གླུ་མ། རིག་འཛིན་སྒྲོལ་མ།
ཟླ་ཚེས། ཟླ་ ༧ ཚེས་ ༢༧ ཉིན།
དུས་ཚོད། དགོང་དྲོའི་དུས་ཚོད་ ༥།༣༠
ས་གནས། ཝི་སི་ཀོན་སིན་མངའ་སྡེའི་མལ་ཌི་སིན་གྲོང་ཁྱེར།
འཚོགས་ཡུལ། Memorial High School, 201 South Gammon Road, Madison, WI 53717
ནང་འཛུལ་སྤ་སེ། མི་རྒན་པར་ཨ་སྒོར་ ༡༥ ། བྱིས་པ་ལོ་ ༡༢ ནས་ ༡༧ བར་ཨ་སྒོར ༡༠
ཨ་ཅ་གསུང་སྐད་སྙིང་རྗེ་མོའི་རླབས་ཆེན་བྱ་པར་འབྲས་བུ་ཡོངས་སུ་སྨིན་པའི་ཁ་གཡང་སྟོང་གིས་ཡི་རང་བྱེད། ཧུན་སྒོར་ལས་ཨ་སྒོར་མེད་པས་ཁྱོ་དང་ང་གཉིས་མཇལ་ས་མ་རེད། གླུ་ལ་ཉན་གྱིན་ཡིད་ལ་དྲན་གྱིན་བཀྲ་ཤིས་བདེ་ལེགས་ཞུ།
ཨ་རིའི་བོད་པ་ཚོགས་ཀྱིས་ཨ་སྒོར་བཤད་ན་ལག་པ་འདར་འདར་ཡང་སེར་སྣ་བྱེད་ན་ཐང་ཡ། ཀུ་རེ་ཡིན་ད། གླུ་མ་ཤ་ཚ་མོ་ཡོད། ཐུགས་རྗེ་ཆེ།
ཡོང་ཐག་ཆོད་ཡོང་གི་ཡིན། སྒོར་བཅོ་ལྔ་མ་དགོས་ལྔ་བཅུ་ཡིན་ཀྱང་ཡོང་གི་ཡིན།
གླུ་མ་རིག་འཛིན་སྒྲོལ་མ་ནི་་་་་ནམ་ཡང་ང་ལ་སྤྲོ་སྣང་སྦྱིན་མཁན་གྱི་གླུ་མོ་ཞིག་ཡིན། ད་དུང་་་་ཨ་ཁུ་་་ཡར་དུང་དང་། སྒྲོལ་མ་སྐྱབས། ཀུན་དགའ། ཤེར་བསྟན། ཚུལ་ཁྲིམས་རྒྱ་མཚོ། འཕྱོངས་ཤོལ་སྒྲོལ་མ། ཚེ་དབང་ལྷ་མོ། བདེ་ཆེན་དབང་མོ་བཅས་ནི་དངོས་གནས་བོད་ཀྱི་གཞས་པ་དང་གཞས་མོ་སྙན་གྲགས་ཅན་ཤ་སྟགས་རེད། སོང་ཙང་ཁྱེད་རྣམས་ཚོའི་བྱ་བ་ལམ་ལྷོང་ཡོང་བར་ཤོག །
སྤ་སེ་རིན་གོང་ཆུང་དྲགས་འདུག འདི་ལ་ཡིན་ན་སྤ་སེ་རིན་གོང་ཡུ་སྒོར་༥༠ ཡིནའང་ང་འགྲོ་ཁོ་ཐག་ཡིན།
བོད་པའི་སྤྱི་ཚོགས་ནང་ཁ་ཡོད་ལག་ཡོད་ཕན་ཐོག་མཁན་གླུ་མ་རིགས་འཛིན་སྒྲོལ་མ་ལས་ལྷག་སུ་གཅིག་མེད་འཛིན་བྱང་ལ་ཨ་སྒོར་བརྒྱ་ཡིན་ནའང་ཆུང་དྲག་འདུག བུ་མོ་འདི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག
གླུ་མ་འདི་ལ་གྲོན་དངུལ་འདང་ངེས་ཐོག། ལག་དངུལ་དང་སྐྱེལ་རྫོང་ཡང་མི་ཉུང་བ་ཞིག་གནང་རོགས། བུ་མོ་རིག་འཛིན་སྒྲོལ་མས་བོད་དུ་སློབ་གྲྭ་ཞིག་ཀྱང་གཉེར་བཞིན་ཡོད་ལ། བོད་ཞེན་ཡང་ཤིན་ཏུ་ཆེ།
སྐད་སྙན་དོན་ཟབ་མཛེས་གཟུགས་ཅན། གླུ་མ་ཚེ་དབང་ལྷ་མོ་ལས་ལྷག་པ་གཅིག་ཀྱང་མེད་དོ།
སྐད་ངག་དབྱངས་ཅན་ལྷ་མོ་འདྲ་བའི་རིག་འཛིན་སྒྲོལ་མ། །
བྱམས་བརྩེ་རྗེ་བཙུན་སྒྲོལ་མ་འདྲ་བའི་རིག་འཛིན་སྒྲོལ་མ། །
བཞིན་རས་ཉ་གང་ཟླ་བ་འདྲ་བའི་རིག་འཛིན་སྒྲོལ་མ། །
རིགས་ཞེན་མཚོ་མོ་སྙིང་ལ་འཁྱིལ་བའི་རིག་འཛིན་སྒྲོལ་མ། །
སྤ་སི་རིན་གོང་སྒྲོལོ་བརྒྱ་ཡིན་ཡང་ཆེ་དྲགས་མི་འདུག
གླུ་མ་རིག་འཛིན་སྒྲོན་མ་ནི་སྔོན་ད་ལྟ་གཉིས་ལ་ནི་རིན་ཐང་ཆེན་པོའི་ངང་བོད་གླུ་ཁོ་ན་བླང་སོངས།མ་འོང་པ་ཡང་དེ་ལྟར་བོད་ཀྱི་ལ་རྒྱ་དེ་བཞིན་ཡོད་པའི་ཡིད་སེམས་བརྟན་པོ་ཡོད། བུ་མོ་ཁྱེད་ ཁ་དྲོ་བཀྲ་ཤིས་ཚེ་རིང་ནད་མེད་པར་ཤོག
གླུ་མ་འདི་ནི་སྐད་སྙན་པ་ཙམ་མིན་པར་སྤྱི་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་བདེ་སྒྲུབ་མཁན་ཞིག་རེད། ཁོང་ལ་ངེས་པར་རྒྱབ་སྐྱོར་བྱེད་དགོས།
གླུ་མ་རིགས་འཛིན་སྒྲོན་མ་ནི་བོད་ཀྱི་གླུ་མ་ནང་ནས་ཆེས་ཕུལ་དུ་བྱུང་བ་ཞིག་དང་་་་་་ཉམས་ཆུང་་་་་་་་ཤ་ཚ་བོ་སྙིང་རྫེ་བོ་་་་་་་་་་་་་ཡིད་དུ་འོང་བ་་་་་གང་ལྟར་མི་སེམས་མགུགས་པ་ལ་མཆོག་ཏུ་གྱུར་བ་ཞིག་རེད
གང་བསམ་ལེགས་འགྲུབ་ཡོང་བར་ཤོག།
ཨ་ཡ་་་་་ཡང་ཨམ་ཕྲག་ནས་སྒོར་རྡོག་ཁ་ཤས་ཤིག་ཤོར་ས་རེད། ཤུ་་་་་་་་།