ཀླུ་སྨྱོན།
རྒྱ་གར་ཡུལ་དང་འོལ་མོ་ལུང་རིང་གཉིས།།
བོད་ཡུལ་མིན་པར་ཕྱི་ཡི་རྒྱལ་ཁམས་རེད།།
ཤྰཀ་ཐུབ་གཤེན་རབ་གཉིས་ཀ་ཕྱི་མི་རེད།།
ཤྰཀ་ཆོས་གཤེན་བོན་གཉིས་ཀ་ཕྱི་ཆོས་རེད།།
ཕྱི་ཆོས་ཆེད་དུ་རང་རིགས་ནང་འཛིང་འདི།།
བོད་མི་རྩ་བརླག་འགྲོ་བའི་རྒྱུ་ཡིན་པས།།
རང་རིགས་མཐུན་སྒྲིལ་ཕྱི་ཆོས་དག་སྣང་གིས།།
ཉམས་ལེན་ཆོས་སྲིད་སླར་གསོ་གོང་སྤེལ་མཛོད།།
—-བན་བོན་ནང་འཛིང་ཞིག་ལ་བྲིས་པ།
ཨོ་ཨ་ཁུ་ཀླུ་སྨྱོན་ལགས་དེ་འདྲ་རང་ཡིན་ནམ།
ད་ལྟ་འོལ་ལོ་ལུང་རིང་ཟེར་ནའང་འདྲ་ཞང་ཞུང་ཟེར་ནའང་འདྲ་བོད་ཀྱི་ཁྱབ་ཁོངས་སུ་ཤ་ཐིམ་རུས་ཐིམ་རེད། འདི་བོད་རེད། འདི་ཞང་ཞུང་རེད། ཟེར་ནས་ས་མཚམས་དང་མི་རིགས་ཁག་ཁག་བཤད་ས་མེད།
འདི་ལ་ཅུང་ཙམ་འོས་མཐུན་དཀའ།
ཁ་ནས་ཐོན་ཚད་སྙན་ངག་ཡིན་བསམནས།
གང་བྱུང་མང་བྱུང་བྲིས་ན་སྨྱོན་པ་ཡིན།
ཕྱི་ཆོས་ནང་ཆོས་སྔར་གྱི་ཐ་སྙད་ལ། །
ལེགས་བཅོས་མི་དགོས་ཨ་ཁུ་ཀླུ་སྨྱོན་ལགས། །
ཆོས་ཕྱིར་ནང་འཛིང་ད་ལྟ་ཇི་ཉུང་རེད། །
ཆུང་ངུའི་མེ་ལ་ས་སྣུམ་མ་སྒྲོན་ཅིག །
ཀླུ་སྨྱོན་ལགས་ཀྱི་གསུང་བརྗོད་དོན་རྩ་བའི་ཆ་ནས་ཤིན་ཏུ་བདེན་ཏེ། བན་བོན་སྟོན་པ་མི་གཅིག་པ་ཙམ་ལས་གྲུབ་མཐའི་ཆ་ནས་མི་མཐུན་ཆེར་མེད་པས། རང་གི་ལྟོ་གོས་རྩོད་ན་མ་གཏོགས་གཞན་བརྩད་རྒྱུ་མེད། སྟོན་པ་
ཤེན་རབ་ཕྱི་མི་ཡིན་པར་གསུངས་པ་ནི་བོན་པོའི་བཤད་ཚུལ་གཞིར་བཞག་པ་ཡིན་པས་སྐྱོན་མེད་དོ། །འོན་ཀྱང་
ཁོ་བོས་ནི་བོན་གཞུང་མདོ་གཟེར་མིག་དང་མདོ་དྲི་མེད་གཟི་བརྗིད་སོགས་ལ་རིགས་པས་དཔྱད་ན། འོན་མོ་
ལུང་རིང་ནི་གངས་རིན་པོ་ཆེའི་ཕྱོགས་འདི་ཡིན་པར་མཐོང་སྟེ། ཆུ་བོ་བཞི་ཡི་མགོ་མོ་ཡིན་པར་བཤད་ཅིང་།
ད་དུང་ཆུ་མོ་གང་གཱའི་མིང་ཡང་དངོས་སུ་སྨོས་ནས་བཤད་པ་སོགས་རྒྱུ་མཚན་དུ་མ་ཡོད་དོ། །
ལྟས་ངན་བན་བོན་འདི་ཚོས།།
བོད་མི་སྐྱིད་སྡུག་མཉམ་མྱོང་།།
ཟེར་བའི་མཐུན་སྒྲིལ་རྨང་གཞི།།
རྩ་ནས་མེད་པར་བཟོ་སོང་།།
ཆགས་སྡང་གིས་དབེན་བན་བོན་རྩོད་པ་ལས།
བོད་ཀྱི་རིག་གཞུང་འཕེལ་བའི་རྒྱུར་འགྱུར་ངེས།
གལ་ཏེ་ཆགས་སྡང་དབང་གིས་རྩོད་པ་རྒྱབ།
དེ་ཉིད་རང་གཞན་རྒུད་པའི་རྒྱུར་བསམ་དགོས།།
ཆགས་སྡང་མེད་པའི་རྩོད་པ་གཅིག།
དེང་གི་དུས་འདིར་དཀོན་ཚོད་རེད།།
འདི་ཕྱི་གཉིས་མེད་མི་འདོད་ན།།
བན་བོན་རྩོད་པ་མཚམས་འཇོག་གྱིས།།
ཤཱཀ་ཐུབ་གཤེན་རབ་གཉིས་ཀ་འདས་ནས་ཚར། །
ཤཱཀ་ཆོས་གཤེན་ཆོས་གཉིས་ཀ་འཁྲུགས་ནས་ཚར། །
བན་དགོན་བོན་དགོན་གཉིས་ཀ་གཏོར་ནས་ཚར། །
བན་དེ་བོན་པོ་གཉིས་ཀ་འཁོན་ནས་ཚར། །
གལ་ཏེ་བོན་གྱིས་བོད་འདུན་ཀུན་འགྲུབ་ན། །
རྒྱལ་བློན་འབད་པས་ཆོས་གཞན་འདྲེན་དོན་ཅི། །
གལ་ཏེ་བན་གྱིས་བོན་རྣམས་བསྐྱངས་མེད་ན། །
དེང་གི་བོན་འདི་ཆོས་ལུགས་གང་དུ་གཏོགས??
བན་རྣམས་དར་བ་བོན་གྱི་རྨང་ལས་གྲུབ། །
བོན་རྣམས་དར་བའང་བན་གྱི་རྣམ་དཔྱོད་དྲིན། །
དེ་ཕྱིར་ཕུ་ནུ་བཞིན་དུ་མཐུན་གནས་ཐོག །
བན་བོན་མཉམ་དུ་རྒྱ་ནག་གཞུང་ལ་འཐོབས། །
དྲ་འབུ་ཁ་ཤེས་ཀྱིས་མཚན་སྨད་བྱེད་པ་ཙམ་ལས་བན་བོན་འཁྲུག་གི་ཡོད་མ་རེད་ཡིན་ན་ཡང་མི་མང་ལ་གནོན་ཤུགས་ཐེབ་ཉེས་ཡོད་ནེ་རེ། དེར་རྟེན་དྲ་གོགས་ཚོས་བོན་གྱི་ཕྱོགས་བྱེད་སྒོའི་གནས་ཚུལ་རིགས་ལ་མཚན་སྨོད་དང་སྒྲོ་འདོགས་འཆལ་གཏམ་རིགས་མི་ཤོད་པ་དང་བན་ཕྱོགས་ནས་དེ་དང་མཚུངས་པ་སོགས་སྤེལ་ཚེ་འཆལ་གཏམ་རིགས་མ་བཤད་ན་ཆིག་སྒྲིལ་གཏོར་བཤིག་འགྲོ་དགོས་དོན་མི་འདུག་མོད། གཅིག་གིས་གཅིག་ལ་མཚན་སྨོད་དང་འཆལ་གཏམ་རིགས་མ་བཤད་པའི་ཐོག་ནས་བོད་ཀྱི་ལོ་རྒྱུས་དང་བོད་ཡིག་སོགས་ཀྱི་ཐོག་བགྲོ་གླེང་བྱེད་ཐུབ་ན་ཕན་ཐོག་ཡོད་ངེས་རེད།
ངག་ཁྲིའི་་གསུང་ལ་མངོན་པར་བསྟོད། ༈ བོན་པོས་བནྡེ་གོང་དུ་བཀུར། །ཤཱཀ་ཐུབ་བསྟན་གཉིས་བོད་དུ་བསྒྱུར། །བན་ཆོས་ཁ་འཛིན་གྲྭ་བ་རྣམས། །བོན་པོའི་བཀའ་དྲིན་མ་བརྗེད་ཅིག །བནྡེས་བོན་པོ་བརྩི་བཀུར་བགྱིས། །གཏོ་དང་སྨན་རྩིས་རིག་གཞུང་སྤེལ། །ད་ལྟ་བོན་མགོ་མཐོ་བ་འདི། །བནྡེས་གུས་བརྩོན་ཉིད་ཀྱིས་སོ། །ཆོས་ལུགས་གཉིས་ལ་ཡོན་ཏན་མང་། །མི་རིགས་གཅིག་ཕྱིར་རྩོད་དོན་མེད། །ཕ་མ་གཅིག་གི་སྤུན་ཟླ་ལ། །རིགས་རུས་བཟང་ངན་ག་ལ་སྲིད། །ཕན་ཚུན་མཐུན་པས་ལག་སྤྲེལ་གྱིས། །མེས་པོ་གཅིག་གི་གཟི་བརྗིད་དང་། །མི་རབས་ཕྱི་མའི་ཆེ་མཐོང་དང་། །མི་རབས་འདི་ཡི་ལོ་རྒྱུས་སོམ། །
ཨ་རིའི་མི་སེར་ཀླུ་སྨྱོན་གྱིས། །
ང་ཚོ་བོད་པར་ལམ་སྟོན་ཞིག །
བརྩེ་བས་གནང་འདིའི་དྲན་བཟོས་ཕྱིར། །
ཐུགས་རྗེ་ཆེ་ཞེས་བརྗོད་འདོད་བྱུང་། །
ཆགས་སྡང་ཕྱོགས་རིས་གཏུམས་པའི་ནང་དོན་ནི། །
ཀླུ་སྨྱོན་རྩོམ་གྱི་དམིགས་བསལ་ཁྱད་ཆོས་རེད། །
ཆོལ་ཁ་ལུང་ཚན་གསར་རྙིང་བན་བོན་དང་། །
ཆགས་སྲེད་ཕྱོགས་རིས་གཅིག་རྗེས་གཉིས་མཐུད་རེད། །
ཨ། ད་ངོ་མ་སྨྱོ་ཚར་འདུག སྟོན་པའི་རྗེས་འབྲང་ཞིག་གིས་སྟོན་པ་དང་བསྟན་པ་ལ་ཐོང་བཞག་སྟངས་དེ་འདྲ་རེད་པས། སྲོག་གི་ཕྱིར་ཡང་དཀོན་མཆོག་མི་སྤངས་བ་ཞེས་པའི་བསླབ་བྱ་ཡང་གོ་མི་འདུག
ཁོ་བོ་ནི་སངས་རྒྱས་བསྟན་པ་སྤངས་དགོས་ཐུག་ན་རང་བཙན་ཡིན་ཀྱང་མི་དགོས་སོ།།
མངའ་རིས་ཞང་ཞུང་བོད་སར་མི་འདོད་ན། །
མངའ་རིས་སྐོར་གསུམ་ངོས་འཛིན་འཇོག་པ་ན། །
མང་ཡུལ་མཚོས་སྐོར་སྤུ་ཧྲེང་གངས་ཀྱིས་སྐོར། །
ཞང་ཞུང་གཡའ་ཡིས་སྐོར་བ་ཅི་འདྲ་རེད། །
མི་ཤེས་ཤེས་མདོག་སྤོངས་ཤིག་ཀླུ་སྨྱོན་ཁྱེད། །
བོད་ལ་ཞེན།
དེ་འདྲ་ཐག་ཆོད་པོ་ཡོད་ན་ཁྱེད་ལ་བོད་ལ་ཞེན་ཞེས་པའི་རྗེས་གྲུབ་ཀྱི་ཐ་སྙད་འདོགས་མི་རུང་ངོ་སྙམ་སྟེ། རྒྱུ་
མཚན་དོན་གྱིས་བསྟན་པས་སོ།
མིང་དོན་མི་མཚུངས་པའི་བོད་ལ་ཞེན། བོད་རང་བཙན་དང་སངས་རྒྱས་ཀྱི་བསྟན་པ་གཉིས་ཀ་མི་དགོས་ན་ཁྱེད་ལ་གནས་སྐབས་དང་མཐར་ཐུག་གི་དམིགས་ཆེ་བ་གང་ཡང་མེད་དམ། ཡང་ན་གང་ཞིག་ཡིན???
སྐྱ་མིན་སེར་མིན་ཀླུ་སྨྱོན་འདྲ་བ་ཞིག་གིས་འདི་ལྟར་ལོས་བཤད།
སངས་རྒྱས་བསྟན་པ་མི་དགོས་སུས་ཟེར། ང་བོད་ལ་ཞེན་པ་ཡང་བོད་ལ་ནང་ཆོས་ཀྱི་རིག་གཞུང་བཟང་པོ་དེ་ཡོད་པས་ཡིན། དེ་མིན་ཞེན་རིན་ཡོད་པ་ཞིག་ངས་མཐོང་མ་སོང་།
བན་བོན་བར་གྱི་དཀའ་རྙོག །ཆོས་ཀྱི་སྒོ་ནས་ཞི་དགོས། །སྲིད་རུལ་བའི་བོད་པས། །སྲིད་ཀྱིས་ཞི་བའི་ཐབས་མེད། །
སྲིད་དོན་་་་་ཞེས་ཆད་འདུག
མཁས་པས་བཤད་ན་ཅི་ཡང་བདེན་གྱུར་ན།།
རྫུན་པ་ཡོད་ཚད་ནམ་ཞིག་བདེན་པར་འགྱུར།།
ཤཱཀ་ཆོས་གཤིན་ཆོས་ཕན་བདེ་སྒྲུབ་བྱེད་རེད། རང་རང་བློ་དང་མཚམས་པའི་རིན་ཐང་ཡོད། གང་ལ་མོས་པ་རང་དབང་རང་བཞིན་རེད། ཕྱི་མི་ནང་མི་བརྩད་ནས་དགོས་པ་མེད། དོན་གྱི་རྙིང་པོ་ཆོས་ཀྱི་རིན་ཐང་རེད། ནོར་བུ་ཕྱི་ནས་འདྲེན་དང་ནང་ནས་འདྲེན། ནོར་ཉམས་ཆོས་ན་ནོར་བུ་འདྲ་འདྲ་རེད། ཀླུ་སྨྱོན་སྨྱོ་བབ་དྲ་རྒྱའི་སྟེང་དུ་བཀོད། བོད་མི་ནང་ཁུལ་འཁྲུག་པའི་ཆེད་དུ་རེད། དེ་ལྟར་འཁྲུག་ན་ཀླུ་སྨོན་བསམ་དོན་གྲུབ། རྒྱ་སྒོར་ཚ་པོ་ཀླུ་སྨྱོན་ལག་ཏུ་ཐེབས།
བདེ་སྐྱིད་མི་འདོད་འགྲོ་བ་སུ་ཞིག་ཡོད། །བན་དེས་དམ་ཆོས་བྱེད་པ་བདེ་བའི་ཆེད། །
བོན་པོས་བོན་བྱེད་བདེ་སྐྱིད་ཆེད་དུ་ཡིན། །འཇིག་རྟེན་ཆབ་སྲིད་བྱེད་པ་བདེ་བའི་ཆེད། །
མདོར་ན་ཐམས་ཅད་བདེ་སྐྱིད་ཆེད་དུ་ཡིན། །བདེ་སྐྱིད་ཅེས་བྱ་ཅི་ལ་ཟེར་བར་སོམས། །
ཕུག་དཀྲུག་མདའ་དཀྲུག་བྱེད་པ་ཅི་ཡི་ཆེད། །དབྱེན་སྦྱོར་འཕུང་དཀྲུག་སློང་བ་སུ་ཡི་ཆེད། །
ང་ཚོས་བོན་དང་ཆོས་གཉིས་ལ་རྩོད་པ་བྱེད་དགོས་དོན་གང་ཡང་མི་འདུག དེ་གཉིས་ཀར་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་ཚང་མ་ཡོད་འདུག གཉིས་ཀ་བསྟན་པ་ཡང་དག་པ་ཞིག་ཡིན་པ་ཐེ་ཚོམ་མི་འདུག ཇི་སྐད་དུ། ཐོས་བསམ་ཕྱོགས་མེད་མ་བྱས་པས། གྲུབ་མཐའ་གཞན་ལ་སྨོད་མ་གཏོང་། ཞེས་པ་བཞིན་ཤེས་ལ་མ་ཤེས་པའི་ངང་ནས་སྨོད་མི་རུང་ངོ་། །
རྩོད་གཞི་ཞིག་མེད་ན་ང་ཚོ་བོད་པས་སྐད་ཆ་བཤད་ཤེས་ཀྱི་མི་འདུག་་་་་་་་་་་་་རྗེས་སུ་རྩོད་གཞི་རིགས་མང་ཙམ་འབྲི་ཡི་ཡིན་ལོ་་་་་་་་་་་་་་་་་་་་་་་་་་་་་་་་་་་
རྩོད་གཞི་མེད་ན་ང་ཚོས་སྐད་ཆ་བཤད་ཤེས་ཀྱི་མི་འདུག་བྱས་ཙམ་རྗེས་སུ་རྩོད་གཞི་རིགས་མང་ཙམ་འབྲི་ཀྱི་ཡིན་་་་་་་་་་་་་་་་་་་་་་་་་་་་་་་་་་
ཀླུ་སྨྱོན་སྤྲུལ་སྨྱོན་གྱིས་སྐད་སྨྱོན་བཤད་ཀྱི་འདུག་ད་
ད་མང་བོ་མ་བཤད། སྲུང་མ་འཁྲུགས་རྒྱུའི་ཉེན་ཁ་འདུག ཆོས་སྐྱོང་དཔལ་ལྡན་ལྷ་མོ་དང་བོན་སྐྱོང་སྲིད་པ་རྒྱལ་མོ་གཉིས་ངོ་བོ་གཅིག་ཡིན་པ་ཚད་མས་གྲུབ་འདུག དཔལ་ལྡན་ལྷ་མོའི་རྩ་སྔགས་བགྲང་དུས་ཞང་ཞུང་སྐད་དུ་བགྲང་བ་ལས་རྒྱ་གར་སྐད་དུ་རེད་མི་འདུག །
ད་ལྟའི་བོན་དང་དུས་རབས་བརྒྱད་པ་སྔོན་གྱི་བོན་གཉིས་གཅིག་པ་ཨེ་ཡིན།
གྲྭ་བརྒྱགས་ཀི་ཁ་ལ་མ་ཉན། རྟ་བརྒྱགས་ཀི་ཡོག་ལ་མ་ཉན་ཟེར་ན་འདི་འདྲ་ལ་ཟེར་བ་རེད། གྲྭ་བའི་ཁ་འདི་བདག་བཟུང་མེད་པའི་ཁ་ཞིག་ཡིན་པ་འདི་ལྟར་རེད། སྔོན་མ་ཞིག་ལ་གྲྭ་བ་རྒན་གཞོན་ཁ་ཤས་ཤིག་་་་་་་་་་
འོལ་མོ་ལུང་རིང་ཞེས་པ་དེ་བལ་བོད་མཚམས་ད་ལྟ་འོམ་ལ་འབོད་པ་དེ་ན་ཆུ་བོ་རྨ་བྱ་ཁ་འབབ་རྒྱུགས་མཚམས་ན་བྲག་ཕུག་ཞིག་ཡོད་པ་གྲགས་དེའི་མིང་འོལ་མོ་ལུང་གི་བྲག་ཕུག་ཟེར་གྱི་ཡོད་པ་རེད། དེ་ན་བོན་པོ་རྣམ་གྱི་མཆོད་འབུལ་གནང་གི་ཡོད་པ་རེད།
དྲ་འབུ་ཚོ་ལགས། ང་ཚོས་ངེས་པར་དུ་ཤེས་དགོས་རྒྱུ་ཞིག་ལ། ང་ཚོས་འདིར་དམག་འཁྲུག་རྒྱག་གི་ཡོད་མ་རེད་དཱ། ང་ཚོའི་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་སྔར་གྱི་མཁས་པ་རྣམས་ཀྱི་བཞེད་གཞུང་གཞིར་བཞག་ཐོག་ནས་ལུང་དང་རིགས་པའི་བགྲོ་གླེང་གནང་གི་ཡོད་རེད་དཱ། དེ་ཤེས་པར་གྱིས་ཨཱ།
ཐུབ་བསྟན་གྱིས་གཏམ་བདེན་པར་བཤད།
ང་ལ་འོམ་ལ་ནས་འོངས་པའི།
སློབ་གྲྭ་མ་ཞིག་ཡོད་པ་ཡིན།
བོན་སྐོར་གློག་བརྙན་ཞིག་སྟེར་སོང་།།
བྲག་ཕུག་ངོ་མཚར་ཅན་མང་པོ།
དཔེ་ཆ་བྲིས་མ་མང་པོས་གང་།
དེ་རྣམས་ཕྱི་ལོགས་ལ་ཁྱེར་ན།
ཡུལ་ལ་བཀྲ་མི་ཤིས་འོང་དོགས།།
དེས་ན་གྲོང་པ་མི་རྣམས་ཀྱིས།
བྲག་ཕུག་དཔེ་ཆ་དམ་པོས་སྲུང་།
དངོས་གནས་དཔེ་དེ་དག་ནི།
བོན་ནམ་བན་དེ་སུ་ཡི་ཡིན།
བརྟག་དཔྱད་བྱེད་པའི་གཞི་རུ་ངེས།།
བན་བོན་རྩོད་དགོས་དོན་མེད་དེ། བོན་གྱི་པྱྭ་གཤེན་དང་སྲིད་གཤེན་དང་སྣང་གཤེན་གྱི་ཆོ་ག་མང་བོ་ཞིག་
བོད་བརྒྱུད་ནང་བསྟན་ཁྲོད་དུ་ལག་ལེན་བསྟར་བཞིན་ཡོད་ལ། གཡུང་དྲུང་བོན་གྱི་གཞུང་ལུགས་མང་བོ་ཞིག་
གི་ནང་སངས་རྒྱས་པའི་ལྟ་གྲུབ་འདྲེས་ནས་ཡོད་དེ། དཔེར་ན། བོན་གྱི་ཐུགས་རྗེ་སེམས་དཔའི་ལུགས་ཀྱི་
མཚན་ཉིད་གསུམ་དེ་སེམས་ཙམ་པའི་ལུགས་ཀྱི་མཚན་ཉིད་གསུམ་གྱི་རྣམ་གཞག་ཇི་ལྟར་བ་བྱས་འདུག་ལ།
རོལ་བ་སྐྱེ་མཆེད་ལྟར་སྣང་བའི་ལུགས་ནི་དབུ་མ་རང་རྒྱུད་པའི་ལུགས་དང་མཐུན། སྤྲོས་བྲལ་ཅི་སྨྲ་བ་ནི་
དབུ་མ་ཐལ་འགྱུར་བའི་ལུགས་དང་མཐུན། རྫོགས་ཆེན་ནི་རྙིང་མའི་རྫོགས་ཆེན་དང་ཤིན་ཏུ་མཐུན་པས།
ལྟ་གྲུབ་ཀྱི་ཆ་ནས་རྩོད་པའི་གཞི་གང་ཡང་མེད་ན། བྱིས་པ་ཁ་དམར་མ་ཚོ་འཕག་ཚག་རྒྱག་དྲགས་ན་སྡུག་གྱོང་
རག་ཡོང་།
ལ་དྭགས་བློ་བཟང་འཇམ་དཔལ་ལགས།
ཁྱེད་ཀྱིས་འོམ་མོའི་གློག་བརྙན་དེ་youtubeནང་འདོན་རོགས་ཞུ་རྒྱུ་ཡིན། ང་ཚོས་ཤིན་ཏུ་ནས་བལྟ་འདོད་ལངས། གནས་ཚུལ་འདིར་བཀོད་པར་བཀའ་དྲིན་ཆེ། ལ་དྭགས་ཕྱོགས་ལ་བོན་དང་ཞང་ཞུང་གི་སྐོར་ལ་ཞིབ་འཇུག་བྱེད་མཁན་གྱི་ལ་དྭགས་པ་ཡོད་དམ། གར་ཤྭའི་ཕྱོགས་ནས་གར་ཤྭའི་མཁས་དབང་ཞིག་གིས་དབུ་འཁྲིད་ནས་ད་ལོ་ཕྱི་ཟླ་དགུ་པའི་ནང་བོན་གྱི་གདན་ས་སྨན་རི་གླིང་དུ་ཞང་ཞུང་གི་སྐོར་ལ་ཚོགས་འདུ་ཞིག་འཚོགས་བརྟན་འཁེལ་འདུག། དེར་སྐུ་ཉིད་ལ་དགོངས་ཚུལ་འདྲ་ཡོད་དམ།
མི་ཁ་ཤས་ཀྱིས་ཁ་ལ་བདག་པོ་མེད་པ་ཙམ་ལ་གཞི་བཅོལ་ནས་བན་བོན་ནང་འཁྲུགས་བྱེད་ཀྱི་འདུག་ལབ་ནས་དེ་འདྲ་ཆོ་མེད་མང་པོ་འབྲི་བ་ནི་དགོས་མེད་རྩོད་གཞི་འཇོག་པའི་རྒྱུ་ལས་ཕན་ཐོག་པའི་ཆ་གང་ཡང་མེད་པ་མཁྱེན་དགོས་གལ། ལྷ་རི་ཆེན་པོ་ལ་མེ་སྟག་ཆུང་ངུའི་མེས་བསྲེགས་འདོད་ཡོད་ན་མ་གཏོགས་རང་ཉིད་གཞན་ལས་ལྷག་བསམ་ཆེ་མདོག་དང་བྱམས་སེམས་ལྡན་མདོག་བྱས་ནས་གཞན་རྣམས་འཕུང་དཀྲུག་ལ་མ་སྦྱོར་ན་ལེགས་པར་བསམ། ཐུགས་རྗེ་ཆེ།།
བོན་པོ་ལ་ཞིབ་འཇུག་གནང་རོགས།
བོད་གངས་ཅན་པའི་ལྷ་སྡེ་མི་སྡེ་ཡོངས་ནས་ཐུགས་ཁུར་ནན་བཞེས་ཀྱིས་བོན་པོ་ལ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱ་བའི་དུས་ཚོད་ལ་བསླེབ་ཡོད་པར་མཐོང་། ཁོ་ཚོས་རྒྱལ་རབས་ལོ་རྒྱུས་དང་། བོན་འབྱུང་སོགས་ལ་དོགས་པ་ཆེན་པོ་ཞིག་མཆིས་པས། རིག་གཞུང་གི་ཞབས་འདེགས་ཀྱི་ཆེད་དུ་དམིགས་ཏེ། ཆོས་པ་དང་། བོན་པོ། ཆོས་ཁས་མི་ལེན་པའི་བོད་མི་ཡོངས་ཀྱིས་ས་ཕྱོགས་གང་ཞིག་ཏུ་ཞིབ་འཇུག་གི་ཚོགས་པ་ཞིག་བཙུགས་ཏེ། ཁུངས་ལྡན་མི་ལྡན་ཐག་ཆོད་ནན་པོ་ཞིག་དགོས་པར་སེམས། གང་ཡིན་ཞེ་ན་ལོ་རྒྱུས་ཞེས་པ་དེ་འདས་པའི་ཆར་བྱུང་ཟིན་པ་ལ་ཕྱིར་བལྟས་བྱེད་ས་དང་། སྔོན་བྱོན་གྱི་ཡབ་མེས་ཚོས་བྱས་རྗེས་དང་། རིག་གཞུང་གི་འབྱུང་ཁུངས་འཚོལ་ས་ཡིན་པས་གང་འདོད་དང་། གང་དྲན་གྱིས་བསྒྱུར་བཅོས་གཏོང་མི་རུང་བར་མ་ཟད། བདེན་དཔང་བྱ་ནུས་པའི་ཁུངས་ལྡན་གྱི་ལོ་རྒྱུས་ཤིག་ལ་གཞི་བཅོལ་ཏེ། གཙང་ཞིབ་ཅིག་གནང་མ་ཐུབ་པ་ཡིན་ན། ད་ལྟའི་དུས་རབས་འདིར་ཁོ་ཚོ་ལ་གང་དྲན་བཤད་བཅུགས་ནས་གཡུག་བཞག་ན། དུས་རབས་གཅིག་གི་རྗེས་ནས་ལོ་རྒྱུས་ཆགས་ཚར་བ་རེད། དེ་དུས་བཟང་ངན་རྩོད་དགོས་ན་ཁག་པོ་རེད། ད་ལྟ་ཁོ་ཚོས་ལོ་རྒྱུས་ཀྱི་ཆ་ཡོངས་སུ་བཀང་ཐུབ་མེད་པ་དང་། རང་ལུགས་ཤིག་ཚུགས་འདོད་ཀྱིས་ཚ་ཚ་འུར་འུར་ངང་ནས་འབར་བཞིན་པ་ཡིན་དུས་རྩ་ནས། ཆོས་བོན་གཉིས་ཀས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་གནང་ཐུབ་སོང་ན། བདེན་རྫུན་དང་། ཡིན་མིན་གྱི་ཐག་ཆོད་ངེས་རེད། གལ་སྲིད་ཁོ་ཚོ་ལ་བདེན་པའི་དཔང་པོ་དང་། ལུང་རིགས་ཀྱི་ཁུངས་ཚད་ལྡན་ཁུར་ཡོང་རྒྱུ་ཡོད་ན་ཁྱེད་ཅག་རྒྱལ་སོང་བ་རེད། ཚང་མས་མགྲིན་གཅིག་ཏུ་གཟེངས་བསྟོད་བྱ་རྒྱུ་རེད། ཁྱེད་ཚོའི་བཤད་པ་ཚང་མ་རྫུན་འབའ་ཞིག་ལས། རྒྱུ་མཚན་རྣམ་དག་མེད་བཞིན་རང་དགར་གཡུག་བཞག་ན། བོད་མི་རིགས་ལ་གྱོང་གུད་ཆེན་པོ་ཞིག་འཐེབ་ངེས་པས། བདེན་རྫུན་གང་ཡིན་ལོ་རྒྱུས་ལ་གཏུག་དགོས་པ་དང་། རྒྱུ་མཚན་དང་འབྲེལ་བས་བརྟག་དཔྱད་གནངས་ཏེ། མཁས་པའི་མདུན་སར་ཐག་གཅོད་བྱ་དགོས་ངེས་སུ་མཐོང་། ང་རང་གིས་མཐོང་བ་ལྟར་ན་བོན་པོ་ཚོ་ཆོས་རྒྱལ་ཚོའི་གོང་དུ་མེད་ཅེས་མི་ཟེར་ཡང་། ད་ལྟའི་བོན་ནང་བཞིན་བཀའ་བསྟན་གཉིས་ཀ་ཡོད་མཁན་ཞིག་ཏུ་ཡོད་པར་མི་འདོད་ལ། བོན་གྱི་ལོ་རྒྱུས་ཕལ་ཆེ་བ་བདེན་པ་ཡིན་པར་ཁས་ལེན་མི་ནུས་པར་མ་ཟད། ད་ལྟའི་བོན་པོ་བསྒྱུར་བོན་ཡིན་དུས་རྩ་ནས་ཐ་སྙད་འགའ་ཞིག་ལས་དང་། བོན་འབྱུང་གི་ལོ་རྒྱུས་འགའ་ཞིག་ལས་ཆོས་ཀྱི་གཞུང་ལུགས་དང་ཁྱད་ཡོད་པར་མི་འདོད་དོ། །ཡིན་ན་ཡང་བོད་ཀྱི་རིག་གཞུང་གི་ཐག་ངས་མི་ཆོད་པས། བོད་ཀྱི་ཤེས་ལྡན་ཚོས་ཕན་ཚུན་ཆགས་སྡང་དང་མ་འབྲེལ་བའི་སྒོ་ནས་ཞིབ་འཇུག་དཔྱིས་ཕྱིན་པ་གནང་ཐུབ་སོང་ན། རོགས་བདེ་བ། རང་བདེ་བ་གཉིས་ཀ་ཆགས་པར་སེམས།
དེང་སང་བོན་པོ་འདི་ཚོས་ག་ཤེད་ཅིག་ནས་མགོ་སེར་ཞིག་གིས་ཞིབ་འཇུག་བྱས་སོང་ཟེར་བ་དང་། རྒྱ་ནག་གི་མཁས་པ་ཞིག་གིས་ཐག་བཅད་སོང་ཟེར་བ་ལ་ཡིད་ཆེས་གཏན་ནས་མེད། རང་མི་རིགས་ལས་གཞན་པའི་མཁས་པ་ཞིག་གིས་བོད་ཀྱི་རིག་གཞུང་ལ་ཤ་ཚ་ཡོད་མི་སྲིད་ལ། བོད་ཀྱི་རིག་གཞུང་གི་མཐིལ་ངོ་མ་ཞིག་གཏན་ནས་རྟོགས་མི་ནུས་དེ་ཕར་བལྟས་ཚུར་གཟིགས་རེད། དེ་ཕྱིར་བོད་ཀྱི་རིག་གཞུང་གི་གནད་གསང་དག་དོན་ངོ་མ་དེ་བོད་པ་ཚོས་ཐག་གཅོད་དགོས་པ་དང་། དེའི་གྲོགས་སུ་མི་རིགས་གཞན་པ་ཚོས་ཟུར་བརྒྱན་ན་ཡང་མི་འགྲིག་པ་ག་ལ་ཡོད། དེ་ཕྱིར་འཕྲུལ་ཆས་ལ་བརྟེན་ནས་བརྟགས་དོན་འདི་བྱུང་སོང་ཟེར་བ་དང་། བོད་མི་ལས་གཞན་པ་ཞིག་གིས་འདི་ལྟར་བཤད་སོང་ཟེར་བ་ཙམ་མ་ཡིན་པར། བོད་རང་གི་མི་རིགས་རིག་གཞུང་ལ་ཤ་ཚ་དང་། རིན་ཐང་ལྟ་ནུས་པ་ཆོས་པ་དང་། བོན་པོ། ཆོས་མེད། བོན་མེད་ཀྱི་མཁས་པ་ཚོས་ཕན་ཚུན་བརྩེ་བས་རིག་གཞུང་ལ་གད་བརྡར་ཐེངས་ཤིག་གནང་ན་མི་ལེགས་སམ
འགའ་ཞིག་གིས་བོད་མི་རིགས་ཀྱི་ལས་དབང་ལ་བསམ་བློ་མི་བཏང་བར་ནང་ཁུལ་རྙོགས་དྲ་བཟོ་བ་ནི་བོད་ལ་ཤ་ཞེན་དང་། ཞེན་ཆགས་མེད་པའི་འཛིན་སྟངས་ཤིག་རེད་ཅེས་བཤད་བཞིན་པ་མཐོང་མོད། བོད་ལ་ཤ་ཚ་ན་རིག་གཞུང་བདག་པོ་རྒྱག་དགོས་པ་དང་། རིག་གཞུང་དེ་ལ་གཏད་སོ་ཡོད་པ་དང་། མི་ལ་ངོམ་རིན་ཡོད་པ། རང་གིས་ཉར་རིན་ཡོད་པ་ཞིག་དགོས་པ་དང་ལས། ཕྱོགས་གཅིག་ནས་གསར་ངས་ཆེ་བ་ཚོས་མི་རིགས་གཞན་ལ་འགྲམ་ཆུ་ལྡང་བ་དང་། གཉིས་ནས་བོན་པོ་ཚོས་སྐད་ཆ་འདྲ་མིན་བཤད་པ་འདི་དག་གིས་བོད་ཀྱི་རིག་གཞུང་གི་རྩ་བ་བརླགས་ཤིང་། རང་ལུགས་འདི་ཞེས་གཏད་སོ་མེད་པ་ཞིག་ཏུ་འགྱུར་ངེས་རེད། དེ་ཕྱིར་བོད་མི་རིགས་ལ་ཤ་ཚ་དང་། སྙིང་རྗེ་ཡོད་མཁན་ཡིན་ཕྱིན་བོད་ཀྱི་ནང་ཆོས་གཙོ་བོར་གྱུར་བའི་སྐད་ཡིག་དག་སྐྱོན་མེད་ཅིག་འཛིན་དགོས་པ་ལས། མི་ཞིག་ལ་ཡོད་ཚད་རང་ལུགས་བཞག་འདོད་པ་དང་། སྔོན་ལ་མེད་པའི་རིག་གཞུང་དང་། ལྟ་གྲུབ་གསར་གཏོད་ཀྱིས་ཁྱད་ཆོས་ཤིག་དུས་ན་ཡང་མི་ཐོན་པ་ནི། ངས་བཤད་མི་དགོས་པར་འདས་པའི་ཆ་ལ་ཕྱིར་མིག་ཅིག་ལྟོས་དང་ཤེས་ངེས་རེད།
ཨ་ཨ། ད་བོད་པ་ཟེར་བའི་གྲུབ་གཞིག་རྩ་བ་ནས་མིན་འདུག། བོད་ཡིག་དེ་ཡང་ཕྱི་རྒྱལ་གྱི་ཡི་གེ་རེད་འདུག། རྒྱུ་མཚན་ནི་འདི་བོན་པོའི་ཡི་གེ་རེད་ཟེར་རྩོད་པ་ཤོར་འཚར་སོང་། འདི་ལ་༴བོན་པོའི་ཆོས་འདི་ཡང་ཕྱི་རྒྱལ་གྱི་ཆོས་རེད་འདུག ངས་བོན་ཆོས་འདི་ང་ཚོ་བོད་པའི་ཡིན་སྙམ་པ་འདི་ཡང་ད་གཏོར་སོང་། ད་བོད་པའི་རིག་གཞུང་གཙང་མ་གཅིག་རང་འདུག། དེ་ཤུགས་ལྡན་ལ་སྲོག་གཏད་ཞུ་བའི་རིག་གཞུང་དེ་རེད་འདུག། ལྟས་ངན། བསམ་བཞིན་བསམ་བཞིན་བོད་མི་རིགས་ཟེར་བ་འདི་ཉམས་འགྲོ་གི་འདུག
ཡི་གེ་སྨར་ཡིག་ཡིན་པའི་བོད་པ་ང་ཚོ།
སྟོན་པ་རྒྱ་གར་བ་ཡིན་པའི་གངས་ཅན་བོད་པ།
གཤེན་རབས་ཕྱི་རྒྱལ་བ་ཡིན་པའི་ལམ་དབུ་མ་པ།
མཁན་པོ་རྒྱ་གར་བ་ཡིན་པའི་གངས་ཅན་བོད་པ།
སློབ་དཔོན་ཨབ་གྷན་ཡིན་པའི་བཙན་པོའི་གདུང་རྒྱུད།
བླ་མ་རྒྱ་གར་བ་ཡིན་པའ་ཁ་བ་ཅན་པ།
གྲུབ་ཆེན་རྒྱ་གར་བ་ཡིན་པའི་བོད་པ་ང་ཚོ།
བཙུན་མོ་རྒྱ་མོ་ཡིན་པའི་བཙན་པོའི་གདུང་རྒྱུད།
སྐར་རྩིས་རྒྱ་ནག་ནས་ཡིན་པོའི་བོད་པའི་རིག་གཞུང་།
ཐུང་ཇ་རྒྱ་ནག་ནས་ཡིན་པའི་རྩམ་ཟན་ང་ཚོ།
རང་དབང་གཙང་མར་བརྩོད་པའི་་བོད་པ་ང་ཚོ།
རྒྱ་ནག་གོང་མར་དགའ་བའི་ཤ་ཀྱའི་དགེ་སྦྱོང་།
སློབ་མ་རྒྱ་མོར་དགའ་བའི་རྡོ་རྗེ་སློབ་དཔོན།
གོས་ཆེན་སྟོད་གོས་ལ་དགའ་བའི་འདུལ་བའི་སློབ་དཔོན།
རྒྱ་རག་ཅང་ཅི་ལ་དགའ་བའི་སྔགས་པ་ང་ཚོ།
རྒྱ་མོའི་སྟུ་ལ་དགའ་བའི་མི་རིགས་འཐབ་རྩོད་པ།
རྒྱ་མིའི་ཟས་ལ་དགའ་བའི་མི་རིགས་ལ་རྒྱ་བ།
རྒྱ་དངུལ་རྟ་རྨིག་པ་ལ་དགའ་བའི་རང་ས་རང་སྲུང་བ།
བོད་ཡུལ་རྒྱ་ཡུལ་ལ་འཇུག་པའི་བོད་པ་ང་ཚོ།
ནང་འཁྲུག་གསོད་རེས་ལ་དགའ་བའི་དམ་གཙང་ང་ཚོ།
ཆོས་ལུགས་ཐེན་ཁྱེར་ལ་དགའ་བའི་་བྱང་སེམས་ཅན་པ།
ཆོལ་ཁའི་དམག་འཁྲུག་ལ་དགའ་བའི་ཆིག་སྒྲིལ་བ་ང་ཚོ།
རང་རིགས་ཕྲ་གདོག་ལ་དགའ་བའི་ཐེག་ཆེན་བོད་པ།
ཨོ་རྒྱན་ཉི་མ་ཟེར་བ་འདིས། ཁོས་མི་ཤེས་ཤེས་མདོག་གིས་བོན་པོ་ལ་ཞིབ་འཇུག་བྱེད་དགོས་པའི་བསྐུལ་མ་གཏོང་བའི་མཐོང་ཆུང་དང་གཉས་བཅོས་ཀྱི་བྱེད་སྟངས་ངན་པ་འདི་རིགས། དུས་ནམ་ཡང་རང་དགར་འཇོག་མི་ཉན། སྐད་ཆ་འདི་ནི་ཧ་ཅང་ཐལ་ཆ་ཆེ་བའི་སྐད་ཆ་ཞིག་རེད། བོད་མི་རིགས་ཀྱི་དཀྲུགས་ཤིང་ཟེར་ན་སྐད་ཆ་འདི་ལྟ་བུ་ལ་ཟེར། འདི་འདྲ་རྐྱང་རྐྱང་བཤད་ནས་ཞིང་འབྲོག་མི་དམངས་ད་བར་མགོ་བསྐོར་བཏང་བ་དང་། རྩ་བའི་ཆ་ནས་བོན་པོ་ཡར་རྒྱས་བྱུང་སོང་ན་ཁྱེད་ཚོ་ལ་གནོད་དགོས་པའི་རྒྱུ་མཚན་ཅི་རེད། བོན་པོ་ཚོས་བོན་པོའི་ལུང་པར་བོན་བསྟན་ཡར་རྒྱས་གཏོང་མི་ཆོག་ན་ཁྱོད་རང་སེམས་བརྟན་པོ་མེད་པ་ཡིན་འགྲོ། བོན་པོས་དུས་ནམ་ཡང་ཁུངས་ལུང་མེད་པའི་ཆོས་ལུགས་ཤིག་བྱེད་མྱོང་མེད། ད་ངོ་མ་བོད་ཀྱི་བཙན་པོས་གདུང་རྒྱུད་གཅོད་མཁན་དང་གླང་དར་མ་བཀྲོང་མཁན། མཁན་ཆེན་ཞི་བ་འཚོའི་བསྟན་པ་བཤིགས་མཁན་དེ་ཚོ་སྨྱོ་ནད་ལངས་ཡོང་གི་ཡོད་ས་རེད། བོད་བཙན་པོའི་རྒྱལ་ཁབ་ཡོད་པ་དེ་སིལ་བུར་གཏོར་ད་དུང་བོན་པོ་ལ་ཞིབ་འཇུག་བྱེད་དགོས་རབས་ཤོད་པ་འདི་ངོ་མ་ཁྱོད་ངོ་མི་ཚ་འམ། ཞིབ་འཇུག་བྱེད་དགོས་ན་དང་པོ་ཁྱེད་རང་ཚོ་སུ་ཡིན་དང་ཁྱེད་ཚོས་ཆོས་གསར་འདི་ག་འདྲ་ཞིག་ཡིན་མིན་ཞིབ་འཇུག་བྱོས་ཤོག། དེ་ཡང་བོད་རྒྱ་ཆེའི་མི་མང་གིས་བྱོས་ཤོག། གླིང་འདིར་ཡོད་པའི་མི་བུ་ཡོད་ཚད་ཀྱིས་བྱོས་ཤོག། དེ་ནས་ཁྱེད་ཚོས་བོན་པོ་ལ་གསོད་རྡུང་གཉོག་གསུམ་བྱས་ཚད་དེ་ཞིབ་འཇུག་བྱོས་ཤོག། བོན་པོའི་གནས་ས་དང་དགོན་པ་ཕལ་ཆེ་བ་ཁྱེད་ཚོས་ཧམ་བཟུང་བྱས་ཚད་དེ་ཞིབ་འཇུག་བྱོས་ཤོག། བོད་ཀྱི་བོན་དང་རིག་གནས་ཁག་བན་དེའི་ངོ་བོར་བཅོས་ཚད་དེ་ཞིབ་འཇུག་བྱོས་ཤོག། ངོ་མ་ཞིབ་འཇུག་ཡག་པོ་བྱོས་ཤོག་ཨ།
ཀླུ་ཕྲུག་ངོ་ངན་གྱི་ངན་ཅུས་འདི་བཙོག་གི་ཡཱ་་་་ཨ་་ཁ
རྩ་བའི་ཆ་ནས་བོན་པོ་ཡར་རྒྱས་བྱུང་སོང་ན་ཁྱེད་ཚོ་ལ་གནོད་དགོས་པའི་རྒྱུ་མཚན་ཅི་རེད། བོན་པོས།
རྩ་བའི་ཆ་ནས་ནང་པ་ཡར་རྒྱས་བྱུང་སོང་ན་ཁྱེད་ཚོ་ལ་གནོད་དགོས་པའི་རྒྱུ་མཚན་ཅི་རེད། མེ་དཀར་པས།
ཧ་ཧ་ཧ་ཧ་ཧ་ཧ་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
ཧ་ཧཧཧཧ། སྣུམ་ཏོག་ཙམ་ཏོག་ཙམ་བཤོས་ན་མ་གཏོགས་མེ་ཤི་གྲབ་བྱེད་གི་འདུག་ག ཧ་ཧ་ཧ་
སྟག་གཟིག་་ཟེར་བའི་རྒྱལ་ཁབ་ད་ལྟ་ཨི་རན་ཟེར་བ་དེ་ཡིན་སྐད
བོན་པོ་ལ་ལོ་རྒྱུས་ཕྱུག་པོ་ཡོད། བརྡ་རྙིང་གིས་གཏམ་པའི་དཔེ་ཆ་མང་དག་ཡོད། དེའི་ནང་གཏེར་མ་ཡང་ཡོད་ལ་གཏེར་མ་མིན་པའི་དུས་རབས་མང་པོའི་རིང་མིས་མི་ལ་བརྒྱུད་བསྡད་པ་ཡང་ཡོད། ཞང་བོད་ཤན་སྦྱར་གྱི་དཔེ་ཆ་ཡང་ཡོད། ཁྱེད་རྣམ་པས་ཞིབ་འཇུག་བྱེད་ན་བྱེད་རིན་ཆོག་པ་ཡོད། དེང་སང་ས་འོག་ནས་བོན་དཔེ་རྙིང་པ་མང་པོ་ཐོན་ཡོད། ལོ་ཤས་སྔོན་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་གནའ་དཔེ་མང་དག་ཡོད། དེའི་ནང་གཏོ་ཐབས་དང་སྨན་དཔྱད་རིགས་དཔར་སྐྲུན་གནང་ཡོད། ཡིད་ཕངས་པ་ཞིག་ལ། ས་ཆ་དེར་རྙེད་པའི་ནང་དོན་རིག་པའི་སྐོར་ཤེར་ཕྱིན་ལ་སོགས་པའི་ཤོག་འཐོར་མང་དག་ཡོད་ནའང་ད་བར་དཔར་སྐྲུན་གནང་མེད། དེ་དཔར་སྐྲུན་གནང་འདོད་མེད་པའི་རྒྱུ་མཚན་ཆེན་པོ་ཡོད། ནམ་རྒྱུན་བན་དྷེ་ཚོས་བོན་པོ་ལ་བཀའ་བཀྱོན་ཚད་མེད་གནང་གི་ཡོད། བོན་པོ་ལ་ལོ་རྒྱུས་ཕུག་བརྟན་ཡོད་ན་དུས་རབས་བདུན་བརྒྱད་ནང་ནས་བྲིས་བཞག་པའི་དཔེ་ཆ་ཁུར་ཤོག་ཟེར་གྱིན་ཡོད། དོན་དངོས་ཐོག་དུས་རབས་བདུན་བརྒྱད་ནང་བྲིས་པའི་དཔེ་ཆ་མེད་པ་བན་བོན་གཉིས་ཀ་གཅིག་མཚུངས་ཡིན་པ་མ་ཟད། ཐ་ན་དུས་རབས་བཅུ་གཉིས་བཅུ་གསུམ་ནང་བྲིས་པའི་དཔེ་བན་བོན་གཉིས་ཀ་ལ་ཕལ་ཆེར་སྟོན་རྒྱུ་མེད། དེར་བརྟེར་བོད་ཀྱི་རིག་གནས་དང་ལོ་རྒྱུས་ལ་ཤ་ཚ་མཁན་ཡོད་ན། བོད་ཀྱི་ལོ་རྒྱུས་ལ་དྲང་པོའི་ལམ་ནས་བརྒྱུད་དེ་ཞིབ་འཇུག་གནང་དགོས་པ་གལ་ཆེན་ཡིན།
གངས་སེང་ལགས་བོན་པོ་བོད་ལ་ནང་ཆོས་མ་དར་བའི་སྔོན་ནས་ཡོད་པ་ཚང་མས་ཤེས་ཀྱི་རེད། དེས་ན་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པ་ཡིན་པ་ཡང་ཚང་མས་ལོས་ཤེས། ང་ཚོ་མི་མཐུན་སའི་གཞི་ནི་དེ་མ་རེད། མི་མཐུན་པའི་ས་ནི་དཔེར་ན། བོད་ཡིག་ཞུང་ཞུང་གི་ཡི་གེ་ལ་དཔེ་བྱས་ནས་བཟོས་པ་རེད་ཟེར་བ་དང་། དེ་བཞིན་བན་སྡེའི་ལེགས་བྱང་མང་པོ་ཞིག་བོན་པོའི་ཡིན་ཟེར་བ་སོགས་རེད།
ང་ད་རེས་ཧ་ལས་ས་ནི་བོན་པོས་བན་སྡེ་ལ་སྐྱོན་བརྗོད་པ་དེ་མིན། ང་ཧ་ལས་ས་ནི་བན་སྡེའི་རྗེས་འབྲང་ཞིག་གིས་སོ་སོའི་སྟོན་པ་ལ་མ་གུས་པའི་ཚིག་ཤཀྱ་ཐུབ་ཕྱི་མི་རེད་ཟེར་བ་དང་། སོ་སོའི་ཆོས་ལ་བན་ཆོས་ཕྱི་ཆོས་རེད་ཟེར་བ་དེ་ཡིན། ངོ་མ་དཀོན་མཆོག་སྤོངས་བ་ཨེ་ཡིན་ནམ།
ཁྲི་གཡུང་དྲུང་གི་ཟིན་བྲིས་ལས་བཤུས།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རྩོམ་པ་པོ་སྙིང་མིག
(ངའི་སྙིང་དབུས་ཀྱི་བོད་ཡིག་ཡིད་འཕྲོག་མ)
ལོ་ངོ་སྟོང་ཕྲག་དུ་མའི་སྔ་རོལ་ནས།།
འོལ་མོ་ལུང་ན་འཁྲུངས་པའི་མི་བོ་ཆེས།།
ཞང་ཞུང་སྐད་དང་བསྟུན་པའི་བརྡ་སྤྲོད་གཞུང་།།
ཕྱི་རབས་གངས་རིའི་ཞིང་ན་མཛད་རྗེས་ཆེ།།
ཆོས་ཀྱི་རྩ་བ་འཕགས་པའི་ཡུལ་ལ་གཏུགས།།
ཡི་གེའི་མ་ཕྱི་ལྷ་ཡི་སྐད་དང་བསྟུན།།
ཡོད་ཚད་མཐོན་པོའི་དབྱིངས་སུ་གཟེངས་འདོད་འདི།།
བོད་མི་རེ་བ་ཅན་གྱི་གཤིས་སུ་གྲུབ།།
ཨ་ནུ་ཐོན་མིའི་དབྱངས་གསལ་སོ་བཞི་དང་།།
ཞང་ཞུང་ཡུལ་ནས་བྲིས་པའི་སྨར་ཡིག་གཉིས།།
གཅིག་གི་གཟུགས་བརྙན་གཅིག་དང་ནོར་དྭོགས་ནས།།
ནང་པའི་དགེ་བཤེས་ཕལ་ཆེར་སྙིང་ཁ་སྡིག།།
ལཉྫའི་གཟུགས་ལ་དབུ་ཆེན་མི་མཐུན་ཞིང་།།
ཝརྟུའི་དབྱིབས་ལ་གཟབ་ཤར་མི་མཚུངས་ན།།
དབྱིབས་རིས་འདི་ལ་མགོ་ཁུངས་གནང་མྱོང་ཞེས།།
རྒྱུས་མེད་མི་ཡི་རྒྱུས་གཏམ་དགོད་རེ་བྲོ།།
རང་མགོ་རང་གི་རིག་གཞུང་ལ་གཏུག་ན།།
རང་ཉིད་དམན་པའི་དོང་ལ་ལྷུང་དོགས་ནས།།
མགོ་བོས་གཞན་གྱི་རྐང་རྗེས་བཙལ་བ་ནི།།
ཀུ་དོགས་རི་ཡི་བོང་བུའི་ངང་ཚུལ་བཞིན།།
སྨར་ཡིག་མ་རུའི་མཁར་ལ་བཅོས་པ་དང་།།
སྔོན་རྗེས་འཇུག་པ་རྩལ་གྱིས་བཏོན་པ་སོགས།།
བཤད་ན་ཐོན་མིའི་དབུ་འཕང་མི་ཉམས་ཤིང་།།
མེས་པོའི་རྣམ་ཤེས་དུར་སར་འཛུམ་གྱིས་གང།།
རྒྱ་གར་མ་སོང་བརྡ་སྤྲོད་མ་བསླབ་ཅེས།།
གནས་ལུགས་གདོང་ལ་སྦར་ཤེད་མ་འཐེན་ཡང་།།
འདི་ནི་ཞང་ཞུང་ཡི་གེའི་ཚ་རྒྱུད་ཅེས།།
རབ་རིབ་སེང་རས་བསལ་བའི་བྱད་བཞིན་ཡིན།།
ངུར་སྨྲིག་ལྟེབ་ཚིགས་བརྒྱབ་པའི་ཐུ་འོག་ནས།།
ཡོད་ཚད་ལྷ་ཡི་བཀའ་ལ་གཏོགས་དགོས་ཤིང་།།
རྣམ་རྟོག་གདོན་གྱིས་བརླམས་པའི་སེམས་ཁམས་ན།།
གསུངས་ཚད་ཆོས་ཀྱི་བྲན་ཏུ་འདུ་དགོས་སྐད།།
རྒྱལ་པོའི་ཁྲིམས་ཐག་ཆོས་པའི་བཀའ་ཡིས་བཅད།།
ཆོས་ཀྱི་དམ་ཚིག་རྒྱལ་པོའི་མཚོན་ལ་ཐིམ།།
ཆོས་སྲིད་ཆང་ས་བརྒྱབ་པའི་ཉིན་མོ་ནས།།
བཤད་ཚད་རྫུན་གྱི་རྟ་ལ་བསྐྱོན་ནས་འདུར།།
༢༠༡༡།༡།༡༧
གྲོགས་རྩོམ་པ་པོ་སྙིང་མིག་ལགས་ཀྱི་བཀའ་འཁྲོལ་བཞིན་འདིར་བཀོད་པ་ཡིན།
སྟག་གཟིག་་ཟེར་བའི་རྒྱལ་ཁབ་ད་ལྟ་ཨི་རན་ཟེར་བ་དེ་ཡིན་སྐདསྟག་གཟིག་་ཟེར་བའི་རྒྱལ་ཁབ་ད་ལྟ་ཨི་རན་ཟེར་བ་དེ་ཡིན་སྐད། ངས་ཀྱང་དེ་སྐད་ཐོས། འུམ་ལ་ན་གློག་བརྙན་བཟོས་པ་དེ། ད་ལྟ་ངའི་ལག་ཏུ་མེད། རྗེས་སུ་རྙེད་ཚེ་འགོད་ཆོག ལ་དྭགས་སོགས་སུ་བོན་སྐོར་ལ་སློབ་སྦྱོང་བྱེད་མཁན་དམིགས་བསལ་རྒྱུས་མེད། སྔར་སྲོལ་མ་ཉམས་པར་ལུང་པ་སོ་སོའི་འགྲམ་གྱི་རིའི་ལོགས་དང་། གྲོང་པ་དྲག་པ་དག་གི་ཁང་ཐོག་ཏུ་ལྷ་ཏོ་ཟེར་བ་ཤུགས་པའི་ཕུང་པོ་ཞིག་ལ་མདའ་དང་། མཐའ་ན་རུ་ཅོས་བསྐོར་པ་ཞིག་འདུག དེ་དག་ལོ་གཅིག་ལ་སོ་མ་སྤོས་ཏེ། མི་འདུས་པ་དག་གིས། ཀྱེ་ཀྱེ་ཀྱེ་སྭ་སྭ་སྭ་ལྷ་རྒྱལ་ལོ། །ཞེས་ཀུ་ཅོས་ལན་གསུམ་འབོད། ལྷ་ཏོ་དེ་དག་ལ་ལྷ་གནས་པའི་མིང་ལ་བྲག་མར་རྒྱལ་པོ་སོགས་མཚན་གསོལ། ར་ཅོ་ཡོད་པའི་རྟགས་ལས་སྔོན་དུས་དེ་དག་ལ་དམར་མཆོད་བཏང་ཡང་། ཕྱིས་སུ་མེད་པར་སོང་འདུག ལྷ་ཏོ་འགའ་རེ་ལ་ད་ལྟ་ཡང་དམར་མཆོད་འབུལ་མཁན་ཡོད་ངེས། ངའི་ཁྱིམ་གྱི་ཁང་ཐོག་ན་ལྷ་ཏོ་ཞིག་ཡོད་པ་དེ་ལ་ང་ཆུང་ཆུང་གི་སྐབས་སུ། ཕ་སྤུན་ཟེར་བ་མི་ཚང་ཁ་ཤས་ལུང་པའི་ཕྱོགས་གྱེན་ཐུར་ན་ཡོད་པ་དེ་ཀུན་འདུས་ཏེ། ར་མ་ཞིག་བསད་དེ། དེའི་ཁྲག་གིས་ལྷ་དེའི་མིང་ནས་བོས་ཏེ། གསོལ་ལོ། གསོལ་ལོ། གསོལ་ལོ། མཆོད་དོ། མཆོད་དོ། མཆོད་ཅིག ཅེས་ཀུ་ཅོ་ཆེན་པོས་འདོན་འདུག ཁྱིམ་ལྷ་དེའི་མིང་ངས་མི་ཤེས། དུས་སྐབས་རེར་ཕ་སྤུན་གྱི་མི་ཚང་འགའ་རེར་ཁྱིམ་ལྷའི་གནོད་པ་བྱུང་བའི་རྣམ་རྟོག་ཀྱང་བྱེད། ངའི་ཁྱིམ་གྱི་ཕ་སྤུན་ཞིག་ལ་ཁྱིམ་ལྷ་དེའི་གནོད་པ་བྱུང་བའི་རྣམ་རྟོག་གིས་ཁྱིམ་ལྷ་ལ་གསོལ་ཁ་ཁྱེར་འོངས་པ་ཐོས། ཕྱིས་བོད་དབུས་ནས་ལྷ་པ་ཞིག་འོངས་ཏེ། ར་མ་གསད་མི་དགོས། ལྷའི་གནོད་པ་མི་འོང་ངས་ཁག་ལེན་ཐུབ་ཅེས་པས། ལྷ་ཏོ་དེ་སྔར་བཞིན་སྤོ་བ་ཡོད་ཀྱང་། ར་མ་དེ་དག་ཚེ་ཐར་དུ་སོང་འདུག་པའི་གནས་ཚུལ་ལོ།།
ངས་བན་བོན་ལྟ་་གྲུབ་གཅིག་པ་རེད་ཐེངས་འགའ་ལབ་ཀྱང་ཉན་མ་སོང་། བོན་ལ་ཞིབ་འཇུག་བྱེད་མཁན་བོན་
པོ་བཞུགས་པས་བན་དེས་དེར་ཇུས་གཏོགས་མ་གནང་ན་དགའ། ངས་འདིར་བོན་གྱི་གཞི་རྩའི་གྲུབ་མཐའ་
ཞིག་ཞུས་ན། ལྟ་བ་ཡས་ཕུབ་ཅིག སྤྱོད་པ་མས་འཛེགས་ཤིག གཞི་སྙིང་རྗེ་ཆེན་པོ་ལ་སློངས་ཤིག ཐབས་ཕ་
རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་ཅིག ཅེས་གསུངས་འདུག་པ་ལ་འདི་ལ་རྩོད་རྒྱུ་འདྲ་ཡོད་ན་རྩོད་ཅིག དེ་མིན་
སྟོན་པ་གཤེན་རབ་འཁྲུངས་ས་དང་བོན་ཡིག་རྫུན་མ་ཡིན་མིན་སོགས་ནི་ང་ཚོར་ཇུས་གཏོགས་ཅི་ཞིག་ཡོད།
ནང་པ་དང་བོན་པོ་ལྟ་གྲུབ་གཅིག་པ་ཡིན་དོགས་མེད། དེ་གཅིག་པ་ཡིན་ན་མི་གཅིག་པ་གང་མེད་རེད་དོ།།
ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཁྱེད་ཀྱི་མཚན་ཟུར་ལ་ལ་དྭགས་ཅེས་པ་དེ་ཡོད་དུས་ངས་ལམ་སེང་སྔོན་གྱི་ཞང་ཞུང་གི་མི་རིགས་ཤིག་འདིར་འདུག་བ་བསམ་པའི་ཚོར་བ་དམིགས་བསལ་བ་ཡོང་གི་འདུག། ཡིན་ནའང་ཁྱེད་ལ་བོན་དང་ཞང་ཞུང་གི་ཤེས་རིག་རྒྱ་མཚོ་དང་འདྲ་བ་ནས་སློབ་གཉེར་གྱི་གོ་སྐབས་དེ་ཙམ་རགས་ཡོད་པའི་བཟོ་མི་འདུག། ངས་ག་དུས་ཡིན་ནའང་བོན་དང་ཞང་ཞུང་གི་སྐོར་ཞིག་དྲིས་ན་ཁྱེད་ཀྱིས་ཤེས་པ་དེ་ནི་དམར་མཆོད་ཀྱི་སྐོར་དེ་གཅིག་པུ་མ་གཏོགས་གཞན་རྩ་བ་ནས་ཤེས་ཀྱི་མེད་པའི་བཟོ་འདྲ་འདུག། ཡིན་ནའང་དེ་རིང་ཁྱིམ་ལྷའི་སྐོར་ལ་གསུངས་གཅིག་ཐོན་འདུག་པས་དེ་ནི་ཁྱེད་རང་གི་ནང་མི་ཁྱིམ་ཚང་ཚོའི་ལྷ་རེད་བ། དེ་ལ་ག་རེ་འབུལ་དང་མི་འབུལ་ཁྱེད་རང་ཚོས་ཐག་བཅོད་རྒྱུ་རེད་མ་གཏོགས་གཞན་ཞིག་ལ་ཁག་བཀྲི་བྱེད་ས་ཨ་ཡོད་ན། དྲེགས་པའི་ལྷ་རིགས་གང་ཞིག་ནི་བླ་མ་རྩ་ཆེན་ནུས་ལྡན་ཅན་ཕེབས་ན་མ་གཏོགས་དེ་འདྲ་ལས་བསླ་པོ་ཞིག་ཡོད་བཟོ་མི་འདུག། དཔེར་ན་བན་དེའི་བླ་མ་གང་ཞིག་ཤི་ནས་འདྲེ་ལ་འགྱུར་བ་སོང་དེ་འདྲ་ཡང་ཡོད་ས་རེད་བ། དངོས་གནང་བྱས་ན་བན་དེ་ཤི་ནས་འདྲེ་ལ་འགྱུར་མི་སྲིད་པ་ཞིག་དགོས་ཀྱང་ཡིན་ནའང་བསམ་བློ་གཏོང་མ་ཤེས་པའི་གནད་དོན་གང་ཞིག་གིས་རྐྱེན་པས་ཤི་འདྲེ་ལ་འགྱུར་ནས་དགོན་པ་དང་ཡུལ་སྡེ་ནང་མི་ཁྱིམ་ཚང་ལ་རྟག་ཏུ་བར་ཆད་བྱེད་མཁན་དེ་འདྲ་ཡོད་ས་རེད་བ། ད་ཁྱིམ་ལྷའི་ཁ་ནས་ར་མ་གཅིག་ཚེ་ཐར་བ་དེ་ཡག་པོ་རེད། ཡིན་ནའང་ཁྱེད་ཀྱི་ནང་མི་ཁྱིམ་ཚང་ཚོར་ར་ཤ་དང་ལུག་ཤ། གཡག་ཤ་དང་འབྲི་ཤ་སྐམ་རློན་མང་པོ་བཟའ་རྒྱུ་ཡོད་འགྲོ། དེ་ཚོ་ག་བ་ནས་བྱུང་བ་རེད། ལོ་རེ་ལ་དུད་འགྲོ་ག་ཚོད་ཁྱིམ་ཚང་གི་ཆེད་དུ་སྲོག་གཅོད་དགོས་པ་རེད་གཅིག་གསུངས་དང། བན་དེའི་མཆོད་གནས་རྫིག་པོ་དེ་ཚོ་ཕེབས་འོང་དུས་མོག་མོག་དང་ཐུག་པ་ཞིམ་པོ་དེ་འདྲ་འབུལ་དགོས་ཀྱི་ཡོད་འགྲོ། དེའི་ཤ་དེ་ག་བ་ནས་བྱུང་བ་རེད། མཆོད་གནས་ཀྱི་ཞལ་ལག་གི་ཆེད་དུ་དམིགས་བསལ་ར་ལུག་གསོད་མཁན་དེ་འདྲ་མང་པོ་ཡོད་རེད་ལབ་ཀྱི་འདུག་བ། ད་ཡང་ངས་བན་དེའི་སྐོར་ནས་ཤེས་པ་འདི་གཅིག་པུ་ཡིན་ཟེར་གྱི་མེད་དོ།
སྙིང་མིག་ལ་སྤྲིངས་པ། སྟོང་ཕྲག་མང་པོའི་སྔོན་ནས་མི་བོ་ཆེས།། བརྡ་སྤྲོད་དང་མཐུན་བོད་ཡིག་བཟོས་འགྱུར་ན།། སྲོང་བཙན་སྐབས་སུ་ཡི་གེ་མེད་པ་དེ།། རྒྱ་བོད་དེབ་ཐེར་ཀུན་ལས་ཇི་ལྟར་བྱུང།། བོན་གྱི་རྩ་བ་ལྷ་དང་འདྲེ་ལ་གཏུགས།། ཐམས་ཅད་གནམ་ལས་བྱུང་ཞིང་གནམ་ལ་ཐིམ།། བྱིས་སྒྲུང་ལྷ་སྒྲུང་ཞིག་ལ་བོན་རྣམས་དད།། ཞང་ཞུང་སྨར་ཡིག་ཞེས་པ་དེ་སང་འཁྲུངས།། ཨ་ནུའི་ཡིག་གཟུགས་བརྐུས་ནས་བྲིས་པ་ལ།། བུ་ཆུང་ཕ་ཡི་ཕ་རུ་བརྫུ་བ་རེད།། བོད་ཡིག་དབྱིན་ཡིག་བསྲེས་པའི་སྨར་ཆུང་དེ།། སུ་ཡིས་མཐོང་ཡང་བརྫུན་མ་ཡིན་པ་ཤེས།། དབུ་ཆེན་དབུ་མེད་ཐོན་མིས་གསར་དུ་བཟོས།། ཐམས་ཅད་རྒྱ་ཡིག་འདྲ་བ་ག་ལ་ཡོད།། ཐམས་ཅད་རང་ལ་གཏུགས་དགོས་ཞེས།། ལོ་རྒྱུས་འཁྱོག་པོར་སྨྲ་བ་ག་ལ་རུང་།། བོན་པོས་ཞང་ཞུང་སྐད་དང་བོད་སྐད་ཅེས།། མི་རིགས་རྒྱལ་ཁབ་སོ་སོར་བཤད་པ་ལས།། ཞང་བོད་གཅིག་ཏུ་བོན་པོས་ཁས་མི་ལེན།། ཞང་ཞུང་ལི་མི་སྐྱ་ཞེས་ལྷ་རུ་འཛིན།། རང་གི་བཙན་པོ་བོན་པོས་བདུད་དུ་འཛིན།། དེ་ལ་ཕྱི་ནང་ཤེས་པ་ཟེར་ཕོད་དམ།།
ཆགས་སྡང་གིས་སྙིང་ཁྲག་ཁར་སྐྱུག་པའི་ཐ་མ་བ་ཚོ་། ཁྱོད་ཀྱི་ཁ་དང་ངའི་སྣ་མ་ཟེར་རོགས། བོན་བན་གཉིས་ཀ་ལོངས་སུ་སྤྱོད་ཅིང་ཉམས་ས་ུབླང་ན་ལུས་ཅན་སྡུག་བསྔལ་ལས་སྐྱོབ་པའི་བསྟན་པ་བླ་ན་མེད་པ་ཞིག་ཡིན་ཕྱིན་དེ་ལ་ནམ་ཡང་རྩོད་མི་རུང། ང་རང་ཚོ་བོད་རིགས་ཆིག་སྒྲིལ་ལ་གནོད་ངེས་ཡིན་པས་དགོངས་འཇགས་ཞུ།
BONPO ལེགས།
ཁྱེད་ཀྱིས་གསུངས་པ་བདེན། ངས་མཐོང་བ་དེ་དག་བོད་དབུས་ཀྱི་ལུགས་ཡིན་ནམ། ཞང་ཞུང་གི་ལུགས་ཡིན་བོད་དབུས་ལུགས་ཞང་ཞུང་གི་ལུགས་མེད་པར་སོང་སྟེ་དེའི་དུས་བོད་དམག་མང་པོ་ལ་དྭགས་སོགས་སུ་གཞིས་ཆགས་པ་དེ་དག་གི་ལུགས་ཆེས་ཆེར་དར་བ་ཡིན་ངེས། ལ་དྭགས་པ་ལོ་རྒྱུས་འབྲི་མཁན་ཡོ་སེབ་བསོད་ནམས་ཚེ་བརྟན་གྱིས་རང་ཅག་ཞང་ཞུང་ཡུལ་ན་འདུག་བཞིན་དུ། ཞང་ཞུང་བརྗེད་ནས་ཞང་ཞུང་ཚོལ། ཞེས་བྲིས། ཡ་མཚན་པ་ཞིག་ལ་བསམ་ཡས་སུ་བསྒྱུར་པའི་བཀའ་འགྱུར་གྱི་སྐད་དང་། ལ་དྭགས་་གྲོང་ཡུལ་པའི་སྐད་ཆེས་མཐུན་པ་ཞིག་ཏུ་ཡང་འདུག། ཁྱེད་དད་པའི་རྗེས་འབྲངས་ཀྱི་བསམ་དོན་བཞིན་འགྲུབ་པར་སྨོན། ཞང་ཞུང་དངོས་དེ་གུ་གེ་སྟོད་གངས་རིན་པོ་ཆེའི་ལྷོ་ནུབ་ཕྱོགས་སུ་ཡོད་པ་དེ་ཡིན་ཏེ། བུ་སྟོན་ཆོས་འབྱུང་དུ་ཞང་ཞུང་གོ་མཐོ་ལྡིང་ཞེས་བཀོད། ད་ལྟར་ནི་བོད་ནུབ་ཕྱོགས་མངའ་རིས་སྐོར་གསུམ་གང་དུ་ཕྱིན་ཀྱང་། སྔར་གི་ཞང་ཞུང་བོན་གཞུང་ན་གསུངས་པ་མཐོང་མི་ཐུབ་པ་ནི། ནུབ་ཕྱོགས་ཨོརྒྱན་ཡུལ་ལ་དད་པ་ཞིག་སྔར་གྱི་ཨོརྒྱན་ཡུལ་དེ། ད་ལྟ་ཨ་རིའི་དགྲ་བོ་དག་གནས་ཆགས་པའི་ལུང་པ་ཞིག་ཏུ་གྱུར་པ་ལྟ་བུའོ།།
ཞང་ཞུང་བོད་ཀྱི་ཆ་ཤས་ཤིག་ཡིན་པའི་སྒྲུབ་བྱེད་དུ་རྒྱལ་ཕྲན་སིལ་མ་མ་བྱུང་བའི་སྔོན་གྱི་མངའ་མཛད་རིམ་པ་ཁག་གི་ལོ་རྒྱུས་ལས་ཤེས་ཐུབ་མོད། འོན་ཀྱང་ཞང་ཞུང་གི་ཕྱོགས་འཛིན་མཁན་མང་པོ་ཞིག་གིས་དེ་ལ་མཐའ་གཅིག་ཏུ་རྒོལ་བར་བྱེད། བོན་པོའི་ཆོས་ལུགས་ལ་ཞིབ་འཇུག་བྱེད་མཁན་གྱི་གང་ཟག་ལ་བོད་པ་ཞིག་ངེས་པར་དུ་དགོས་ཟེར་བ་ནི་ཅུང་ཞེན་ཆེ་བའི་སྐད་དུ་མཐོང་སྟེ། མི་རིགས་དང་རྒྱལ་ཁབ་གང་ཞིག་གི་ལོ་རྒྱུས་ཡིན་རུང་དེར་ཉམས་མྱོང་དང་སྤྲོ་བ་ཡོད་ཕྱིན་ཆད་དང་། ལྷག་པར་དུ་ཡང་ཕྱིའི་མི་རིགས་འདི་ཚོར་རང་རེར་ཡོད་པའི་ཆོས་ལུགས་ཀྱི་ཕྱོགས་ཞེན་དང་ཤུགས་རྐྱེན་ངན་པ་དེ་ཙམ་མེད་པས་ཁོང་ཚོས་བྲིས་པ་དེ་ཅུང་དྲང་བདེན་དང་དངོས་ཡོད་འཚོ་བར་འབྲེལ་ཆེ་བར་མཐོང་། བོན་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་གྱི་བོན་པོ་མང་པོ་ཡོད་ཅིང་། དེ་དག་གིས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རྙིང་པ་དང་དངོས་ཡོད་ཀྱི་རྒྱུ་མཚན་སོགས་བགྲང་སྟེ་བྲིས་པ་ལས་ལོ་རྒྱུས་གསར་བཟོ་བྱས་པ་ཞིག་དེ་སྔ་མཐོང་རྒྱུ་གང་ཡང་མེད། འོན་ཀྱང་མཁས་འདོད་ཅན་རེ་འགས་རང་ཉིད་ཀྱིས་དེ་སྔ་མ་མཐོང་བའི་རྒྱུ་མཚན་གྱིས་(གསར་བཟོ)ཟེར་བའི་སྐད་འདི་འུར་སྒྲོག་གང་ཐུབ་བྱེད་པའང་འདུག བན་དྷེར་རང་ཉིད་ཀྱི་སེམས་ཁམས་དང་བསྟུན་པའི་ལོ་རྒྱུས་འཆད་སྟངས་ཤིག་ཡོད་པ་ཇི་བཞིན་བོན་པོ་ལའང་དེ་ལྟར་ཡོད། རང་ཉིད་ཀྱི་བཤད་སྟངས་དེར་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས་གཞན་དེར་རྫུན་དུ་སྨྲ་བ་དང་སྡང་ཟུག་བྱེད་པ་ནི་ཆེས་དམུན་པོ་དག་གི་བྱེད་སྟངས་ཡིན་ལ། དེ་འདྲ་ཞིག་ཡིན་ཕྱིན་གང་ཟག་དེར་ལོ་རྒྱུས་ཞིབ་འཇུག་གི་གཞི་རྩའི་རྨང་གཞི་ཟེར་བ་ཞིག་གཏན་ནས་མེད་དེ། ཞིབ་འཇུག་ཅེས་པའི་ལྗིད་ཁོག་དེ་དེའི་ལྟ་བ་མཁྲེག་པོ་དང་ཀླད་པ་སྲབ་མོ་དེས་མི་འཇུ་བས་སོ།
(བོད་རང་གི་རིག་གཞུང་ལ་གཅེས་སྤྲས་བྱེད་དགོས་ཟེར་བའི་རིག་གཞུང་དེ་གང་ལ་ངོས་འཛིན་དགོས་སམ།) ཟེར་བའི་དྲི་བ་འདིའི་ལན་གྱི་ནང་དུ་མང་པོ་ཞིག་གི་ནང་ཆོས་ཀྱང་ཨུ་ཚུགས་ཀྱིས་འཛུད་པར་བྱེད་མོད། འོན་ཀྱང་(ནང་ཆོས་འདི་བོད་ཀྱི་རིག་གཞུང་རེད་དམ་རྒྱ་གར་གྱི་རིག་གཞུང་རེད་)ཅེས་དྲིས་ན་དེ་ཙམ་གྱི་ལན་གནད་ལ་འཁེལ་བ་ཞིག་འདེབས་མི་ཐུབ། འགའ་རེའི་(རང་ལུགས་ཅན་དུ་གྱུར་པ)ཟེར་ནས་ཆེས་སྟབས་བདེ་བའི་སྐད་ཆ་ཞིག་འདྲེན་ཡོང་མོད། རང་ལུགས་ཅན་དུ་འགྱུར་ཚུལ་གང་རེད་དམ། དེ་ལ་བསྲེ་སླད་བྱས་པས་རང་ལུགས་ཅན་དུ་གྱུར་བ་ཨེ་རེད། ལན་རེ་རེ་བརྒྱབ་ན་རྙོག་འཛིང་ཅན་གྱི་དྲི་བ་རེ་རེ་ངང་གིས་འདྲེན་ཡོང་བས་དཀའ་བ་ཁོ་ན་ལས་གང་ཡང་འཐོབ་རྒྱུ་མེད། རང་གི་རིག་གཞུང་ལ་བདག་གཅེས་བྱེད་དགོས་ཟེར་བཞིན་ཟེར་བཞིན་བོན་པོ་ལ་སྡང་ཟུག་བྱེད་མཁན་ཚོར་རིག་གཞུང་གི་དབྱེ་མཚམས་གཅོད་པའི་ཤེས་རབ་མེད་པ་དེས། རང་ཉིད་ཆེས་མུན་ནག་དང་ཆུ་སྣ་གར་ཁྲིད་ཀྱི་ཡ་ང་བའི་འཚོ་བར་ཐིམ་ཡོད་པ་གསལ་སྟོན་བྱས་པ་རེད།
ཀླུ་སྨྱོན་ལགས་་་་་
འོལ་མོའི་གླིང་དེ་་་བོད་ཡུལ་མིན་པར་གང་ན་རེད། དེ་ལ་གསལ་བཤད་མ་བྱས་ན་་་་བོད་ཀྱི་ཆོས་རིག་དེ་དག་བོན་ཆོས་སུ་ཁས་ལེན་དགོས་ཐུག་དུས་་་་ཅི་བྱེད་མ་ཤེས་དུས་་་་་་་་་་་་་ཀླུ་སྨྱོན་ཀྱང་ཤིན་ཏུ་དཀའ་ལས་ཁ་ནས་་་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་དེ་བོད་ལས་གཞན་པར་བསྙོན་པ་དེ་་་་་ཆེས་བཞད་དགད་ཀྱི་གནས་སུ་མཆིས།་་་་་ཧ་ཧཧ་ཧ་ཧཧཧ་་་
མཁྱེན་ཡངས་གཟུར་གནས་པ་དང་བོད་ལ་ཞེན་རྣམ་གཉིས་ལ།
༡༽བཙུན་མོ་རྒྱ་མོ་མིན་པའི་བཙན་པོ། །
ཀོང་ཇོ་༼སྲས་མོ་༽ཆུང་མར་ཉར་བའི་བཙན་པོ། །
སྐར་རྩིས་རྒྱ་ནག་ནས་མ་དྲངས་པའི་བོད་པ། །
འཕགས་ཡུལ་ནས་སྐར་རྩིས་བསྒྱུར་བའི་བོད་མི། །
ནག་རྩིས་རྒྱ་ནག་ནས་བླངས་པའི་གངས་ཅན་པ། །
ཚོད་ལ་མ་ཚོད་མིན་པའི་མཆན་མཁན་བོད་པ། །
༢༽ནང་ཆོས་མ་གཏོགས་བོད་ལ་ཞེན་རིན་མེད་ན། བོད་ལ་ཞེན། ཁྱེད་ཀྱི་མཚན་ལ་དེ་རིང་ནས་བཟུང་སྟེ་བོད་ལ་
ཞེན་རེད་མི་འདུག ཆོས་ལ་ཞེན་ཞེས་བཏགས་ན་མིང་དོན་མཚུངས་ཤིང་། ཡིད་འཚིམ་པ་དང་། སྤོབས་པ་
ཡང་གོང་མཐོར་འགྲོ་ངེས་ཡིན་པས། གང་མྱུར་མཚན་དེ་དེ་ལྟར་བརྗེ་རོགས་གནང་ཞེས་འབོད་སྐུལ་ནན་མོ་ཞུ་
བཞིན་ཡོད། གང་ཡིན་ཞེ་ན། དེ་ཙམ་གྱིས་བོད་ལ་ཞེན་ཅེས་བཏགས་ན། ༸གོང་ས་མཆོག་གི་གསུང་ཆོས་རྒྱ་
ལས་འདས་པའི་ཀུན་ཁྱབ་ཀྱི་བཟང་སྤྱོད་རིག་པ་ཞེས་པའི་ཕྱག་དེབ་དེ་ཡང་ནང་པ་སངས་རྒྱས་པའི་རིག་གཞུང་
དུ་འདུ་དགོས་ཚོད་འདུག་པ་གང་ཞིག དེ་དེར་མི་འདུ་བ་མཚན་བྱང་མཐོང་ཐོས་དྲན་པ་ཙམ་ལས་དངོས་སུ་
རྟོགས་ནུས་པའི་ཕྱིར་རོ།
བོད་དུ་བོན་བསྟན་དར་ཚུལ།
རྩོམ་པ་པོ། ཤར་རྫ་བཀྲ་ཤིས་རྒྱལ་མཚན།
བོད་ཡུལ་དུ་བོན་བསྟན་དར་ཚུལ་གྱི་མདོར་མདོར་བསྟན་ནི། སྙ་ཆེན་ལི་ཤུ་སྟག་རིང་འོལ་མོའི་གླིང་དུ་བྱོན་ནས་སྟག་གཟིག་གི་མཁས་པ་གསུམ་ལ་སོགས་བླ་མ་མང་པོ་ལ་གཏུགས་ནས་བོན་སྡེ་མང་པོ་བོད་དུ་བསྒྱུར་ཏེ། ཡང་རྩེ་ཀློང་ཆེན་ལས། སྙ་ཆེན་ལི་ཤུ་སྟག་རིང་དགུང་ལོ་སྟོང་དང་ཉིས་བརྒྱ་བཞེས་དུས་སུ་སྟག་གཟིག་ནས་བོན་གྱི་ཡང་བཅུད་ཁྲི་ཕྲག་བཅུ་གཅིག་ཁྲུང་ཁྲུང་ཀང་ཀ་ངུར་བྱ་ལ་སོགས་ལ་བཀལ་ནས་དྲོ་ཐེབ་གཅིག་གིས་ཏི་སེ་རུ་ཕེབས། དེ་ནས་དྲོ་ཐེབ་གཅིག་གིས་བསམ་ཡས་སུ་ཕེབས། རྒྱལ་པོའི་བླ་མཆོད་མཛད། ཅེས་སོ། །
སངས་རྒྱས་གཤེན་རབ་མི་བོའི་ཡབ་ཡུལ་གངས་ཏི་སེ་ནས་ཡིན་པ་སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས་ཀྱིས་གསལ་སྟོན་བྱས་ཡོད་པ་འདི་ལྟར།
“ཡ་ཀི་སྐྱིད་པོའི་ཡུལ། ཉམས་དགའ་བག་རེ་བྲོ། ཆུ་རྒྱལ་བཞིའི་འདུ་མགོ། རི་རྒྱལ་ཏི་སེའི་མདུན། མཚོ་རྒྱལ་མ་པང་འགྲམ། འོལ་ལུང་གཡུ་ཡི་མཁར། བཞུགས་གནས་ངོ་རེ་མཚར། དེ་འདྲའི་སྐུ་མཁར་ན། སུ་བཞུགས་སུ་མི་བཞུགས། བཞུགས་པ་གཤེན་གྱི་ལྷ། གཤེན་རབ་མྱི་བོ་ཆེ། སྐུ་དང་དུང་ཟླ་འདྲ། འཛུམ་དང་མེ་རེ་རེ། སྐུ་ལྟོས་རི་ལས་བརྗིད། མུ་ཐིང་རལ་པ་ནི། མུ་འོད་ཁྱུགས་སེ་ཁྱུགས། སྐུ་ལ་ཅི་གསོལ་ན། རྒོད་ཐུལ་ལྷམས་སེ་ལྷམ། གཞའ་ཡི་སྨད་ཡོགས་ལ། བྱིན་རླབས་ཐིབས་སེ་འཐིབ། ཕྱག་ན་ཅི་སྣོམ་ན། སྲིད་པའི་སྒྲོམ་བུ་སྣོམ། བཞེངས་པ་ཅི་ཆེ་སྟེ། གཤེན་རབ་ཐུགས་རྗེ་ཆེ། བཞུགས་པ་ཅི་ཆེ་སྟེ། ཀློང་ན་མཉམ་པ་བཞུགས། ལྡན་ན་ཅི་ཆེ་སྟེ། གཞའ་འོད་ཐིག་ལེ་ལྡན། ཀློང་ན་བཞུགས་པའི་ཚེ། གཤེན་རབ་འོད་དཀར་ཟེར།” ཞེས་གསུངས་སོ། ཡིན་ནའང་གཡུང་དྲུང་བོན་གྱི་ལོ་རྒྱུས་རྣམས་སུ་བཤད་ཚུལ་གཉིས་ཡོད། གཅིག་ནི། དག་ཞིང་འོལ་མོ་ལུང་རིང་ཟེར་བ་ཞིག་འཇིག་རྟེན་འདིའི་ཁམས་སུ་ཡོད་པ་བཤད་ཡོད། སངས་རྒྱས་གཤེན་རབ་མི་བོ་ནི་དེར་སྐུ་འཁྲུངས་ནས་གཤེན་ལོ་བརྒྱད་ཅུ་རྩ་གཉིས་དང་མི་ལོ་བརྒྱད་སྟོང་ཉིས་བརྒྱའི་བར་གཞུགས་པར་གསལ། ཁོ་བོས་བལྟས་ན་ཐེག་པ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་བསམ་བློའི་ཁྱེར་སོ་ལ་གཞིགས་ན་དེ་ནི་མི་སྲིད་པ་གཏན་ནས་མིན། གཅིག་ཤོས་ནི། སངས་རྒྱས་གཤེན་རབ་མི་བོ་ད་ལྟའི་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གངས་ཏི་སེ་ལ་སྐུ་འཁྲུངས་པར་ཤིན་ཏུ་གསལ་བར་བཤད་ཡོད། དེ་ནི་ང་ཚོ་སོ་སྐྱེ་རང་ཁ་མ་ལ་ལྟོས་ན་བློ་ལ་ཤིན་ཏུ་འབབ་ཅིང་ལོ་རྒྱུས་ཀྱི་བབ་ལ་བལྟས་ན་དཔྱད་གཞི་གལ་ཆེན་ཞིག་ཡིན་པར་སྙམ། དེས་ན་དེ་གཉིས་འགལ་འདུ་མེད་པར་དང་པོ་དེ་ཐེག་པ་ཆེན་པོའི་ལུགས་དང་། གཉིས་པ་དེ་ཐེག་པ་ཆུང་ངུའི་ལུགས་ཀྱི་དབང་དུ་བྱས་ཟེར་ན་ག་འདྲའི་འདུག་མཁས་དབང་ཀླུ་སྨྱོན་ལགས་ཀྱིས་དགོངས་ཚུལ་གསུང་རོགས་གནང་།
ཀླུ་སྨྱོན་ལགས། ཁྱེད་ཀྱིས་བོན་གྱི་ལོ་རྒྱུས་ལ་ཐུགས་སྣང་གནང་བར་དགའ་བྱུང་། འདིར་བསམ་འཆར་ཐུང་ངུ་ཞིག་ཞུ་རྒྱུ་ཡོད། བོད་དུ་བོན་གྱི་བསྟན་པ་ཐོག་མར་དར་བ་ནི་སྟོན་པ་གཤེན་རབས་ཀྱི་སྐུ་དུས་ཡིན་ཏེ། དེ་ཡང་སྟོན་པ་བོད་དུ་ཕེབས་ཏེ་རྒྱུ་ཡི་ཐེག་པའི་བོན་བཤད་པ་ནས་གཡུང་དྲུང་བོན་གྱི་བསྟན་པ་བོད་དུ་དར་བ་ཡིན་པ་ཡོངས་གྲགས་ཀྱི་བཤད་སྟངས་ཤིག་དང་སྟོན་པའི་མཛད་རྣམ་དུའང་གསལ་བོར་འཁོད་ཡོད་པ་རེད། ཤར་རྫ་བའི་ལུང་འདིའི་ཐད་ལ་ཞིབ་མོར་གཟིགས་ན་འདིའི་དོན་ནི་གསང་སྔགས་དང་རྫོགས་ཆེན་བོན་སྡེ་མང་པོ་ཞིག་སྐབས་དེར་བོད་དུ་བསྒྱུར་བར་གོ་དགོས་མིན་ནམ་སྙམ།
ཀླུ་སྨྱོན་ལགས་ཁྱེད་ནས་བོན་པོའི་དཔེ་ཞིག་གཟིགས་པར་དགའ་བོ་བྱུང། བོན་པོའི་དཔེ་ཐོག་ནས་བོན་པོར་དགག་ཡིག་དང་བསམ་ཚུལ་བཤད་ན་གཅིག་བཟུང་ས་ཞིག་འདུག་དེ་མིན་ཀརྨ་ཡེ་ཤེས་ཟེར་བ་དང་མིག་བརྒྱད་པ་ཟེར་བ་དེ་ཚོས་ཕལ་ཆེར་བོན་དཔེ་གཅིག་ཀྱང་མཐོང་མ་མྱོངས་པར་སྐད་ཆ་མི་བཤད་དགུ་བཤད་བཤད་ཀྱི་རེད། སྨྱོ་ལབ་རང་རེད། ཕ་རོལ་འདོད་པ་ཧ་མ་གོ་བར། དགག་པའི་ཉི་མ་ཅི་ལ་ཤར་ཅེས་པ་ལྟ་བུ་རེད། ནམ་ཡང་ཉི་མ་ཤར་གྱི་མ་རེད། ཁྱེད་ནི་གྲུབ་མཐའ་རིས་མེད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་ལ་ཐུགས་སྣང་གནང་མཁན་ཞིག་ཡིན་པར་མ་ཟད། ཐུགས་རྒྱ་ཆེན་པོ་ནམ་མཁའ་ལྟ་བུ་ཞིག་ཡིན་ཅིང། བཟང་ངན་ཅི་ཡང་ཐུགས་ལ་ཤོང་མཁན་ཞིག་ཡིན་པར་ངས་ངོས་འཛིན་ཞུ་གི་ཡོད། མ་ཟད་རིགས་པ་སྨྲ་བའི་རྗེས་འབྲེང་ཞིག་ལས་རྨོད་དད་ནག་འཐོམ་ཀར་ཡེ་ལྟ་བུ་ཞིག་ནམ་ཡང་མིན། བོན་གྱི་དཔེ་ཐོག་ནས་སྐད་ཆ་བཤད་ན་དེ་བོན་པོ་ཁས་མི་ལེན་ནམ་ཡང་མི་ཟེར། སྐྱོན་ཡོན་གང་ཡོད་ཀྱང་དེ་གཞི་བཟུང་ས་ཞིག་ཡོད་པ་རེད། ད་དུང་ཁྱེད་ནས་བོན་གྱི་ལོ་རྒྱུས་དེ་ཚོར་ཅིག་གཟིགས་པ་མང་ཙམ་གནང་དང་གནས་ཚུལ་མང་ཙམ་ཐོབ་ཀྱི་རེད། བོན་པོ་བ་རྣམས་ཀྱིས་ལྟ་ཚུལ་ལ་ཁྱེད་རང་ཆ་འཇོག་བྱེད་འོས་པའི་མི་སྣ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག ཀར་ཡེ་ཟེར་བ་དེ་ཚོ་བོན་པོར་མཐུ་དང་ངན་སྔགས་ཞིག་ཡོད་ན་དེ་ཚོར་རྒྱབ་དགོས་ངེས་ཞིག་རེད། མི་དེ་རིགས་བྱ་བ་ལམ་ལྷོང་ནམ་ཡང་འབྱུང་མི་སྲིད།
ཀར་ཡེ་ཁོ་རེ་ལུང་དང་རིགས་པའི་སྒོ་ནས་ཡོང་ན་ཡིན་དཱ། དེ་མིན་ནག་མོས་ནག་འཛིངས་བྱེད་སྟངས་ཞིག་བྱས་ཏེ་ཡོང་ན་ཁྱོད་ལ་ཁ་ཡ་མེད།
ཀར་ཡེ་ཁོ་རེ། ལུང་དང་རིགས་པ་ཁྱེར་ཤོག དྲི་བར་ལན་འདེབས་བྱས་ཤོག
ཁོ་བོའི་དཔྱད་རྩོམ་”བན་བོན་དགོངས་པ་གཅིག་སྒྲུབ་”ཅེས་པ་དེ་གང་མགྱོགས་དྲ་ངོས་སུ་སྤེལ་གྱི་ཡིན།
ཨ་ཁུ་ཀླུ་སྨྱོན་ལགས་ཕེབས་པ་བཟང།
ཁྱེད་ཀྱི་ཐུགས་ལ་དེ་ལྟར་འཁྲུངས་པ་ངོ་ཐོག་བཟང་པོ་རེད། འོན་ཀྱང་ཀར་ཡེ་དང་ཨོ་རྒྱན་ལས་སོགས་ཀྱིས་དེ་ལ་ངོས་ལེན་མི་བྱེད་ཁར་ཁྱེད་རང་ལ་མི་བཤད་དགུ་བཤད་བྱེད་ཀྱི་རེད། བན་དེ་བ་དེ་དག་གིས་བོན་ཟེར་དུས་རྒྱ་གུང་ཁྲན་ཕ་གསོད་མ་གསོད་ལས་ཀྱང་སྡུག་པར་བརྩི་གི་རེད། དེ་ཡིན་དུས་ཁྱེད་ཀྱིས་བཤད་ནའང་ཅང་ཉན་མདོག་ཁ་བོ་མ་རེད། དེ་སྔོན་མཁས་པ་མང་པོས་དེ་ལྟར་བཤད་མྱོངས་མོད། དེ་ཚོར་གཅིག་དྲང་ངེས་བཟོ་འདྲ་བོ་འགྲེལ་བ་དང། དཔེར་ན། ཨོ་རྒྱན་པད་མའི་རྗེས་འབྲང་འཁྲུལ་པ་མེད་པ་རྙིང་མ་བ་ཡང་དག་པར་བྱེད་མཁན་འཛམ་གླིང་མཁས་པའི་ཞིབ་འཇུག་པ་དང་ཕྱི་ནང་མི་རིགས་མང་པོས་དགའ་བ་བྱེད་མཁན་མཁས་དབང་ནམ་མཁའི་ནོར་བུས་བོན་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱས་པར་ཁོང་ཚོས་ནམ་ནོར་བོན་པོ་རེད་ཟེར་བ་དང། ནམ་ནོར་མཁས་པ་མ་རེད་ཟེར་བ་ལས་སོགས་བཤད་སོང་ང། བྱས་ཙང་ཅང་ཕན་གྱི་མ་རེད། ཁོང་ཚོའི་དམིགས་ཡུལ་ནི་བོན་པོ་ཟེར་བ་གླིང་འདིར་མེད་པ་བཟོ་འདོད་དང། བོད་མི་རིགས་དང་ཆོས་ལུགས་ཀྱི་མཐུན་བསྒྲིལ་གཏོར་བཤིག་གཏོང་རྒྱུ་དེ་རང་རེད། གཞན་དམིགས་ཅང་མེད་རེད།
༡༽ ཕྱི་པ་ནང་པ་དགོངས་པ་གཅིག་དང་ཨི་ཤུ་ནང་པ་དགོངས་པ་གཅིག་སོགས་ནི་་མི་སྲིད་པ་དང་མི་དགོས་པ་ཞིག་རེད་ལགས། ཡིན་ནའང་། ཨི་ཤུ་དང་ནང་པ། ཁ་ཆེ་དང་ནང་པ། བོན་པོ་དང་ནང་པ། ཧིན་དུ་དང་ནང་པ་སོགས་མཐུན་པོ་དང་ཆམ་པོ་དགོས་པའི་ལུང་རིགས་སོགས་བཀོད་ན་ཤིན་ཏུ་ཐུགས་རྗེ་ཆེ།
༡༽ ནང་པ་ཚོས་གཤིན་རབས་ལ་སྐྱབས་སུ་འགྲོ་སྲིད་དམ། དེར་སྐྱབས་སུ་འགྲོ་ན་སྐྱབས་འགྲོའི་བསླབ་བྱ་ཉམས། དེ་ཡང་། གང་དག་སངས་རྒྱས་སྐྱབས་སོང་བས། །ལྷ་གཞན་དག་ལ་ཕྱག་མི་འཚལ། །ཞེས་སོ།།
བོན་པོས་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་མི་འགྲོ་སྟེ། ཁ་བརྡ་ནང་བོན་ལུགས་འཛིན་པ་དག་གིས་ཤཀ་ཐུབ་ལ་སྐྱོན་མང་དུ་བཏོན་པས་ཤེས་སོ།།
དེ་ཡང་ཡིན་ཏེ། ནང་པས་བོན་པོ་དེ་ནང་པ་ཡིན། ནང་པའི་ལྟ་གྲུབ་དང་མཐུན་ནོ་ཞེས་ཡིད་སྨོན་བྱེད་པ་མེད་པར་ཆོས་ལུགས་སོ་སོ་བ་ཞིག་འདོད་ལ། བོན་པོས་ཀྱང་ནང་པ་ནི་ཤཀ་ཐུབ་ཀྱིས་བྱས་ལ་བོན་མིན་པར་འདོད་པས་ན་ཀླུ་སྨྱོན་གྱིས་སྣ་འཐེན་ནས་ཁ་ནང་བཅུག་པ་དང་། ར་མགོ་ལུག་སྦྱར་གྱི་ངལ་བ་ཅིའི་ཕྱིར་བརྟེན་ནམ་སྙམ། ཡང་ན་ནང་པས་བོན་པོ་ཞེས་པ་ལོགས་སུ་མེད་དེ་ནང་པ་རང་ངོ་ཞེས་དང་བོན་པོས་བན་ཆོས་ཞེས་པ་ཟུར་དུ་མེད་དེ་གཅིག་གོ་ཞེས་འདོད་ན་ཀླུ་སྨྱོན་སོགས་ཀྱིས་མཐུན་པར་སྒྲུབ་རིགས་ལ། ནང་པའི་གྲུབ་གྲུབ་མཐའ་བཞི་འམ། ས་དགེ་བཀའ་རྙིང་ནང་མི་མཐུན་ན་མཐུན་པའི་གཏན་ཚིགས་འགོད་རུང་སྟེ་སྟོན་པ་གཅིག་གི་བསྟན་པ་ཡིན་ལ་དེ་ལྟར་ཁས་ཆེ་བའི་ཕྱིར་རོ།། གཞན་དུ་སྟོན་པ་སོ་སོ་བའི་བསྟན་པ་གཅིག་ཏུ་སྒྲུབ་པ་ནི་ངལ་བའི་རྒྱུར་ཟད་དོ་ཞེས་ནན་གྱིས་བརྗ྄ོད་དོ།།
ཡང་བོན་པོར་སྨད་པའི་དགོས་པ་མེད་ལ་སྨད་ཀྱང་མི་རུང་སྟེ། རང་ངམ་གཞན་གྱི་གྲུབ་མཐའ་ལ། ། སྨོད་པར་བྱེད་པ་དྲུག་པ་ཡིན། །ཞེས་སྔགས་ཀྱི་རྩ་ལྟུང་དུ་གསུངས་ལ། དེང་དུས་སྤྱི་ཚོགས་འདིར་འོས་པ་མིན་ཞིང་། ཆམ་མཐུན་ལ་གནོད་པའི་ཕྱིར་རོ།།
ཡང་ཁོ་བོས་འདི་ལྟར་བརྗོད་པའི་དོན་ནང་པ་ལེགས་ལ་བོན་པོ་མི་ལེགས་སོ་ཞེས་བརྗོད་པ་མིན། དེ་ལྟར་བརྗོད་མི་ནུས། ནང་པའི་ངོར་ནང་པ་ལེགས་ལ། བོན་པོའི་ངོར་བོན་པོ་ལེགས་ཏེ། གཡག་གི་ངོར་རྩ་ལེགས་ལ་སྟག་གི་ངོར་ཤ་ལེགས་པ་བཞིན་ནོ།།
མེ་དཀར་འདི་ག་དུས་ཡིན་ནའང་བཤད་རྒྱུ་དེ་རང་རེད། ཁྱོད་བོན་པོ་ལ་དགའ་རུང་མི་རུང་ཁྱད་པར་ཏིལ་འབྲུ་ཙམ་ཀྱང་མེད། བཤད་ཚོད་བཤད་ཚར་པ་རེད། མི་ངོ་ཤེས་ཚར་པ་རེད། བཟང་ངན་གང་ཡིན་རུང་ཁྲོམ་བསྒྲགས་ཚར་པ་རེད། ད་དུང་ནང་པ་དང་བོན་པོ་ཟེར་ག་འདྲ་བྱེད། དེ་གཅིག་པུས་མ་བྱུང་ཚར་པ་རེད། བོན་པོ་ནང་པ་ཡིན་པར་ལུང་དང་རིགས་པས་གྲུབ་ཟིན་པ་རེད། ད་དུང་གཤིན་རབ་ཟེར་སྟངས་ལ་ལྟོས་དང་ལྟ་ལོང་བྱེད་ལོང་མེད་པར་གཅིག་བྲིས་པ་ཡིན་ནམ། ཆེད་དུ་དེ་ལྟར་བྲིས་པ་རེད། ལྷ་གཞན་ལ་ཟེར་བ་གང་འདྲ་ཞིག་ལ་ངོས་འཛིན་བགྱིད་དམ།
བོན་པོ་ནང་པ་སྒྲུབ་བསྒྲུབས་བསྒྲུབ་ང་ལ་ཁྱད་པར་མེད། དཔེར་ན་མེ་དཀར་ངས་རང་ལ་ང་ཟེར་དུས་བན་དེ་བས་ཁྱོད་ང་མ་རེད་བན་དེ་བ་ང་རེད་ཟེར་བ་འདྲ། བོན་པོས་བོན་པོ་ལ་ནང་པ་ཐུབ་བསྟན་པར་ཕྱི་པ་ཟེར་ཆོག དེ་ལ་དགའ་དང་མ་དགའ་མེད་རེད། ཡང་ནང་པས་བོན་པོ་ལེགས། བོན་པོ་དྲག བོན་པོ་མཛེས་སོགས་ཟེར་གི་མིན་འདུག་དྲན་ནས་ངུས་ན་ངུས་རྐྱང་གནང་རོགས། དེ་ལ་ཐབས་ཤེས་ཡོད་མ་རེད། ནང་པས་ཀྱང་བོན་པོས་ནང་པ་ལ་ཡག་པོ་རེད་ཟེར་གི་མིན་འདུག སྡུག་ཅག་རེད་ཟེར་གི་འདུག་དྲན་ན་སྡུག་གྱོང་རེད།
ལྷ་གཞན་ཟེར་ན་རྒྱལ་དང་རྒྱལ་སྲས་མིན་པའི་ལྷ་དབང་ཕྱུག ཚངས་པ། གཤེན་རབས་སོགས་རེད་ལགས།
མེ་དཀར་ཁྱོད་ཀྱི་རྒྱལ་དང་རྒྱལ་སྲས་ཟེར་བ་ཅི་འདྲ་ཞིག་ལ་ངོས་འཛིན་ནམ། དེ་གཉིས་ལ་ཡོན་ཏན་ཅི་འདྲ་ཞིག་ལྡན་དགོས་པ་ཡིན་ནམ། དེ་ངོས་འཛིན་གྱིས་ཡོན་ཏན་དེ་དག་གཤེན་རབ་ལ་མི་ལྡན་པའི་སྒྲུབ་བྱེད་ཅིག་བཀོད་དང། གཤེན་རབ་མི་བོ་རྒྱལ་དང་ཞེས་པའི་རྒྱལ་བ་མིན་པའི་སྒྲུབ་བྱེད་ཅིག་བཀོད་ང། ཨ་མའི་བུ་རྒོད་ཡིན། མུན་ནག་མདའ་འཕེན་གྱི་སྐད་ཆ་དེ་ཚོ་རིགས་པས་ཚར་ཐག་མ་བཅད་ན་ངན་པ་ངན་ལང་དུ་ཤོར་ཉེན་ཡོད། ཡང་ལུང་ཟེར་དུས་རང་གི་གཞུང་ནས་གསུངས་པའི་ལུང་དེ་ཚོ་འཁྱེར་ནས་ཁྱོད་སྡུག་པོ་རེད། ངའི་ཨ་ཕས་བཤད་སོང་ངའི་ཨ་མས་བཤད་སོང་ཟེར་ནས་རང་གི་ཨ་ཕ་ཨ་མ་རྒྱབ་རྟེན་དུ་འཁྱེར་ནས་ཤོག་དང་དེ་དུས་ངས་ང་རང་གི་རྒྱབ་རྟེན་དུ་ང་ཡི་ཕ་མ་གཉིས་འཁྱེར་ཡོང་གི་རེད།
ཁྱོད་རང་ཧི་མི་ཞིག་ཡིན་པས། རང་ཉིད་ཧི་མི་ཡག་པོ་ཞིག་ཡིན་པར་བསྒྲུབ་རོགས། སྔོན་མ་ཞིག་ལ་ཨ་ནུ་ཐང་བསོད་ནམས་དང་སྤོབས་མཐའ་ཟེར་བ་གཉིས་ཀྱིས་ཧི་མི་རྣམས་མི་གྲལ་ལ་མེད་རབས་བཤད་སོང། དེ་དུས་ཁྱོད་རང་ག་པར་ཕྱིན་པ་ཡིན་ནམ། ཁྱོད་ནི་འབྲུག་ཕྲུག་ཅིག་ཡིན་པ་ངས་ཤེས་ཀྱི་ཡོད།
གཤེན་རབས་ཆོས་ཅན། རྒྱལ་བ་མིན་ཏེ། ནང་པ་མ་ཡིན་པའི་ཕྱིར། དཔེར་ན་ཇི་སེས་བཞིན།
ཡང་བན་དེ་ལགས། ཇི་སེས་ཆོས་ཅན། རྒྱལ་བ་ཡིན་པར་ཐལ། དེ་མིན་པའི་སྒྲུབ་བྱེད་མེད་པའི་ཕྱིར། འདོད་ན་གང་ཞུ་རྒྱུ་མེད།
སྤོབས་མཐའ་དང་ཨ་ནུ་དང་ང་ཚོ་ཕན་ཚུན་ག་རེ་བཤད་ནའང་སྟོན་པ་གཅིག་གི་རྗེས་འཇུག་རེད། ཁྱད་པར་མེད། ཧ་ཧ་ཧ་ཧ་
མེ་དཀར་འདི་ཡི་རིགས་པ་ལ་གཞིགས་དང། རིགས་པ་སྨྲ་བ་ཚོས་ལྟས་ན་དགོད་ཤོར་བསམ་ན་ངུ་ཤོར་དགོས་པ་ཞིག་རེད་འདུག མེ་དཀར་གྱི་ངོར། ནང་པ་ཡིན་ན་རྒྱལ་བ་ཡིན་པས་ཁྱབ་པར་ཐལ།
མེ་དཀར་བོན་ཅན་རྒྱལ་དང་རྒྱལ་སྲས་སྐབས་ཀྱི་རྒྱལ་བ་ཡིན་པར་ཐལ། ཁྱོད་ནང་པ་ཡིན་པའི་ཕྱིར། རྟགས་ཁྱབ་གཉི་ཀ་ཁས། རྟགས་མ་གྲུབ་ཟེར་ན། མེ་དཀར་བོན་ཅན་ནང་པ་མ་ཡིན་པར་ཐལ། འདོད་ན་དེ་གས་ཆོག མི་འདོད་ན་རྒྱལ་དང་རྒྱལ་སྲས་སྐབས་ཀྱི་རྒྱལ་བ་ཡིན་པར་ཐལ། ཁྱོད་ནང་པ་ཡིན་པའི་ཕྱིར་ཁྱབ་པ་ཁྱོད་རང་གིས་ཁས་བླང་སྔོན་སོང་ཡིན་པའི་ཕྱིར། མེ་དཀར་རྒྱལ་བ་ཡིན་ན། མེ་དཀར་སངས་རྒྱས་ཡིན་པར་ཐལ། རྒྱལ་དང་རྒྱལ་སྲས་སྐབས་ཀྱི་རྒྱལ་བ་ཡིན་པའི་ཕྱིར་ཁྱབ་པ་ལུང་དང་རིགས་པས་གྲུབ་པའི་ཕྱིར། མེ་དཀར་སངས་རྒྱས་ཡིན་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་པར་ཐལ། སྐབས་ཀྱི་རྩོད་ཡུལ་མེ་དཀར་སངས་རྒྱས་ཡིན་པའི་ཕྱིར། འདོད་ན། ཆགས་སྡང་རྨོང་གསུམ་གྱིས་བཟི་བའི་སངས་རྒྱས་ཞིག་ཡོད་པར་ཐལ། མེ་དཀར་དེ་ཡིན་པའི་ཕྱིར་རྟགས་ཁས། འདོད་ན་ཉོན་མ་སྤང་བའི་སངས་རྒྱས་ཞིག་ཡོད་པར་ཐལ། མེ་དཀར་དེ་ཡིན་པའི་ཕྱིར་ཡང་སྐྱར་རྟགས་ཁས།་འདོད་ན་བུམ་པ་གཡག་མགོ་བྱེད་དེ་སྡོད། རིགས་པ་ཁས་མི་ལེན་མཁན་འདི་རིགས་ལ་རྡོ་དང་དབྱུག་པ་ལས་འགྲོ་ས་མེད།
འོ། གཤེན་རབས་ཆོས་ཅན། རྒྱལ་བ་མིན་ཏེ། གཞི་མ་གྲུབ་པའི་ཕྱིར། དཔེར་ན་འོལ་མོ་ལུང་བཞིན།
ངའི་རིགས་པ་ལ་ངུ་ཤོར་བ་དེ་ཉིད་མཁས་པ་ཡིན་པའི་རྟགས་རེད། དཔེར་ན་ས་པཎ་བླ་རྒན་ཞིག་ལ་ངུ་ཤོར་བ་བཞིན།
ནང་པ་ཡིན་ན་རྒྱལ་བ་ཡིན་པའི་ཁྱབ་སུས་ཟེར། ད་ང་ངུ་ཤོར་གི་འདུག
བན་དེ་ལགས། ཁྱེད་ཀྱིས་བྱས་ན་འབྲུག་མི་མི་གྲལ་མེད་ཟེར་གྱི་རེད་པས། འབྲུག་མི་མི་གྲལ་ཡོད་དེ། མི་ཡིན་པའི་ཕྱིར། དེ་ཡིན་ཏེ་སྨྲ་ཤེས་ཤིང་དོན་གོ་བའི་ཕྱིར་ཟེར་ན་ག་རེ་ཟེར་གྱི་རེད། རིག་པ་སྨྲ་བའི་བན་དེ་ལགས།
མེ་དཀར་ལགས། ཤཱཀྱ་ཐུབ་པ་ནང་པ་ཡིན་པར་འདོད་དམ་མི་འདོད། ལན་གཅིག་གནང་རོགས།
ཡང་བན་དེ་ལགས་ཀྱིས། སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་པར་ཐལ་ཟེར། ཁྱེད་བོན་པོའི་གྲུབ་མཐའ་ལྟར་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་པར་མི་འདོད་དམ་ཅི། དེ་ལྟར་འདོད་ན་སེམས་ཅན་རྣམས་བོན་བསྒྲུབ་པ་ལ་དགོས་པ་མེད་པར་འགྱུར་ཏེ། སངས་རྒྱས་མ་ཡིན་པ་ཞིག་སངས་རྒྱས་སུ་འགྱུར་བའི་དུས་ནམ་ཡང་མི་སྲིད་པའི་ཕྱིར་རོ༎
ཨོ་ཡང་གཡུ་འབྲུག་སླེབས་ཤག ད་ལྟ་བོད་ཀྱི་བན་བོན་དབར་ལ་རྩོད་ཀྱི་ཡོད་འབྲུག་ལ་ཇུས་གཏོགས་མིན་འདུག
ཇུས་མེད་ཇུས་གཏོགས་བྱས་ནས་གང་ཡོང། འབྲུག་གི་བན་བོན་རྩོད་དུས་ཁྱེད་རང་ཕེབས་ཤོག
འབྲུག་པ་མི་ལོས་ཡིན། ངས་ནམ་ཡང་དེ་འདྲ་ལབ་མེད། མི་འབྲུག་པ་ལས་སོགས་ཧི་མི་ཁྱེད་རང་ཚོ་ལ་བཤད་རྒྱུ་འདྲ་ཡོད་ན་་་གོང་དུ་མིང་བྲིས་པ་དེ་དག་གིས་ཧི་མི་དེ་ཚོར་མི་ཡི་གྲལ་དུ་བཞག་གི་མིན་འདུག་ཅེས་བཤད་ཡོད་པ་ལས། ངས་དེ་ལྟར་བལྟ་གི་ཡོད་ཟེར་རྒྱུ་མ་བྱུང་ཐུགས་ལྷོད་པོ་བྱེད་དེ་བཞུགས།
གཡུ་འབྲུག་ལགས། དེ་བན་དེས་དྲངས་པ་རེད། ནང་བོན་རྩོད་པ་ཁ་བསྒྱུར་ཆེད་དུ་དྲངས་པ་རེད།
བན་དེ་ལགས། ཤཀ་ཐུབ་ཆོས་ཅན། ནང་པ་ཡིན་ཏེ། སངས་རྒྱས་ཡིན་པའི་ཕྱིར། དཔེར་ན་སངས་རྒྱས་འོད་སྲུངས་བཞིན།
ཡང་མེ་དཀར་ཆོས་ཅན། སངས་རྒྱས་ཡིན་པར་ཐལ། ནང་པ་ཡིན་པའི་ཕྱིར་མ་ལབ་ཨ། ང་ཞེད་གི་འདུག
མེ་དཀར་ལགས་ཤཱཀྱ་ཐུབ་པ་བོན་ཅན། ཁྱོད་ཀྱི་རྒྱུད་ལ་སྐྱབས་འགྲོ་ཡོད་པར་ཐལ། ཁྱོད་ནང་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། ཁྱོད་ཀྱི་རྒྱུད་ལ་སྐྱབས་འགྲོ་ཡོད་ན། སྐྱབས་འགྲོའི་དོན་ཞོག
གཤེན་རབ་བོན་ཅན། ཁྱོད་ནང་པ་ཡིན་པར་ཐལ། ཁྱོད་སངས་རྒྱས་ཡིན་པའི་ཕྱིར། སངས་རྒྱས་ཡིན་པར་ཐལ། སྤང་རྟོགས་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས།
“ཁྱོད་རང་ཧི་མི་ཞིག་ཡིན་པས། རང་ཉིད་ཧི་མི་ཡག་པོ་ཞིག་ཡིན་པར་བསྒྲུབ་རོགས། སྔོན་མ་ཞིག་ལ་ཨ་ནུ་ཐང་བསོད་ནམས་དང་སྤོབས་མཐའ་ཟེར་བ་གཉིས་ཀྱིས་ཧི་མི་རྣམས་མི་གྲལ་ལ་མེད་རབས་བཤད་སོང། དེ་དུས་ཁྱོད་རང་ག་པར་ཕྱིན་པ་ཡིན་ནམ། ཁྱོད་ནི་འབྲུག་ཕྲུག་ཅིག་ཡིན་པ་ངས་ཤེས་ཀྱི་ཡོད།”
དེ་ཁྱེད་རང་གིས་བྲིས་པ་མ་རེད་པས། བོད་ཀྱི་བན་བོན་གྱི་རྩོད་པའི་བར་ལ་འབྲུག་པ་ཧི་མི་ཡིན་པ་དང་ཧི་མི་ཡག་པོ་མིན་རབས་བཤད་ལུགས་དྲུད་ཡོང་དགོས་དོན་ག་རེ་ཡོད། མ་གཞི་ནས་ཁྱེད་འདྲ་བའི་བན་མིན་བོན་མིན་ཚོ་འབྲུག་པ་ལ་ག་ཚོད་སྡང་གི་ཡོད་ངས་ཤེས་ཀྱི་ཡོད།
འབྲུག་གི་བན་བོན་ཨེ། འབྲུག་ལ་བན་བོན་རྩོད་པ་རྒྱག་དུས་ཤིག་ནམ་ཡང་ཡོང་མི་སྲིད་ཨེ་གོ་ཐལ། འབྲུག་ཡུལ་ཕུན་སུམ་ཚོགས་པ་ལ་སྙིང་ནས་སྡང་ཞིང་ཆོས་ལུགས་ཀྱི་རྙོགས་དྲ་ཞིག་བཟོ་དགོས་བསམ་ན་ཡང་ཁྱེད་ཚོའི་བསམ་དོན་འགྲུབ་ཐུབ་མིན་འདུག་ག བསླུ་འབྲིད་ཀྱིས་ཁྱེར་བའི་འབྲུག་ཕྲུག་དེ་ཚོ་ནི་སླར་སླེབས་བཞག ད་འབྲུག་ལ་བོན་པོ་ཞིག་སླེབས་ས་མིན་འདུག ཁྱེད་རང་ཚོ་སྙིང་ན་ནས་སྡོད་ཡ་རང་རེད།
བན་དེས་ཤཀ་ཐུབ་ནང་ཡིན་དང་མིན་ཟེར། ངས་ཡིན་ཏེ། སངས་རྒྱས་ཡིན་པའི་ཕྱིར་ལབ། དེ་ལ་ལན་མེད་པར་གཞན་ཞིག་བཤད་གིན་འདུག་ཧ་བོ་ཧ་བོ
ལན་རྒྱབ་ཡོད། སངས་རྒྱས་ཡིན་ན་ནང་པ་ཡིན་པས་ཁྱབ་པར་ཐལ། འདོད་ན་གཤེན་རབ་མི་བོ་བོན་ཅན། ནང་པ་ཡིན་པར་ཐལ། སངས་རྒྱས་ཡིན་པའི་ཕྱིར། དེ་ལན་མ་རེད་དམ།
གཤེན་རབ་ཆོས་ཅན། ནང་པ་མིན་ཏེ། གཞི་མ་གྲུབ་པའི་ཕྱིར།
ཨ་ལེ། ལན་རྒྱབ་ཡོད་པེ། སྙིང་རྗེ།
ཤཱ་ཐུབ་བོན་ཅན་སངས་རྒྱས་མ་ཡིན་ཏེ་། ཁྱོད་གཞི་མ་གྲུབ་པའི་ཕྱིར། ཨོ་རྒྱན་པདྨ་བོན་ཅན་སངས་རྒྱས་མ་ཡིན་ཏེ་གཞི་མ་གྲུབ་པའི་ཕྱིར། དགའ་རབ་རྡོ་རྗེ་བོན་ཅན་སངས་རྒྱས་མ་ཡིན་ཏེ་། གཞི་མ་གྲུབ་པའི་ཕྱིར།
ད་ང་ནི་འདྲ་རྐཡང་བཤད་དུས་ཐང་ཆད་སོང། མེ་དཀར་འདི་ནམ་ཡང་ཐང་ཆད་རྒྱུ་མེད་པར། ཉིན་ལྟར་ཁ་བརྡའི་ནང་དུ་རྩོམ་ཡོད་ལ་མཆན་བུ་ཡིན་ལ་མིན་ལ་རེ་བྲིས་ནས་གཏོང་གི་རེད། ཁྱེད་རང་ལ་ཁྱེད་རང་གི་ཆོས་རྒྱུད་དེ་ཡིས་ལས་འགན་ནམ་ལས་ཀ་འདི་སྤྲད་ཡིན་ས་རེད། ཨོ་བྲིས་བྲིས་ང་ནི་ཐང་ཆད་སོང་ཅང་གོ་རྒྱུ་ནི་མིན་འདུག
ཁྱོད་རང་མཆན་ཉིན་མ་ཆ་ཚང་བྲིས་ཏེ་གཏོང། རང་ལྟ་དེ་མཆོག རང་ལྷ་དེ་མཆོག རང་སྤྱོད་དེ་མཆོག གཞན་གྱིས་ཡིན་ཚད་མི་བཟང། མི་ལེགས། དམན་པ། ཕྱི་པ། འཚེ་བའི་ཆོས་ཨོ་དེ་འདྲ་རྐྱང་ཤོད་ཨ། གཤིན་རྗེའི་མདུན་སར་མ་སླེབས་བར་དུ་ཁེ་བཟང་རེད། གཤིན་རྗེའི་མདུན་དུ་མགོ་ཕུར་གི་སྡོད།
བན་དེ་ལགས། ཨོ་རྒྱན་པདྨ་དང་དགའ་རབས་རྡོ་རྗེ་གཞི་མ་གྲུབ་ནའང་དེ་ཙམ་མི་སྐྱོན། བསྟན་པའི་བདག་པོ་ཤཀ་ཐུབ་ནི་ད་ལོ་ནས་རྩིས་པའི་ ལོ་ ༢༦༣༨ ལོར་ནེ་པལ་ས་ཁུངས་ལུམ་བི་ནིར་རྒྱལ་པོ་ཞིག་གི་སྲས་སུ་འཁྲུངས། རྒྱ་གར་མངའ་སྡེ་བི་ཧར་ནང་སངས་རྒྱས། རྒྱ་གར་ཡུ་པི་ནང་ཆོས་དང་པོ་གསུངས་ནས་དགུང་ལོ ༨༢ ལོར་འདས། དེ་རིང་ཁོང་གི་ལྷ་བབས་དུས་ཆེན་རེད། དེ་ཡིན་དུས་གཞི་གྲུབ་འདུག་ག
སུ་ཡིན་ནའང་རང་ལྟ་མཆོག་རེད་ཟེར་གི་རེད། དེ་སྡུག་ཅག་མ་རེད། ཁྱོད་བོན་པོ་ཚོས་རང་ལྟ་དམན་ཟེར་གི་ཡོད་པེ། རང་ལྟ་དམན་ཟེར་རྒྱུ་ཕར་བཞག བོད་ནང་གི་ཡག་ཚད། བཟང་ཚད་བོན་པོའི་རེད་ཟེར་གི་ཡོད་མ་རེད་པེ། ལགས།
གོང་དུ་གཤེན་ལ་གཤིན་བྲིས་ནོར་ཤོར་དུས་ཅིག་ཅིག་ཟེར། ད་ཁྱོད་ཀྱིས་རྐཡང་ཟེར་བ་འདི་འོལ་མོ་ལུང་གི་སྐད་རེད་དམ།
མེ་དཀར་ལགས། དེ་རིང་ཁོང་གི་ལྷ་བབས་དུས་ཆེན་མ་རེད། བཅོམ་ལྡན་རྡོ་རྗེ་གདན་བྱང་ཆུབ་ཤིང་གི་དྲུང་དུ་མངོན་པར་རྫོགས་ཏེ་སངས་རྒྱས་ཏེ་བདུན་ཕྲག་བདུན་པ་ལ་ཡུལ་ཝ་རཱ་ན་སིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་བཟང་པོ་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་དུས་ཆེན་རེད། བྱང་ཆུབ་ཤིང་གི་དྲུང་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཆེན་དེ་བོད་ཟླ་བཞི་པའི་ཚེས་༡༥ ལ་བརྩིས་ཡོད་རེད། དེ་ནས་བརྩིས་པའི་ད་རིང་སྟེ་བོད་ཟླ་༦ པའི་ཚེས་པ་༤ ལ་བདུན་ཕྲག་བདུན་ཏག་ཏག་ཡོད་ཟེར། དེ་ཡིན་དཔྱད་ཕྱིར་ང་རའི་མདུན་ལྕོག་སྒང་ལ་ཡོད་པའི་ལོ་ཐོ་ཞིག་ལ་བལྟས་པས། ཏག་ཏག་རེད་བཞག དེ་ཡང་བྱང་ཆུབ་པའི་དུས་ཆེན་ཏེ་བོད་ཟླ་༤ པའི་ཚེས་པ་༡༥ ནི་ཁས་སྔོན་དབྱིན་ཟླ་༦ པའི་ཚེས་པ་༤ དང་གཟའ་ཟླ་བ་ལ་འཁེལ་འདུག་ཅིང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་སྟེ་བོད་ཟླ་༦ པའི་ཚེས་༤ ནི་ད་རིང་དབྱིན་ཟླ་༧ པའི་ཚེས་༢༣ གཟའ་ཟླ་བ་འཁེལ་འདུག ཞག་པོ་རྩིས་རྒྱག་ན་བདུན་ཕྲག་བདུན་ཏེ་ཞག་པོ་བཞི་བཅུ་ཞེ་དགུ་རེད་བཞག ཨོ་གཤིན་པོའི་རྗེས་སུ་ཞག་པོ་བཞི་བཅུ་ཞེ་དགུ་ལ་དགེ་རྩ་བཟུང་དགོས་པ་དེ་ཡང་དེ་དང་འབྲེལ་བ་ཞིག་ཡོད་ས་རེད་གོ
ང་ཚོ་བན་བོན་གཉིས་པོ་བོན་ཆོས་རྩོད་པའི་སྐབས་ཁ་ཅིག་གིས་ངན་རབས་དང་སྡུག་རབས་མང་པོ་ཞིག་བཤད་ཀྱི་འདུག དེ་ནི་ཆོས་རྩོད་ཀྱི་ནང་དོན་ཧ་མ་གོ་བར་འཇིག་རྟེན་པའི་འཁྲུགས་རྩོད་ལྟ་བུ་ཞིག་ལ་ངོས་འཛིན་པ་ལས་བྱུང་བ་རེད། ཆོས་ལུགས་ཕྱོགས་རིས་ཀྱིས་གཅིག་ལ་གཅིག་གནོད་སྐྱེལ་བ་དང་། གཅིག་གིས་གཅིག་གཏོར་བ། ཆོས་ལུགས་དོན་དུ་བརྡུང་རེས་དང་བསོད་རེས་བྱེད་པ་སོགས་ནི་མ་རུང་བ་ཡིན་ཀྱང་། རང་སོ་སོའི་གྲུབ་མཐའི་དགག་བཞག་བྱེད་པ་ནི་ངན་པ་ཞིག་ག་ལ་ཡིན།
གཡུ་འབྲུག་ལགས། ་ཆོས་འཁོར་དུས་ཆེན་དང་ནོར་སོང་བས་དགོངས་དག་ཞུ།
གསང་སྤྱོད་འདི་ནང་སྐྱག་པས་གང་ཚར་འདུག་པས་ད་སྐྱག་པ་གཏོང་ག་ཡོང་གི་མིན་ལོ།
Bye bye take care all of you!!
མེ་ཏོག་དཀར་པོ་ལགས། སྐྱག་མང་ཆེ་བ་ཁྱེད་རང་གི་རེད་འདུག ཧ་ཧ་ཧ།
སེམས་ལྷག་ཅན་ལ་རྡོར་སེམས་དབང་བསྐུར་སྪལ། ལྷ་ཡི་གནས་དར་དེ་ཉིད་མི་ཡུལ་དུ་སྤྲུལ་པའི་སྐྱུར་བཞེངས་དགའ་རབ་རྡོ་རྗེ་ཡིས། ཞེས་པ་ནས། ་་་འདས་རྗེས་རིམ་པར་བབས། སློབ་དཔོན་ཆེན་པོ་པདྨ་་ཀ་རས་ཀྱང་དངོས་སུ་ཤྲྰི་སིང་ཧ་བླ་མར་བསྟེན་ཅིང་། དགའ་རབ་རྡོ་རྗེའི་ཡེ་ཤེས་ཀྱི་སྐུ་དང་མཇལ་ནས་་་་་་་་ ད་ལྟ་པདྨ་འོད་ཀྱི་གཞལ་མེད་ཁང་ཆེན་པོར་དངོས་སུ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་ཡིན་ནོ། །