སྐྱོ་བྲག་དགའ་དབང།
རྩོམ་ཞེས་ཡི་གེར་བཀོད་པ་ནི་ངག་ཚབ་ཡིན་ཕྱིར། རྩོམ་ཡིག་འབྲི་བ་ན་སྐད་ཆ་བཤད་པ་བཞིན་བསམ་མནོ་གཏོང་དགོས་པ་སྟེ། སྐད་ཆ་ཞིག་བཤད་པ་ན། དོན་ཅི་ཞིག །ཡུལ་གང་ལ། དགོས་པ་ཅིའི་ཕྱིར་བཤད་པར་གཞིག་པའི་ཚིག་སྦྱོར་བེད་སྤྱོད་བྱེད་ཀྱི་ཡོད། དེས་ན་དང་པོར་བཤད་བྱ་དོན་གྱི་མགོ་མཇུག་ཆ་ཚང་བར་བསམ་གཞིག་གིས་བཤད་བྱ་གང་ཡིན་ངོས་ཟིན་པར་བྱས་ཤིང་། བཤད་བྱ་དེ་ཕ་རོལ་པོ་ལ་དགའ་སྐྱོ་ཆགས་སྡང་སོགས་ཀྱི་དགོས་པ་ཅིའི་ཕྱིར་བཤད་ཀྱི་ཡོད་པ་གཞི་ལ་བཞག་སྟེ། དོན་དེ་ཏག་ཏག་སྟོན་ཐུབ་པའི་ཚིག་སྦྱོར་རྣམས་ཕྱོགས་གཅིག་ཏུ་སྒྲིག་པ་ན། ཚིག་རེ་རེ་བཞིན་གྱི་ངོ་གདོང་གི་ནུས་པ་དང་། གོང་འོག་གི་ཁྱད་པར་ལ་བསྐྱར་ནན་ཡང་ནན་གྱིས་ཞིབ་བལྟ་བགྱིས་ཏེ། ལྷག་ཆད་དང་འབྲེལ་བ་ཡོད་མེད་དག་སྣོན་འཕྲི་བྱ་དགོས། རྩོམ་གྱི་སྙན་ཆ་ཡོད་མེད་ནི། བརྗོད་སྟངས་ཀྱི་ཁྱད་པར་དང་། ཚིག་གོང་འོག་གི་སྒྲ་རྩོལ་སོགས་མཐུན་མིན་ལ་རག་ལས་ཕྱིར། ཐ་ན་ཚིག་གོང་འོག་གི་སྒྲ་དེ་བརྗོད་པ་ན་དབུགས་དབྱུང་རྔུབ་ག་རེ་ཡིན་མིན་ལ་ཡང་ཞིབ་ཚགས་དགོས་པ་ཡིན་ནོ། །གནད་དུ་ཕིགས་པ་ཞིག་རེད་ཡོད་དཀའ་ནའང་རང་གི་བློར་གང་ཡོད་ཀྱི་རྩ་གནད་གསལ་སྟོན་ཞུས་པ་ཡིན།
ལམ་སྟོན་གནང་པ་བཀའ་དྲིན་ཆེ་་་་་་བློ་ངོར་བབས་པོ་བྱུང་། ད་དུང་མང་ཙམ་ཡོད་ན་ཕན་ཐོག་ཆེན་པོ་འདུག།
རྩོམ་པོ་ཚང་མར་སྐྱོ་བྲག་གི་རྩོམ་ལུས་ལ་དམིགས་པའི་དགེ་མཚན་འདི་ཚོ་ཚང་རྒྱུ་ན། སྐད་ཡིག་འདི་བཙན་གྱིས་ཡུད་རིང་སྦྱང་དགོས་པ་ཞིག་གམ། ཡང་ན་མ་ཤེས་པར་གཡུག་འཇོག་དགོས་ནིའི་དཀའ་ངལ་ཞིག་ཡོད་རྒྱུ་མ་རེད་བསམ་ཡང་། འུ་ཚང་གི་ཡོན་ཏན་ཅན་འདི་ཚོས་ཕབ་དེ་གོ་ཅིག་ཕབ་ཀི
མིས་མི་གོ་ནིའི་ཚིག་ཆག་འདྲ་བཙན་གྱིས་སྦྱོར་བའི་རྩོམ་པོ་ལ་ངོ་མས་ཅིག་སུན་གི་ཡ།
དགའ་དབང་འཇེ་ཆེན་གྱི་གསུངས་དེ་བདེན་མིན་མི་ཤེས་ཀྱང་སེམས་ལ་བབ་པོ་ཞེ་དྲག་བྱུང་རྗེས་འབབ་རོམ་དེ་ཀར་རྒྱུད་ལ་རྩིས་ལེགས་པོ་བྱས་ན་དགའ་
གཏམ་བདེན་ནོ། །རྩོམ་ཐུང་འདིར་ཕལ་སྐད་དམ། ཁ་སྐད་གཉིས་ཞུགས་འདུག དེ་དག་ནི། བེད་སྤྱོད་ཅེས་པ་དང། ཏག་ཏག ཅེས་པ་གཉིས་ཡིན། འདི་དག་ལ་བོད་ཡོངས་ཀྱིས་གོ་ཐུབ་པའི་སྒྲ་རེ་ཡོད་དམ་མེད་ཅེས་དྲི་བ་དང་། འབྲེལ་བ་ཞེས་པར་ཁོ་བོས་འབྲེལ་པ་ཞེས་འབྲིའོ།།
ཧ་ཧ་ཧ། སྐྱོ་བྲག་གི་རྩོམ་འབྲི་བྱེད་སྟངས་ཀྱི་བསླབ་བྱ་དང་། དེའི་རྗེས་འདེད་པ་དག་གི་མཆན་སོགས་ལ་གོ་རྒྱུ་ཅི་ཡང་མེད་པའི་འཆལ་གཏམ་ངོ་མ་རེད། རྩོམ་འབྲི་རིག་པ་དང་། རྩོམ་རིག་རིག་པར་བག་ཆགས་ཅུང་ཟད་རེ་འཇོག་རོགས།ཞུ་བ་ལན་བརྒྱར་ཞུ།
ངོ་མ་རེད། ཅེས་པ་ཡང་བོད་ཀྱི་སྒྲ་ཟུར་ཆག ཆག་སྐྱོགས་ཤིག་མ་ཡིན་ནམ།
ངོ་མ་བཞིན་དུ། རོགས། ཞེས་པ་ཡང་འབྲི་དགོས་པ་ཆད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་སུ་ད་དུང་བཀའ་ཟུར་ཨ་ལགས་འཇིགས་མེད་འཕྲིན་ལས་ལྷུན་གྲུབ་ལགས་སྐུ་གྲོངས་པའི་གནས་ཚུལ་བཀོད་མེད་དོན་ཅི།
མཆན་བཀོད་ས་ནོར་སོང་བས་དགོངས་འགལ་མེད་པ་ཞུ།
རྩོམ་ལ་དེ་ལྟར་ཡོང་དགོས་པའི་ངེས་པ་ཨེ་ཡོད་ན་རྩོམ་གྱི་བྱེ་བྲག་ཁག་གཅིག་ལ་དེ་ལྟར་ཡིན་ན་སྙམ།