བསམ་གླིང་ཚེ་རིང་ལྷ་མོ།
སྨུག་སྤྲིན་ལང་ལོང་ལྡིང་བ་ཁྱེད།།
རི་ཚོགས་མྱུལ་ནས་ཅི་ཞིག་བྱེད།།
ཁྱེད་ཀྱི་སྙིང་སྡུག་དགའ་མ་དེ།།
ལྗོན་པའི་ཁྲོད་དུ་ལུས་སམ་ཅི།།
རྒྱ་ལྕང་གུག་པའི་ཡལ་འདབ་ནི།།
ཟིལ་པའི་ཁུར་གྱིས་གནན་པའམ་ཅི།།
བཞུར་བའི་ཆུ་ཐིག་ཐོར་བུར་ཡང་།།
མཛེས་པའི་རང་མདངས་ཅི་ཡང་མངོན།།
ནམ་མཐའི་སྤྲིན་ནི་ས་གཞིར་འདྲེས།།
དམའ་བའི་གྲོང་ཁྱེར་རྡུལ་ལས་འབྱེད།།
ཆར་ཟིམ་བབས་པའི་ས་འཛིན་ནི།།
དྲི་ཞིམ་སྣུམ་ལས་བཏོན་དང་མཚུངས།།
ལ་རྩེར་བཀྲ་བའི་སྤྲིན་དཀར་ནི།།
འདབ་བརྒྱ་པ་ལས་ལྷག་པར་མཛེས།།
ནུབ་མཁའི་འཚམས་སྤྲིན་དམར་མདངས་ཀྱིས།།
ཀུན་གྱི་ཡིད་ལ་ངོ་མཚར་བྱིན།།
ཆུ་ལྡན་སྤྲིན་གྱི་མེ་ཏོག་ནི།།
མཐའ་བཞིའི་རི་བོའི་རྩེ་མོར་དགོད།།
དྲན་པའི་མེ་ལོང་ངོས་སུ་ནི།།
འཆར་སྣང་གློག་གི་འཁྱུག་འགྲོས་བདེ།།
ཁང་པ་བརྩེགས་པའི་བཀོད་པ་ནི།།
རི་བོ་མཐོན་པོའི་ཕྲ་རྒྱན་བྱེད།།
ལྗོན་པ་སྒུལ་བའི་གཡབ་མོས་ནི།།
ཡིད་ལ་ངོ་མཚར་རི་མོ་བཀོད།།
ང་སྨིག་རྒྱུ་ཆུ་རུ་འཁྲུལ་བའི་རི་དྭགས་ཞིག་ཡིན་རྒྱུ་ན་ངས་ཁྱོད་ཀྱི་བྲིས་བ་ལེགས་ཞུ་ཡ་ཡིན།
ནུབ་མཁའི་འཚམས་སྤྲིན་དམར་མདངས་ཀྱིས།།
སྤྱིར་བཏང་། ཚོད་ཀྱི་མཚམས་ལ་མ་སྔོན་འཇུག་དང་། འོས་པའི་འཚམས་ལ་འ་སྔོན་འཇུག་མཐོང་ཡང། སྡེ་དགེ་བཀའ་འགྱུར་ན། མའི་ཚབ་ཏུ་འ་སྔོན་འཇུག་ཡོད་པ་མང་། ཇི་ལྟར་བྱུང་བ་ཡིན་ནམ། གང་དག་པ་ཡིན་ནམ། ཞེས་དྲི་བ་ལགས་སོ།།
ཨ་ལགས་གླུ་སྨྱོན་འཆར་སྣང་སྙན་ངག་དང་།།
ཨ་ཅེ་ལྷ་མོའི་སྤྲིན་གྱི་སྙན་ངག་གཉིས།།
དཔེར་ན་ལྗོན་ཤིང་རླུང་གིས་བསྐུལ་བ་བཞིན།།
ཐག་རིང་ཞིག་ལ་གཡབ་མོ་བྱེད་པ་འདྲ།།
མ་ཡིན་ཡིན་པ་རེད། གནམ་སའི་ཁ་མཚམས་ཀྱི་སྤྲིན་པ་ཡིན་པས་ན་མ་མཚམས་ཡིན་དགོས་བྱུང་། ཨ་མ་མོ་རང་ནོར་རེད། ཧ་ཧ།
མཚམས་སྤྲིན་དང་ནི་ན་བུན་ལ། །
ཡང་ཡང་རྒྱང་ལྟ་བྱེད་པ་ནི། །
བློ་ལ་བབ་པའི་བྱམས་པ་དེ། །
ཡིད་ལ་ཡང་ཡང་འཁོར་པའི་རྟགས། །
བསམ་གླིང་ཚེ་རིང་ལྷ་མོ་ལགས །དོན་གྱི་སྙན་ཚིག་བརྗོད་བྱ་ནི། །ཡང་ཡང་ཁྱེད་ཀྱི་ཡིད་སྨོན་ས། །རྫིག་ཉམས་དོད་པའི་མི་ནག་དེ། །
རང་རེའི་སྤྱི་ཚོགས་ནང་བུ་མོ་མང་པོ་ཡོད་རུང་།
བོད་ཡིད་ལ་ཞེན་ཅིང་སྙན་ངག་ལ་ཆགས་པའི་བུ་མོ་ནི་ཆེས་ཉུང་ཉུང་རེད།
དེས་ན་ངས་ཁྱེད་ལ་དགའ་བསུ་ཞུ།
ཁྱེད་ཀྱིས་ནམ་ཡང་སྙན་ངག་འབྲི་རོགས།
གཞན་ལའང་ཤུགས་རྐྱེན་སྤྲོད་རོགས།
ཁྱེད་དང་ཁྱེད་ལྟ་བུའི་བུ་མོ་མང་པོ་ཞིག་རང་རེའི་སྤྱི་ཚོགས་འབྱུང་བར་སྨོན།
ད་དུང་ང་དགའ་སའི་བུ་མོ་དེ་ཡང་སྙན་ངག་མ་ཞིག་ལ་འགྱུར་བར་ཤོག
ཧ་ཧ་ཧ་ཧ་ཧ་ཧ་ཧ།
རྒྱང་རིང་བོའི་ནུབ་རིའི་རྩེ་ན་མཚམས་སྤྲིན་མལ་སྟན་ལ་འཆའ་བའི་ཉི་མས་བདག་ལ་ཕྱི་མིག་འཕེན་ཞིང་།
རྦ་རླབས་ཆལ་ཆིལ་དུ་གཡོ་བའི་མཚོ་ན། ལྕང་སྡོང་གི་ཡལ་ག་ཕྲ་མོ་རླུང་གིས་སྐྱོད་པས་བདག་ལ་གཡབ་མོ་
བྱེད་པ་དང་མཚུངས་ལ། དལ་གྱིས་ལྡང་བའི་རླུང་བུ་ཞིག་གི་རེག་པས། བདག་ཡིད་རང་དབང་མེད་པར་འདས་
དོན་ཞིག་འཕེན་པར་བྱེད་པའི་སྣང་ཚུལ་དེ་ཉིད། ཁྱེད་ཀྱི་སྙན་ངག་གི་གྲུ་ཁ་འདི་ནས་སླར་ཡང་རྙེད་སོང་བས།
ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་རང་རིགས་བུད་མེདརྩོམ་པ་བོ་ཁྱུ་ཚོགས་ཤིག་ཡོང་བའི་རེ་བ་ཡོད།
མཚོ་འགྲམ་ཞེས་པའི་འགྲམ་ཆད་འདུག་
ཁ་བའི་རྡུལ་མང་བརྩིགས་པ་བྷོ་ཊ་ཡི་ལྗོངས་འདིར།།
ཀུན་ཕན་དམངས་གཙོའི་ལམ་སྲོལ་རྣལ་མ་ཞིག་དགོས་ན།།
འཛམ་གླིང་གོ་ལ་ཟློམ་པོའི་ཞི་བདེ་ཡི་ཉི་མ།།
རྒྱལ་མཆོག་ཕྱག་པདྨོ་ཞལ་གསུང་ཉོན་དང་།།
དྲ་གྲོགས་ལྷན་རྒྱས་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། བཀུར་འོས་རྒན་བློ་བཟང་འཇམ་དཔལ་ལགས་ནས་གཙོ་གནང་བའི་དག་
བཅོས་གནང་མཁན་གྱི་དྲ་གྲོགས་ཡོངས་ལ་ཐུགས་རྗེ་ཞུ་རྒྱུ་ཡིན།
ཐོག་མའི་ཆ་དང་བསྡུར་ན་དག་ཆར་ཧ་ཅང་དོ་སྣང་བྱེད་ཀྱི་ཡོད་མོད།
ད་དུང་ཡང་དག་ནོར་དེ་སོར་མོའི་བར་ནས་ཡང་སེ་ཤོར་འགྲོ་ཡི་འདུག་ན་དགོངས་གལ་མེད་པ་ཞུ་རྒྱུ་མ་ཟད། ལྷན་རྒྱས་ནས་མུ་མཐུད་དག་བཅོས་གནང་བ་མཁྱེན།
ཚེ་ལྷ་མོ།
ཡིག་ནོར་དག་བཅོས་མཁན་ལ་མ་གཏོགས་ཐུགས་རྗེ་མི་ཞུ་བ་གང་ཡིན་ནམ།
ཧཧཧ
དགོངས་གལ་ཨེ།
མ་རྩོམ་འདི་སུམ་ཅུ་པ་སྦྱོང་མཁན་ཞིག་གིས་ནི་སྒྲའི་དཔེར་བརྗོད་ཚིག་བཅད་དུ་བཀོད་པ་ཨེ་ཡིན་ནམ།
མཆུ་ནི་དམར་ཞིང་གུག་པ་དང་། །
གཤོག་པ་འཇམ་ཞིང་མཉེན་པ་དང་། །
འདི་དང་སྒྲའི་དཔེར་བརྗོད་་་་་ཧཧཧ
བསམ་གླིང་ཚེ་རིང་ལྷ་མོ་ལགས་ནི་དགེ་འོས་སྐབས་གཉིས་པ་ནས་སློབ་ཐོན་གནང་པ་དེ་ཡིན་ནམ། མོ་དེ་ཡིན་ན་ངས་ད་ལྟ་ད་དུང་ཡང་མོའི་ཞལ་གཟུགས་ཡིད་ལ་འཆར་གྱིན་འདུག
ཨོ་ཨ་ཅག་ཆུ་སྐྱེས་སྒྲོལ་མ་ལ་ཡང་འཚམས་འདྲི་ཞུ།