བོད་རིགས་དགེ་འདུན་པ་ཚོ་་་་་་རྨོངས་གཉིད་ལས་སད་དང་སྐུ་མཁྱེན་་་་་ནང་པའི་རྐང་མ་འདྲེན་དང་་་་་གསུང་མཁྱེན་་་་་སོ་སོ་དམྱལ་བར་འཕེན་བྱེད་ཀྱི་ལས་མ་གསོག་དང་་་་་ཐུགས་མཁྱེེེན། བོད་ནང་དུ་ཞི་བདེ་མ་དཀྲུགས་དང་་་་་་སྐུ་གསུང་ཐུགས་གསུམ་པོ་མཁྱེན་ནོ།།
    ༧༽ རང་དབང་ཨ་རྡུ་མན་ནས། 
    སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༩ གི་ཆུ་ཚོད་ ༥ སྐར་མ་ ༢༠
    ཧ་ཧ་་་་ངས་ལྟས་ན་་་ཁྱེད་རང་བོད་ནས་གསར་འབྱོར་བའི་གྲལ་ནང་་་་་བརྡ་ས་སྙེགས་ལེན་ཁང་དུ་ཆབ་སྲིད་བཙོན་པ་ཡིན་ཁུལ་གྱིས་རོགས་རམ་འཚོལ་སྡོད་མཁན་དེ་འདྲ་མིན་ནམ་བསམ་་་་ ཁྱེད་རང་ལོ་༢༧ བར་དུ་བོད་ལ་སྡོད་པ་ཡིན་་་ཞི་བདེའི་ཚོར་སྣང་ཉིན་མ་གཅིག་ཀྱང་བྱུང་མ་མྱོང་ཟེར་གྱི་ཡོད་ན་་་ད་འོ་ན་་་་ཁྱེད་རང་གི་སྐྱེས་ཡུལ་ལུང་པའི་མིང་དང་ཕ་མ་སྤུན་མཆེད་སོགས་ངོ་སྤྲོད་གཅིག་གནང་ནས་་་་་ཁྱོད་ཚོར་ཞི་བདེ་མེད་པའི་ཚོར་སྣང་ཡོང་སྟངས་དང་། རྒྱ་ནག་གུང་ཁྲིན་ནས་ཁྱོད་ནང་མི་ཚོར་སྡུག་པོ་གཏོང་སྟངས་སྐོར་གཅིག་གསུང་དང་། ཧཧ་་་ངས་བྱས་ན་དེ་མོ་གཤམ་གྱི་བུས་རུས་སྦལ་གྱི་སྤུ་ཡི་གོས་དེ་གྱོན་ནས་རི་བོང་གི་ར་རྩར་གནའ་མ་འགྲོ་ཡི་མིན་འདྲ་སྙམ།།

      རང་ལུས་མེར་སྲེག་ཐེངས་ ༥༡ པ་དང་བཅས་པའི་ས་ཁྲ་ཞེས་པའི་སྐོར་ལ་མཆན་ ༡༢ 
    ༦༽ རང་དབང་ཨ་རྡུ་མན་ནས། 
    སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༩ གི་ཆུ་ཚོད་ ༠ སྐར་མ་ ༤༣
    མེ་རུ་སྲེགས་པའི་བོད་རིགས་སྤན་ཟླ་གྲངས་ག་ཚོད་ཙམ་ལོན་དུས་་་་བརྡ་ས་སྒྲིག་འཛུགས་དེ་བློ་ཁ་ཚིམས་སམ།
    མ་ཤི་གསོན་པོ་མེར་བསྲེགས་གཏོང་མཁན་བློ་སེང་གཙོས་བརྡ་སའི་དཔོན་ངན་ཚོ། ཁྱོད་ཚོའི་རྒྱུད་ལ་ཡ་ང་སྙིང་རྗེ་ཏིལ་འབྲུ་ཙམ་ཡང་མེད་པ་རེད་པས་ཨ། ལབ་དང་་་་ད་དུང་ལྟས་ངན་བློ་སེང་ནས་ཉེ་ཆར་་་་ཨ་རི་གཞུང་ལ་སྤྲེད་ལད་འཁྲབ་ཡག་གི་ཆེད་དུ་་་རྒྱ་ནག་དམར་པོའི་གཞུང་ནས་བོད་ལ་རང་དབང་མ་སྤྲད་བར་དུ་མེར་སྲེགས་ཀྱི་ལས་ཀ་མཚམས་འཇོག་བྱེད་ཀྱི་མ་རེད་ཟེར་ཡག་དེ་ལ་གཟིགས་དང་། ཁོ་ལ་བོད་རིགས་ལ་དུང་བའི་སེམས་པ་འདུག་པས། དྲང་བདེན་དང་རྒྱ་འབྲས་ལ་བརྩིས་སྲུང་བྱེད་མཁན་ཞིག་ཡིན་ན་སྐད་ཆ་དེ་འདྲ་བཤད་ཀྱི་རེད་པས། ཐ་ན་འབུ་སྲན་ཚན་ཆད་ཡིན་ནའང་གསོན་པོ་མེ་རུ་སྲེགས་ན་མི་དེ་ལ་སྙིང་མེད་པའི་དན་རྟགས་གསལ་པོ་མ་རེད་པས།།
    ༨༽ རང་དབང་ཨ་རྡུ་མན་ནས། 
    སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༩ གི་ཆུ་ཚོད་ ༢ སྐར་མ་ ༥༢
    བྱ་གླག་རྒོད་པོ་ལགས། བོད་རྒྱ་སུ་ཡིན་རུང་སྐྱོན་ཡོན་གཉིས་ཀ་ཡོད་རེད་་་་སོང་ཙང་སྤྱི་ཚོགས་ལ་གནོད་པའི་བྱ་བ་ཞིག་ཡིན་ན་་
    རང་ཕྱོགས་དང་གཞན་ཕྱོགས་ཟེར་ཡག་དེ་ཕར་གཞག་ནས་་་་་སྐྱོན་དེ་ཡོ་སྲང་བྱ་གལ་ཆེ། མ་ཟད་རྒྱ་མི་ཟེར་དུས་འགོ་ནས་འཇུག་བར་སྡུག་པོ་དང་བོད་པ་ཟེར་དུས་དུས་འགོ་ནས་འཇུག་བར་ཡག་པོ་ཡིན་དགོས་ཀྱི་མ་རེད་ད། ད་ཧ་གོ་སོང་ངས། ང་རང་ལ་མི་རིགས་དང་རྒྱལ་ཁབ་ལུང་ཚན་སོགས་ཁྱད་པར་རྩ་བ་ནས་མེད། དྲང་བདེན་གྱི་ལམ་དུ་བསྐྱོད་མཁན་ཞིག་ཡིན་ན་དེ་ནི་་་་ང་ཡི་གྲོགས་པོ་ཡིན་པ་མ་ཟད་བློ་གཏད་བཅོལ་སའང་ཡིན། དེ་མིན་གཡོ་སྒྱུ་དང་མ་རབས་ཀྱི་ལམ་བུར་བསྐྱོད་མཁན་ཞིག་ཡིན་ན་ནི་་་སོ་སོའི་སྤུན་མཆེད་ཡིན་ནའང་་་་ང་ཡི་དགག་པ་བརྒྱབ་སའི་ཡུལ་ངོ་མ་དེ་རེད།།

    མེ་ལྕེ་དམར་པོ་རྗེས་སུ་དྲན་ཞེས་པའི་སྐོར་ལ་མཆན་ 
    ༤༽ རང་དབང་ཨ་རྡུ་མན་ནས། 
    སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༨ གི་ཆུ་ཚོད་ ༨ སྐར་མ་ ༠༤
    མེ་ལྕེ་དམར་པོ་ག་ཚོད་འབར་ཡང་དོན་ཕན་ལྡན་པ་མ་བྱུང་ཁར། །
    གངས་ལྗོང་བོད་དུ་ཤ་རུས་སྤུན་ཟླ་སྡུག་ལ་སྦྱོར་བའི་ལག་ཆར་སོང་། །
    གནས་ཡུལ་རྒྱ་གར་གཞི་ཆགས་ཁག་ནས་བོད་ལ་མེར་བསྲེགས་གཏམ་གོ་དུས། །
    རྙོག་དྲ་ཚ་པོའི་ལས་ལ་བརྩིས་ནས་མར་མེའི་ཁྲོམ་སྐོར་འགྲོ་བར་ཉོག །
    ང་ཡི་སྙིང་གི་སྤུན་ཟླ། །གངས་ཅན་ལྗོངས་ཀྱི་བུ་ཕྲུག །
    གཅེས་པའི་ལུས་སྲོག་དེ་ནི། །ནམ་ཡང་ཆུད་ཟོས་མ་གཏོང་། །

    རྒྱ་མོ་ལོ་བཅུ་དགུ་ཅན་ཞིག་ཅེས་པའི་སྐོར་ལ་མཆན་ 
    ༩༽ རང་དབང་ཨ་རྡུ་མན་ནས། 
    སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༨ གི་ཆུ་ཚོད་ ༡༤ སྐར་མ་ ༣༢
    ཧ་ཧ་་་ཆེས་ཐ་ཤལ་གྱི་བོད་མི་དེ་ཚོར་ལྟོས་དང་། དོན་དངོས་ཐོག་བོད་དོན་བསམ་བློ་གཏོང་མཁན་ཚོ་་་་དེང་སང་བོད་མིའི་སྒྲིགས་འཛུགས་ནང་དུ་མི་ཐ་ཤལ་དུ་བརྩིས་བཞིན་ཡོད། དངོས་གནས་ཕམ་བ་ལ་ཨ་་་་
    ང་རང་ནི་སྐྱེ་བ་ཕྱི་མར་བོད་པའི་སྐྱེ་བ་མ་ལེན་པར་ཤོག །

    རང་བཙན་པ་འཇམ་ནོར་ལ་དཔའ་མཛངས་ཀྱི་ཆོ་ལོ་སྤྲོད་ཅེས་པའི་སྐོར་ལ་མཆན་༣༧༽ རང་དབང་ཨ་རྡུ་མན་ནས། 
    སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༨ གི་ཆུ་ཚོད་ ༡༤ སྐར་མ་ ༥༢
    མི་ཚེ་གཞན་འོག་འཛུལ་པ། །རྩམ་གཟན་བོད་མིའི་ལས་དབང་། །རྒྱུན་དུ་ནང་ཁུལ་ཁྲུག་རྩོད། །བཙན་བྱོལ་བོད་མིའི་གོམས་གཤིས།།

    བཙན་པོ་བློ་བཟང་སེང་གེ་ལགས་ཞེས་པའི་སྐོར་ལ་མཆན་ ༣༦༽ རང་དབང་ཨ་རྡུ་མན་ནས། 
    སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༨ གི་ཆུ་ཚོད་ ༩ སྐར་མ་ ༥༥
    ཁ་ཤུགས་ཆེ་བའི་བློ་སེང་། །ལག་ལེན་དབེན་པའི་བཀའ་ཁྲི། །བོད་མི་བསྲེགས་པའི་གཤན་པ། །རྩ་དོན་བཙོང་བའི་ཚོང་པ། །
    དོན་དངོས་ཐོག་བོད་ཀྱི་རྩ་དོན་ལ་ཕན་བསམ་བཅངས་བའི་མི་ཞིག་ཡིན་མིན་གསལ་པོ་ཧ་གོ་བར་བྱོས།

  23. རང་དབང་ཨ་རྡུ་མན་ says:
    2012-07-20 at 7:27 am

    འོ་ཡ་་་དྭངས་བླངས་པ་ལགས། ཡག་པོ་ཞེ་བྲག་བྱུང་ཤག་་་་ངས་བྲིས་པ་དེ་ཚོ་བློར་འཛིན་ནས་ཉིན་རེ་བཞིན་ཁ་འདོན་བྱེད་ཐུབ་ན་་་དངོས་གནས་ཕན་ཐོག་ཆེན་ཆེན་པོ་ཡོད་རེད་ད། མ་ཟད་རང་དབང་དང་དམངས་ཚོགས་ལ་གོ་བ་ཡག་པོ་ཆགས་པར་ངེས།།

  24. ལུང་རྟོགས། says:
    2012-07-20 at 2:21 pm

    རང་དབང་ཨ་རྡུ་མན་ཞེས་པ་འདི་རྒྱ་ཁྱི་དང་དོལ་འདྲེ་གཉིས་ཀ་རེད་འདུག འདི་ལ་ཚང་མས་གཟབ་དགོས་ལ། སུ་ཡིན་བརྩད་གཅོད་བྱེད་དགོས།

  25. རང་དབང་ཨ་རྡུ་མན་ says:
    2012-07-20 at 3:03 pm

    ཧ་ཧ་དངོས་གནས་རེད་ད་་་་་རངདབང་ཨ་རྡུ་མན་དེ་མི་ཡག་པོ་མི་འདུག་གང་ཡིན་ཟེར་ན་མི་དེ་དང་ང་ཚོགས་ལྟ་བ་གཅིག་པ་རེད་མི་འདུག་ཁོ་དོན་དམ་པའི་དམངས་ཚོགས་རང་དབང་དང་ཆོས་དད་རང་དབང་ལ་དགའ་ཞེན་བྱེད་མཁན་ཞིག་རེད་ཤག །ད་ང་ཚོས་ག་རེ་བྱེད་ན་ཡག་གི་རེད་ལབ་དང་། བརྡ་སར་མེར་སྲེགས་བརྒྱུད་སྐུལ་ཚོགས་པར་བརྩིས་སྤྲོད་བྱས་ནས་རང་ལུས་མེར་སྲེགས་གཏང་བཅུག་ན་ག་རེ་འདུག །གལ་ཏེ་ཁོ་ལ་མེར་སྲེགས་གཏང་བཅུག་ཐུབ་ན་་་་དཔེ་མཚར་པོ་འགྲོ་ཡི་རེད་ད། ཡང་ང་ཚོས་ཕྱི་རྒྱལ་བ་ཚོར་གནས་ཚུལ་གསར་པ་ཞིག་ལབ་ཡག་རག་གི་རེད་པ། ཡ་ཡ་ད་བྱས་ན་དེ་ག་རང་ཐག་བཅད་བྱོས་དང་་་་ལམ་སང་རེད་ཁྱེད་རང་ཚོས་བལྟོས་ཨ་་་་་་ཉིན་མ་ཁ་ཤས་གཅིག་ནང་ཧ་གོ་ཡི་རེད། ཡཡ་གཟབ་ཟབ་བྱོས་ཨ། ok don’t worry good bey

  26. བརྩོན་རྒྱམ། says:
    2012-07-20 at 10:23 pm

    སྤྱིར་མི་འདི་ཡག་པོ་དང་མི་འདི་ཡག་པོ་མ་རེད་ཟེར་པ་གཙོ་བོ་རང་ཉིད་ཀྱི་ལུས་ཀྱི་ཀུན་སྤྱོད་དང་ངག་གི་སྨྲ་བརྗོད་ཡིད་ཀྱི་བསམ་བློ་སོགས་ལ་རྟག་ནས་མི་འདི་ཡག་པོ་རེད་མི་འདི་ཡག་པོ་མ་རེད་ཟེར་གྱི་ཡོད་པ་རེད།  ཁྱེད་རང་བོད་མི་ཞིག་ཡིན་པས་དངོས་ནས་ལྟས་ན་གོང་དུ་བརྗོད་པའི་གཏམ་ཉོག་དེ་ཚོ་ལ་ལྟས་ན་སྨྲོ་སྒོ་ཡོད་པ་ཙམ་ལས་རྣམ་དཔྱོད་དང་ནུས་པ་བསམ་བློའི་ཕུགས་བསམ་དང་ལ་རྒྱ་གང་ཡང་མེད་མཁན་ཤིང་རྡོང་ལྟ་བུ་ཞིག་ལས་ཚོར་མ་སོང་གང་ཡིན་ཟེར་ན་བོད་གཞིས་བྱེས་གཉིས་སུ་སྤུན་ཟླ་༤༤ཡི་རང་ལུས་མེ་བསྲེགས་བཏང་ནས་རྒྱ་ནག་དམར་གཞུང་གི་དྲག་གནོན་འོག་ཏུ་ཆོས་དད་རང་དབང་མེད་པ་དང་འགྲོ་བ་མིའི་ཐོབ་ཐང་མེད་པ་སོགས་འཛམ་གླིང་མི་མང་ལ་དེ་བདེན་པ་ཡིན་པར་བདེན་དཔང་བྱེད་བཞིན་པ་མཚོན་འདི་ཡག་པོ་མིན་པ་དང་འདིའི་རྒྱབ་ལོགས་སུ་ངན་བརྐུར་བྱེད་མཁན་རྡ་ས་སྒྲིགས་འཛུགས་ཀྱི་དྲང་བདེན་མ་ཡིན་པས་ཐོག་ནས་ངན་བརྐུར་བྱས་ཡོད་ཚུལ་སོགས་བརྗོད་པ་དངོས་ཡོད་གནས་ཚུལ་དང་འགལ་བ་སོང་ཙང་ཁྱེང་རང་མི་གང་འདྲ་ཞིག་ཡིན་མིན་དང་བོད་མི་ཞིག་གི་འགན་ཁུར་ཐུབ་ཀྱི་ཡོད་མེད་གསལ་བོ་རེད།

  27. རང་དབང་ཨ་རྡུ་མན་ says:
    2012-07-21 at 12:24 am

    སྤྱོད་འཇུག་ལས།
    སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང༌། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག།བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །གང་ཞིག་བདེ་བས་ཕོངས་པ་དང༌། །སྡུག་བསྔལ་མང་ལྡན་དེ་དག་ལ། །བདེ་བ་ཀུན་གྱིས་ཚིམ་པ་དང༌། །སྡུག་བསྔལ་ཐམས་ཅད་གཅོད་བྱེད་ཅིང༌། །གཏི་མུག་ཀྱང་ནི་སེལ་བྱེད་པ། །དེ་དང་དགེ་མཚུངས་ག་ལ་ཡོད། །དེ་འདྲའི་བཤེས་ཀྱང་ག་ལ་ཡོད། །བསོད་ནམས་དེ་འདྲའང་ག་ལ་ཡོད། །ཕན་བཏགས་ལན་ལོན་གང་ཡིན་པ། །དེ་ཡང་རེ་ཞིག་བསྔགས་འོས་ན། །མ་བཅོལ་ལེགས་པར་བྱེད་པ་ཡི། །བྱང་ཆུབ་སེམས་དཔའ་སྨོས་ཅི་དགོས། །འགྲོ་བ་ཉུང་ཟད་ནར་མའི་ཟས་སྦྱོར་བ། །སྐད་ཅིག་ཟས་ཙམ་སྦྱིན་པར་བྱེད་པ་དང༌། །བརྙས་བཅས་ཉིན་ཕྱེད་འགྲངས་པར་བྱེད་པ་ཡང༌། །དགེ་བ་བྱེད་པ་ཡིན་ཞེས་སྐྱེ་བོས་བཀུར། །སེམས་ཅན་གྲངས་མཐའ་ཡས་ལ་དུས་རིང་དུ། །བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད། །ཡིད་ལ་བསམ་པ་མཐའ་དག་རྫོགས་བྱེད་པ། །རྟག་ཏུ་སྦྱིན་པ་ལྟ་ཞིག་སྨོས་ཅི་དགོས། །གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་སྐྱེད་པར་བྱེད་པ་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །
    འོ་ཡ་ད་འདི་ཚོགས་ལ་ཡག་པོ་སྦྱོང་ན་ཡག་གི་མ་རེད་པས་་་་དོན་མེད་རྙོག་དྲ་སློང་ནས་སྡོད་ན་་་བརྡ་ས་སྒྲིག་འཛུགས་འདྲ་པོ་ཆགས་ཡོང་།།

  28. མེ་ཏོག་དཀར་པོ། says:
    2012-07-21 at 12:29 am

    རང་དབང་ལགས། ཤུགས་ལྡན་བརྟེན་པ་ཁྱེད་རང་གི་རང་དབང་རེད། ཅི་བདེར་ལོངས་སྤྱོད་ཅིག
    ཆོས་དད་རང་མོས་ཟེར་བའི་ཤུགས་ནས་དེ་རང་གོ་གི་འདུག དོན་ལའང་དེ་རང་རེད།

  29. ཇ་མ་ says:
    2012-07-21 at 9:27 am

    རང་དབང་ཨ་རྡུ་མན་ནས་བོད་མིའི་སྒྲིག་འཛིག་ལ་རྒོད་གཏམ་འདི་འདྲ་དགོས་པར་ནི་ཁག་མི་འདུག་བསམ། ཁོ་ཕྱི་ལོགས་སུ་ཕེབས་སྐབས་ཁོང་གི་ཕ་མ་གཉིས་རྒྱ་ནག་བདེན་འཇགས་ལས་ཁུངས་ལ་གཏའ་མར་བཞག་ཡོད་རེད། དེའི་རྐྱེན་པས་ཁོ་ད་དུང་ངར་མདོག་ཁ་བོ་རེད། ཧ་ཧ་ཧ་

  30. དྲི་མེད་ལྷག་བསམ། says:
    2012-07-21 at 12:05 pm

    ཇ་མ་ལགས་ཀྱིས་རྒྱུ་མཚན་ཞིག་ཤེས་འདུག འོན་ཀྱང་རེ་ཞིག་གསང་ན་ལེགས། དེང་སང་རྒྱ་བླ་མང་པོ་ཞིག་གིས་རྒྱ་མི་ལ་བདེན་ཁ་སྤྲད་ནས་ཡོད། བྱམས་སྙིང་རྗེ་དང་བདག་ལས་གཞན་གཅེས། སློབ་གསོ་བྱེད་ཤེས་ཀྱང་ལག་ལེན་དུ་ཁེ་བཟང་གང་ཡོད་གཉེར་རྒྱུ་ལས་བྱ་ཐབས་ཟད་ནས་ཡོད་པའང་མཆིས། ཚོགས་པ་དང་སྒྲིག་འཛུག ཡང་ན་མགོ་ལ་དབུས་ཞིག་སྦྱོར་ཐུབ་ན་གཞུང་ཚབ་དངོས་སུ་འགྱུར་སྲིད་པ་ཨེ་ཡིན། ཆེན་པོ་ཞིག་ལ་སྐྱོན་བརྗོད་ཐུབ་ན་དཔའ་བོར་རློམ་པ་ཕལ་ཆེན་ཡུལ་ཁ་ཤས་ཀྱི་གཤིས་ཀ་རེད། དེ་ལ་ལན་སྤྲད་ཀྱང་གོ་བ་ལེན་ཤེས་རྒྱུ་དཀའ། དེ་བས་མགོ་མཇུག་མེད་པའི་སྐད་ཆ་ཞིག་གིས་མཇུག་བསྡུས་ན་ལེགས། 

  31. དྭངས་བླངས་པ says:
    2012-07-21 at 12:44 pm

    དབུས་བོད་མིའི་སྒྲིག་འཛུག་ཅེས་པའི་དབུས་དེ་ཞེ་སའི་ཚིག་རེད། ཡར་མཐོ་ས་ཞིག་ལ་དབུས་ཟེར་དེས་ན་ང་ཚོའི་རང་གཞུང་ལ་ཞེ་སའི་ངག་གྱི་དབུས་བོད་མིའི་སྒྲིག་འཛུག་ཟེར་དུས། ཐ་ཤལ་དང་ཆུང་ཆུང་རང་དང་མཉམ་པ་ལྟར་བུ་མིན་པ་རྒྱ་ཆེ་ས་ཞིག་ལ་ང་ཚོའི་ཡར་བལྟ་དགོས་པའི་ས་ཆ་སྟེ་མིག་དཔེ་བལྟ་ཆོག་པའི་སྤྱོད་བཟང་ཡོད་པ་ཞིག་གི་མཚོན་བྱེད་དུ་དབུས་ཅེས་པའི་མིང་དེ་བཏགས་པ་འདོད

  32. དྭངས་བླངས་པ says:
    2012-07-21 at 1:10 pm

    རང་དབང་པ་ལཊ། ཁྱེད་རང་བོད་པ་ཡིན་ཟེར་ན་དངོས་གནས་ངོ་ཚ་སྐྱེ་དགོས་རྒྱུ་རེད། མེ་སྲེག་གི་ཐད་ལ་གལ་སྟེ་རྒྱུད་བསྐུལ་བ་བཙན་བྱོལ་སྒྲིག་འཛུག་ཡིན་པའི་དབང་དུ་གཏོང་ཡང། ཁྱེད་ཀྱི་རང་ཤ་བཅད་ནས་ཁྱི་མདུན་འཕངས་བ་དང་ཆ་རེད། རྒྱུད་བསྐུལ་བ་མེད་པ་མཐོང་ཐོས་ཡོད་བཞིན་དུ་ད་དུང་ཧམ་བཤད་བྱེད་པ་ངོ་ཚ་དགོས་རྒྱུ་རེད། ངས་དངོས་གནས་ལབ་པ་ཡིན། ཁྱེད་ཀྱི་དེ་ལྟར་ལབ་ཀྱང་དུས་དང་རྣམ་པར་ཀུན་ཏུ་རྒྱ་མིའི་སྣང་ངོར་བོད་མི་ནང་རུལ་བ་ཞིག་ལས། ཁྱེད་རང་མི་ཡག་པོ་ཞིག་ཡིན་པ་ནི་ངོས་འཛིན་བྱེད་དཀའ། རྒྱ་ནག་ནང་ཁུལ་དུ་ཡང་ནང་རུལ་པ་ཟེར་ན་གང་ཡིན་གསལ་པོ་ཧ་གོ་ངེས། ཁྱེད་ཀྱི་རྒྱ་ལ་དགའ་ཞེན་ག་ཚོད་བྱས་ཀྱང་ནང་རུལ་བ་བོད་པ་ཞིག་ལས་ཚད་ལྡན་གྱི་མི་ཞིག་མི་མཐོང་བ་ཁག་ཁུར་ཐུབ། དཔེར་ན་ང་རང་ཚོའི་མདུན་དུ་རྒྱ་མི་ནང་རུལ་པ་ཞིག་ཡོད་ན་ང་ཚོའི་དེར་དུས་དང་རྣམ་པར་ཀུན་ཏུ་མི་ཡག་པོའི་བརྩི་བཀུར་བྱེད་མི་སྲིད། རྒྱུ་མཚན་ནི་ཁོས་ག་རེ་བྱས་ཀྱང་ང་ཚོའི་ཡིད་ཆེས་བྱེད་མི་སྲིད། དེ་དང་གཅིག་པ་རེད་རང་དབང་པ་ལགས། སྤྱིར་བཏང་ག་རེ་བྱས་ཀྱང་ཁྱེད་རང་འདོད་པ་རེད། ངས་ནི་བསམ་པ་རྣམ་དག་གི་དྲན་སློང་བྱས་ཡོད། ངས་ནི་བོད་མི་གཅིག་ལམ་ལོག་པ་འགྲོ་བ་མཐོང་ན་རང་ནུས་གང་ལྕོག་གི་ཉེས་འགོག་ཨི་ཐུབ་བལྟ་གི་ཡོད། མ་ཐུབ་ན་ཐབས་ཤེས་མེད།

  33. རིག་པའི་བུ says:
    2012-07-21 at 3:11 pm

    རང་དབང་ལགས།
    ༼ང་རང་ལ་མི་རིགས་དང་རྒྱལ་ཁབ་ལུང་ཚན་སོགས་ཁྱད་པར་རྩ་བ་ནས་མེད། དྲང་བདེན་གྱི་ལམ་དུ་བསྐྱོད་མཁན་ཞིག་ཡིན་ན་དེ་ནི་་་་ང་ཡི་གྲོགས་པོ་ཡིན་པ་མ་ཟད་བློ་གཏད་བཅོལ་སའང་ཡིན། དེ་མིན་གཡོ་སྒྱུ་དང་མ་རབས་ཀྱི་ལམ་བུར་བསྐྱོད་མཁན་ཞིག་ཡིན་ན་ནི་་་སོ་སོའི་སྤུན་མཆེད་ཡིན་ནའང་་་་ང་ཡི་དགག་པ་བརྒྱབ་སའི་ཡུལ་ངོ་མ་དེ་རེད།།༽
    ཁ་ཕོད་ཆེན་པོ་འདུག དོན་དངོས་དེ་ལྟར་ག་ལ་ཡིན། དེ་ལྟར་དྲང་བདེན་ཡིན་ན་བོད་ཀྱི་ལུང་པ་འཕྲོག་མཁན་རྒྱ་མི་ཡིན་པ་ལས་བོད་པས་རྒྱའི་ས་ཆ་འཕྲོག་པ་མ་རེད། རྒྱས་བོད་ས་འཕྲོག་ན་ཅིས་ཕྱིར་བོད་པ་རྣམས་ཀྱིས་རང་ནུས་ཡོད་དགུས་སྲུང་སྐྱོབ་བྱས་མ་ཆོག་པ་རེད། དེ་ནི་རྐུན་མ་ལ་ཉེས་བ་མེད་པ་རྐུ་མ་རེད་ཟེར་མཁན་ལ་ཉེས་བ་བཏང་བ་མ་རེད་དམ། རང་ལུས་མེ་སྲེགས་ཙམ་མ་ཡིན་པ་ཨ་རབ་དང་དྲ་ལི་བྷན་ལྟར་རང་སྲུང་གི་ཆེད་དུ་ངས་བར་དུ་མི་ངན་ཚོ་གསད་དགོས་རེད། མ་གསད་ན་བསམ་ཤེས་ན་བསམ་ཤེས་བཏང་མཁན་དཀོན། ཁྱེད་ཀྱིས་དེ་ལྟར་དྲང་ཚིགས་འཛིན་ཁུལ་བྱས་བ་ནི་དོན་གྱིས་རྒྱ་ཡི་སྦྱིན་བདག་དང་འབྲེལ་བ་བྱེད་རྒྱུ་དཀའ་ལས་ཁག་ཏུ་ཕྱིན་པ་རེད། ཁྱེད་ཀྱི་སྦྱིན་བདག་གི་ཆེད་དུ་གྲྭ་བ་ཚོས་བོད་ཀྱི་བདེ་སྡུག་མ་རྩོད་ན་ག་ལ་ཆོག བླ་རྒན་འདིའི་རིགས་ལར་ང་ཉིད་ཀྱི་ལྟོ་གོས་མ་གཏོགས་ཅི་ཡང་བསམ་རྒྱུ་མེད་ཡ། ག་ཚོད་ཆོས་བྱེད་ཁུལ་བྱས་ཀྱང་མཐའ་དོན་སྦྱིན་བདག་ཡིན་ཡ། སྦྱིན་བདག་ལ་གནོད་པ་སྐྱེལ་ཚེ་སྲོག་ཡིན་ཡང་མི་དགོས་ཡ། ད་རང་གཟུགས་དངོས་གནས་དེ་བསྟན་གྱི་འདུག་ག བོད་ལ་བདེ་སྐྱིད་ཅིག་ཐོབ་ཚེ་འདིིའི་རིགས་ཀྱིས་ཕྱི་ནང་ཀུན་ལ་འབྲེལ་བ་བྱས་ཤིང་བོད་ཀྱི་དཔོན་པོ་བྱ་དེའ་རེད། དཀའ་ངལ་འཕྲད་སྐབས་ཆོས་པ་ཡིན་ཚུལ། འགན་འཁུར་མེད་པའི་ཆོས་པ། ཁེ་ཕན་རིང་ལུགས་པའི་ཆོས་པ། ས་ཆ་བདེ་ས་གང་དུ་གནས་ཀྱང་ཡུལ་ཡིན་ཡ། འདི་རིགས་ཀྱི་ཆོས་པ་ཚོ་སྔ་མོ་དུས་ནས་ད་བར་དུ་ཡོད་ཕྲན་གྱིས་སྔ་ས་ནས་ཡོད་པ་རྟོགས།

  34. རིག་པའི་བུ says:
    2012-07-21 at 3:16 pm

    ནོར་བཅོས།

    ཁ་ཕོད་ཆེན་པོ་འདུག དོན་དངོས་དེ་ལྟར་ག་ལ་ཡིན། དེ་ལྟར་དྲང་བདེན་ཡིན་ན་བོད་ཀྱི་ལུང་པ་འཕྲོག་མཁན་རྒྱ་མི་ཡིན་པ་ལས་བོད་པས་རྒྱའི་ས་ཆ་འཕྲོག་པ་མ་རེད། རྒྱས་བོད་ས་འཕྲོག་ན་ཅིས་ཕྱིར་བོད་པ་རྣམས་ཀྱིས་རང་ནུས་ཡོད་དགུས་སྲུང་སྐྱོབ་བྱས་མ་ཆོག་པ་རེད། དེ་ནི་རྐུན་མ་ལ་ཉེས་བ་མེད་པ་རྐུ་མ་རེད་ཟེར་མཁན་ལ་ཉེས་བ་བཏང་བ་མ་རེད་དམ། རང་ལུས་མེ་སྲེགས་ཙམ་མ་ཡིན་པ་ཨ་རབ་དང་དྲ་ལི་བྷན་ལྟར་རང་སྲུང་གི་ཆེད་དུ་ངས་བར་དུ་མི་ངན་ཚོ་གསད་དགོས་རེད། མ་གསད་ན་བསམ་ཤེས་ན་བསམ་ཤེས་བཏང་མཁན་དཀོན། ཁྱེད་ཀྱིས་དེ་ལྟར་དྲང་ཚིགས་འཛིན་ཁུལ་བྱས་བ་ནི་དོན་གྱིས་རྒྱ་ཡི་སྦྱིན་བདག་དང་འབྲེལ་བ་བྱེད་རྒྱུ་དཀའ་ལས་ཁག་ཏུ་ཕྱིན་པ་རེད། ཁྱེད་ཀྱི་སྦྱིན་བདག་གི་ཆེད་དུ་གྲྭ་བ་ཚོས་བོད་ཀྱི་བདེ་སྡུག་མ་རྩོད་ན་ག་ལ་ཆོག བླ་རྒན་འདིའི་རིགས་ལར་ང་ཉིད་ཀྱི་ལྟོ་གོས་མ་གཏོགས་ཅི་ཡང་བསམ་རྒྱུ་མེད་ཡ། ག་ཚོད་ཆོས་བྱེད་ཁུལ་བྱས་ཀྱང་མཐའ་དོན་སྦྱིན་བདག་ཡིན་ཡ། སྦྱིན་བདག་ལ་གནོད་པ་སྐྱེལ་ཚེ་སྲོག་ཡིན་ཡང་མི་དགོས་ཡ། ད་རང་གཟུགས་དངོས་གནས་དེ་བསྟན་གྱི་འདུག་ག བོད་ལ་བདེ་སྐྱིད་ཅིག་ཐོབ་ཚེ་འདིིའི་རིགས་ཀྱིས་ཕྱི་ནང་ཀུན་ལ་འབྲེལ་བ་བྱས་ཤིང་བོད་ཀྱི་དཔོན་པོ་བྱ་ངེས་རེད། སྲིད་ཀྱི་གོ་གནས་བླངས་ཏེ་ཆོས་སྲིད་ཟུང་འབྲེལ་བྱེད་ཨེ་ཐུབ་ལྟ་ངེས་རེད། དཀའ་ངལ་འཕྲད་སྐབས་ཆོས་པ་ཡིན་ཚུལ། འགན་འཁུར་མེད་པའི་ཆོས་པ། ཁེ་ཕན་རིང་ལུགས་པའི་ཆོས་པ། ས་ཆ་བདེ་ས་གང་དུ་གནས་ཀྱང་ཡུལ་ཡིན་ཡ། འདི་རིགས་ཀྱི་ཆོས་པ་ཚོ་སྔ་མོ་དུས་ནས་ད་བར་དུ་ཡོད་པ་ཕྲན་གྱིས་སྔ་ས་ནས་ཡོད་པ་རྟོགས།

  35. རིག་འབྱུང་རྒྱ་མཚོ says:
    2012-07-21 at 6:20 pm

    ༼དགེ་འདུན་པ་ཟེར་ཡག་དེ་ འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་་་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་རེད་ མ་གཏོགས་་་བོད་པ་གཅིག་པོའི་ཆེད་དུ་མ་རེད། སོང་ཙང་དེ་ཧ་གོ་པ་བྱེད་རོགས། གནས་དོན་གཞན་ཡང་་་་དེང་སང་འཛམ་གླིང་གང་སར་་་བོད་པའི་གྲ་པ་ཟེར་དུས་་་་མི་ཚང་ མས་བོད་ཀྱི་ཆབ་སྲིད་པ་སླེབས་སོང་ཟེར་ནས་དོག་ཟོན་བྱ་ཡུལ་ཞིག་ཏུ་ཆགས་ཡོད། ཧ་ཅང་བློ་ཕམ་གྱི་ཡུལ་རེད།༽
    སྐད་ཆ་འདི་བཤད་མཁན་ནི་རྒྱ་གོང་བྲན་དང་དེའི་རྗེས་འབྲང་ཚོའི་སྐད་ཆ་ཡིན་པ་ལས་འཛམ་གླིང་གི་མི་ཚང་མས་དྲང་བདེན་གྱི་ཆེད་དུ་རང་ཉིད་དོར་བ་ནི་འཇིག་རྟེན་གྱི་གཟི་བརྗིད་དང་། འགྲོ་བ་མིའི་བློ་སྤོབས་དང་ནུས་ཤུགས་ཀྱི་རྩ་མ་ཡིན་པ་ངོས་འཛིན་བྱེད་བཞིན་འདུག་ལ། མིའི་ཐུན་མོང་མ་ཡིན་པའི་བདེ་སྐྱིད་འཚོལ་བའི་ཐབས་མཆོག་ཡིན་པ་གཅིག་མཐུན་གྱིས་སྨྲ་བཞིན་འདུག རྒྱུ་མཚན་ནི་གཞན་གྱི་ཆེད་དུ་རང་ཉིད་འདོར་བ་ནི་འགྲོ་བ་མི་གཅིག་བུ་མ་གཏོགས་སྲོག་ཆགས་སུས་ཀྱང་དེ་ལྟར་སྒྲུབ་མི་ནུས་བས་རེད།
    ཁྱེད་ཉིད་རྒྱ་མི་ཁ་ཤས་སམ་རང་གི་སྦྱིན་བདག་གི་ངག་དང་སྟུན་ནས་བྱང་ཆུབ་སེམས་པ་རྣམས་ལ་སྐད་ཆ་དེ་ལྟར་བཤད་ཚེ་རང་ཉིད་དམྱལ་ཁམས་སུ་འགྲོ་བའི་རྒྱུ་ལས་མ་འདས། དེ་ལྟར་དྲང་བདེན་དང་བསྟན་དོན་ལ་སེམས་མཁན་ཞིག་ཡིན་ན་རྒྱ་གཞུང་ལ་འབོད་སྐུལ་བྱོས། སངས་བསྟན་གནོད་པ་བཏང་མཁན་དང་བེད་སྤྱོད་ལོག་པ་བཏང་མཁན་རྒྱ་གཞུང་ཡིན་པ་ལས་གཞན་མིན། རྒྱ་ནག་ལ་ཅི་ཡང་སྨྲ་མི་ཕོད་པ་ཉམ་ཆུང་ལ་ཐུབ་ཚོད་ཀྱི་སྐད་ཆ་མ་གསུངས། སྡར་མ་ལགས། དེ་འདྲ་དྲང་བདེན་གྱི་རྒྱབ་ཏུ་ལངས་མཁན་ཞིག་ཡིན་ན་ཅིས་ཕྱིར་མིང་རྫུན་འོག་ཏུ་བག་ལ་ཉལ་བ་ཡིན། ད་དུང་སྤྱོད་འཇུག་གི་ལུང་འདྲེན་ཁུལ་བྱས།མིང་རྫུན་འོག་ཏུ་ཡིབ་ནས་གཞན་ལ་ཁ་བཏང་རྒྱུ་ སྤྱོད་འཇུག་གི་དགོངས་པ་རེད་དམ། ཁ་ནས་བཤད་ན་དྲང་བདེན། སེམས་ནས་བསམ་རྒྱུ་སྤྱིན་བདག དྲང་བདེན་ལ་མོས་ཚེ་དྲང་བདེན་གྱི་ཆེད་དུ་འཐབ་རྩོད་བྱེད་མཁན་ལ་ཅིས་ཕྱིར་སྡང་བ་ཡིན་ནམ། ཁྱེད་ཀྱིས་སེམས་ཅན་ཐམས་ཅད་བསམ་པ་བདེན་ན་རང་དབང་ཆེད་དུ་ཚེ་སྲོག་འདོར་མཁན་གྱི་ཉམ་ཆུང་ལ་སྙིང་རྗེ་སྒོམ་རྒྱུའི་ཚབ་ཏུ་སྡུག་དམོད་བྱེད་དོན་ཅི། གང་འདོད་དུ་ཁྲིམས་ལུགས་ཀྱིས་མི་མང་བཏང་འཛིན་བྱེད་ཅིང་། ཐ་ན་རང་དབང་གི་སྐད་ཆ་ཞིག་ཀྱང་བཤད་དུ་མི་འཇུག་མཁན་གྱི་སྒེར་བདག་ལ་དགག་པ་མི་བྱེད་དོན་ཅི། ཁྱེད་ཀྱི་སེམས་ཅན་ཐམས་ཅད་བསམ་སྟངས་དེ་འདྲ་རེད་དམ། བོད་ནང་དུ་ཞི་བདེ་ཡི་ཁོར་ཡུག་མེད་པ་དེ་ལ་དཀྲུགས་རྒྱུ་གང་དུ་འདུག འགྲིམ་འགྲུལ་གྱི་རང་མེད་པ་དེ་ཞི་བདེ་རེད་དམ། སྨྲ་བརྗོད་ཀྱི་རང་དབང་མེད་པ་དེ་ཞི་བདེ་རེད་དམ། བོད་དུ་བོད་ཡིག་རྒྱ་ཡིག་གཙོ་ཆེར་སྦྱང་རྒྱུ་དེ་ཞི་བདེ་རེད་དམ། རྒྱ་ཡིས་བོད་དུ་ལས་ཀ་བྱེད་ན་རྒྱ་གཅིག་བུས་ཆོག་ཀྱང་། བོད་མི་ཚོས་ལས་ཀ་བྱེད་ན་ངེས་བར་དུ་རྒྱ་ཡིག་ཤེས་རྒྱུ་དེ་ཞི་བདེ་རེད་དམ། རྒྱ་ཡི་གཉེན་རྟོག་པས་བོད་མི་ཅི་འདོད་དུ་འཛིན་ཞིང་། གང་འདོད་དུ་མེ་མདའ་རྒྱབ་པ་དེ་ཞི་བདེ་རེད་དམ། རྒྱ་ཡིས་ཅི་འདོད་དུ་བོད་མི་བྲན་དུ་བཀོལ་ཞིང་བོད་ཀྱིས་དེ་བཞིན་སྒྲུབ་ན་ཞི་བདེ་རེད་དམ། དེ་ལྟར་ཡིན་ན་ཁྱེད་ཀྱི་ཞི་བདེ་ནི་བྲན་གཡོག་དང་མི་རིགས་དབྱེ་འབྱེད་ཀྱི་སྤྱི་ཚོགས་ནི་ཞི་བདེ་རེད། དེ་འདྲའི་ཞི་བདེ་ཞིག་ཆོས་འཇིག་རྟེན་གང་གིས་ཀྱང་ཞི་བདེ་ངོས་འཛིན་བྱེད་མི་ཐུབ་ལ། མི་ཐུབ་པའི་གནད་དོན་ཞིག་ཐུབ་པ་སྒྲུབ་དགོས་དོན་ཡང་རང་གི་ཁེ་ཕན་དང་འབྲེལ་བ་ཡོད་པས་རེད། ཁེ་ཕན་ནི་སྦྱིན་བདག་དང་མཚན་སྙན་རེད། མཚན་སྙན་་མེད་ན་སྦྱིན་བདག་ཅི་ལྟར་ཐོབ། ཚུལ་ཆོས་མེད་ན་དེ་བས་དཀའ།
    འོན་ཀྱང་། ཁྱེད་ལ་སྤྱིན་བདག་ཐོབ་པའི་ཆེད་དུ་བོད་ཀྱིས་མི་བཟང་བྱས་ཏེ་་ཡོད་ཚད་གཞན་ལ་སྤྲད་ཅིང་། རང་ཉིད་རྩ་མེད་དུ་ཕྱིན་ཡང་ངོ་འཛུམ་བསྟན་མི་ཐུབ་པས་དགོངས་དག་ཞུ། རྒྱུ་མཚན་ནི། རྒྱ་ལ་བདེ་སྐྱིད་དང་ཁེ་ཕན་མཁོ་ན་བོད་ལ་དེ་ལྟར་མཁོ་བས་རེད། ཡིན་ཏེ། གཉིས་ཀ་མི་ཡིན་ཞིང་ལོ་རྒྱུས་རང་བཞིན་ཅན་གྱི་སོ་སོའི་ས་ཆ་ཡོད་པས་རེད།

  36. རང་དབང་ཨ་རྡུ་མན་ says:
    2012-07-22 at 11:15 am

    ཡ་ཡ་གྲོགས་པོ་ཚོ་་་་་ཚང་མས་བསམ་ཚུལ་ལྷུག་པོར་གསུང་པ་བཀའ་དྲིན་ཆེ། རྣམ་པ་ཚོས་་་་་ང་རང་ནི་་་་རྒྱ་མིའི་རྒྱུགས་ཁྱི་དང་ཤུགས་ལྡན་ཚོགས་པའི་རྒྱུགས་ཁྱིར་ངོས་འཛིན་གནང་པ་དེ་ཡག་བྱུང་། ངས་ལྟས་ན་ད་དུང་ཁ་ཤས་ལྷག་འདུག །རང་བཙན་ཚོགས་པའི་རྒྱུགས་ཁྱི་དང་། བོན་པོའི་རྒྱགས་ཁྱི། རྒྱལ་བ་ཀརྨ་པའི་གཟིམས་ཁྱི། དགེ་ལུགས་པའི་བསྟན་པ་གཙང་མ་འཛིན་མཁན་ཚོའི་གཟིམས་ཁྱི། གང་ལྟར་བརྡ་སའི་ཁུངས་མ་འཆོལ་བའི་སྒྲིག་འཛུགས་དེ་ལ་མི་འདོད་པའི་ཚོགས་པ་དང་དགོན་པ་བླ་ཆེན་དང་མི་ཆེན་ཡོངས་ཀྱི་རྒྱུགས་ཁྱི་ཡིན་པ་ངོས་འཛིན་གནང་དགོས་ཀྱི་རེད་པ། ཨ་ཁ་ཁ། དངོས་གནས་བཙན་བྱོལ་ནི་བཙན་བྱོལ་རང་རེད།
    ད་བར་ཆད་བཟློག་ཡག་གི་ཆེད་དུ་ཞབས་བརྟན་ཅིག་འདོན་ན་ཡག་ས་རེད།
    འོ་ལགས་སོོ། ལགས་སོ། ལགས་སོ།།
    དེ་ཡང་་་་་མ་འཇོན་ལས་དང་འཇོན་པ་རང་གིས་བྱས། །བཟང་་པོ་རང་དང་ངན་པ་གཞན་ལ་འགེལ། །བོད་གཞུང་འགྱུར་ནས་སྒྲིག་འཛུགས་ཆགས། བཙན་བྱོལ་འགྱུར་ནས་དྲང་བདེན་བྱོལ།
    སྐད་ཆ་ག་རེ་ཡིན་ནའང་སོ་སོའི་འདོད་པ་དང་མི་མཐུན་ན་གནས་ལུགས་དང་རྒྱུ་མཚན་ལ་མ་བསམ་ལམ་སང་་་་ཅིག་ཅིག་དམག་དམག་ཀོ་ཀོ་རེད་ཟེར་ཡག་དེ་ཚོ་གོམས་གཤིས་ངན་པ་དེ་ཁྱོད་ཀྱི་སེམས་ཀྱི་ཆོས་ཉིད་དུ་ངེས། དེ་འདྲ་སོང་ཙང་བཙན་བྱོལ་སུ་དང་མི་འདྲ་བ་ད་བར་མི་ཡུལ་དུ་ལུས་པ་མ་ཟད་་་་་བཙན་བྱོལ་དུ་ཡོང་དགོས་པའི་དམིགས་ཡུལ་དེ་ཡང་བརྡ་སའི་དཔོན་ངན་ཚོའི་ཐུགས་ཀའི་འཇོན་ཐང་མེད་པ་དེ་ལ་ཐིམས་པས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སོ་སོའི་མ་འཇོན་པའི་ཆོས་རྣམས་རང་གི་མངའ་འོག་ཏུ་ཡོད་པའི་ཉམས་ཆུང་མི་དམངས་ཚོའི་མགོ་ལ་དྲག་པོའི་ང་རོ་དང་བཅས་ཏེ་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པའི་སྟེང་ནས་རྒྱུན་ཆད་མེད་པར་འཕབས། དེ་ནས་དྲང་བདེན་ལ་དགའ་ཞིང་གནས་ལ་དད་པའི་སྐྱེས་འགྲོ་རྣམས་འགའ་ཞིག་རིམ་བཞིན་གསོལ་སྨན་ཕུལ་ཏེ་ཕྱི་མའི་ཡུལ་དུ་བརྫངས། ལ་ལ་རྫིག་ཉམས་བསྟན་ནས་ཚུར་བསྡུད། ལ་ལ་དབུ་ཞྭ་ནག་པོ་རེ་གཡོགས་ནས་སྤྱིགས་ཚོགས་ནང་དུ་འགྲོ་ལམ་བཀག་བཞིན་པའོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (65)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (54)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (36)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (29)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme