མིག་བརྒྱད་པ།
མི་ཞིག་ཡིན་ན་གནས་ལུགས་ལ་དཔྱོད་ཤེས་ཀྱི་ནུས་པ་ལྡན་དགོས། མིའི་རྣམ་དཔྱོད་འདི་ལ་ཕན་པ་རྒྱ་ཆེན་པོར་སྒྲུབ་པའི་ནུས་པ་ཡོད་ལ་གནོད་པ་ཆེན་པོ་གཏོང་པའི་ནུས་པ་ཡང་ཡོད་པས་དེ་ཚོ་ལྟ་བས་ཐག་གཅོད་བྱེད་ཀྱི་རེད། མདོར་ན། ལྟ་བས་སྤེལ། ལྟ་བ་ལས་བྱུང་། ལྟ་བ་ལ་རག་ལས་བས། ལྟ་བ་ཡང་དག་པ་ཞིག་གདམས་རྒྱུ་གལ་ཆེ། སྤྱིར་མི་ཞིག་ཡིན་ན་ཁོའི་རྒྱུད་ན་ལྟ་བ་ཡོད་པས་ཁྱབ། ལྟ་བ་དེ་ལ་ཡང་དག་ཡིན་མིན་གཉིས་ཡོད། མི་རེ་རེ་ལ་ལྟ་བ་མ་འདྲ་བ་རེ་ཡོད་པ་མཐོང་ཆོས་རེད། ལྟ་བ་ཟེར་བ་ལྟ་བྱ་ལྟ་བྱེད་ལྟ་བའི་ཡུལ་ལ་བརྟེན་ནས་འདོགས་སྲོལ་སྣ་ཚོགས་ཡོད། མི་རང་རང་ལ་སེམས་ཀྱི་བྱེད་ལས་མ་འདྲ་བ་ཡོད་པ་རེད། འགྲོ་བ་སོ་སོར་ལས་ཀྱི་གོ་སྒྲིག་མ་འདྲ་བ་རེ་ཡོད་པ་དང་ལུས་རྟེན་གྱི་ཆ་ནས་ཀྱང་མི་འདྲ་བ་ཡོང་གི་ཡོད། མིའི་རྣམ་དཔྱོད་དང་བསམ་བློ། མཛེས་དཔྱོད་སོགས་རྦད་དེ་མི་འདྲ་བ་ཞིག་ཡོད་པ་གང་ལ་བརྟེན་པ་རེད་ཟེར་ན་ལྟ་བ་ལ་བརྟེན་པ་རེད། དེའི་ཕྱིར་སྤྱོད་པ་དང་མ་འབྲེལ་བའི་ལྟ་བ་མེད་ལ་ལྟ་བ་དང་མ་འབྲེལ་བའི་སྤྱོད་པ་མེད་པས་དུད་འགྲོའི་རིགས་ལ་མིག་སྣའི་དབང་པོ་རྣོ་བ་མི་ལས་ལྷག་པ་ཡོད་ཀྱང་དཔྱད་པ་ཟེར་བ་གཏན་ནས་མེད། བྱ་རྒོད་ཀྱི་མིག་ལྟ་བུ། སྤྱང་གུའི་སྣ་ལྟ་བུ། མི་ལས་ལྡབ་འགྱུར་གྱིས་རྣོ་བར་བཤད་ཅིང་དེས་རང་ལ་ཕན་པ་ཙམ་ལས་གཞན་ལ་གནོད་བྱེད་ཀྱི་ནུས་པ་དེ་ཙམ་མེད། ཁོ་ཚོས་རང་གི་འཚོ་གནས་ཆེད་དབང་པོ་དེ་ཚོ་བེད་སྤྱོད་པ་ལས་མི་ལྟར་རྣམ་དཔྱོད་ཀྱི་ནུས་པ་མེད་ལ། འགྲོ་བ་མིའི་རྒྱུད་ན་ལྟ་སྐྱོན་དེ་དག་ཡོད་པས་རང་མི་བདེ་བ་དང་གཞན་མི་བདེ་བ་མང་པོ་ཞིག་བཟོ་གི་རེད། གཞན་ལ་ཕན་དང་གནོད་གཙོ་བོར་རང་ལྟས་ཐག་གཅོད་བྱེད་ཀྱི་རེད། མི་ཞིག་གིས་རང་ཉིད་ཆེས་མི་དགའ་སའི་མི་ལ་ལྟ་བའི་ཚེ། ཞེན་པ་ལོག་པ་དང་རང་ཉིད་ཆེས་དགའ་སའི་མི་ལ་ལྟ་བའི་ཚེ་ཞེན་ཁོག་སླེབས་འོང་བ་རེད། དོན་དག་ངོ་མ་བཤད་ན་ལྟ་མཁན་དེ་གཅིག་པ་ཡིན་ཀྱང་ཁོས་ལྟ་སྟངས་མ་འདྲ་བའི་དབང་གིས་འདི་ལྟར་ཡོང་གི་ཡོད་པ་རེད། ལྟ་སྐྱོན་འདི་དག་གི་རྩ་བ་ཕར་དེད་ནས་སོང་ན་འཇིག་ལྟའམ་གཏི་མིག་བདེན་འཛིན་ལ་ཐུག་གི་རེད། མིའི་རྒྱུད་ཀྱི་ལྟ་བ་དེ་ལ་བསམ་བློའི་ཆ་ནས་མཐོ་དམན་དང་མཆོག་དམན། རབ་འབྲིང་ཐ་གསུམ་མང་པོ་ཞིག་ཡོད་ངེས་རེད། དེར་བརྟེན་རིགས་རུས་དང་དབུལ་ཕྱུག་གི་དབྱེ་བ་མེད་པར་འཇིག་རྟེན་ཀུན་ལ་ཁྱབ་ཐུབ་པའི་ལྟ་བ་ཞིག་ལ་རྟེན་འབྱུང་གི་ལྟ་བ་ཟེར་གི་ཡོད་པ་རེད། ནང་པ་སངས་རྒྱས་པའི་ལྟ་བའི་ཚུལ་ཟབ་པས་བློ་དམན་པས་ཤེས་དཀའ་བ་དང་ཤེས་བ་ཙམ་གྱིས་མི་ཆོག་པར་རང་རྒྱུད་ལ་སྦྱོར་དགོས་པའི་རིམ་པ་མང་པོ་ཞིག་ཡོད་པ་དང་། དང་པོར་ཐོས་པས་དོན་རྟོགས་པའི་རྒྱུར་བྱེད། བར་དུ་བསམ་པས་སྒྲོ་འདོགས་གཅོད། ཐ་མར་སྒོམ་པས་ཉམས་སུ་བླངས་ཏེ་འགྲོ་དགོས་བ་ནི་བསྟན་པ་སྤྱིའི་ལྟ་བ་དང་འབྲེལ་བའི་སྤྱོད་པ་ཟེར་གི་ཡོད་པ་རེད། དེ་ཡང་གཙོ་ཕལ་གྱིས་ཕྱེ་ན་ཐོས་པ་མི་གཙོ་སྒྲུབ་པ་གཙོ་བོ་དང་ལུས་ངག་གི་དགེ་བ་མི་གཙོ་ཞིང་སེམས་ཀྱི་དགེ་བ་གཙོ་བོར་བཟུང་དགོས་པ་དེ་ཡང་སྤྱོད་པ་འཚེ་བ་མེད་པ་དང་གཞན་ལ་ཕན་འདོགས་ཀྱི་བསམ་པས་འབྱེད་པ་རེད། དེས་ཕྱིར་དུད་འགྲོའི་རིགས་ལ་ལྟ་སྤྱོད་དེ་དག་མེད་པས་མི་དང་དུད་འགྲོའི་བར་ཁྱད་པར་ཅི་ཡོད་ཟེར་ན། སྤྱིར་དུད་འགྲོའི་རིགས་ལ་རང་ཉིད་སྲུང་སྐྱོབ་དང་ཕན་འདོགས་བྱེད་རང་གི་ལུས་དབང་ཁོ་ནས་བྱེད་པ་ལས་གཞན་ནུས་པ་མེད་ལ། མིས་རང་གི་རྣམ་དཔྱོད་བེད་སྤྱད་དེ་རང་ཉིད་སྲུང་སྐྱོབ་ཆེད་གཞན་ལ་བརྟེན་དགོས་ཀྱི་ཡོད། རྡོ་ཆས་ཀྱི་དུས་རབས་ནས་འཕྲུལ་ཆས་ཀྱི་དུས་རབས་བར་དུ་རང་གི་རྣམ་དཔྱོད་བེད་སྤྱད་ནས་སྤྱི་ཚོགས་འཕེལ་རིམ་ཞིག་བྱུང་ཡོད་པ་རེད། མིའི་རྣམ་དཔྱོད་ཀྱི་ནུས་པ་འཕེལ་རིམ་ལས་སྤྱི་ཚོགས་ཡར་རྒྱས་དང་བརྟན་རླིང་ཡོང་གི་ཡོད། དུད་འགྲོ་ལ་དེ་ལྟའི་ནུས་པ་ཡོད་མ་ཡིན། ཚོར་ཤེས་ཙམ་ལས་མཛེས་སྣང་དང་ཀུན་སློང། ཕན་སེམས་དང་གནོད་སེམས། རྟོག་དཔྱོད་སོགས་ཕལ་ཆེར་མེད་པ་འདྲ། ཁོ་ཚོ་ལ་རང་ཉིད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ནུས་པ་མེད་པ་དང་། དོམ་དང་ཕ་ཝང་། ནགས་ཀྱི་འཕྱི་བ། བྱི་བ་སྒོམ་ཆེན་སོགས་དགུན་ཀ་གྲང་ངར་དུས་སུ་གཉིད་དུ་ཡུར་བ་དང་ཁོར་ཡུག་ལ་འདྲིས་འགྱུར་བྱེད་ཆེད་རང་ཉིད་ཀྱི་ལུས་དྲོད་ཉར་ཐུབ་པའི་སྤུ་མཐུག་པོ་དང་པགས་པའི་ནང་ངོས་སུ་ཚིལ་ཞག་ཡོད་པ་དགུན་དུས་སུ་ཟས་ཀྱི་ཚབ་ཏུ་བེད་སྤྱོད་བྱེད་ཀྱི་ཡོད། དུད་འགྲོའི་རིགས་ལ་ཁོར་ཡུག་གི་འགྱུར་ལྡོག་ཚོར་ཤེས་ཐུབ་པའི་དབང་རྩའི་མ་ལག་དང་དབང་ཤེས་ཡོད་པ་དང་། འཛམ་གླིང་གི་ལྷོ་བྱང་སྣེ་མོའི་སེམས་ཅན་གཡག་དང་ཤྭ་བ་དང་དོམ་དཀར་དང་བྱ་པེང་འགེན་སོགས་ལ་གྲང་ངར་གྱི་ཁོར་ཡུག་ལ་བརྟེན་ནས་རང་ཉིད་འཚོ་གནས་ཐུབ་པའི་ཁྱད་ཆོས་ལྡན་པ། དེ་བཞིན་དུ་རྩི་ཤིང་གི་ཁོར་ཡུག་ལ་བརྟེན་པའི་སེམས་ཅན་དོམ་བུ་ལག་རིང་དང་དབྱི་མ་དོམ། ཐང་ལི། རྩངས་པ་མདོག་འགྱུར། སྤྲེལ་སོགས་ལ་སྡེར་མོ་དང་མཚང་རའི་རུས་སྒྲོམ་དེ་ཡིས་རང་ཉིད་ཤིང་སྡོང་ལ་འཛེག་བྱེད་དང་སྐྱོད་བྱེད་ལ་ཕན་ཐོགས་ཡོད་པ་དང་ཁོ་ཚོར་ནུས་སྟོབས་ཆེ་བའི་རྐང་པ་དང་ལག་པ་ཡོད། ནམ་མཁའི་རླུང་ལ་བརྟེན་པའི་འཕུར་སྐྱོད་བྱེད་མཁན་གྱི་ཁྲ་དང་ཕ་ཝང་དང་ཕྱེ་མ་ལེབ་དང་ངང་པ་སོགས་ཀྱི་རུས་ཁོག་རྣམས་ཇ་ཚགས་ལྟར་ཨི་ཁུང་མང་པོ་ཡོད་པ་དང། ལུས་ཀྱི་སྤུ་དང་གཤོག་སྒྲོ་རྣམས་ཡང་པོ་ཡོད་སྟབས་གཟུགས་པོའི་ལྗིད་ཚད་ཧ་ཅང་ཡང་པོ་ཡོད་པ་རེད། དེ་ཚོ་ལ་འཕུར་སྐྱོད་ཀྱི་གཤོག་ཟུང་ཡོད་པ་དང་གཤོག་པ་རྐྱང་སྐུམ་བྱེད་པའི་ཤ་རྒྱུས་བརྟན་པོ་ཡོད་པ་རེད། ཆུ་ལ་གནས་བའི་སེམས་ཅན་ཀླུ་མོ་རྣ་རིང་དང་མཚོ་རྟ། ཆུ་གླང་། ཉ་སོགས་ལ་ཆུ་འགོག་ནུས་ཀྱི་པགས་པ་དང་སྒྲོ་ཡོད་པར་མ་ཟད། ལུས་པོ་གྲུའི་དབྱིབས་ལྟར་ཡོད་པ་ཧ་ཅང་མྱུར་པོ་སྐྱོད་ཐུབ་པའི་ཁྱད་ཆོས་ཡོད་པ་དང་། རིགས་ཁ་ཤས་ལ་ཆུའི་ནང་གི་འཚོ་རླུང་ལེན་ཐུབ་པའི་དབང་པོའི་ཁྱད་ཆོས་ཡོད་པ། ཌོལ་ཧྥིན་དང་ཝེལ། ཉའི་རིགས་རྣམས་ཀྱི་རྐང་ལག་ནི་གཤོག་པའི་རྣམ་པར་གྱུར་བ་དེས་ཆུའི་ནང་དུ་སྐྱོད་པར་བེད་སྤྱོད་བྱེད་པ་དང་། སྐམ་མཚོ་གཉིས་ཀར་འཚོ་གནས་ཐུབ་པའི་སེམས་ཅན་ཆུ་སྲིན། རུས་སྦལ། སྦལ་བ། ཆུ་ཕག ཆུ་སྦྲུལ། རྩངས་པ། རྩངས་པ་མེ་ཐུབ་སོགས་ལ་ཆུའི་ནང་དུ་དབུགས་གཏོང་ལེན་ཐུབ་པའི་རླན་གཤེར་ཅན་གྱི་པགས་པ་ཡོད་པ་དང་། ས་ངོས་སུ་སྡོད་དུས་དབུགས་གཏོང་ལེན་ཐུབ་པའི་གློ་བ་ཡོད་པ་སོགས་དེར་བརྟེན་གྱི་ཁྱད་ཆོས་ལྡན། མདོར་ན་སྣོད་ བཅུད་རྟེན་འབྲེལ་རིག་པས་བཤད་པ་ལྟར། ཁོར་ཡུག་གི་རྟེན་འབྲེལ་ཤེས་བ་གལ་ཆེ་ཞིང་མི་དང་སེམས་ལྡན་ཡོད་དོ་ཅོག་རྩི་ཤིང་ལ་བརྟེན་ནས་ཡོང་པ་དང་། རྒྱུ་འབྲས་ཀྱི་ཆོས་ཉིད་འདི་ལ་ནམ་ཡང་འགལ་མི་རུང་བ་དང་བརྩི་སྲུང་བྱ་དགོས་པ་འགྲོ་བ་མིའི་འོས་འགན་གཙོ་བོ་གྱུར་ཡོད། མདོར་ན་དུད་འགྲོ་ལ་རང་ཉིད་འཚོ་གནས་ཀྱི་ནུས་པ་རང་ཉིད་ཀྱི་ལུས་སྟེང་ན་ཡོད་པ་ཙམ་རེད། མི་ལ་བསམ་བློའི་ནུས་པ་དུད་འགྲོ་ལས་བརྒྱ་འགྱུར་གྱིས་ལྷག་པ་ཡོད་པ་དང་། རང་གི་ལུས་སྟེང་ན་རང་ཉིད་འཚོ་གནས་ཐུབ་པའི་ནུས་པ་དུད་འགྲོ་ནང་བཞིན་མེད་ན་ཡང་རང་གི་རྣམ་དཔྱོད་བེད་སྤྱད་དེ་རང་ཉིད་གང་དུ་གནས་པའི་ཁོར་ཡུག་སྲུང་སྐྱོབ་ཐུབ་པ་དང་། ལུས་རྟེན་གྱི་ཆ་ནས་མི་ལ་བསམ་བློ་དང་དཔྱོད་ཤེས། ཆོས་དང་རིག་གཞུང་གི་རིན་ཐང་བླ་མེད་ཡོད་པ་བེད་སྤྱོད་ཡག་པོ་བཏང་ན་དགེ་མཚན་བླ་ལྷག་ཏུ་ཆེ་ལ། བེད་སྤྱོད་ཡག་པོ་མ་བཏང་ན་དུད་འགྲོ་ལས་སྡུག་པ་ཡོང་ཉེན་ཡོད།
མིང་མཐའ་འདྲེན་ཚུལ་ལ་གཟབ་དགོས་པར་མཐོང་། བེད་སྤྱོད་ཅེས་པ་བོད་སྤྱིའི་སྐད་ཀྱི་འགྲོས་དང་མི་མཐུན་པ་ཞིག་འདུག ལ་དྭགས་མཁས་པ་བཀྲ་ཤིས་རབ་རྒྱས་ཀྱིས། བྱེད་སྤྱོད་ཅེས་པའི་བྱེད་ཅེས་པ་གནའ་བོའི་འདོན་ལུགས་ལ་ཡི་གེ་ཕྲལ་ནས་འདོན་དགོས་པ་ལ་ལེགས་པར་འདོན་མ་ཐུབ་པར་བ་ལ་ཡ་བཏགས་ཟུར་ཆག་ཏུ་གྱུར་ཏེ། བེད་སྤྱོད་ཅེས་ཆགས། ཞེས་ཟེར་རོ། །སྒྲ་འདི་དང་པོར་ཡིག་ཐོག་ཏུ་བཀོལ་མཁན་སུ་ཡིན་འདུག་གམ། ཐུགས་རྒྱུས་ཡོད་དམ།
མིག་བརྒྱད་པས་མི་དང་དུད་འགྲོའི་ཁྱད་པར་མང་ཙམ་བརྗོད་ཡོད་ན་ཡང་། འཇིག་རྟེན་ཐོག་མིག་བརྒྱད་ཡོད་པའི་གང་ཟག་ཅིག་ཡིན་ན་ཕལ་ཆེར་མི་དང་དུད་འགྲོ་གཉིས་ལས་དུད་འགྲོའི་ཁུངས་སུ་གཏོགས་ལས་ཆེ་སྙམ། ཧཧཧ སྤོ་མ་ལངས། ཀུ་རེ་ཡིན་དོ།
རྣམ་པ་ཚོས་དགོངས་ཚུལ་གསུངས་བར་ཐུགས་རྗེ་ཆེ། ཁ་སྐད་ལ་ལར་མིག་ལ་མྱིག །མི་ལ་མྱི། མེད་པ་ལ་མྱེད་སོགས་སྡེ་དགེའི་བཀའ་འགྱུར་ན་ཡང་དེ་ག་རང་འདུག ། །བརྡ་རྙིང་ལ་དེ་ལྟར་ཡོད་ཤག །ཕན་པ་དང་འོས་པའི་རིགས་ལོངས་སྤྱད་པ་ལ་བེད་སྤྱད་པ་ཟེར་གི་འདུག །
བརྒྱ་བྱིན་མིག་སྟོང་ལྡན་ཡང་འཇིག་རྟེན་དེ་ཉིད་མཐོང་བ་མེད།།
ཚངས་བ་མིག་བརྒྱད་ལྡན་ཡང་འཇིག་རྟེན་དེ་ཉིད་རིག་པ་མེད།།
ཨརྱ་དེ་བའི་མིག་གཅིག་པོ་དེས་འཇིག་རྟེན་མ་ལུས་དེ་ཉིད་མཐོང་།།
དཔྱད་བརྗོད་འདི་བདག་གི་ཡིད་ལ་འཐད་སོང་། ཐུགས་རྗེ་ཆེ།
བོད་རིགས་ཙམ་མ་ཟད་བོད་རིགས་ཤེས་ཡོན་པ་ཚོ་ལ་ཡང་ཕན་ངེས་འདུག དེའི་སྟེང་དུ་དམྱལ་བ་ཡི་དྭགས་ཀྱི་སྐོར་ལ་ཅུང་ཟད་ཡོད་ན་ཨང་།
སེམས་དང་བསམ་པའི་ཁྱད་པར་ཡོད་ན་ཡང་།།
ཁ་དོག་དབྱིབས་ཀྱི་ཁྱད་པར་ཡོད་ན་ཡང་།།
བདེ་བ་འདོད་དང་སྡུག་བསྔལ་མི་འདོད་པ།།
ཀུན་ལ་མཐུན་པར་གྲུབ་པ་གཅིག་མཚུངས་ཡིན།།
མིག་བརྒྱད་མིག་གིས་བལྟས་པའི་མཐོང་དོན་དང་།།
ཚོགས་བརྒྱད་སེམས་ཀྱིས་བསམ་པའི་རྙེད་དོན་གཉིས།།
མ་བརྟག་བྱིས་པའི་བློ་ངོར་བདེན་ན་ཡང་།།
དོན་དམ་བདེ་བའི་དབྱིངས་ན་འཇའ་ལྟར་ཡལ།།
མི་དང་དུད་འགྲོའི་སྐད་ཆ་མ་བཤད་སྔོན་དུ་གསལ་སྒྲགས་ཞིག་ཞུ་འདོད་བྱུང་། དགོངས་འགལ་མི་བཞེས་པ་འཚལ། ངའི་གྲོགས་པོ་་་་་
ཨ་ཡིག་མིང་ཅན་ཞེས་ཡོད་ཁོང་དེང་སང་འཁྱོན་ནས་རྙེད་ཡག་མི་འདུག །མིང་གཞན་་་་་་་་་སྦུ་རླབས་ཟེ་ལབ་ཀྱི་རེད།
རྣམ་པ་ཚོས་ཧ་གོ་སོང་ན་ངར་ལྗགས་ལེན་ཞིག་གནང་རོགས་གནང་། ཁོང་གི་ཁྱད་ཆོས་ནི་་་་༡༽རྦ་རྡམ་ཟ་དུས་་་་མགྱོགས་པོ་ཞེ་པོ་གཅིག་ཡོ་རེད།
༢༽སྒོར་མོ་དྲུག་ལ་གཞས་སྙན་མོ་ཞེ་པོ་ཅིག་གཏོང་གི་རེད། ༣༽སྐབས་རེ་རྣམ་འགྱུར་ཞེད་སྣང་མཚར་པོ་ཞེ་པོ་ཅིག་བསྟན་གྱི་རེད།
༤༽ཁོ་རང་སོ་སོ་ལ་ཞེ་ས་ཞེ་པོ་ཅིག་བརྒྱབ་ཀྱི་རེད།
ཐུགས་རྗེ་ཆེ།།
དྲིན་ཆེན་ཆ་བོ། ངའི་མི་རིགས་འདི་མི་དང་དུད་འགྲོ་ཁ་ཁ་མི་ཤེས་ནིའི་ཚོད་ན་ཡོད་ནི་མ་རེད། ད་དུས་རབས་ག་ཚོད་རེད། རྣ་འདི་དལ་འི་ཞིག་བཅུག་ན་མི་བ་འི་ནེ། མྱིག་བརྒྱད་པ།
སྐུ་ཞབས་གནམ་ལགས། དལ་བའི་རྟེན་ལ་སྙིང་པོ་ལེན་པར་འདོད་པར་དག་གིས་ད་རེ་མི་དང་དུད་འགྲོའི་ཁྱད་པར་འབྱེད་དགོས་པའི་དུས་ལ་བབས་ཡོད། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག། ཞེས་གསུངས་པ་འདིའི་སྐོར་ལ་ཁྱེད་ཚོས་བསམ་བློ་བཏང་ཨེ་མྱོང་། ས་དགེའི་བཀའ་རྙིང་གི་བླ་མ་རྣམས་ཀྱི་རྗེས་འཇུག་སློབ་མ་ཚོས་མི་དང་དུད་འགྲོའི་ཁྱད་པར་མ་ཤེས་པ་ཨེ་རེད། སྤྱོད་འཇུག་དང་གཞུང་མང་པོར་ནས་ག་རེ་བྱས་ནས་མིའི་ལུས་རྟེན་བསྔགས་བརྗོད་གནང་གི་ཡོད་པ་རེད། དུད་འགྲོ་ལ་བསྔགས་བརྗོད་མི་གནང་བའི་རྒྱུ་མཚན་ཅི་རེད། རྗེ་མི་ལས། མི་ལུས་རིན་ཆེན་དཀོན་གསུངས་ཏེ།།མི་ཁྱོད་འདྲ་མཐོང་ན་དཀོན་རྒྱུ་མེད།།ཅེས་པ་ལྟར་གཞན་གྱི་ཤ་ཁྲག་འཇིབ་པའི་རོ་ལང་སྲིན་པོ་ལྟ་བུའི་འགྲོ་བ་མིའི་ཀུན་སྤྱོད་ལ་ཉེན་ཁ་དུད་འགྲོ་ལས་ཆེ་བ་དང་། ཤེས་ཡོན་དང་གཞན་ཕན་སྙིང་སྟོབས་ཀྱིས་ཕྱུག་པའི་མི་རྣམས་ཀྱིས་སྤྱི་ཚོགས་བདེ་ལ་འགོད་པ་ལྟ་བུའི་ནུས་པ་དུད་འགྲོ་ལ་མེད་པས་ཁྱད་པར་མ་ཤེས་ན་རང་ཉིད་མིའི་གྲལ་དུ་ཚུད་པ་ཙམ་རེད།
དུད་འགྲོ་ལ་བསྔགས་བརྗོད་མེད་པ་ནི་ཤ་ཟ་དགོས་པའི་དོན་ཡིན་རྒྱུ་རེད་མ་གཏོགས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ནི་གཅིག་པ་རེད། མི་ལུས་རིན་ཆེན་དཀོན་པོ་ཡིན་ནོ་ཤེས་ན་ང་ཚོའི་ཨ་ཁུ་དང་ཨ་ནེ་ཚོས་ག་རེ་བྱས་ནས་འགན་ཁུར་མེད་པའི་སྐྱིད་ཉལ་སྟེག་བསྡད་ཡོད་པ་རེད། རིན་ཆེ་ན་མ་ཆེ་ན་འདི་ནི་ཐོག་མ་དང་མཐའ་མེད་པའི་འཁོར་ལོ་རེད།
སྐུ་ཞབས་གནམ་ལགས། གྲྭ་བ་དང་ཨ་ནེ་ཚོས་འགན་ཁུར་མེད་པའི་སྐྱིད་ཉལ་རྐྱང་རྐྱང་རྒྱག་གི་ཡོད་ཟེར་ན་ཁྱེད་རང་གིས་སྐད་ཆ་འགན་མ་ཁུར་བར་བཤད་པ་རེད། གྲྭ་བ་ཆུང་ཆུང་དང་ཨ་ནེ་ལོ་ན་ཆུང་ཆུང་ཚོ་རིན་པོ་ཆེ་རེད་ཟེར་གི་མེད། ཁྱོད་ཀྱིས་སྐྱིད་པོ་བྱས་ནས་ཉལ་བསྡད་པ་གང་ནས་རིག་སོང་ཤོད་ཡ།
སྐྱིད་པོ་ཡིན་དགོས་བྱུང་། ནམ་ལངས་དུས་ཙོག་བསྡད་འདུག། ས་རུབ་དུས་ཉལ་བསྡད་འདུག། དང་པོ་རང་གི་ཕ་མ་ཚོས་ཡང་ཁོང་ཚོ་སྐྱིད་ས་བདེ་ས་ཞིག་ལ་བཏང་རེད། སྐྱིད་ས་ཞིག་ནས་སྐྱིད་ཉལ་བྱེད་ཀི་མེད་ན་ཡག་པོ་རེད། འགན་ཁུར་མེད་པའི་སྐད་ཆ་བཤད་ཡ་དགའ་བོ་མེད། སྤྱི་ཚོགས་ལ་གནོད་པ་ཡོད་པའི་འཆལ་གཏམ་སྤེལ་ཡ་དགའ་པོ་མེད། མི་རིགས་འདི་ལ་མཐོང་ཆུང་དང་ཟུར་བཟའ་ཡོད་པའི་རྩོམ་ཡིག་ལ་མགོ་བོ་སྒུར་འདོད་མེད། ང་ལ་ཡོན་ཏན་མེད་པའི་ངལ་རྒྱལ་ཡོད། ཐུགས་ལ་མི་འབབ་ན་དགོངས་དག
སྐུ་ཞབས་གནམ་ལགས། རང་གི་ཕ་མ་ཚོ་ཁོང་ཚོ་སྐྱིད་ས་བདེ་ས་ཞིག་ལ་བཏང་བ་རེད། སྐྱིད་ས་ཞིག་ནས་སྐྱིད་ཉལ་བྱེད་ཀི་མེད་ན་ཡག་པོ་རེད། ཕལ་ཆེ་བ་བདེན་པ་མ་རེད། ཁྱོད་ལྟར་ན་ལྟོ་གོས་ཀྱི་ཕྱིར་དུ་དགོན་པ་ལ་འགྲོ་དགོས་ཟེར་བ་འདྲ་བོ་ཞིག་ཆགས་འདུག །དེ་ལྟར་ལབ་ན་རང་གི་མི་རིགས་ལ་མཐོང་ཆུང་དང་དམའ་འབེབས་བྱས་པ་མ་རེད་དམ། དཔེར་མཚོན་ཙམ་ཞུ་ན། རྒྱ་གར་ནང་གི་གཞིས་ཆགས་བོད་མི་རྣམས་ཀྱིས་རང་གི་བུ་དང་བུ་མོ་དགོན་པ་ལ་བསྐྱལ་འདོད་ཡོད་པ་མ་རེད། གང་ཡིན་ཟེར་ན། དགོན་པ་ལ་སོང་ན་ཁུངས་མ་འཁྱོལ། སློབ་མགོ་མ་ཐོན་པར་ཚུར་ལོག་ཡོང་མཁན་མང་པོ་ཡོང་གི་ཡོད་པ་རེད། དེ་ཚོ་ག་རེས་མ་འགྲིག་པ་རེད། ཕ་མས་རང་གི་ཕྲུ་གུ་ལ་སློབ་གསོ་རྒྱག་སྟངས་མ་འགྲིག་པ་རེད། བོད་ནང་ནས་འཚར་ལོངས་བྱུང་བ་ཚོ་གདན་ས་ཁག་ལ་བསླེབས་པ་ཡིན་ན་ཤ་དང་རུས་པའི་གསེང་ནས་མ་འདྲ་བ་ཞིག་འདུག །རང་གི་མི་རིགས་དང་རིག་གཞུང་། ལྷག་པར་དུ་སློབ་གཉེར་བའི་རྐང་འཛིན་པ་ཁོང་ཚོ་ཆགས་ཀྱི་འདུག ། གདན་སའི་འབྲས་ལྡ་ལི་ཟོས་ནས་སློབ་གཉེར་མཐའ་འཁྱོལ་བ་ཞིག་བྱེད་མཁན་ཁོང་ཚོ་རེད། སྐྱིད་ཉལ་བྱེད་གི་ཡོད་མེད་ཁྱོད་ཀྱིས་ཅི་ཤེས། དེ་བཞིན་དུ་མོན་དང་ལ་དྭགས་སོགས་ཧི་མ་ལའི་གྲྭ་རྒྱུན་ཡོང་མཁན་ཚོ་ཡང་དེ་དེ་བཞིན་རེད། རང་གི་རིག་གཞུང་གི་འདུ་ཤེས་ཡོད་པས་མ་འདྲ་བ་ཞིག་འདུག །རྒྱ་གར་ནང་བོད་པའི་གཞིས་ཆགས་ག་ཚོད་ཡོད་པ་རེད། གོང་ས་མཆོག་གིས་གཞིས་ཆགས་ཁག་ལ་དགོན་པ་ལ་གྲྭ་རྒྱུན་མང་ཙམ་གཏོང་ཐུབ་ན་ཡག་པོ་འདུག་ཅེས་སྔ་མོ་ནས་བཀའ་སློབ་རབ་དང་རིམ་པ་མང་པོ་གནང་ཡོད་པ་རེད། ལག་ལེན་བསྟར་ཡོད་པ་མ་རེད། དགོན་པའི་ཕྱི་རྫིག་མཐོང་ནས་སྐྱིད་པོ་འདུག་ཟེར་ན་ཧ་ཅང་ཐལ། དགོན་པ་ཕྱུག་པོ་ཡིན་ན་ཐང་མོད། གྲྭ་བ་ཕལ་ཆེ་བ་དབུལ་བོ་རེད། ལོ་གཅིག་གི་སོ་འཁྲི་སོ་སྨན་ཉོ་མི་ཐུབ་མཁན་མང་པོ་ཡོད་པ་རེད། ཡིན་ན་ཡང་སློབ་གཉེར་ཐོག་སྲ་ཐག་ཐག་ཟིན་བསྡད་ཡོད་པ་རེད། འདི་ཤེས་དགོས་པའི་གནད་འགག་ཅིག་རེད། དངོས་གནས་བྱས་ན་ཁོང་ཚོ་ལ་བཀའ་དྲིན་ཆེ་ཞུ་འོས་པ་ལས་དེ་འདྲས་དམའ་འབེབས་བྱེད་དོན་མེད་ག། མ་རེད་པས།
དེ་འདྲའི་དཀའ་ངལ་ཡོད་ན་འབུལ་བ་ཡོད་དུས་ཕུལ་གྱི་ཡིན། ཡིན་ན་ཡང་ཕྱུག་རི་ཕྱུག་ཚད་ཚང་མ་བླ་མ་དང་གྲྭ་རྒན་ཆོས་བ་དེ་ཚོ་རེད་ཟེར་ན། ཁོང་ཚོས་ག་རེ་བྱས་ནས་གྲྭ་རྐྱང་དེ་ཚོ་ལ་རོགས་པ་གནང་གི་མེད་པ་རེད། འཁོར་བ་ནི་མེད། བུ་ཕྲུག་ནི་མེད། ངས་བླ་མ་དང་དགོས་པའི་སྤྱི་ཚོགས་ཤེས་འི་མེད་ན་དགོངས་དག། གོ་སྐབས་ཀྱི་སྒོ་མོ་ཆེ་ས་ནས་གྲྭ་ཕྲུག་རེག་གི་ཡོད་རྒྱུ་མ་རེད། ཡོད་པ་དེ་ཚོ་ཐོན་འགྲོ་ཡ་འི་ཉན་ཁ་ཡོད་པ་རེད། གང་ལྟར་ཆོས་ལ་དད་པ་དང་མཇལ་ནི་ཡོད་ན་འགྲིག་པ་རེད། ནང་ཆོས་འདི་གྲྭ་ཆོས་ཁོ་ན་ལ་འདོན་མཁན་ཡོད་ན་ངོ་རྒོལ་ཡོད། ང་ཚོའི་མི་དམངས་ལ་ཆོས་ཀྱི་གོ་རྟོག་དེ་ཙམ་མེད་པ་ཡང་སྐྱོན་འདི་ལ་ཐུག་པ་རེད།
གོང་གི་མིག་བརྒྱད་པ་དང་གནམ་གྱི་སྐད་ཆ་དེ་ངའི་ངོར་བདེན་པ་མཐོང་།