ཨ་ནན་ཏི་ ཁུརེ་ཤི་ནན་གྱིས་བརྩམས། གཅན་འོད་འབར་གྱིས་བསྒྱུར།
རྒྱ་གཞུང་གིས་རྒྱབ་སྐྱོར་བྱས་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཉེ་ཟླའི་ནང་རང་ལུས་མེར་བསྲེགས་བཏང་བའི་བོད་ཀྱི་གྲྭ་པ་ཚོ་ ”ཆོས་ལུགས་པ་” མ་རེད་ཅེས་རང་ལུས་མེར་བསྲེགས་ཐད་ཀྱི་འགྲེལ་བརྗོད་དཀོན་པ་ཞིག་གི་ནང་སྐྱོན་བརྗོད་བྱས་ཡོད་པ་རེད། དེ་ཡང་པཎ་ཆེན་བླ་མ་ནི་བོད་ཀྱི་ནང་བསྟན་ཆོས་ལུགས་ཁྲོད་དུ་ཏཱ་ལའི་བླ་མའི་རྗེས་ཀྱི་མི་སྣ་གལ་ཆེན་གཉིས་པ་དེ་ཆགས་ཡོད་པ་དང། ཉེ་ལོའི་ནང་བོད་མི་ ༤༤ ཙམ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ཡང་གནད་དོན་དེའི་ཐད་ལ་ཐེ་བྱུས་གནང་མེད་པ་རེད། གཟའ་འཁོར་སྔོན་མའི་ནང་སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་རྔ་བ་རྒྱལ་རོང་མཚོ་བདུན་ཀིརྟི་དགོན་པའི་ཉེ་འགྲམ་དུ་གྲྭ་པ་རང་ལོ་ ༡༨ ཅན་ཞིག་གིས་ཀྱང་རང་ལུས་མེར་བསྲེགས་བཏང་ནས་གྲོངས་ཡོད་འདུག བོད་མི་ཚོས་པཎ་ཆེན་བླ་མ་སྐུ་ཕྲེང་བཅུ་གཅིག་པ་རྒྱལ་མཚན་ནོར་བུ་ལགས་ནི་རྩོད་རྙོག་ཅན་གྱི་མི་སྣ་ཞིག་ཏུ་ལྟ་བཞིན་ཡོད་ལ། ཁོང་ནི་ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་པེ་ཅིང་གིས་ཏཱ་ལའི་བླ་མས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་དུ་ངོས་འཛིན་གནང་ཞིང་རྗེས་སུ་གར་སོང་ཆ་མེད་དུ་གྱུར་བའི་དགེ་འདུན་ཆོས་ཀྱི་ཉི་མའི་ཚབ་ཏུ་བརྒྱ་སྐྱོར་གྱིས་བསྐོ་བཞག་བྱས་པ་ཞིག་རེད། ཕྱི་ལོ་ ༢༠༡༠ ལོར་རྒྱ་ནག་པེ་ཅིང་གིས་རྒྱལ་མཚན་ནོར་བུ་ཆེས་མཐོའི་ཁྲིམས་བཟོ་ལྷན་ཁང་གི་འཐུས་མིར་གདམས་ཡོད་པ་མ་ཟད། ག་ལེར་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་འགོ་ཁྲིད་གལ་ཆེན་ཞིག་ཏུ་ཡང་བསྐོ་གཞག་བྱས་ཡོད་པ་རེད། ཟླ་འདིའི་ཡར་སྔོན་ཙམ་དུ་ཧིན་རྡི་ཞེས་པའི་ཚགས་ཤོག་གིས་ཏཱ་ལའི་བླ་མར་བཅར་འདྲི་ཞུས་སྐབས། ཁོང་གིས་ “པཎ་ཆེན་བླ་མ་རང་ལུས་མེར་བསྲེགས་ཀྱི་གནད་དོན་ཐད་ཁུ་སིམ་མེར་བསྡད་པ་དེ་ནི་རྒྱ་གཞུང་གིས་ཁོང་ལ་བོད་ནང་བརྟན་ལྷིང་ཡོང་བར་སྔར་ལས་ལྷག་པའི་ལས་དོན་སྒྲུབ་དགོས་པའི་སྐུལ་མ་བཏང་ཡང་ཁོང་ལ་བོད་མི་མང་པོ་ཞིག་གི་ཡང་དག་པའི་ངོས་འཛིན་ཐོབ་པར་དཀའ་ངལ་ཞིག་འཕྲད་བཞིན་པ་གསལ་སྟོན་བྱས་ཡོད་པ་དེ་རེད།” ཅེས་འགྲེལ་བརྗོད་གནང་ཡོད།
“གལ་སྲིད་ཏཱ་ལའི་བླ་མ་བརྒྱ་ཆ་བརྒྱ་ཐམ་པ་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཆགས་ན་བོད་མི་ཚོས་ཏཱ་ལའི་བླ་མར་བརྩི་བཀུར་བྱེད་ཀྱི་མ་རེད། གནད་དོན་འདི་པཎ་ཆེན་བླ་མར་བྱུང་བ་ལྟར་རེད།” ཅེས་ཟླ་བདུན་པའི་ཚེས་དྲུག་ཉིན་ཏེ་ཁོང་དགུང་ལོ་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་གྱི་བཅར་འདྲིའི་ཐོག་གསུངས་ཡོད། ”ངས་བསམ་ན་པཎ་ཆེན་བླ་མས་ཀྱང་དེ་ལྟར་བསམ་གྱི་ཡོད་ངེས་རེད། ལྷག་པར་དུ་ཉེ་ཆར་ཛ་དྲག་དོན་རྐྱེན་སྐབས་སུ་ཁོང་ཁུ་སིམ་མེར་བསྡད་པ་དེ་ནི་ཁོ་ཅུང་ཙམ་སྤྱང་པོ་ཡོད་པའི་རྟགས་རེད། དེར་བལྟས་ན་རྒྱ་ནག་གི་པཎ་ཆེན་བླ་མ་དེ་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོ་ལས་སྤྱང་གྲུང་འཛོམས་པོ་འདུག” ཅེས་འགྲེལ་བརྗོད་བྱས་ཡོད། ཏཱ་ལའི་བླ་མའི་འགྲེལ་བརྗོད་འདི་གནང་ནས་བདུན་ཕྲག་གཉིས་རྗེས་ཀྱི་རེས་གཟའ་མིག་དམར་ཉིན་པཎ་ཆེན་བླ་མ་སྙན་གྲགས་ཆེ་བའི་ལྷ་སའི་ཇོ་ཁང་དུ་ཕེབས་པའི་སྐབས་སུ་ངོ་རྒོལ་སྐོར་ལ་ལབ་དོན། “གལ་སྲིད་མི་ཞིག་གིས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་མ་བྱས་ན་མི་དེར་ཆོས་ལུགས་པའི་མཚན་སྙན་མི་ཐོབ།” ཅེས་རྒྱ་གཞུང་གི་ཞིན་ཧྭ་གསར་ཁང་བརྒྱུད་འགྲེལ་བཤད་བྱས་ཡོད་ལ། ཁོས་ད་དུང་བཤད་དོན། ”ཆོས་ལུགས་པ་ཞིག་གི་གཞི་རྩའི་འགན་འཁྲི་ནི་ཆོས་གསུང་སྟེ་མི་མང་ལ་བྱ་བ་བཟང་པོ་སྒྲུབ་རྒྱུར་རོགས་རམ་བྱ་རྒྱུ་དང། སྤྱི་ཚོགས་ཡར་རྒྱས་དང་འཆམ་མཐུན་བསྐྲུན་རྒྱུ་དེ་རེད།” ཅེས་བརྗོད་ཡོད། ད་དུང་། ”ཆོས་ལ་དགའ་བའི་མི་མང་གིས་རྒྱལ་ཁྲིམས་དང་ཆོས་ཁྲིམས་རང་ངོས་ནས་བརྩི་སྲུང་བྱེད་དགོས།” ཞེས་པའི་སྐད་ཆ་འདི་དག་ ”ཉེ་བའི་ཟླ་ཤས་ནང་རྒྱ་ནག་གིས་བཟུང་བའི་བོད་ཀྱི་ས་གནས་འགའ་ཤས་ནས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་གནས་ཚུལ་བྱུང་རྗེས་སུ་འགྲེལ་བརྗོད་བྱས་པ་ཞིག་ཡིན་པ་” ཞིན་ཧྭ་གསར་ཁང་གིས་སྤེལ་འདུག པཎ་ཆེན་བླ་མས་ ”གྲྭ་པ་ཚོར་རང་ཉིད་ལ་ད་ལྟ་གང་ཡོད་པ་ཆོག་ཤེས་ཀྱིས་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་ཆེད་བྱ་བ་མང་དུ་སྒྲུབ་དགོས་པ་རེ་སྐུལ་བྱས་ཡོད་པ་མ་ཟད། བོད་དང་བོད་ཀྱི་ནང་བསྟན་ཆོས་ལུགས་དེ་ཡར་རྒྱས་ཀྱི་དུས་ཚོད་གལ་ཆེན་ཞིག་ནང་ཡོད།” ཅེས་བརྗོད་ཡོད། ཁོས་ད་དུང་ ”ང་ལ་ལས་ཀ་གལ་ཆེན་ཞིག་རྩིས་སྤྲོད་བྱས་ཡོད་ལ་ལས་འགན་ཡང་ཆེན་པོ་མང་པོ་ཞིག་ཡོད་པ་རེད། ཡིན་ཡང། ངས་གནོན་ཤུགས་འདི་སེམས་ཤུགས་ལྟར་འཁྱེར་བཞིན་ཡོད།” ཅེས་བརྗོད་ཡོད་ལ། ཡང་ཁོས་ “ང་ལ་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱིས་སྤྱི་ཚོགས་འཆམ་མཐུན་དང་རྒྱ་ནག་གི་ཡར་རྒྱས་ཐད་ལ་ཕན་ཐོགས་ཐུབ་ཀྱི་ཡོད་པའི་གདེངས་ཚོད་ཡོད། དེར་བརྟེན་འགོ་ཁྲིད་ཚོ་དང་བོད་ནང་གི་མི་མང་ཚང་མ་བདེ་བར་གནས་ཐུབ།” ཅེས་འགྲེལ་བརྗོད་ཀྱང་བྱས་ཡོད་པ་རེད།
གོང་གི་བསྒྱར་རྩོམ་འདིའི་མ་རྩོམ་རྒྱ་གར་ཧིན་རྡི་དྲ་རྒྱ་ www.thehindu.com སྟེང་བཀོད་འདུག་ན་དེར་གཟིགས་རོགས།
རྒྱལ་མཚན་ནོར་བུ་ལགས་རང་ཉིད་ཀྱི་ཐུགས་ལ་ཡོད་པ་ག་ལ་བཤད་ཕོད། བདེན་མིན་ཇི་ལྟར་ཡང་རྒྱ་མིས་བརྒྱུད་བསྐུལ་བྱས་པའི་གཏམ་ཞིག་ལ་ངོས་འཛིན་བྱ།
རྒྱལ་མཚན་ནོར་བུའི་སེམས་ནང་ཅི་ཞིག་ཡོད་ང་ཚོ་སུ་གང་གིས་ད་ལྟ་ཚོད་དཔག་བྱེད་ཐུབ་པ་ཞིག་མ་རེད། འོན་ཀྱང་ངས་བསམ་ན་ཁོ་ལ་གཏམ་བཤད་ཀྱི་གོ་སྐབས་ནམ་སྤྲད་ལ་འུ་ཅག་བོད་པའི་བདེན་དོན་སྐོར་ལ་སྐད་ཆ་ཡག་པོ་ཞིག་མི་བཤད་པ་དེ་གནས་བབས་དང་། བཙན་དབང་གང་ལ་ལྟས་ཀྱང་ཐག་གིས་ཆོད་པ་ཞིག་རེད། ངས་ནམ་ཡང་ཁོ་བོད་མི་དཀྱུས་མ་ཞིག་ཡིན་རུང་རྒྱ་ནག་གི་རྒྱུགས་ཁྱི་ཞིག་ཏུ་མི་འགྱུར་བའི་སྨོན་ལམ་འདེབས་ཀྱི་ཡོད།
ཁོང་གིས་ནང་པར་དགོས་པའི་བཀའ་སློབ་ཞིག་གནང་ཤག་་་་་ཐུགས་རྗེ་ཆེ་ཞུ།
ཐབས་ལ་མཁས་པའི་ཁྱད་ཆོས་མངོན་གྱིན་འདུག དེའི་ཐོག་ལ་ཐུགས་རྗེ་དང་ལྡན་པ་ཆགས་པའི་སྨོན་ལམ་འདེབས།
སུ་ཞིག་གིས་པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཐུབ་མིན་དེ་ནི་སྐུ་གོང་མའི་མཛད་འཕྲོ་ཇི་བཞིན་སྐྱོང་ཐུབ་མིན་ཁོ་ནས་ཐག་གཅོད་འོས་པ་ཞིག་རེད།
པཎ་ཆེན་མ་རེད་རྒྱལ་མཚན་་རེད། །
རྒྱལ་མཚན་རྒྱ་གཞུང་ཆེད་དུ་བཙུགས། །
བླ་མ་མ་རེད་ནོར་བུ་རེད། །
ནོར་བུ་བོད་པར་ཕན་པར་དཀའ། །
རང་ཉིད་ཀྱང་པན་ཆེན་བླ་མ་ལྟ་བུའི་གནང་སྟངས་ལྟར་གྲི་རྩེར་གནས་དགོས་བྱུང་ན་གང་བྱེད་དམ། མཛུབ་མོ་རང་གི་བྲང་ཁར་འཛུགས་དང་ཤེས་ངེས། ང་ཚོ་བཙན་བྱོལ་བའི་ནང་དོལ་རྒྱལ་བསྟེན་མཁན་འདི་ཚོར་གཟིགས་ན་གང་འདྲ་འདུག
ཨ་ནུའི་སྐད་ཆའི་ངོ་གདོང་ལ་ལྟ་དུས་ཤུགས་ལྡན་བཀག་འགོག་གི་ལས་འགུལ་གྱིས་ཁོ་པའི་སེམས་ལ་གནོད་སྐྱོན་ཤུགས་ཆེན་ཐེབས་འདུག ཁྱོད་རང་བོད་པའི་སྤྱི་ཚོགས་ནང་སྡོད་འདོད་ན་བོད་པའི་སྤྱི་ཁྲིམས་ལ་གུས་ཞབས་དང་དང་ལེན་བྱེད་དགོས། ཡང་མིན་ན་བོད་ལ་ལོག་ནས་མེས་རྒྱལ་ཀྲུང་གོའི་ཞབས་ཕྱི་ཞུས། ཆོས་པ་རྒྱལ་མཚན་ནོར་བུའི་བཀའ་སློབ་ལ་སྦྱོང་དང་ལག་ལེན་བསྟར་ན་གཞན་བདེ་རང་སྐྱིད་རེད་སྙམ།
དགེ་བསྙེན་གྱིས་རྒྱལ་མཚན་ནོར་བུ་ལ་མི་འདོད་པའི་རྣམ་པ་བསྟན་འདུག་མོད། ཁོང་བྱིས་པའི་སྐབས་རྒྱ་མིས་ཕར་པཎ་ཆེན་གྱིས་མིང་བཏགས་བཞག་པ་རེད་པས་ཁོང་ལ་ཁག་མེད། བོད་པ་རྣལ་མ་ཞིག་རེད་པས་འབྱུང་འགྱུར་བོད་མི་རིགས་ལ་ཕན་པའི་ཕྱག་ལས་གནང་སྲིད་ལ་གནང་ངེས་རེད་སྙམ། གནས་སྐབས་བཏང་སྙོམས་བཞག
མེ་དཀར་ཟེར་བའི་དྲ་འབུ་འདི་།་ད་ངོ་མ་ལྟར་བ་ལོག་པ་ཞིག་རེད་འདུག་།སང་རྒྱས་ཐམས་ཅད་ཀྱིས་འཕྲིན་ལས་ རྒྱལ་བ་ཀརྨ་པ་ངོ་མུ་ཤེས་མཁན་ཞིག་གིས་།རྒྱ་གཞུང་པན་ཆེན་ལ་བསྟོད་བསྔགས་ᫍᫍཞིག་། དྲ་གྲོགས་ཚོ་འདི་་འདྲ་བའི་མི་ལ་གཟབ་གཟབ་བྱོས་ན་དགའ་ནི་རེད་།
གླིང་ཕྲུག ཝ་མི་རྒྱལ་ཀ་མེད་འདྲེ་ཡིས་་འགྲམ་ལྕག ཟེར་བ་ལྟར་མ་བྱེད་དང་ཨེ་ཀོ
པཎ་ཆེན་ཨེ་ཏི་ནི་བཅུ་པ་ཁོང་ལ་བཙན་བྱོལ་གཞུང་ངོས་ནས་དགོང་མ་རྫོགས་སྔོན་ལ་ཡག་པོ་ཞིག་བརྩི་རབ་ཕལ་ཆེར་གོ་མ་མྱོང་མའོ་ཡི་བུ་རེད་ཟེར་ནས་སོགས་བཤད་མཁན་དང་སྦག་ས་ཆོས་སྒར་ནས་སྐུ་པར་གཤམ་མི་མཆོག་པ་དང་སྐྱབས་ཐོ་ནས་མཚན་མར་གསུབ་པ་སོགས་དེ་དུས་བླ་གྲྭ་ཕལ་མོ་ཆེ་ཡི་སེམསསུ་་གསལ་ངེས་རེད་་་་དེས་ན་དུས་ནམ་ཡང་གནས་ཚུལ་ལ་ཞུས་འཇུག་བྱེད་གལ་ཆེན་པོ་མ་རེད་དམ་
རྒྱ་པཎ་འདི་མི་སྤྱང་པོ་ཞིག་ཡིན། འདིས་གོང་ས་མཆོག་ལ་ཐད་ཀར་མཚན་སྨད་ཞུ་མ་མྱོང་བསམས།
རེད་རེད།
སྤྱིར་བཏང་རྒྱལ་མཚན་ནོར་བུ་ལ་ཁག་ཡོད་རྒྱུ་མ་རེད། རྒྱ་གཞུང་གི་གསོས་ཕྲུག་ཅིག་རེད། ཡིན་ན་ཡང་ཁོས་སྐད་ཆ་གང་བཤད་ཀྱང་། བོད་མི་མང་དང་རྒྱལ་སྤྱིས་ཆགས་འཇོག་གང་ཡང་བྱེད་ཀྱི་མ་རེད། ཁོས་གང་བཤད་ཁོ་རང་ལ་ཡང་རང་དབང་ཡོད་མ་རེད། སྙིང་རྗེ། ཁོའི་སྐད་ཆ་ལ་ངོ་རྒོལ་བརྒྱ་ཆ་བརྒྱ་ཐམ་པ་ཡོད། པཎ་ཆེན་རྫུན་མས་སྐད་ཆ་རྫུན་མ་བཤད་ཀྱིན་འདུག བོད་མི་ས་ཡ་དྲུག་གི་སྡུག་བསྔལ་སེལ་བའི་ཆེད་དུ་སྐུ་སྲོག་གཏོང་
མཁན་ཆོས་པ་མིན་ན། སྟག་མོ་མ་བུ་ལྔའི་ཆེད་དུ་སྲོག་བཏང་བ་སོགས་བསྐལ་པ་གྲངས་མེད་གསུམ་དུ་གཞན་དོན་དུ་སྐུ་སྲོག་བཏང་བ་ཚང་མ་ཆོས་མིན་པར་ཁྱེད་དགེ་ལུགས་པས་ཁས་ལོངས་ལ། སངས་རྒྱས་བཅོམ་འདས་ལ་སྐུར་འདེབས་ཞུས་ཤིག ཁྱེད་རང་ཚོའི་རྗེ་རིན་པོ་ཆེས་ལུས་དང་སྲོག་ཀྱང་བཏང་ནས་འཛིན་པ་ལ། །སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག །གསུང་འདི་མེ་ལྷའི་ཞལ་དུ་ཐོབས་ཤིག ཨེ་གོ་ཨ་རྡུ་མན།
༧ཀུན་གཟིགས་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པ་མཆོག་ཞལ་དངོས་སུ་བཞུགས་སྐབས། བཀའ་དྲིན་ལ་བསམ་ཤེས་མེད་པའི་བོད་མི་ཀླད་མེད་འགའ་ཞིག་ཕྲག་དོག་དབང་གིས་ཁོང་ལ། མའོ་ཙི་ཏུང་གི་བུ་རེད་ཟེར་བ་དང་། རྒྱ་མིའི་དམག་མི་བོད་ནས་འཁྲིད་མཁན་ཟེར་བ། ཚོང་དཔོན་རྒྱག་པ་ཟེར་བ་སོགས་མཚན་སྨད་སྣ་ཚོགས་བྱས་པ་རེད། ད་དུང་ཕྱི་ལོ་ ༡༩༨༦ ལོར་༧་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བལ་ཡུལ་ལ་ཕེབས་དུས་དད་ལྡན་རྣམས་མཇལ་ཁར་མ་གཏོང་བ་མ་ཟད་ཁོང་ལ་ངོ་རྒོལ་བྱས་པ་རེད། ཁོང་དགོངས་པ་རྫོགས་རྗེས་སུ་པཎ་ཆེན་རིན་པོ་ཆེ། པཎ་ཆེན་རིན་པོ་ཆེ། ཁ་ནས་མ་ཎི་བགྲང་བགྲང་བྱས་པ་ནི། སྐྱག་རྫུན་དང་གཡོ་རྒྱུ་ཙམ་ལས་དོན་དངོས་ནི་ག་ལ་ཡིན།
པན་ཆེན་རིན་པོ་ཆེ་རྒྱལ་མཚན་ནོར་བུ་ལ་རྒྱལ་དབང་ཀརྨ་པས་ཕྱག་འཚལ་ནས་བླ་མ་བསྟེན་མྱོང་བ་ཞིག་རེད། བོད་ལ་ཕན་ངེས་སུས་ཤེས། ། ཚོགས་བཤད་དེ་ལ་གོ་རྒྱུ་འདུག
དྲང་པོ་བཤད་ན། ཁྱེའུ་འདི་ཀླད་མེད་རྒྱུགས་ཁྱི་རང་ག་བ་ཞིག་རེད་མིན་འདུག། དཔང་རྟགས་གསུམ་ཡོད།
དང་པོ། ཁྱེའུ་འདིས་ད་བར་ལ་རྒྱལ་བ་རིན་པོ་ཆེ་ལ་ངན་སྨད་ཚིག་གཅིག་ཀྱང་བརྗོད་མ་སོང་།
གཉིས་པ། ༢༠༠༨ནང་ལ། རྒྱའི་དྲ་རྒྱ་ཧྥང་ཧང་ཟེར་བའི་ནང་ལ། བཅའ་འདྲི་ཞུ་བ་པོས། ཁ་སངས་ནས། བོད་ནང་ལ་རྒྱལ་བ་རིན་པོ་ཆེས་ངན་སྐུལ་བྱས་ནས་དོན་རྐྱེན་ཆེན་པོ་འདི་འདྲ་སློང་སོང་། དེ་ལ་བསམ་ཚུལ་ཇི་ཡོད་འདྲི་སྐབས། ཁྱེའུ་དེས། ནང་པ་སངས་རྒྱས་པའི་ཆོས་ཀྱི་ཡོན་ཏན་ཤ་སྟག་གཅིག་བཤད་ནས། ཐད་ཀར་འདྲི་བ་ལ་ལན་བརྒྱབ་མ་སོང་། རྒྱའི་སེམས་ལ་ཁོང་གིས་རྒྱ་སྐད་ཡག་པོ་གོ་གི་མིན་འདུག་བསམ་པའི་སྣང་ཚུལ་ཞིག་སྤྲད་སོང་། ངས་བལྟས་ན། ཁོང་གིས་ཆེད་མངགས་གཡོལ་སོང་།
གསུམ་པ། ཁོང་ད་རེས་དམིགས་བསལ་ལྷ་སར་མངགས་ནས། བོད་མིའི་རང་དབང་གི་ཐོབ་ཐང་རྩོད་ལེན་པ་ཚོར་ཁ་གཏད་ལྟ་བུར་བཏང་ནས། རང་ལུས་ཞུ་འབུལ་བ་ཚོར་ཁ་བརྡུང་གཏོང་བཅུག་འདུག་རུང་། ཁོང་གིས། ཆོས་སྦྱངས་ནས་མི་ལ་ཕན་གདགས་དགོས་པ་དང་། རྒྱལ་ཁབ་ཀྱི་ཁྲིམས་སྲུང་དགོས་ཅེས་སྤྱིར་བཏང་ཞིག་བཤད་ནས། རྒྱ་ལ་དགོས་པའི་གཏམ་ངར་པོ་དང་ཚ་བོ་འདི་འདྲ་ཤོད་ཀྱི་མིན་འདུག། ལྷག་པར་དུ། རྒྱའི་རེ་བ་བཞིན། རང་ལུས་མེར་བསྲེགས་གཏོང་བ་དེ་ནང་པའི་ཆོས་དང་མཐའ་གཅིག་ཏུ་འགལ་ཡོད་ཅེས་རྒྱ་ཁོང་ཚོས་ཤོད་པ་བཞིན། ཁོང་གིས་དེའི་རྗེས་སུ་འགྲོ་གི་མིན་འདུག
གོང་གི་གནས་ཚུལ་འདི་བློ་གཟུ་བོར་གནས་ནས། མིག་མཐོང་ལག་ཟིན་ཐུབ་པའི་གནས་ཚུལ་འགའ་ཡིན། ད་དུང་དཔྱད་རོགས།
བོད་པའི་རེ་བ་ཡང་སྲིད་རྫུན་མ་དང་ཡང་སྲིད་ལ་དག་ལ་རེ་བ་གཏད་པ་ནི་བོད་པ་འཇིག་པའི་སྔ་ལྟས་རེད། རྒྱལ་མཚན་ནོར་བུས་བོད་པ་ཚོས་ཆོས་ལུགས་སྒྲུབ། གོང་ཁྲན་ཏང་གི་བཀའ་བརྩིས་ཟེར་བ་སོགས་ཀྱི་གཏམ་བཤད་གནང་འདུག འདིས་རང་ལ་གོ་གནས་སྤྲད་མཁན་གྱི་རྒྱ་གཞུང་ལ་ཞབས་འདེགས་མ་ཞུས་ན་བོད་ལ་ཞུ་ཁག་པོ་རེད། ཡང་གཅིག་བཤད་ན་ཁོས་ཅི་ཞིག་བཤད་ཀྱང་བོད་པ་ཡིད་ཆེས་བྱེད་མཁན་དཀོན་པས། ཡིད་ཆེས་མེད་པའི་སྐད་ཆ་ཞིག་ལ་རིན་ཐང་མེད་པ་ཁོས་གསལ་པོ་ཤེས་ཀྱི་ཡོད་པ་མ་ཟད་རྒྱ་གཞུང་གིས་གསལ་པོ་ཤེས་ཀྱི་ཡོད་པ་རེད།
ཆབ་བྲག་ལགས། མཛད་འཕྲོ་སྐྱོང་མཁན་ཞིག་མིན་ན་སྤྲུལ་སྐུ་ངོ་མ་ཆགས་ཀྱི་མེད་ན།། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་རང་བཙན་བསྒྲགས་ཡོད་ཀྱང་།། སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་རང་སྐྱོང་བསྒྲགས་གནང་གི་འདུག ཁྱེད་ཀྱི་དགོངས་ཚུལ་ལྟར་ན་སྐུ་ཕྲེང་བཅུ་བཞི་པ་སྐུ་གོང་མའི་སྤྲུལ་སྐུ་ངོ་མ་ཆགས་ཀྱི་ཡོད་ས་མ་རེད་པ།།
མེ་དཀར་ལགས། མ་ཤེས་ཤེས་ཁུལ་བྱས་ན་དམྱལ་བར་སྐྱེ་ཟེར་བ་འདྲ་གོ་ཨེ་མྱོང་།
(ཝ་མི་རྒྱལ་ཀ་མེད་འདྲེ་ཡིས་་འགྲམ་ལྕག) གཏམ་དཔེ་འདི་ཅིག་བཀླགས་དུས། བགད་བགད་ནས་སྒལ་ཚིགས་ཚོ་ན་སོང་།
ཝ་མི་རྒྱངས་ཀ་མེད་འདྲེ་ཡིས་འགྲམ་ལྕག་ཟེར་བ་རེད་གྲོགས་པོ། རྒྱངས་དེ་གད་རྒྱངས་ཟེར་བ་དེ་ནས་བྱུང་བ་རེད་ལོ།
རྒྱལ་མཚན་ནོར་བུ་ཀུན་གཟིགས་འོད་མཚན་མགོན་པོའི་ཡང་སྲིད་ངོ་མ་མིན་པ་ནི་ཁོང་རང་ནས་མཁྱེན་གསལ་རེད་ལ་བོད་མི་ས་ཡ་དྲུག་གི་སེམས་ནང་ལ་ཡང་གསལ་གསལ་ཡིན། དེ་སྔོན་བཀའ་ཤག་རྙིང་པས་ཁོང་ལ་རྒྱལ་མིའི་པཎ་ཆེན་དང་། པཎ་ཆེན་བརྫུས་མ་ཞེས་བཤད་མི་ཆོག་པའི་རལ་གྲི་གནམ་གཡུག་གི་བཀའ་བཏང་སོང་། ངའི་སེམས་པར་རང་དབང་ལུང་པའི་བྱུང་རྒྱལ་གྱི་གསུང་དེས་བོད་ནང་དུ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་ཆེད་དུ་བཙོན་ཁང་དུ་བཞུགས་པའི་གདན་ས་བཀྲ་ཤིས་ལྷུན་པོའི་དགེ་འདུན་པས་གཙོས་ཆོལ་ཁ་གསུམ་གྱི་དཔའ་བོ་དང་། རྒྱལ་མཚན་ནོར་བུར་ངོས་ལེན་མེད་པའི་༧སྐྱབས་མགོན་སྐུ་ཕྲེང་བཅུ་པའི་རྒྱལ་ཡུམ་མཆོག་སོགས་ཐུགས་ཕམ་ཇི་ལྟར་བྱུང་ཡོད་དམ་བསམ་བྱུང་།
བཀའ་ཤག་ནས་བརྫུས་མ་དངོས་གནས་སུ་ངོས་འཛིན་ན་ཡང་མི་མང་ལ་བཙན་བཀའ་དེ་ལྟར་གཏོང་དགོས་ཨེ་ཡོད་ལ་དེ་ལྟར་གཏོང་བའི་ཐོབ་སྟབས་སྟངས་ཀྱང་ཨེ་ཡོད། གང་ལགས་ཞེས་ན་བཀའ་ཤག་ནས་ད་ལྟ་བར་དུ་ཀུན་གཟིགས་མཆོག་གི་ཆེད་ཕྱག་ལས་སྣེ་གཅིག་གནང་བའི་ཡུད་མེད་པ།
༧རྒྱལ་དབང་ཀརྨ་པ་མཆོག་ནས་གུང་ཁྲན་རྒྱལ་མཚན་ནོར་བུར་ཕྱག་འཚལ་མི་སྲིད། དེ་ནི་ཀརྨ་ཡེ་ཤེས་ཀྱི་རྟོགས་བཏགས་རང་རེད། ཁུངས་ལུང་མེད་པའི་གཏམ་འཆལ་འདིའི་རིགས་བཀག་འགོག་ནན་པོ་མ་བྱས་ཚེ་སྐྱུག་བྲོ་བའི་རིམ་ནད་གང་སར་ཁྱབ་ཉེན་ཆེ།
པཎ་ཆེན་རིན་པོ་ཆེའི་ཡང་སྤྲུལ་རྒྱལ་མཚན་ནོར་བུ་མཆོག་བོད་བཞུགས་སྐྱེས་ཆེན་དུ་མས་ལྷ་ས་ཇོ་བོ་ཤྭཀྱ་མུ་ནིའི་དྲུང་དུ་གསེར་བུམ་སྒྲིལ་ནས་ཐུགས་བརྟག་དཔྱད་པ་ཞིག་རེད་འདུག སོ་སྐྱེ་རང་འགའ་ང་འདྲ་ཚོས་རྫུན་མ་རེད་ཅེས་ཚིག་ཐག་གཅོད་དཀའ་ཞིང་། གནས་ཚུལ་གསལ་བར་མཁྱེན་མཁན་འགས་གསུངས་གསལ་ལ་རྡ་ས་ནས་ངོ་འཛིན་བྱས་པའི་པཎ་ཆེན་ཡང་སྲིད་དེ་རྫུན་མ་བཟོ་ལུགས་རྒྱུ་མཚན་བཅས་གསུངས་རྒྱུ་འདུག ངས་དེ་ལ་ཡིད་ཆེས་མེད། འོན་ཀྱང་ཚང་མས་གཅིག་བསྟོདགཅིག་སྨད་མ་བྱེད་ན་མཛེས། དཔེ་ན་ཀརྨ་པའི་ཡང་སྲིད་གསུམ་ཡོད་ལ་གང་དངོས་གནས་དང་གང་རྫུན་མ་ཡིན་པ་མ་ཤེས་པ་བཞིན། བོད་ཀྱི་གཤིས་གོམས་ལ་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རེད་ཅེས་ཟེར་སྲོལ་ཡོད། པཎ་ཆེན་བཅུ་པའི་ཡང་སྲིད་ལ་དེ་འདྲ་ཡོང་ཆོག་པའི་རྒྱུ་མཚན་ཨེ་ཡོད། གང་ལྟར་གོང་མའི་རྣམ་ཐར་གཙང་བཞེས་གནང་མཁན་དེ་ཡང་སྲིད་འཁྲུལ་བྲལ་དུ་ངོ་འཛིན་བྱེད་ན་ལེགས་ཤོས་རེད་སྙམ།།
ཁ་བརྡ་་མཆན་བུ་བ་རྒྱ་དགའ་མང་དག་ཞིག་ཡོད་ཚོད་རེད། པན་ཆེན་སྐུ་གོང་མར་མི་དགའ་མཁན་བོད་མིའི་ནང་ཡོད་པ་ལ་ཧ་ལས་རྒྱུ་ཅི་ཡོད། ༧གོང་ས་མཆོག་ལ་ཡང་མ་དད་མི་ཉུང་བ་ཡོད་རེད། ཧ་ལས་དགོས་པ་ནི་ཁྱོད་ཚོ་འདྲ་བ་རང་གཞུང་ལ་རྒྱབ་གཏད་པ་དང་། རྒྱ་དང་རྒྱའི་རྗེས་འབྲང་པས་བཤད་པ་ལ་ཡིད་རངས། རྒྱལ་མཚན་ནོར་བུ་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་ལ་ངོས་ལེན་ཡོད་མདོག དེ་ཚོ་ལ་བསམ་དང་རྒྱ་དགའ་མིན་ན་གང་རེད། རྒྱ་དགའ་ཟེར་བ་དེ་ལས་ལྷག་གཅིག་ངས་ངོས་འཛིན་མི་ཐུབ།
ད་དུང་རང་དབང་ཨ་རྡུ་མ་ཟེར་བ་དེའི་བཤད་སྟངས་ལ་ལྟོས་དང་། ང་ཚོའི་དཔའ་བོ་རང་སྲོག་བློས་བཏང་མཁན་གྱི་དགེ་འདུན་པ་རྣམས་གྲྭ་པ་མ་རེད་ཟེར། ཁྱོད་རྒྱ་ལ་དགའ་ན་ཡང་རྒྱ་ཁྱོད་འདྲ་བ་ཤོག་བུ་ལ་དགའ་ཚོད་མ་རེད།
ཀརྨ་ཡེ་ཤེས་ཀྱིས་རྒྱལ་བ་ཀརྨ་པ་ལ་དད་པ་ཡོད་མདོག་གིས་དོན་གྱིས་དམའ་འབེབས་ཚད་མེད་ཀྱི་འདུག འདིའང་དྲྭ་འབུ་ལྟས་ངན་ཅིག་རེད་འདུག
པཎ་ཆེན་འདི་ཚང་ཡང་བོད་མི་ཞིག་ཡིན་པའི་ཆ་ནས་རྒྱ་མིས་ཅི་འདྲ་གནོན་ཤུཊ་སྤྲད་ནའང་དེ་འདྲ་ཐེབས་ཀྱི་མི་འདུག་སྙམ།རྒྱུ་མཚན་རང་ལུས་མཆོད་འབུལ་ཐད་བོད་ཀྱི་བླ་སྤྲུལ་འགའ་རེས་འདུལ་བ་དང་མི་མཐུན་ཚུལ་དང་མཐའ་ན་ཆོས་ལུཊ་དང་ཡང་མི་མཐུན་ཚུལ་བཙན་གྱིས་ལབ་དུ་བཅུག་ཡོད་པ་རེད།ཡིན་ནའང་པཎ་ཆེན་དང་ཀུན་མཁྱེན་ཚང་མཁན་ཆེན་ཚུལ་བློ་སོཊ་མཐོ་ཁག་དག་གིས་འདིའི་ཐད་ཅི་ཡང་མ་གསུངས་པ་རེད།དམར་ཕྱོཊ་ཀྱི་སྡུག་རྩུབ་འོག་ནས་ཅི་ཤོད་བཟོས་ན་དེ་བཤད་དགོས་བ་འདྲ་བོ་ཆཊ་ཡོད་ནའང་དེའི་ཐད་ཁོང་རྣམ་པས་དཔའ་བོ་དཔའ་མོ་ཚོར་སེམས་གཏིང་ནས་རྩིས་བཀུར་དང་བདེན་ཁ་སྟེར་གྱིན་པ་མཚོན།པཎ་ཆེན་ཁོ་བོད་མི་ཞིག་ཡིན་པའི་ཆ་ནས་ང་ཚོའི་ལས་དབང་དང་དམིཊ་འདུན་ལ་རྒྱབ་འགལ་སྲིད་མི་སྲིད་བསམ་ལ་དེར་ང་ཚོས་མུ་མཐུད་དུ་ལྟོས་ཆོག བོད་ཀྱི་རང་དབང་དང་བདེན་དོན་ལ་རྒྱབ་འགལ་བྱེད་མཁན་ཞིག་ཡོད་ན་དེ་བླ་མ་ཡིན་ཡང་དཔོན་པོ་ཡིན་ཡང་ང་ཚོས་མཐའ་གཅིག་ཏུ་ངོ་བརྒོལ་བྱེད་ཀི་རེད།
ཀརྨ་ཡེ་ཤེས་ཟེར་བ་འདིས་རྒྱལ་དབང་མཆོག་ལ་ཟུར་ཟ་དང་སྐུར་འདེབས་ཁོ་ནས་དུས་འདའ་མཁན་དམ་ཉམས་ལྟེ་བོ་ཞིག་རེད་འདུག ང་ལྟ་བུ་ཀྱུས་མ་རྣམས་ཀྱིས་མགོ་བོ་གང་བྱུང་དུ་མི་བཏུད་ན་གཞན་མང་པོ་བཤད་པས་ཅི་ཕན།
གནམ་ལགས།
གུང་ཐང་མི་ལས།
ང་གུང་ཐང་གི་མི་ལ་རས་པ་དང་། །
ཁྱོད་གཉའ་ལམ་གྱི་བུ་མོ་སྤུན་གསུམ་པོ། །
སྙིང་ཡང་ཕར་རྗེ་ཚུར་རྗེ་ཡིན། །
ཞེ་ཡང་ཕར་ཁྲེལ་ཚུར་ཁྲེལ་ཡིན། །ཞེས་པ་ལྟར་ང་ཡང་ཁྱོད་ཀྱིས་རྒྱངས་ཡིན་ན་ཅིག་བྲིས་འདུག་རྐུབ་ནས་གད་མོ་ཤོར་སོང་།
རང་སྲོག་མེ་ལ་གཏོང་བའི་གནས་ཚུལ་འདི་ཡི་བསྐོར་བཙན་བྱོལ་གཞུང་གི་དབུ་འཛིན་རྣམ་པས་གསུངས་བཤད་གང་ལ་ལྟས་ཀྱང་གནས་ཚུལ་ཛ་དྲག་གི་ཁ་གསལ་བོ་བཟོ་ཡི་མི་འདུག་པས་བློ་ཕམ་ཆེན་པོ་མི་འདུག་གམ། །ཚེ་སྲོག་བློས་གཏོང་ཟེར་བ་དེ་བའིབསྐོར་གཞུང་ངོས་ནས་ཕན་འབྲས་ཡོད་མེད་ཁ་གསལ་བཟོ་དགོས་པ་ལས་དོ་བདག་སོ་སོའི་ངོས་ནས་བསམ་བློ་རང་དབང་ཙམ་ལ་བཞག་ན་ཅིས་ཀྱང་ཡ་ངལ་བ་ཞིག་མ་རེད་དམ། །ངས་བལྟས་ན་མ་འོངས་ལོ་རྒྱུས་ཀྱི་ཐོག་ལ་ཆབ་སྲིད་ཀྱི་དབྱེ་འཚམམ་དང་ཁ་གསལ་མེད་པའི་ནག་ཉེས་ཆེ་ཤོས་ཀྱི་གཞུངས་ཞབས་འགའ་མཐོང་མི་སྲིད་དམ། །དེས་ན་སུ་འདྲས་ཀྱང་རྣོ་བསམས་ལེགས་པར་གཏོང་དགོས་ལ་ད་ལྟ་བོད་ཀྱི་ཆབ་སྲིད་ཀྱི་ཡག་སྡུག་ཆ་ཚང་དེ་བས་ཧ་གོ་དགོས་རེད་བསམས། །དཔེ་ན་ཚོང་པ་ཞིག་གི་མ་དངུལ་ཡོངས་སུ་གཏོང་ནས་ཁེ་རྩ་བ་ནས་མ་བྱུང་ན་གནས་ཚུལ་ག་འདྲ་ཆགས་ས་རེད་དམ། །དེ་བཞིན་ང་ཚོ་ཡང་གྲུབ་འབྲས་ཡོད་མེད་ལེགས་པར་དཔྱད་དགོས་ངེས་རེད་ལ་དེ་བས་གཞུང་འཛིན་མི་སྣ་རྣམས་ནས་གཞིས་བྱེས་མི་དམངས་ཡོངས་ལ་ཁ་གསལ་པོ་བཟོ་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་མཐོང་གི་མི་འདུག་གམ།
འཆར་གཞི་དང་བཅས་པའི་སྒོ་ནས་ཆོས་ལུགས་རྩར་མེད་གཏོང་མཁན་ལ་འགོག་རྒོལ་བྱེད་མཁན་ནི་ཆོས་དང་ལུགས་དང་མཐུན་པ་ཡིན། སུས་ཆོས་ལུགས་ཁས་མི་བླངས་པར་དུག་ཏུ་བརྩིས་པ་རྡོག་རོལ་གཏོང་མཁན་ལ་རྒྱབ་སྐྱོར་བྱེད་མཁན་ཁོ་རང་ཆོས་ལུགས་པ་མིན་ལ་ཆོས་ལ་ངོ་རྒོལ་བྱེད་མཁན་རེད། ལྷན་རྒྱས་ཀྱི་དམིགས་ས་མཉམ་པས་སོ།། ཁག་མེད་བཙན་དབང་འོག་བཤད་དགོས་ལེ་ཆེ།
དེ་ནས་ཚིག་སྙན་མོའི་འཆམ་མཐུན་བརྟན་ལྷིང་ནི། བཙན་དབང་དང་གྲི་མེ་མདས་ལོ་དྲུག་ཅུར་སོང་ཡང་བརྟན་ལྷིང་ག་ནས་ཡོད། ཕན་ཚུན་མ་མཐུན་ན་འཆམ་པོ་ག་ནས་འོང་། གང་ལགས་ན། འདྲ་མཉམ་མེད་པས་སོ། །དེ་ལས་རང་དབང་ཐོབ་ཐང་མཉམ་པ་ལྟ་ཅི་འདྲ་བ་ཡང་མེད་པས་སོ།།འདྲ་བ་ཙམ་ཕར་བཞག་གཉའ་གནོན་དབང་ཡོད་ཐུབ་ཚོད་ཉིན་མཚན་མི་འགྲོ་བའི་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར། གུན་བྲན་རིང་ལུགས་པ་ཚོས། འགྲོ་བ་མིའི་ཐོབ་ཐང་ཞེས་འགྲ་ོ་བ་སེམས་ཅན་གྱི་ཐོབ་ཐང་བཞིན་ང་ཚོ་ལ་དུད་འགྲོ་ནང་བཞིན་ཐག་པས་བསྡམས་རྩ་ཁམ་གང་སྤྲད་ནས་བཞག་ན་འགྲིག་ས་ཡོད་མ་རེད། ཐོབ་ཐང་ཞེས་མི་ལུས་ཐོབ་པ་འདི་ལ་རིན་ཐང་ཡོད་དགོས་པ་རེད། མི་མང་གི་ལྤགས་པ་བཤུས་ཁྲག་འཇིབ། ཤ་གཞོགས་རུས་གཞོགས་ཀྱི་བཤུ་གཞོགས་བཏང་། དེང་སང་འཛམ་གླིང་གང་སར་དངོས་ཟོག་པད་ ༩༩ ཅན་སོགས་ཕལ་མོ་ཆེར་རྒྱ་ནག་གི་ཐོན་ཟོག་ཅེས་མིང་བྱང་བྲིས་ཏེ་མདོར་ན་འཛམ་གླིང་མི་མང་ཁྲག་དང་རྔུལ་ནག་གིས་བསགས་དངུལ་གྱི་ཡོང་བབ་མང་ཆེ་རང་ཉིད་སྲུང་སྐྱོབ་ཆེད་མ་དམིགས་པར། དྲག་པོའི་གོ་མཚོན། དམག་དོན་ལམ་ལུགས་རྒྱ་བསྐྱེད་ཆེད་མངོན་མེད་དུ་ཐིམས་ནས་དཔལ་འབྱོར་མྱུར་མོར་གོང་མཐོར་འཕེལ་ཏེ། གང་སར་ངན་ཇུས་བཤམས་པ་དང་། དཔལ་འབྱོར་དབང་ཤུགས་ཀྱི་དྲེགས་པས་གཞན་གཉའ་བཅོས་དབང་ཡོད་ཀྱིས་རྫིག་རྫིག་བཤད་སྡིག་ར་བཏང་བ་སོགས་འདོད་རྒྱལ་དུ་བྱེད་ཀྱི་ཡོད་པར་ནོར་སྲིད་ཁོ་ན་ལ་མགོ་ཐོམས་མཁན་ཚོས་ཚོར་སྣང་བྱུང་མདོག་ཁ་པོ་མ་རེད།
གང་ལྟར་འགྲོ་བ་མི་ལ་ཐོབ་པའི་རྣམ་དཔྱོད་དང་རང་དབང་གི་འཚོ་བར་རིན་ཐང་དང་བསམས་གཞིགས་མེད་ན། དེ་ལས་དུད་འགྲོའི་ཁྱུ་ཚོགས་སུ་འཆམ་མཐུན་མང་བ་ཡོད། གུང་བྲན་དབང་ཤུགས་ག་ཚོད་ཆེ་ན་ཡང་། ཚང་མར་གཅིག་མཚུངས་ཀྱི་བདེ་སྐྱིད་འདོད་པ་དེ་ནམ་ཡང་མེད་པ་བཟོ་ཐབས་མེད། དེས་ན་སྤྱི་ཚོགས་དུས་བདེ་ཞོད་འཇགས་དང་བརྟན་ལྷིང་འོང་བའི་རྒྱུ་ནི། ཕན་ཚུན་འཆམ་མཐུན་ཡོད་ན་ད་གཟོད་ཡོང་རྒྱུ་ཞིག་ཡིན། འཆམ་མཐུན་ནི་ཐོབ་ཐང་འདྲ་མཉམ་ལས་ཡོང་དགོས། བོད་ནང་འདྲ་མཉམ་ཡོད་དམ། འདྲ་མཉམ་ཡོད་དམའ་མཐར་ཟིང་ཆ་ཐབས་ཟད་འདི་ལྟར་ཡོང་དཀའ། ཁྲིམས་མཐུན་གྱི་རང་དབང་ཐོབ་ཐང་འདྲ་མཉམ་མེད་ན་འཆམ་མཐུན་བརྟན་ལྷིང་ནི་ཡོང་ཐབས་བྲལ་བས། འདྲ་མཉམ་ཐོབ་ཐང་གི་གོ་དོན་ཤེས་དགོས་ལ། ཅི་སྟེ་ཤེས་ཀྱི་ཡོད་ན་ལག་ལེན་བཀལ་ཐབས་བྱེད་པའི་དུས་ལ་བབ་ཡོད། བོད་ནང་འདྲ་མཉམ་ཐོབ་ཐང་རང་དབང་བྱུང་མཚམས་ནས་ད་དུང་གནས་ཚུལ་འདི་འདྲ་ལྷག་ན་དེའི་འགན་འཁྲི་རྒྱ་ནག་དམར་གཞུང་ལ་མེད་པར་རྒྱུ་རཀྱེན་གཞན་ཞིག་བསྐྲུན་པར་ཚོད་དཔག་བྱེད་ཐུབ་ཡིན་ལས། ད་ལྟའི་དམར་པོའི་སྲིད་གཞུང་འོག་གནས་སྟངས་འདི་ཙམ་མ་ཟད་ཛ་དྲག་སོགས་ཁ་ཕྱོགས་གང་དུ་འགྲོ་མིན་ནི་རྗེས་སུ་དཔག་པར་དཀའ།
སྤུན་ཟླ་མེ་དཀར་གྱི་རྐུབ་དེ་ངོ་ཚ་མེད་པའི་རྐུབ་ཅིག་ཡིན་རྒྱུ་རེད། ཧཧཧ།
ང་ཡི་ལྟ་བ་དང་ལམ་ཕྱོགས་ནི་་་་་་་་བོད་ཀྱི་བླ་མ་དང་སྤྲུལ་པའི་སྐུ་ཟེར་ཡག་དེ་་་་་སྤྱིར་འགྲོ་བ་ཡོངས་དང་སྒོས་སུ་བོད་མིའི་སྐྱིད་སྡུག་ལེགས་ཉེས་ལ་གཟིགས་ཞིབ་གནང་མཁན་མཁན་དེ་་་་་་་བོད་པའི་ཚང་གི་བླ་མ་ངོ་མ་དེ་རེད། དེ་མིན་ཁ་ནས་བྱམས་དང་སྙིང་རྗེ་དང་
ལག་ལེན་གྱི་ཐོག་ལ་སླེབས་དུས་རང་རྒྱལ་གཞན་ཕམ་གྱི་བྱ་བ་རྐྱང་བྱེད་མཁན་དེ་་་་བླ་མ་དང་སངས་རྒྱས་ག་རེའི་་་་་་ཡང་སྤྲུལ་ཡིན་ཟེར་ནའང་འདྲ། ང་ཡི་ངོས་ནས་ནི་་་་་ནང་པའི་ཆོས་ཀྱི་ཚོང་དཔོན་ཆེན་པོ་ཞིག་ལས་་་་་་་་་་་་་་་་་་་་་་་་་་་གཞན་ངོས་འཛིན་ཐབས་བྲལ། ད་ལྟའི་ཆར་བོད་ཀྱི་གནས་སྟངས་ཡ་ང་བའི་སྐབས་འདིར་་་་་་བོད་མི་ཚོར་རང་ལུས་མེར་སྲེགས་ཀྱི་ལས་འགུལ་དེ་མཚམས་འཇོག་བྱ་རྒྱུའི་རེ་བསྐུལ་གནང་མཁན་ཚོ་ནི་་་་དངོས་གནས་བོད་རིགས་སྤུན་ཟླ་ཚོར་དགའ་ཞེན་ཤུགས་ཆེར་ཡོད་པའི་རྣམ་པ་རང་རེད།
དེ་མིན་འདས་པའི་བོད་དོན་དེ་་་་་ཤེས་རབ་སྙིང་པོའི་ཚིག་ཟིན་ལྟར་བཟོས་ནས་་མ་འོང་བོད་ཀྱི་ཆབ་སྲིད་ནི་
མ་གཤམ་གྱི་བུ་ལ་བཅོལ་ཏེ་ད་དུང་ཁོག་སྟོང་གཟི་བརྗིད་ཆེན་པོའི་ངང་་་་་་གངས་ལྗོངས་ཀྱི་བུ་ཕྲུག་ཚོར་རང་སྲོག་རང་གིས་གཅོད་དགོས་པའི་འབོད་སྐུལ་ཞུས་དང་ཞུ་མོལ་དེ་ནི་་་་་ཧ་ཅང་གི་ཐབས་སྡུག་རེད་ཞུ་འདོད་བྱུང་། ཡང་རྣམ་པ་ཚོས་ལམ་སང་ང་ལ་་་་
རྒྱ་མིའི་རྒྱུགས་ཁྱི་དང་་་་་ཡང་ན་དོལ་རྒྱལ་གྱི་རྗེས་འབྲངས་གང་རུང་ཞིག་ལབ་པར་ངེས། ཧ་ཧ་་་་་་་་དེ་ནི་དུས་རབས་ག་པར་སླེབས་མེད་ལ་མ་ལྟོས་པར་་་་་བོད་པ་ཚང་གི་ཆེས་རྗེས་ལུས་ཀྱི་གོམས་གཤིས་ངན་པ་དེ་སླར་གསོ་བྱས་པ་རང་རེད།།
རྒྱབ་སྐྱོར་རེད
རྒྱལ་མཚན་ནོར་བུ་ལ་ལམ་གཉིས་ཡོད། གཅིག་ནི་རྒྱ་ནག་གིས་གང་ཟེར་ཉན་ནས་ལོ་རྒྱུས་ཐོག་གི་མི་ནག་་གཏེ་པོ་ཞིག་བྱེད་རྒྱུ་དང་པན་ཆེན་རྫུན་མ་ཟེར་བའི་མིང་འཁུར་རྒྱུ་དང་། གཅིག་ནི་བློ་ཁོག་ཆེན་པོའི་ཐོག་བོད་མིའི་བདེ་སྡུག་ཆེད་དུ་པན་ཆེན་རིན་པོ་ཆེ་གནང་བཞིན་གྱི་ཕྱག་ལས་གནང་ནས་བོད་མིའི་སེམས་ནང་སོ་སོ་པན་ཆེན་གྱི་ཡང་སྲིད་ཡིན་པ་ར་འཕྲོད་ཐུབ་པ་བྱེད་རྒྱུ་དེ་རེད།
བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མེ་རུ་སྒྲོན་པའི་གྲྭ་བཙུན་དེ་དག་ཆོས་ལུགས་པ་མིན་ན་གུང་ཁྲན་གྱི་པཎ་ཆེན་བླ་མ་ཡང་ཆོས་ལུགས་པ་ཞིག་ག་ལ་ཡིན་ཞེས་ངས་ཀྱང་ལབ་འདོད་བྱུང་།
དངོས་གནས་བྱེད་ན་ རྒྱ་མཚན་ནོར་བུ་དང་སྡ་རམ་ས་ཀརྨ་པ་གཉིས་ཀ་རྒྱ་ནག་གིས་ངོས་ལེན་ཡོད་པ་རེད་
ཡིན་ཡང་བོད་གཞུང་གིས་རྒྱ་མཚན་ནོར་བུ་ལ་ངོ་ལེན་མེད་པ་དང་ཀརྨ་པ་ལ་
ངོས་ལེན་ཡོད་པ་དེ་འདྲ་གང་ཡིན་ནམ?
ཧཧ་བདེ་བ་ལགས།
གནས་ཚུལ་དེ་ཙམ་ཧ་མ་གོ་ན་མཐོང་རྒྱ་ཁུང་བུ་ལས་ཀྱང་དོགས་པའི་རྟགས་མཚན་རེད། ཀརྨ་པ་སྐུ་མདུན་གྱི་ངོས་ལེན་བའི་སྟེང་རྒྱ་གཞུང་གིས་གནང་བ་རེད། པཎ་ཆེན་སྐུ་མདུན་གྱི་ངོས་འཛིན་གནང་བ་དེ་རྒྱ་གཞུང་གིས་ངོས་ལེན་མ་གནང་བའི་སྟེང་བཙོན་དུ་བཅུག་པ་རེད། མ་ཟད་སྐུ་མདུན་ལ་ངོ་རྒོལ་ཆེད་གཞན་ཞིག་ཁྲིད་ཡོང་ནས་པཎ་ཆེན་བཟོས་བ་རེད། དེ་བརྟེན་མི་རྣམས་ཀྱིས་རྒྱ་པཎ་ཟེར་བ་རེད། ཁོང་ནི་རང་ཚུགས་ལྡན་པའི་མི་ཡག་པོ་ཞིག་མ་རེད། ལྷག་དོན་རང་གི་ཁེ་ཕན་གཅིག་བུ་ལས་བོད་པ་བསམ་མཁན་ཞིག་མ་རེད། ཡིན་ན་རྒྱ་གཞུང་གིས་་གནོད་ཤུགས་ལ་མ་ལྟོས་བ་མི་མང་གི་མདུན་དུ་ང་པཎ་ཆེན་གྱི་ཡང་སྲིད་མིན་ཟེར་ན་དེ་གས་ཆོག་པ་རེད། གནས་ཚུལ་དེས་རྒྱ་གཞུང་ཅི་བྱ་གཏོལ་མེད་དུ་ཆགས་ངེས་རེད་ལ། བོད་ཀྱི་ཡང་སྲིད་ཚོ་ལས་སླ་པོ་མིན་པ་སེམས་ནས། མ་འོངས་བར་ཡང་སྲིད་ངོས་འཛིན་ལ་ཐེ་གཏོགས་བྱེད་པ་ཞེ་སྣང་སྐྱེས་ངེས་རེེད། འོན་ཀྱང་། བོད་ཀྱི་ཡང་སྲིད་ནི་དོན་གྱིས་མི་མང་མགོ་སྐོར་བཏང་བྱེད་ལས་དམིགས་བསལ་གྱི་ནུས་བ་མེད་པས། མི་ཕལ་བ་ཞིག་གིས་རང་གི་ཁེ་ཕན་བློས་བཏང་གཅལ་ཐུབ།
ནོ་བཅོས། གནས་ཚུལ་དེ་ཙམ་ཧ་མ་གོ་ན་མཐོང་རྒྱ་ཁུང་བུ་ལས་ཀྱང་དོགས་པའི་རྟགས་མཚན་རེད། ཀརྨ་པ་སྐུ་མདུན་གྱི་ངོས་ལེན་བའི་སྟེང་རྒྱ་གཞུང་གིས་གནང་བ་རེད། པཎ་ཆེན་སྐུ་མདུན་གྱི་ངོས་འཛིན་གནང་བ་དེ་རྒྱ་གཞུང་གིས་ངོས་ལེན་མ་གནང་བའི་སྟེང་བཙོན་དུ་བཅུག་པ་རེད། མ་ཟད་སྐུ་མདུན་ལ་ངོ་རྒོལ་ཆེད་གཞན་ཞིག་ཁྲིད་ཡོང་ནས་པཎ་ཆེན་བཟོས་བ་རེད། དེ་བརྟེན་མི་རྣམས་ཀྱིས་རྒྱ་པཎ་ཟེར་བ་རེད། ཁོང་ནི་རང་ཚུགས་ལྡན་པའི་མི་ཡག་པོ་ཞིག་མ་རེད། ལྷག་དོན་རང་གི་ཁེ་ཕན་གཅིག་བུ་ལས་བོད་པ་བསམ་མཁན་ཞིག་མ་རེད། ཡིན་ན་རྒྱ་གཞུང་གིས་་གནོད་ཤུགས་ལ་མ་ལྟོས་བ་མི་མང་གི་མདུན་དུ་ང་པཎ་ཆེན་གྱི་ཡང་སྲིད་མིན་ཟེར་ན་དེ་གས་ཆོག་པ་རེད། གནས་ཚུལ་དེས་རྒྱ་གཞུང་ཅི་བྱ་གཏོལ་མེད་དུ་ཆགས་ངེས་རེད་ལ། བོད་ཀྱི་ཡང་སྲིད་ཚོ་ལས་སླ་པོ་མིན་པ་སེམས་ནས། མ་འོངས་བར་ཡང་སྲིད་ངོས་འཛིན་ལ་ཐེ་གཏོགས་བྱེད་པ་ཞེ་སྣང་སྐྱེས་ངེས་རེེད། འོན་ཀྱང་། བོད་ཀྱི་ཡང་སྲིད་ནི་དོན་གྱིས་མི་མང་མགོ་སྐོར་བཏང་བྱེད་ལས་དམིགས་བསལ་གྱི་ནུས་བ་མེད་པས། མི་ཕལ་བ་ཞིག་གིས་རང་གི་ཁེ་ཕན་བློས་བཏང་ག་ལ་ཐུབ།
མ་ཐུབ་པས་འདེམས་ཐོ་བྱུང་བའི་ཡང་སྲིད་དག་གིས་ང་ཡིན་ཁོ་ཡིན་གྱིས་ཨ་རིའི་སྲིད་འཛིན་འོས་མི་ལྟར་འགྲན་བསྡུར་གནང་དང་གནང་བཞིན་པ་ནི་མཐོང་ཆོས་རེད།
ཆབ་བྲག་ཕོ་ཉ་ཟེར་མཁན་དེས་སྐད་ཆ་ཁུངས་ལུང་མེད་པ་ཤོད་ཀྱི་འདུག
ད་ལྟའི་པན་ཆེན་རྫུན་མ་ནི་རྫུན་མ་རང་ལས་གཞན་པ་གང་ཡང་མ་རེད།
དེར་བོད་མི་དམངས་ཀྱིས་ངོས་ལེན་རྩ་བ་ནས་བྱེད་མི་ཐུབ།
ཅི་སྟེ་མ་འོངས་པར་ཁོ་བོས་བོད་ལ་ཕན་པའི་ལས་ཀ་བྱས་སོང་ན། ཡག་པོ་རེད་ལབ་རྒྱུ་ཞིག་མ་གཏོགས་པན་ཆེན་ངོ་མ་ཆགས་སྲིད་ཀྱི་མ་རེད། ནམ་ཡང་ཆགས་ཀྱི་མ་རེད།
༧རྒྱལ་བ་རིན་པོ་ཆེས། ཀརྨ་པ་ངའི་མཇུག་སྐྱོང་མཁན་ཡིན་གསུངས་པ་ལྟར། མ་འོང་པར་༧དཔལ་རྒྱལ་བ་ཀརྨ་པ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པ་ཞིག་ཆག་ངེས་རེད། ཁོང་ལ་རྒྱལ་བ་རིན་པོ་ཆེའི་ཕྱག་རྟགས་ཡོད་རེད། རྒྱལ་མཚན་ནོར་བུ་ལ། རྒྱལ་བ་རིན་པོ་ཆེའི་ཕྱག་རྟགས་ཡོད་མ་རེད། སྔར་རྒྱུན་ཕྱག་གསོལ་བཞིན་ལྷ་སའི་ཇོ་བོའི་སྐུ་མདུན་དུ་བོད་ལ་བཞུགས་པའི་བླ་མ་ཚོས་གསེར་བུམ་དཀྲུགས་སྟེ་ངོས་འཛིན་བྱས་པ་རེད། རྒྱུ་མཚན་དེ་ན་བོད་གཞུང་གིས་ངོས་ལེན་མེད་པ་རེད། བོད་གཞུང་གིས་ངོས་ལེན་ཡོད་རུང་མེད་རུང་གང་ལྟར་པཎ་ཆེན་སྐུ་གོང་མའི་རྣམ་ཐར་དང་ཐུན་པའི་བསྟན་པ་འཛིན་མཁན་ཞིག་ཡིན་ན་འགྲིག་གི་རེད། དེ་མིན་ན་གཞུང་གིས་ངོས་ལེན་ཡོད་ཀྱང་དོན་ལ་མ་གནས་པ་རེད།
བོད་ཀྱི་སྤྲུལ་སྐུ་ཚང་མ་རྫུན་མ་མིན་པ་གཅིག་ཀྱང་མེད། གཙོ་བོ་དད་ལྡན་མང་ཚོགས་ཀྱི་ཁས་ལེན་ཡོད་མིན་དེ་རེད། རྒྱལ་མཚན་ནོར་བུ་ཡང་བོད་ཀྱི་བླ་སྤྲུལ་ཆེན་པོ་པན་ཆེན་རིན་པོ་ཆེའི་སྐུ་ཚབ་ཞིག་འགྱུར་ཐུབ་མིན་དེ་ཁོང་གི་བྱ་སྤྱོད་དང་སློབ་སྦྱོང་ལ་བརྟེན་ནས་དད་ལྡན་མང་ཚོགས་ཀྱི་དད་པ་དང་དག་སྣང་དུ་པན་ཆེན་ངོ་མ་ཞིག་གི་སྣང་བརྙན་འཇོག་ཐུབ་མིན་དེ་རེད།
ཀརྨ་པ་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཨེ། ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅེས་པ་ལོ་རྒྱུས་ཐོག་རྒྱལ་ཁའི་ངང་མཇུག་བསྡུས་ཟིན། ད་ཆོས་ཀྱི་དབུ་ཁྲིད་རེད། བོད་ཀྱི་ཆོས་བརྒྱུད་བཞི་ཀའི་ཨེ། རྐུབ་ནས་ཉི་མ་ཤར་བ་རེད། བཀའ་བརྒྱུད་ཀྱི་ཡ་གྱལ་ཀརྨ་ཀམ་ཚང་གི་དབུ་ཁྲིད་ཆགས་ཐུབ་ན་ལྷ་རྒྱལ་ལོ་རེད།
ཀརྨ་ཡེ་ཤེས་ཆོས་ཅན། བློ་གཟུ་བོོར་མི་གནས་ཏེ། རང་མདོག་བསྟན་པའི་ཕྱིར། དེ་ཆོས་ཅན། དོན་དམ་པར་དོན་བྱེད་མི་ནུས་ཏེ། དོན་བྱེད་ནུས་སྟོང་ཡིན་པའི་ཕྱིར། དེར་ཐལ། ཀླད་སྟོང་ཡིན་པའི་ཕྱིར། དེར་ཐལ། སྤྱི་ཚོགས་ཀྱི་གནོད་འབུ་ཡིན་པའི་ཕྱིར། སྤྱི་ཚོགས་ཀྱི་གནོད་འབུ་ཡིན་ཏེ། ཁ་ལ་༧རྒྱལ་དབང་ཀརྨ་པ་འཁྱེར་ཏེ་ཆོས་རྒྱུད་ནང་ཕན་ཚུན་དཀྲུགས་པའི་ཕྱིར། དེར་ཐལ། ཡི་གེའི་ཚིག་འགྲོས་ལས་ཤུགས་ཀྱིས་རྟོགས་ནུས་པའི་ཕྱིར། ཀརྨ་ཡེ་ཤེས་ཀྱི་ཉོག་བཤད་ཆོས་ཅན། བོད་མིར་ཕན་ཐོགས་པ་མ་ཡིན་ཏེ། གད་སྙིགས་ཡིན་པའི་ཕྱིར། ཀརྨ་ཡེ་ཤེས་ཀྱི་ལྟ་བ་ཆོས་ཅན། གཞི་གཅིག་ལ་མི་གནས་ཏེ། བོང་བུའི་རྐུབ་དང་གཅིག་པ་ཡིན་པའི་ཕྱིར། ཀརྨ་ཡེ་ཤེས་ཆོས། ཀྲུའུ་ཝེན་ཆོན་གྱི་པུ་གུ་ཡིན་ཏེ། བོད་མིའི་དམ་ཚིག་གཏོར་བའི་ཕྱིར།
དེ་ཆོས་ཅན། ངན་པ་དགུ་འཛོམས་ཡིན་ཏེ། བླུན་པོའི་རྟགས་དགུ་ཚང་བའི་ཕྱིར།
མིན་འཇོམས་ཀྱིས་རྟགས་ཉི་མ་ཤར་ཤར་འདྲ་བཀོད་འདུག་
༸གིང་ས་བཅུ་གསུམ་པས་བོད་རང་བཙན་ཡོད་དུས་རང་བཙན་སྲུང་སྐྱོབ་དགོས་ལུགས་བཀའ་སློབ་ཅི་ཙམ་གནང་ཡང་མ་བྱུང་བ་རེད། ཐ་མར་བོད་ལ་ཆག་སྒོ་འབྱུང་བའི་ལུང་བསྟན་གནང་ནས་ཐུགས་ཕམ་ནས་གཤེགས་ཡོད།
༸གོང་ས་བཅུ་བཞི་བ་མཆོག་གིས་རང་བཙན་ཤོར་བའི་ཤི་མ་གསོན་གྱི་མི་རིགས་འདིར་ཐབས་མཁས་ཐུགས་རྗེས་བདག་སྐྱོང་གནང་བཞིན་ཡོད། ཡང་གཅིག་བཤད་ན་༸གོང་ས་བཅུ་གསུམ་པས་རང་བཙན་ཤོར་སོང། བཅུ་བཞི་པས་རང་སྐྱོང་ཆེན་པོ་ཞིག་རྩོད་བཞིན་ཡོད།
བསམ་བློ་གཏོང་ཤེས་ན་མཛད་འཕྲོ་སྐྱོང་ཚུལ་ཡང་དག་ཡིན་མིན་གསལ་བོ་རེད། སྐད་ཆ་གཞན་ཞིག་ནས་བཤད་ན་༸གོང་ས་བཅུ་གསུམ་པ་ཤར་ནུབ་གཉིས་ཀར་བྱོལ་ནས་བོད་དོན་བསྒྲུབས། ༸གོང་ས་བཅུ་བཞི་པ་འཛམ་གླིང་ཡོངས་ལ་ཕེབས་ནས་དོན་ཆེན་སྒྲུབ་ཀྱིན་མཆིས།
༸གོང་ས་བཅུ་བཞི་པའི་མཛད་འཕྲིན་འདི་བཅུ་གསུམ་པ་ལས་ལྡབ་འགྱུར་གྱིས་ཆེ་བ་ལས་ཆུང་བ་ཆགས་མེད། ཏཱ་ལའི་བླ་མའི་གཟི་བརྗིད་དང་མཚན་མཐོང་སོགས་སྔོན་མ་དག་ལས་འཕགས་པ་ལས་དམན་མེད།
ད་དུང་ཧ་ཅང་མང་ན་ཡང་གོ་བ་མེད་པ་ཚོར་བཤད་མ་བཤད་ཅང་མེད།
༸གོང་ས་བཅུ་སུམ་པས་རང་བཙན་འཆོར་གི་རེད། མ་འོངས་པར་མུ་མཐུད་རང་བཙན་རྩོད་དགོས། ཐོབ་གི་རེད་ཅེས་ལུང་བསྟན་གང་ན་གནང་འདུག
མཛད་འཕྲིན་འདི་ཆོས་སྲིད་ལུགས་གཉིས་དང་བཅས་པ་བོད་དང་འཛམ་གླིང་མི་དམངས་དང་བཅས་པའི་ཧ་ཅང་རླབས་ཆེན་དང་བླ་ན་མེད་པ་ཞིག་ཡིན་པ་ཤེས་པར་གྱིས། མཛད་འཕྲིན་གང་གི་ཆ་ནས་༸གོང་ས་བཅུ་གསུམ་པ་དང་འགྲན་གི་མི་འདུག བློ་གཟུ་བོར་གནས་ནས་སྐད་ཆ་རེ་ཤོད། པད་ལ་རྒྱལ་ལགས།
ཀརྨ་ཡེ་ཤེས་གིས་གསུངས་པ་བདེན་པ་རེད། པཎ་ཆེན་སྐུ་གོང་མ་དེ་ལའང་ཡང་སྲིད་ཁ་ཤས་བྱུུང་ནས་རྒྱ་ནག་གི་པཎ་ཆེན་དེ་དངོས་གནས་ཆགས་པ་རེད། ༧་གོང་ས་མཆོག་ཐེ་བའི་བོད་གཞུང་གི་པཎ་ཆེན་དེ་རང་བཞིན་ཤུགས་ཀྱི་ནུས་མེད་དུ་ཕྱིན་པ་རེད། བོད་གཞུང་གི་པཎ་ཆེན་སྐུ་གོང་མ་ངེས་འཛིན་བྱས་པ་དེ་འཚོ་ཞིང་བཞུག་ནའང་གོ་མེད་ཚར་ཞིག་རེད་འདུག རྒྱ་མཚན་ནོར་བུས་བོད་ལ་ཕན་ཐོག་གི་མ་རེད་ཟེར་ཐག་སུས་ཆོད།
ད་དེང་སང་ཁ་བརྡ་ནང་ལ་སྐྱུག་བྲོ་བའི་སྐད་ཆ་ཀྱང་ཀྱང་རེད། དྲ་བདག་གཉིད་ཁུག་སོང་བ་ཡིན་ནམ། དེ་མིན་ན་གཏང་འཛིན་ཞིག་ཡོད་དགོས་ཚོད་རེད།
རྒྱལ་མཚན་ནོར་བུ་པཎ་ཆེན་དངོས་ནས་ཆགས་པ་རེད་ཨེ། ཁྱོད་སྨྱོའམ། རིག་འཚོ་ཟིན་ཏམ།
ཧ་ཧ་ བོད་ལ་ཞེན་ནས་བཤད་བཏང་ལ། རྒྱལ་མཚན་ནོར་བུ་པཎ་ཆེན་མཆོག་གི་ཡང་སྲིད་རེད་ཟེར་ན་རྒྱ་དགའ། གོང་ས་མཆོག་ལ་མ་དད་ན་རྒྱ་དགའ། པཎ་ཆེན་མཆོག་ལ་དད་ན་རྒྱ་དགའ། དེང་སང་བོད་ཀྱི་གཤིས་ངན་ལ།རང་ཉིད་མི་དགའ་ས་དེ་རྒྱའི་གསང་མྱུལ་དང་དོལ་རྒྱལ་བསྟེན་མཁན་ཟེར་རྐྱང་བྱེད་ཀྱི་རེད། དེ་བཞིན་དྲ་གྲོགས་ཚོས་ལམ་སང་དེ་འདྲ་མི་གནང་བའི་རེ་བ་ཡོད། རྒྱལ་མཚན་ནོར་བུ་པཎ་ཆེན་མཆོག་གི་ཡང་སྲིད་རེད་ཟེར་བ་ཙམ་གྱིས་རྒྱ་དགའ་ཡིན་ན། ཇོ་བོ་ཤཀྱ་མུ་ནི་དྲུང་དུ་སེར་བུམ་དཀྲུགས་ནས་ངོ་འཛིན་བྱས་པ་ཡོངས་གྲགས་རེད། ཇོ་བོ་ཡང་རྒྱ་དགའ་རེད་མི་ཟེར་བའི་ངེས་པ་མེད། གོང་ས་མཆོག་དང་པཎ་ཆེན་རྣམ་གཉིས་འགལ་ཟླ་དེ་འདྲ་ཆགས་དགོས་དོན་གང་ཡིན་ནམ། རྒྱལམཚནནོར་བུ་ལ་གོང་ས་མཆོག་གིས་ཕྱག་རྟགས་ཅིག་གནང་ན་མ་འོང་བོད་ལ་རྙོག་གླེང་དེ་འདྲ་མི་ཡོང་བའི་སྔོན་འགོག་ཡག་ཤོས་རེད།
༸ གོང་ས་བཅུ་གསུམ་པས་རང་བཙན་ཤོར་ཡོད་ཀྱི་མ་རེད་པ། བོད་རང་བཙན་དེ་ནམ་ཤོར་ལོ་རྒྱུས་ཁ་གསལ་རེད། ༸གོང་ས་བཅུ་བཞི་པས་ཀྱང་རང་བཙན་ངའི་རིང་ལ་ཤོར་བ་རེད། འོན་ཀྱང་ངའི་རིང་ལ་ལོན་པར་འབད་བརྩོན་བྱེ་དརྒྱུ་ཡིན་སོགས་གསུངས་རབས་ཡིག་ངག་གཉིས་ན་མཐང་ཐོས་འདུག
ཆིངས་ཡིག་དོན་ཚན་བཅུ་བདུན་དེ་བོད་ཀྱི་རང་བཙན་བདག་དབང་གི་འགག་རྩ་ཞིག་ཡིན་ནམ་སྙམ། ༸གོང་ས་བཅུ་བཞི་པས་གཞུང་བཅན་བྱོལ་དུ་འབྱོར་ནས་མི་ལོ་བཅུ་ཕྲག་གསུམ་ཡས་མས་པ་རང་བཙན་འཐབ་རྩོད་གནང་སྟེ་རང་བཙན་སླར་གསོའམ་ཤོར་སོང་བ་དེ་ཕྱིར་འཐོབ་ཐབས་ལ་འབད་འབུངས་མང་དུ་གནང་འདུག་ག
བར་ཞིག་ནས་བློ་གསར་པ་ཞིག་གིས་བསྒྱུར་ཏེ་འགྱུར་སོང་བ་རེད།
ད་འདི་ནས་དེ་ཚོ་བརྩདད་ན་ཅི་ཡོང་གི་རེད། ལོ་རྒྱུས་དང་ཡིག་ཆར་གསལ་བ་ཚོར་བསམ་ཚུལ་འདྲ་མིན་བཤད་དེ་འཁྱོག་སྒྱུར་གཏོང་ས་མི་འདུག་སྙམ། ལོ་རྒྱུས་ནི་ལོ་རྒྱུས་རེད། དེ་དེ་ལྟར་དུ་བཞག་ནས་གཞན་ཞིག་བརྩད་ན་དེ་ག་རེད། གཞན་རང་བཙན་ཤོར་བ་དེ་བཅུ་པ་དང་བཅུ་བཞི་བ་རྣམ་གཉིས་ཀྱི་གཅིག་གཅིག་གི་དབུ་ལ་དཀྲི་མི་དགོས་ཏེ་གསལ་བོ་རེད་སྙམ།
གསེར་བུམ་དཀྲུགས་ངོས་འཛིན་ལུགས་ཡ་ང་ཡ་རེད། ར་ཁྱི་ཕག་གསུམ་ལ་གསེར་བུམ་དཀྲུགས་ན་གཅིག་ལ་བབས་ངེས་རེད།
དགེན་ལགས། ༼སྐད་ཆ་གཞན་ཞིག་ནས་བཤད་ན་༸གོང་ས་བཅུ་གསུམ་པ་ཤར་ནུབ་གཉིས་ཀར་བྱོལ་ནས་བོད་དོན་བསྒྲུབས། ༸གོང་ས་བཅུ་བཞི་པ་འཛམ་གླིང་ཡོངས་ལ་ཕེབས་ནས་དོན་ཆེན་སྒྲུབ་ཀྱིན་མཆིས།
༸གོང་ས་བཅུ་བཞི་པའི་མཛད་འཕྲིན་འདི་བཅུ་གསུམ་པ་ལས་ལྡབ་འགྱུར་གྱིས་ཆེ་བ་ལས་ཆུང་བ་ཆགས་མེད། ཏཱ་ལའི་བླ་མའི་གཟི་བརྗིད་དང་མཚན་མཐོང་སོགས་སྔོན་མ་དག་ལས་འཕགས་པ་ལས་དམན་མེད།
ད་དུང་ཧ་ཅང་མང་ན་ཡང་གོ་བ་མེད་པ་ཚོར་བཤད་མ་བཤད་ཅང་མེད།༽
ཞེས་པའི་ཚིག་དུམ་འདི་ཚོ་ཕན་ཐོག་པའི་སྐད་ཆ་ཞིག་རེད་དམ། ༸གོང་ས་སྐྱེས་ཕྲེང་རིམ་བྱོན་དང་ལྷག་པར་དུ་བཅུ་བཞི་པ་འདི་བ་ཚང་བཅུ་གསུམ་པའི་སྐྱེས་ཕྲེང་ངོ་མ་བོ་དེ་ཡིན་ན་གཅིག་གཅིག་ལ་འགྲན་འོས་མིན་དེ་བཤད་འོས་པ་རེད་དམ།
༥༡༽ རིན་ཆེན་ལགས།
པཎ་ཆེན་ཡང་སྲིད་འཁྲུལ་བྲལ་པཎ་ཆེན་བསྟན་འཛིན་དགེ་འདུན་མཆོག་གི་མཚན་ཐོས་མ་མྱོང་ངམ།
ཀ་རྡོ་ལགས། དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་མཆོག་གི་ཡང་སྲིད་འཁྲུལ་བྲལ་ཡིན་པ་བདེན་ནའང་། རྒྱལ་མཚན་ནོར་བུ་ཡང་པཎ་ཆེན་ཡང་སྲིད་ཡིན་མི་ཆོག་པའི་གཏན་ཚིགས་ལྷ་ཡིད་ཆེས་ཤིང་ འདྲེ་ཁོ་ཐག་ཆོད་པ་ཞིག་ཡོད་དམ།
གང་ཞིག་གིས་ཐོག་མ་ཉིད་ནས་བསྟན་དགེ་པཎ་ཆེན་ཡང་སྲིད་ཡིན་པ་མཁྱེན་བཞིན་དུ་ངོས་འཛིན་གནང་པ་གནང་པ་རེད། རྒྱལ་ནོར་གང་ཞིག་གིས་པཎ་ཆེན་ཡང་སྲིད་མིན་པ་ཤེས་བཞིན་བཞིན་དུ་སྲིད་དོན་གྱི་ལག་ཆར་བརྐོས་པ་དེ་དུས་ནམ་ཡང་བརྗེད་ཉེན་ལགས།
རྒྱ་གཞུང་པཎ་ཆེན་རྒྱལ་མཚན་ནོར་བུ་དང་། བོད་གཞུང་གི་ཀརྨ་པ་ཕྲིན་ལས་རྡོ་རྗེ་གཉིས་ཀ་ཡང་རྒྱུ་ནོར་དཔུང་གི་བཙན་ཤུགས་ལ་བརྟེན་ནས་མི་དམངས་མགོ་སྐོར་གཏོང་བ་ལ་ཁྱད་པར་ཅི་མི་འདུག ད་ཐེངས་རྒྱལ་མཚན་ནོར་བུའི་གསུངས་དེ་ཆོས་མཐུན་རང་བཞིན་ལྡན་པ་ཞིག་དུ་སྣང་ངོ་། ། མོས་མཐུན་ཡོད།
ཨ་ཁ། པདྨ། པདྨ་ཁ་སྡིག་མ་གསོག །
དྲི་བ་བཞི་ཡོད་
༡ བོད་ལ་ཀརྨ་པ་མཚན་དེ་སྙན་གྲགས་ཆེན་པོ་ཞིང་བྱུང་ཡིན་ན་རྒྱ་བ་རིན་པོ་ཆེན་མཚན་རྟོག་ཙམ་ཆུང་རི་འགྲོ་བ་གནོད་ཀྱི་རེད་དམ་?
༢ ཀརྨ་པ་ད་ལྟར་རྒྱུ་སྟོད་གྲ་ཚང་གཞུགས་པ་དེ་དགེ་ལུགས་པའི་དད་པ་ཆེ་གྲགས་ན་འདུག་པ་རེད་དམ་?
༣ ཀརྨ་པ་ཕྱི་རྒྱར་ཕར་ཚུལ་ཕེབས་ཆོག་པའི་ཆོག་མཆན་དེ་བོད་གཞུང་གིས་རྒྱ་གར་གཞུང་ལ་སྙན་ཞུ་རྒྱ་ནས་མ་གནང་རོགས་ ཞུས་པ་དེ་བདེན་པ་རེད་དམ་?
༤ ་པན་ཆེན་བླ་མ་དེ་བོད་ལ་བཞག་ཀརྨ་པ་དེ་སྙན་གྲགས་ཆེན་པོ་ཡོང་དུས་སྐྱབས་བཅོལ་ལ་ཁྲིད་་དེ་བོད་གཞུང་གིས་སྲིད་དོན་རེད་དམ་?
༥ རྒྱ་བ་རིན་པོ་ཆེན་ཀརྨ་པ་ངས་འཇུག་སྐྱོང་མཁན་གསུང་པ་རེད་ཁོང་དགོངས་པ་ཞུ་ཚང་བ་རེད་ཀརྨ་པ་གང་བྱེད་ནས་བོད་ཀྱི་རྒྱལ་པོ་མ་བཀོད་པ་རེད་? ང་ཚོ་བོད་ལ་ཆོས་ལུགས་རེ་ལ་་བླ་ཆེན་རེད་ཡོད་། ཡིན་ན་རྒྱ་བ་རིན་པོ་ཁོང་གིས་ཀརྨ་པ་དེ་ཁོང་གིས་སྐུ་ཚབ་དགེ་ལུགས་པའི་དབུ་ཁྲིད་སྐོས་རྒྱུ་ཡིན་ན་?
དེང་སང་བོད་ཀྱི་སྤྱི་ཚོགས་ནང་དུ་་་་་་དྲང་གཏམ་དང་བདེན་པ་རྩ་བ་ནས་འགྲོ་ས་ཡོ་མ་རེད། གཡོ་སྒྱུ་དང་ཧམ་བཤད་ནི་ཉིན་རེ་བཞིན་ཇེ་ཆེ་དང་ཇེ་དར་རེད།
བདེན་གི་བདེན་གི་ཧ་ཧ་ཧ་ཧ་ཧ་། ཁྱེད་ཀྱི་དྲང་གཏམ་དང་དྲང་བདེན་མང་པོ་བཤད་སོངས་ཡཱ།།
གྲྭ་པ་ཡིན་ན་ཆོས་ལུགས་པ་ཡིན་པའི་ཁྱབ་ཆོས་ལུགས་པ་ཡིན་ན་གྲྭ་པ་ཡིན་པའི་མ་ཁྱབ་བྷན་ལཱ་ཏུན་དང་སྲིད་འཛིན་ཟུར་པ་བྷུས་ཤུ་སོགས་ཆོས་ཅན།
རྒྱལ་དབང་ཀརྨ་པ་ནི་རྒྱལ་བ་རིན་པོ་ཆེས་རྨི་ལམ་རྨིས་ནས་ངོས་འཛིན་གཙང་མ་གནང་བར་གསལ་བོ་རེད། རྒྱལ་དབང་ཀརྨ་པ་སང་གི་པཎ་ཆེན་བླ་མ་བསྟེན་པ་ཀརྨ་པ་མཁྱེན་ནོ་ཞེས་པའི་འོད་སྡེར་ལ་ལྟོས་དང་། ཚོགས་དྲུག་ཤེས་པ་ལ་སྐྱོན་འདྲ་ཤོར་སོང་མེད་ན་ཀརྨ་ཡེ་ཤེས་བཤད་པ་བདེན་པ་ཡིན་གདའ། ཁྲེལ་མེད་ཚོས་བླ་མ་བསྟེན་ཚར་ཀྱང་སྤངས་པ་དག་ནི་རྡོ་རྗེ་དམྱལ་བའི་རྒྱུ་མ་ཡིན་ནམ། ད་མི་བཤད་་་་
ཀརྨ་པ་ནི་སྔོན་ནས་བོད་ཀྱིས་རྒྱལ་པོ་ཡིན་ལ་ད་ལྟར་འང་དགུང་ལོ་ཆུང་ལ་ཡོན་ཏན་དང་མཇོན་ཐང་སོགས་གང་ཐད་ནས་ཡག་པོ་འདུག གོང་ས་མཆོག་གིས་ད་ལྟ་བར་དུ་བོད་ལ་ཞབས་ཞུ་ལོ་མང་རིང་ཞུས་པ་རེད་་་བོད་རྒྱ་གཉིས་ཀྱི་འབྲས་བུ་གང་ཡང་བྱུང་ཡོད་མ་རེད། ད་ལྟའི་དུས་འདིར་རྒྱལ་དབང་ཀརྨ་པ་ལ་གོ་སྐབས་ཞིག་རག་ན་ཡག་པོ་རེད་བོད་རྒྱ་གཉིས་ཀྱི་གནས་སྟངས་དེར་འགྱུར་བ་འགྲོ་ཐུབ་ཀྱི་རེད།
ཨ་རྡུ་མན་ལགས། དེང་སང་བོད་པའི་སྤྱི་ཚོགས་ནང་མི་ཚང་མ་དེ་འདྲ་རང་དུ་ཡིན་རྒྱུ་མ་རེད། ཁྱོད་རང་ཏོག་ཙམ་ཐལ་དྲག་པ་མ་རེད་པས། སྤྱི་ཚོགས་འདི་ནང་ལྷག་བསམ་ཅན་གྱིས་ཕྱུག་པའི་མི་མང་པོས་མ་སྐུལ་དང་དུ་བླང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་ཉམ་པ་སླར་གསོ་དང་མི་ཉམ་རྒྱུན་འཛིན་གནང་དང་གནང་བཞིན་པ་རེད། དེ་འདྲའི་རིགས་མི་འགའ་ཞིག་ཡོད་རེད། གང་ཡིན་ཟེར་ན། མི་འགའ་ཞིག་གིས་བླ་མ་མིན་ན་ཡིན་མདོག་དང་། གྲྭ་བ་མིན་ན་ཡིན་མདོག་གིས་ལུས་ལ་གྲྭ་ཆས་གྱོན་ཏེ་ནག་ཚོང་རྒྱབ་པ་དང་། ཆང་ཐུང་བ། བུད་མེད་དང་ལྷུན་གཅིག་ཏུ་ཉལ་བ་སོགས་སྤྱོད་ངན་སྣ་ཚོགས་ཀྱི་རྐྱེན་པས་སྤྱི་ཚོགས་འདི་ནང་བླ་མ་དང་གྲྭ་བ་སོགས་ལ་ཐོང་ཆུང་རུ་འགྲོ་སྟེ་སྐྱོན་བརྗོད་བྱེད་མཁན་ཧ་ཅང་མང་པོ་རེད། ནང་ཆོས་ལའང་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་རེད། དེ་ནི་བླ་རྫུན་དང་གྲྭ་རྫུན་འགའ་ཞིག་གིས་བཞག་པའི་བག་ཆགས་ངན་པ་ལས་བྱུང་བ་རེད།
ཀརྨ་པ་གཉིས་་་་་་པན་ཆེན་བླ་མ་གཉིས་་་་་སྐྱབས་རྗེ་བདུད་འཇོམས་གཉིས། དེ་ཚང་མ་ཡོང་ས་གཅིག་ནས་ཡོང་བ་རེད། བོད་ལ་ཆོས་ལུགས་རེ་ལ་བླ་ཆེན་རེ་ཡོད་རེད་་་་སོ་སོའི་བདག་པོ་སོ་སོས་བརྒྱབ་ནས་མི་གཞན་ལ་ཇུས་གཏོགས་མ་བྱས་ན་ཡག་ཤོས་རེད་གནས་ཚུལ་འདི་འདྲ་ཡོང་དོན་མེད། བཀའ་བརྒྱུད་རྙོག་དྲ་བཀའ་བརྒྱུད་ནང་ཁུལ་རེད་སུ་གང་ལ་བདེན་རྫུན་གྱི་དབྱེ་བ་འབྱེད་པ་ལ་ཐོབ་ཐང་ཡོད་མ་རེད་ལ། དགེ་ལུགས་པན་ཆེན་ཡང་དེ་དང་གཅིག་མཚུངས་རེད། རྙིང་མ་བདུད་འཇོམས་ཡང་སྲིད་གཅིག་པ་རེད། སོ་སོའི་བདག་པོ་སོ་སོས་བརྒྱབ་གཞན་ལ་ཇུས་གཏོགས་མ་བྱས་ན་གནས་ཚུལ་འདི་རིགས་ཡོང་དོན་མེད། བླ་མའི་རྙོག་དྲ་དེ་བོད་ཀྱིས་ཆབ་སྲིད་ལ་བསྲེས་ནས་བླ་མ་རྣམས་ལ་ཁ་བཏང་། སྡིག་ཆེན་བསགས། རང་གཞན་གཉིས་ཀ་དམྱལ་བ་ལ་བཏང་་་་་་་
མེ་ཏོག་དཀར་པོའི་སྐད་ཆ་ལ་བདེན་པ་འདུག་་བསམ་བློ་ཡག་པོ་བཏང་ན་དངོས་གནས་རེད་
ཨ་ཁུ་གནས་ཚུལ་མ་མཁྱེན་ཐུགས་ཁ་མེད། རྒྱལ་མཚན་ནོར་བུ་ངོ་འཛིན་བྱས་རྗེས་གློ་བུར་གསང་བའི་འཐུས་མི་གཏོང་ནས་རྡ་ས་གོང་ས་མཆོག་ལ་སྙན་ཞུ་ཕུལ། ཡ་ལན་མ་སྤྲོད་པར་སྒུག་རིང་གསང་བའི་ཐོག་བསྟན་དགེ་འཕྲལ་དུ་ངོ་འཛིན་བྱས། རྒྱ་གར་དུ་གདན་འདྲེན་ཞུ་རྒྱུ་ཐག་ཆོད་རུང་གསང་བ་ཕྱི་ལ་བསྒྲགས་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་གནས་ཚུལ་མ་ཐོས་སམ། འདི་ཙམ་ལས་སྤྲོས་མི་དགོས་པ་མཁྱེན་ན་ལེགས་ཤོས་རེད།།
༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་ཞལ་ཆེམས་དང་གཅིག ༧གོང་ས་༧སྐྱབས་མགོན་ཆེན་པོས་རིམ་པར་བརྟག་པ་བགྱིས་པའི་འབྲས་བུ་དང་གཉིས། བོད་འབངས་བརྒྱ་ཆ་དགུ་བཅུ་གོ་དགུས་འདའ་ཁའི་ཞལ་ཆེམས་དང་༧གོང་ས་མཆོག་གི་ངོས་འཛིན་གནང་བ་དེར་ཡིད་ཆེས་ཡོད་པ་བཅས་ཀྱིས་༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་བོད་འབངས་བརྒྱ་ཆ་གོ་དགུའི་སེམས་ནང་འགྱུར་མེད་གནས། སྲིད་དོན་དབང་གིས་རྒྱལ་མཚན་ནོར་བུ་རྒྱ་གུང་ཁྲན་ནས་པན་ཆེན་ཡང་སྲིད་ངོས་འཛིན་བྱས་པས་ང་ཚོས་རྒྱལ་མཚན་ནོར་བུར་འཁང་ར་བྱས་ན་ཅི་ཕན། ཆོས་མེད་རྒྱ་མི་གུང་ཁྲན་གྱིས་མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིང་གི་ཡང་སྲིད་ངོས་འཛིན་མ་བྱས་པར་བོད་ཀྱི་སྲོལ་རྒྱུན་ལ་ཇུས་གཏོགས་བྱེད་དགོས་དོན་ཅི། རྒྱ་མིས་བཤད་པར་རྒྱབ་སྐྱོར་བྱེད་མཁན་ཀླད་མེད་དེ་དག་ཀྱང་དངུལ་ལོར་གཅིག་པུའི་ཆེད་དུ་ཡིན་པ་ལས་བསྟན་པའི་དོན་དུ་མ་ཡིན་པར་ངེས།
བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་ལམ་ལུགས་༧གོང་ས་མཆོག་གང་ཉིད་ནས་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་དང་སྦྲེལ་ནས་མཇུག་བསྡུས་པ་དང་གཅིག
ཀརྨ་པ་བཅུ་དྲུག་པའི་ཡང་སྲིད་བཞི་ཙམ་ཡོད་པས་སྤྱི་མོས་ཀྱིས་གོང་མའི་ཡང་སྲིད་འདི་ཡིན་ཞེས་པ་ངེས་གཏན་མེད་པ་དང་གཉིས།
སི་ཏུའི་ཀརྨ་ལ་བོད་རྒྱ་ཆེའི་མི་མང་ཕར་བཞག་བཀའ་བརྒྱུད་ནང་ཁུལ་ནས་རྩིས་མི་རྩིས་ཀྱི་སྡེ་ཚན་གཉིས་ཡོད་པ་དང་གསུམ།
འབྲི་གུང་ཆེ་ཆུང་། འབྲུག་ཆེན་སོགས་བཀའ་བརྒྱུད་པའི་བླ་མ་ང་ཡིན་ཁོ་ཡིན་ཟེར་མཁན་དེ་ཚོའི་ནང་སི་ཀར། ཞ་ཀར། ཤར་ཀར་རྣམ་པ་བྱིས་པ་ཙམ་དུ་མངོན་པ་དང་བཞི།
སི་ཀར་གྱིས་བཅུ་དྲུག་པའི་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཀུན་བཅོས་སླད་ཚད་མེད་བྱས་པ་དང་། རྡོར་གདན་དུ་ཕྲུ་གུའི་ཨ་ཕ་དེ་འདྲ་སྐྲ་བྲེག་ནས་ཉིན་བཅུའི་དགེ་སློང་བཟོས་པ། གཡས་གཡོན་ཕྱག་འཚལ་མཁན་ཚོར་དབང་ཤེད་ཀྱིས་ཕྱིར་དེད་བཏང་བ་སོགས་ཀྱིས་དད་ལྡན་པའི་སེམས་ཁམས་ལ་རྨ་བཟོས་པ་དང་ལྔ།
སྐབས་རེ་རྒྱལ་སྤ྄ིའི་གནས་སྟངས་ཤེས་མདོག་དང་སྐབས་རེ་དངུལ་ཉར་སྟངས་ཀྱང་མ་ཤེས་པའི་རྣམ་པས་གཟུར་གནས་རྣམས་རྨོངས་པར་བྱེད་པ་དང་དྲུག
གལ་ཆེ་ཤོས་དེ་བོད་རྒྱ་ཆེའི་མི་མང་གིས་༧གོང་ས་མཆོག་གི་སྐུ་ཚབ་ཟེར་ན་གང་ཟེར་ན་འང་སྲིད་སྐྱོང་དེ་བོད་ཀྱི་དབུ་ཁྲིད་དང་ཆོས་ཀྱི་དབུ་ཁྲིད་དེ་ཆོས་བརྒྱུད་སོ་སོའི་དབུ་བླས་ལོ་བཅད་ཀྱིས་རེས་མོས་ཀྱིས་གནང་རྒྱུར་འདོད་བབ་ལས་༧གོང་ས་མཆོག་ཡར་ཕུད་པས་བོད་ཀྱི་ཆོས་ཀྱིས་དབུ་ཁྲིད་རྒྱལ་པོའི་ལམ་ལུགས་ལྟ་བུ་འདོད་མོས་གཏན་ནས་མེད་པ་དང་བདུན་གྱིས་སིཏུའི་ཀརྨ། ཞ་དམར་ཀརྨ། ཤར་པ་ཀརྨ་བཅས་སུས་ཀྱང་༧གོང་ས་མཆོག་གི་སྐུ་ཚབ་ཟེར་བ་དེ་འདྲ་ཡོངས་རྒྱུ་མེད་པ་ཐག་ཆོད་ཟིན་པས། ཁྱོད་གསུམ་གཉིད་ལམ་སྐྱིད་པོ་གཏོང་ན་ལས་དངོས་སུ་དེ་ལྟར་ཡོངས་ཐབས་མེད།
མུན་འཇོམས་ལགས་་་་ཧ་མ་གོ་ན་ཧམ་པ་མ་གསུང་རོགས་ཞུ་
ཀརྨ་པ་གོང་མའི་འདའ་ཁ་ཞལ་ཆེན་དེ་སྐོར་ལ་ཁྱེད་ཀྱིས་གང་འདྲ་བྱེད་ནས་
བདེན་པ་ངོས་འཛིན་པ་ཡིན་། ལས་ངན་ཁྱེད་འདྲ་པོ་གིས་བཀའ་རྒྱུད་སྙོག་དྲ་མེ་ལ་ཕུར་
རྒྱབ་མཁན་ཁྱེད་འདྲ་པོ་མི་ཅིག་ཡོད་ན་མང་ཚད་རེད་།
ཁྱེད་ཀྱིས་འདའ་ཁ་ཞལ་ཆེན་དེ་གང་འདྲ་བྱེད་ནས་བདེན་འཛིན་པ་ཡིན་
་་བོད་ཀྱིས་སྐྱི་ཚོགས་ནང་ལ་ཧ་མ་གོ་ན་ཧམ་པ་མ་བཤད་རོགས་ཞུ། ལས་ངན་ཁྱེད་བསྟན་པའི་དགྲ་བོ་ཁྱེད་
ངའི་གདོང་ལ་དངོས་སུ་ཐུག་ན་ཚེ་འདི་ནས་ཕྱི་མའི་མངའ་ལམ་དུ་གཏང་གཞག་་སྤྱིར་སངས་རྒྱས
བསྟན་པ་དང་དགོས་ཀརྨ་བཀའ་རྒྱུད་གིས་ཆེད་དུ་།
གདོང་དམར་གྱི་གངས་་ཕྲུག་ལགས། ངས་བོད་མི་ཚང་མ་དེ་འདྲ་རེད་ལབ་རྒྱུ་མ་བྱུང་་་་་་དེ་འདྲ་དར་སྲོལ་ཆེན་པོ་འདུག་སེ་ཞུ་ཡི་ཡིན།
ཁྱེད་རང་ནས་དགོང་པ་བཞེས་དང་་་་་དེང་གི་བོད་སྤྱི་ཚོགས་ནང་དུ་དྲང་བདེན་འགྲོ་ས་འདུག་པས་་་་་
ད་དུང་ང་རང་ཧམ་སང་ཡག་ཞིག་ནི་་་
ཉེ་ཆར་རྩོམ་པ་པོ་་་་་ཀླུ་མཁར་བྱམས་ནས་་་གཏམ་བཤད་བྱས་དུས་་་་མི་ཞིག་གིས་ཡར་ལངས་ནས་དྲི་བ་ཞིག་བཏང་སོང་་་
དེ་ནི་དེ་སྔར་་་་་ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་༧ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པའི་་སྐུ་འཕྲེང་བཅུ་པ་ཆེན་པོ་མཆོག་
བལ་ཡུལ་དུ་ཆིབས་སྒྱུར་བསྐྱངས་སྐབས་་་་་རྒྱལ་བ་རིན་པོ་ཆེ་ནས་་་བཀའ་ཤག་ཁག་གཅིག་བལ་ཡུལ་དུ་་་་པཎ་ཆེན་མཆོག་ལ་ངོ་རྒོལ་བྱེད་སར་བཏང་པ་རེད། དེ་ཡང་ངོ་རྒོལ་བྱེད་སྟངས་ནི་དར་ནགཔོ་འཕྱར་བ་སོགས་ཀྱིས་ངོ་རྒོལ་བྱེད་པའི་སྐོར་དེ་གསལ་པོ་ཞིག་བཤད་སོང་། དེ་ཚོ་ག་རེ་ཡིན་མིན་དང་་་་་ཁོང་ལ་སྐད་ཆ་བཤད་མཁན་དེ་སུ་ཡིན་མིན་སྐོར་དྲིས་སོང་། དེ་ནས་ཀླུ་མཁར་བྱམས་ནས།
དེ་ནི་་་་ད་རེས་ངས་ཁྱེད་རང་ལ་ལབ་ཀྱི་མ་རེད་་་་དེ་ང་རང་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་མི་སྣ་དེ་སྲུང་སྐྱོབ་བྱེད་ཡག་་་་་་
ངའི་ལས་འགན་རེད། འོན་ཀྱང་ཁྱེད་རང་ཚོ་སུ་ཡིན་ནའང་ཁྲིམས་ཁང་ནང་དུ་ཕེབས་ཤོག་སྐབས་དེ་དུས་ངས་གསལ་པོ་གསལ་རྐྱང་བཤད་ཀྱི་ཡིན་་་་ད་བར་ཁྲིམས་ཐོག་ལ་ཡོང་ཡག་སྒུགས་ནས་སྡོད་ཡོད་ལབ་སོང་་་་་དེ་ག་རེ་ཡིན་ནམ་་་་་དངོས་གནས་གོང་ས་མཆོག་གིས་དེ་འདྲ་གནང་ཨེ་ཡོད། གལ་ཏེ་གནང་མེད་ན་་་་་ཁྲིམས་་ཁང་ནང་དུ་གསལ་པོ་ཞིག་ངེས་པར་དུ་བཟོ་དགོས་ངེས་རེད། དེ་མིན་གོང་ས་མཆོག་གི་མཚན་སྙན་ལ་ཞེ་དྲག་གནོད་ས་རེད་་་་་་དེའི་སྐོར་གསལ་བྱེད་གནང་མཁན་འདྲ་ཡོད་ན་ཕན་ཐོགས་ཆེན་པོ་ཡོད་ས་རེད།།
དྲི་བ་བཞི་ཡོད་
༡ བོད་ལ་ཀརྨ་པ་མཚན་དེ་སྙན་གྲགས་ཆེན་པོ་ཞིང་བྱུང་ཡིན་ན་རྒྱ་བ་རིན་པོ་ཆེན་མཚན་རྟོག་ཙམ་ཆུང་རི་འགྲོ་བ་གནོད་ཀྱི་རེད་དམ་?
༢ ཀརྨ་པ་ད་ལྟར་རྒྱུ་སྟོད་གྲ་ཚང་གཞུགས་པ་དེ་དགེ་ལུགས་པའི་དད་པ་ཆེ་གྲགས་ན་འདུག་པ་རེད་དམ་?
༣ ཀརྨ་པ་ཕྱི་རྒྱར་ཕར་ཚུལ་ཕེབས་ཆོག་པའི་ཆོག་མཆན་དེ་བོད་གཞུང་གིས་རྒྱ་གར་གཞུང་ལ་སྙན་ཞུ་རྒྱ་ནས་མ་གནང་རོགས་ ཞུས་པ་དེ་བདེན་པ་རེད་དམ་?
༤ ་པན་ཆེན་བླ་མ་དེ་བོད་ལ་བཞག་ཀརྨ་པ་དེ་སྙན་གྲགས་ཆེན་པོ་ཡོང་དུས་སྐྱབས་བཅོལ་ལ་ཁྲིད་་དེ་བོད་གཞུང་གིས་སྲིད་དོན་རེད་དམ་?
༥ རྒྱ་བ་རིན་པོ་ཆེན་ཀརྨ་པ་ངས་འཇུག་སྐྱོང་མཁན་གསུང་པ་རེད་ཁོང་དགོངས་པ་ཞུ་ཚང་བ་རེད་ཀརྨ་པ་གང་བྱེད་ནས་བོད་ཀྱི་རྒྱལ་པོ་མ་བཀོད་པ་རེད་? ང་ཚོ་བོད་ལ་ཆོས་ལུགས་རེ་ལ་་བླ་ཆེན་རེད་ཡོད་། ཡིན་ན་རྒྱ་བ་རིན་པོ་ཁོང་གིས་ཀརྨ་པ་དེ་ཁོང་གིས་སྐུ་ཚབ་དགེ་ལུགས་པའི་དབུ་ཁྲིད་སྐོས་རྒྱུ་ཡིན་ནམ?
སྐད་ཆ་དྲང་པོ་ཤོད་ན་གོང་ས་མཆོག་བོད་ལ་ཕེབས་རྒྱུར་བརྩོན་བཞིན་ཡོད། ནམ་ཞིག་བོད་ལ་འཕེབས་ཐུབ་པའི་ཉིན་མོ་དེ་ནས་རྒྱལ་མཚན་ནོར་བུ་པཎ་ཆེན་མཆོག་གི་ཡང་སྲིད་ཆགས་རྒྱུ་ཐེ་མི་ཚོམ། རྩོད་པ་རྒཱག་དགོས་དོན་མི་འདུག རྗེས་སུ་ལྟད་མོ་མཐོང་ཡོང་།།
མཁས་དབང་མེ་ཏོག་དཀར་པོ་ཤིན་ཏུ་རྨད། ཨེ། མུན་འཇོ་ལ། ཧ ཧ ཧུན། སི་ཏུའི་ཀརྨ་པ་ཁོ་ན་བདེན་པ་ཡིན་ལབ་པའི་བོད་ཀྱི་སྤྱི་ཚོགས་ཤིག་ཡོད་ན། དེ་དོན་དངོས་བཤད་ན་སི་ཏུའི་སྐྱག་རྫུན་ལ་མགོ་འཁོར་ནས་བྱི་སྟུག་ཚ་བོ་ཟ་ཆོག་པའི་ལམ་འགྲོ་སློང་བ་རེད། ཧ ཧ ཧ
རིན་ཆེན་གིས་ནི་རྒྱལ་མཚན་ནོར་བུ་པཎ་ཆེན་རེ་ནས་བོད་ནང་བོད་པ་ཕོངས་བར་འགྱུར། །
ཀརྨས་ཀརྨ་པ་དེ་སྲིད་ཀྱི་དབུ་འཁྲིད་རེ་ནས་ཕྱིར་སྡོད་བོད་མི་ཕོངས་བར་འགྱུར། །
ཀརྨ་ཡེ་ཤེས་ལགས་ཡང་འདིར་ཕེབས་ནས་དཀྲུག་དཀྲུག་ཡག་པོ་ཞིག་གཏང་ནོ་ཐག་ཆོད་རེད། མཆན་རེ་འགའ་ལ་ཀརྨ་པ་མཆོག་བོད་ཀྱི་རྒྱལ་པོ་བཀོད་དགོས་ཀྱི་འདུག་ཟེར་ད་ཡང་སུ་ཏུའི་ཀརྨ་པ་ལ་ག་རེ་གསུང་གིས་འདུག ༸གོངས་མཆོག་ལ་མཚན་ལྟས་སུ་སུ་ཏུའི་ཀརྨ་པ་ཨོ་རྒྱན་འཕྲིན་ལས་ལས་གཞན་དབྱེན་དཀྲུག་པ་ཀརྨ་ཡེ་ཤེས་ཁྱོད་རང་བྱུང་རེད་དམ་་་འ་ཁོ་རེ། ཆོས་ལུགས་དབྱེན་དཀྲུག་དང་བན་བོན་དབྱེན་དཀྲུག་བྱེད་བྱེད་ནས་ད་ཡང་བཀའ་རྒྱུད་པ་ལ་དཀྲུག་གི་འདུག་་་་་ཨ་་ཁཱ་ཁཱ ཆོལ་ཁ་མཐུན་སྒྲིལ་དང་ཆོས་ལུགས་མཐུན་སྒྲིལ་སོགས་ཀརྨ་ཡེ་ཤེས་ཀྱི་མཐོང་མ་མྱོང་གོ་ཡང་མ་མྱོང་བ་འདྲ།ནུབ་ལ་བསྡད་ནས་དངོས་གནས་ནུབ་འདུག་ཡཱ།
རྒྱལ་མཚན་ནོར་བུ་རྒྱལ་བར་ཤོག བོད་མི་ཡིན་པ་གཅིག་པ་ཡིན།
པཎ་ཆེན་ངོ་རྫུན་གང་ཡིན་ཡང་། བོད་ཀྱི་རྒྱལ་མཚན་ཁྱོད་རང་ཡིན།
དབི་ནས་དབུ་ལམ་མ་རག་ན། ཁྱོད་ཀྱི་རྗེས་སུ་མི་འགྲོ་ཅི།
ཁོ་རེ་སྐལ་བཟང་།
རལ་གྲི་གནམ་གཡུགས་མ་བྱེད། གནམ་ལ་རྡོག་རྒྱག་ཞུས་ན་ལྟག་ཁུང་བརྡབ་རྒྱུ་ལས་མེད། ཧ་ཧ་ཧོ་ཧོ། གཉིད་ལམ་མ་གཏོང་། འདའ་ཁའི་ཞལ་ཆེམས་ཀྱི་གནས་ཚུལ་ཤེས་འདོད་ན་༧རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་དྲུང་ཡིག་རིན་ཆེན་དཔལ་བཟང་ལགས་ཀྱི་བརྩམས་པའི་མཚུར་ཕུའི་དཀར་ཆག་ལ་ལྟོས།
ད་གང་ཤེས། བོད་པ་འདི་གཏད་སོ་གང་མེད་པ་ཞིག་ཏུ་འགྱུར་ངེས་རེད། རང་ས་བཟུང་སྟེ། རང་གི་ཆོས་ལུགས་དང་། སྲོལ་རྒྱུན་བཟུང་ཐུབ་ན་ལམ་ཁ་དང་པོ་དེ་རེད། དེ་ཡང་མི་འདུག གཞན་རྗེས་ཆ་ཚང་བ་འཇུག་ཐུབ་ན་དེ་ཡང་ལམ་ཁ་གཉིས་པ་རེད། དེ་ཡང་ཕྱི་སོང་། །དེང་སང་གི་བོད་པ་དག་སྨྱོན་པའི་མགོ་ལ་རྡོས་གཞུས་པ་དང་གཅིག་པ་ཞིག་ཏུ་གྱུར་འདུག ཨ་ཁ།
མུ་འཇོམས་ལགས་་་་་་་ལས་ངན་ཁྱེད་ཀྱིས་ཡང་ན་བོད་ཡིག་མི་ཤེས་མཁན་ཡིན་པ་འདྲ་་.
ཡང་ན་སྐུགས་པ་གླེད་མེད་ཨུ་ཚུགས་རང་འདོད་ཅན་ཡིན་པ་རེད་་
ཡང་ན་མི་གཞན་ཁ་ལ་ཅིག་པོ་ལྟ་ནས་རང་གིས་ཅི་གང་ཧ་མི་གོ་ཧམ་པ་ཅིག་ཡིན་ས་རེད་་་
ག་སྲིད་དེ་འདྲ་ཞིང་མིན་ན་. ཁྱེད་ཀྱིས་ཏ་ཡི་སུ་ཏུས་ལག་ཏུ་འདའ་ཁ་ཞལ་ཆེན་དེ་མཐོང་མེད་པ་འདྲ་
ཁྱེད་རང་གིས་སུ་ཏི་རིན་པོ་ཆེན་དད་པ་བྱེད་ན་ཀརྨ་པ་ལ་ངོས་ལེན་བྱེད་ན་འགྲིག་པ་འདུག་་་
་ག་སྲིད་འདའ་ཁ་ཞལ་ཆེན་ལ་ཡིད་ཆེས་ནས་ཀརྨ་པ་ཡིད་ཆོས་བྱེད་ན་་ཁྱེད་རང་ལྐུག་པ་རང་རེད་། 100%ཁྱེད་ནོར་བ་རེད་།
རྗེས་སུ་ཧ་མ་གོ་ན་ཨུ་ཚུགས་མ་བྱེད་། མགོ་མ་མཐོང་གོང་ནས་གདང་དཀར་པོ་རེད་མ་ལབ་།
སུ་ཏུ་རིན་པོ་ཆེན་ཁོང་གིས་འདའ་ཁ་ཞལ་ཆེན་དེ་བརྫུན་མ་ཡིན་གསུང་ཚར་བ་རེད་ ཁྱེད་ད་ལྟར་
བར་དུ་ག་པ་གཉིད་ཁུག་ནས་སྡོད་པ་ཡིན་་་གཉིད་མ་ཁུག་ཡར་ལོང་ནས་རང་ཚད་བཟུང་ན་ལེགས
ཀརྨ་ཡེ་ཤེས་ཟེར་བ་འདི་རང་ལུགས་གཏད་ས་མེད་པའི་རི་རྩེའི་དར་ཅོག་དང་གཅིག་པ་རེད་འདུག ཚང་མར་རྙོག་ཟིང་བཟོ་མཁན་ཆམ་རོ་རེད། ད་དུང་དེའི་སྒང་ལ་སྐལ་བཟང་སྣོན། འདི་ཚོ་ནང་ཁུལ་དཀྲུག་མཁན་གཏེ་རེད་འདུག སུ་ལ་ཡིན་ནའི་ཁ་གཏོང་དགོས་ཡས་རྒྱུ་མཚན་མེད། སོ་སོ་ག་པར་དད་པ་ཡོད་ནའི་དེར་དད་པ་བྱེད་རྒྱུ་རེད་མ་གཏོགས། གཞན་གྱི་མ་འགྲིག་པ་དང་། སྤྱི་ཚོགས་དཀྲུགས་ཀྱིན་བསྡད་ན་ཕན་ཐོགས་དེ་ཙམ་མེད། སོ་སོའི་སྒྲོལ་མ་སོ་སོས་སྐྱོར་ན་ལེགས།
ད་བྱས་དུས་་་་་སོ་སོའི་བླ་མ་དེ་སོ་སོས་བསྟེན་་་་སོ་སོའི་ཡིད་དམ་དང་སྲུང་མ་དེ་སོ་སོའི་་་་་བསྟེན་པ་ལས་་་་མི་གཞན་གྱི་བླ་མ་དང་ཡིད་དམ་སྲུང་མ་བཅས་ལ་ཇུས་མིན་ཇུས་ཏོག་རྐྱང་རྐྱང་བྱས་ན་ཕན་འདོགས་མེད་པ་དེ་གཞི་ནས་ཧ་གོ་སོང་ངམ། ༡༧༧༦ ནས་བཟུང་ད་བར་་ཆོལ་ཁ་ཆོས་ལུགས་ཡོངས་ཀྱིས་མཉམ་རུབ་བྱས་ནས་་ཤུགས་ལྡན་པ་ཚོ་བོད་པ་ཚང་གི་དགྲ་བོ་ངོ་མ་ཞིག་ལ་རྩིས་ནས་
ཁོང་་ཚོར་མནར་གཅོད་དང་སྡུག་པོ་ཚད་ལས་བརྒལ་བ་ཞིག་བཏང་པ་དེ་་་་་་གཞན་ས་ལ་རང་ཉིད་ཐེངས་གཅིག་འཇོག་ན་ཧ་གོ་ཡི་འདུག་པ། མ་ཟད་གནས་དོན་དེས་རྐྱེན་གྱིས་བོད་པའི་་སྤྱི་ཚོགས་ལ་ཕན་གནོད་ག་རེ་བྱུང་ཡོད་མེད་ནི་་་་་ལྐུགས་པ་དང་འོན་པ་ཞིག་མིན་ན་ཤེས་དགོས་ངེས་རེད། །ང་རང་ཡིན་ནའང་དངོས་གནས་ཤུགས་ལྡན་པ་ཚོར་སྙིང་རྗེ་ཡི་འདུག་་་་་ཉེས་མེད་ཉེས་སྐྱོན་རང་རེད་་་ཨ་ཁ་ཁ་་་་བོད་པ་ཚང་གི་བྱེད་སྟངས་དེ་སྐྱོ་བ་ལ། ང་ཡི་རེ་བར་་་་ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་གྱི་རྙོག་དྲ་དེ་ཡོངས་སུ་དོར་ནས་བོད་་པ་ཡོངས་རྫོགས་གཅིག་ཏུ་སྒྲིལ་ཏེ་བྱ་བ་ཞིག་བརྩོམ་ན་མི་འགྲུབ་པ་ཡོད་མ་རེད་དྲན་གྱིན་འདུག །དེ་མིན་ཆོས་ལུགས་ཀྱི་དཀའ་རྙོག་དེ་རང་སར་བཞག་ན་བོད་མི་ཚོ་མཐུན་སྒྲིལ་ནི་ནམ་ཡང་ཡོང་ཐབས་མེད་དོ།།
ཀརྨ་ཡེ་ཤེས་ཟེར་བ་འདི་མིང་རྫུན་ཞིག་རེད་འདུག་། བཀའ་རྒྱུད་ཡིན་འདོག་འདོག་། ཁོས་དམིག་ཡུལ་ནུ་། ཡར་དཀྲུག་མར་དཀྲུག་བྱེད་ཡ་དེ་རེད་། སྤྱི་བཏང་འདིའི་ནང་དུ་་དྲ་འབུ་མང་པོ་ཞིག་གིས་།མིང་རྫུན་དང་པར་རྫུན་བྱས་ནས་།་་་ཆོས་ལུགས་ཕན་ཚུལ་ལ་དཀྲུག་ཤིང་ཀྱིས་དམིག་ཡུལ་རེད་འདུག་། ཁོ་ཚོའི་རྒྱབ་ལ་ཀྲོའི་ཝེ་ཆོན་ལྟར་བུ་འདྲེ་རྒྱ་མང་པོ་ཞིག་ཡོད་ས་རེད་༑རྒྱ་ནག་ལ་དགོས་ཡ་གིས་མི་ངོ་མ་དེ་་དྲ་འབུ་འདི་ཚོ་རེད་།དྲ་གྲོགས་ཚོ་གཟབ་གཟབ་བྱོས་།ང་ཚོ་བོད་མི་རིགས་འདི་འདྲ་བའི་ཤི་མ་གསོན་ཞིག་སྐབས་སུ་།ང་ཚོའི་ཁྱེད་ཚང་བླ་མ་ང་ཚོའི་བླ་མ་ཞིག་མ་བརྩོད་རོག་ཞུ་།ལྷག་བསམ་ཅན་ཀྱི་རྫ་ཚེ་རིང་བཀྲ་ཤིས་ལྟར་བུ་། ཁོང་གིས་མིང་ཐད་ཀ་བསྐོད་འདུག་།
ཇོ་བོ་ཤཀྱ་མུ་ནིའི་སྐུ་མདུན་དུ་གསེར་བུམ་དཀྲུགས་པར་ཧ་ལས་རྒྱུ་གང་ཡང་ཡོད་པ་མ་རེད
གསེར་བུམ་དཀྲུགས་དགོས་པའི་ལམ་ལུག་དེ་ཆིང་གོང་མས་བོད་ལ་ཆབ་སྲིད་འཁྲབ་པ་ཞིག་རེད་
དེ་དེང་སང་ཆོས་མེད་ཀླ་གློ་རྣམས་ཀྱི་བེད་སྤྱོད་བྱེད་ཞིན་པ་རེད་
རྒྱ་པཎ་ཆེ་ཁོང་གིས་ཀུ་རེ་རྩིས་པ་རེད། ངར་ལུས་མེ་སྲེག་གཏོང་སྲོལ་འགོག་པའི་ཁྲིམས་ལུགས་ཞིག་རྒྱ་ཁྲིམས་ནང་ལ་མེད་ལ་བོད་ཁྲིམས་ནང་ཡང་མེད། དེ་བཞིན་འདུལ་ཁྲིམས་ནང་དུ་ཡང་མེད། རང་ལུས་འདོམ་གང་པོ་དྲངས་མོ་མདའ་བཞིན་གཏོང་ན། གུག་གུག་གཞུ་བཞིན་གཏོང་ན། མཛེས་པོ་མེ་ཏོག་གཞིན་གཏོང་ན་མེར་སྲེག་ནས་ཐལ་གཞིན་གཏོང་ན་རང་གི་འདོད་པ་ཡིན། དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་ཤོག་གཅིག་ཡིན་པས་རང་ལུས་སྲེག་ན་མ་སྲེག་ཟེར་མི་ཆོག་ལ་མི་སྲེག་ན་སྲོག་ཤིག་ཡང་ཟེར་མི་ཆོག
ངའི་སེམས་ཀྱི་པན་ཆེན་སྐུ་ཕྲེང་རིམ་བྱོན། པན་ཆེན་བླ་མ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་ནས་བཟུང་། ངའི་དད་ཡུལ་གྱི་པན་ཆེན་འཇུག་བསྡུས་ཚར་བ་ཡིན། ངའི་རྩེ་གཅིག་དད་ཡུལ་དུ་གྱུར་པའི་༧་གོང་ས་སྐུ་ཕྲེང་བཅུ་བཞི་བ་བསྟན་འཛིན་རྒྱ་མཚོ་མཆོག་གི་གསེར་ཞལ་མཐོང་བ་དོན་ལྡན་ངའི་མིག་ལམ་ནས་མ་ནུབ་པ། དེ་སྲིད་དུ་ངའི་སེམས་ཀྱི་༧གོང་ས་མཆོག་བཞུགས་པ་ཡིན། མ་འོངས་པར་ཁོང་མ་བཞུགས་པའི་ཉིན་དང་པོ་ནས་བཟུང་སླར་ཡང་༧གོང་ས་མཆོག་ཅིག་ངོས་འཛིན་ཁུལ་བྱས་ན་ཡང་། ཁས་ཀྱང་མི་ལེན་ལ་དེ་འདྲ་བྱོན་པའི་རེ་བ་ཡང་མི་བྱེད།
ཧ ཧ སྤྲུལ་སྐུ་ཨོ་རྒྱན་ཉི་མ་གཏོགས་ཁྱོད་ཚོ་བདེན་མིང་ཅན་སུ་ཡོད་དམ། ཧ ཧ དཀྲུགས་ཤིང་བཟོ་ཟེར་ན་ཚད་ཅིག་ཡོད་པ་རེད། མཐུན་པ་གཉིས་མི་མཐུན་པ་བཟོས་ན་ཡིན་མོད། ང་ཚོས་ཁ་བརྡ་རེད། ཁ་བརྡ་བཤད་ན་དྲང་བདེན་དགོས། ངས་བཤད་པ་ཚང་མ་དྲང་བདེན་ཡིན་གདའ། ཀར་བརྒྱུད་དུམ་བུ་གཉིས་དང་། དགེ་ལུགས་ཕྱོགས་གཉིས་སུ། ས་སྐྱ་བོན་རྙིང་ཚོ་སུམ་འཁོན་བཞི་རལ་དུ་སོང་བ་དེ་སུ་ཞིག་གིས་བཟོས་པ་རེད། སྐྱག་རྫུན་བཤད་ཤེས་མ་སོང་། ཨ་རྡུ་མ་ཡང་དྲང་པོ་འདྲ་མཐོང་སོང་། ཧ ཧ བདེན་དྲང་མེད་པའི་གཡོ་སྒྱུ་ལ། །རང་ཕྱོགས་ཡིན་ཀྱང་རྒྱང་དུ་དོར། །བདེན་དྲང་གཟུར་གནས་བློ་ལྡན་ན། །དགྲ་ཕྱོགས་ཡིན་ཡང་དུང་དུ་ལེན། །ཞེས་ཀྱང་ཐལ་ལོ། །
པཎ་ཆེན་ཡང་སྲིད་ལ་རྩོད་གླེང་ཡོད་པ་བཞིན། མ་འོང་པ་གོང་ས་མཆོག་གི་ཡང་སྤྲུལ་ལ་ཡང་དེ་འདྲ་རྙོག་གླེང་མི་འབྱུང་ཆེད་མ་འདས་སྤྲུལ་སྐུ་ངོ་འཛིན་གནང་ནས་གང་མྱུར་གསེར་ཁྲི་མངའ་གསོལ་མཛད་ན་དགེ་མཚན་ཆེ་ཞིང་། དེ་མིན་ཡང་སྲིད་གཉིས་གསུམ་ཡོང་རྒྱུ་ཉེན་ཁའི་མཚམས་སུ་སླེབས་ཡོད། གོང་ས་མཆོག་རང་ཉིད་ཀྱིས་འདི་ཡིན་ཞེས་ཐུགས་བརྟག་གཅད་ན་བོད་མི་ཡོང་གིས་གུས་འདུད་ཞུ་ངེས་རེད། Dear Customer,The Keyword typed by you is invalid, Send START 0 or START 1,2,3,4,5,6,7 to Register,STOP to Deregister,STATUS to check status to 1909
0-Fully Blocked
1-Banking/Insurance/Financial/Products/Credit Card
2-Real Estate
3-Education
4-Health
5-Consumer Goods & Automobiles
6-Communication/Broadcasting/Entertainment/IT
7-Tourism & Leisure
པཎ་ཆེན་ཡང་སྲིད་ལ་རྩོད་གླེང་ཡོད་པ་བཞིན། མ་འོང་པ་གོང་ས་མཆོག་གི་ཡང་སྲིད་ལ་ཡང་དེ་འདྲ་རྙོག་གླེང་མི་འབྱུང་ཆེད་མ་འདས་སྤྲུལ་སྐུ་ངོ་འཛིན་གནང་ནས་གང་མྱུར་གསེར་ཁྲི་མངའ་གསོལ་མཛད་ན་དགེ་མཚན་ཆེ་ཞིང་། དེ་མིན་ཡང་སྲིད་གཉིས་གསུམ་ཡོང་རྒྱུ་ཉེན་ཁའི་མཚམས་སུ་སླེབས་ཡོད། གོང་ས་མཆོག་རང་ཉིད་ཀྱིས་འདི་ཡིན་ཞེས་ཐུགས་བརྟག་གཅད་ན་བོད་མི་ཡོང་གིས་གུས་འདུད་ཞུ་ངེས་རེད།།
མཆན་༢༢ པའི་ནང་་རིན་ཆེན་ཞེས་པས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཡང་སྲིད་རྫུན་མ་ཡིན་པ་ཤེས་ཚུལ་དང་།རྒྱལ་མཚན་ནོར་བུ་ལགས་༧པཎ་ཆེན་ཡང་སྲིད་ངོ་མ་རེད། རྒྱུ་མཚན་ནི་ཇོ་བོ་ཤཀྱྭ་མུ་ནིའི་དྲུང་དུ་གསེར་བུམ་དཀྲུགས་རྗེས་ཐོན་པ་ཪེད། དེར་བརྟེན་རྒྱལ་མཚན་ལགས་ངོ་མ་རེད་ཞེས་གུང་བྲན་གཞུང་གིས་བོད་་་་མི་མང་རྣམས་ལ་བཙན་དབང་གི་རྒྱལ་མཚན་ནོར་བུ་༧པཎ་ཆེན་ངོ་མར་མ་རྩིས་ན་ཇོ་བོ་རིན་པོ་ཆེར་དད་པ་མེད་པའི་རྟགས་རེད་ཅེས་ཤོས་པ་དང་།་རིན་ཆེན་གྱིས་བཤད་ཚུལ་གཅིག་མཚུངས་ཤིག་ཏུ་མཐོང་། གུང་བྲན་དང་ཁྱེད་ཀྱིས་བཤད་ཚུལ་དེ་རྒྱུ་མཚན་ཡང་དག་མིན་པ་གུས་པས་གསལ་བཤད་ཞུ་རྒྱུ་ཡིན། ཡང་སྲིད་ཚོགས་ཆུང་གི་འགན་ཁུར་གཙོ་བོ་གཞིས་བཀྲས་ལྷུན་དགོན་པའི་ནང་བཞུགས་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་སྲས་ཀྱི་ཐོ་བོ་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་དང་སྐུ་གོང་མས་བསྐོས་གནང་མཛད་པའི་སྔགས་ཆེན་རིན་པོ་ཆེ་མཆོག་དང་དེ་བཞིན་གདན་ས་བཀྲས་ལྷུན་དགོན་པའི་མཁན་རིན་པོ་ཆེ་མཆོག་གི་དབུས་ཡང་སྲིད་ཚོགས་ཆུང་ནས་བརྟག་དཔྱད་ཟབ་ནན་གནང་བ་དང་། ལྷག་པར་༧གོང་ས་མཆོག་གིས་ངོས་འཛིན་གསལ་པོ་གནང་བ་ཙམ་དུ་མ་ཟད་བོད་མི་རྒྱ་ཆ་༩༩ངོས་འཛིན་ཞུ་ཡུལ་༧པཎ་ཆེན་རིན་པོ་དགེ་འདུན་ཆོས་ཀྱི་ཉི་མ་རྫུན་མ་ཡིན་ཚུལ་བཤད་པ་ནི་ཁྱེད་ནས་གཞན་གྱིས་ཤོས་མི་དགོས་པར་སུའི་ལས་དོན་འགྲུབ་བཞིན་འདུག་གམ། ལར་ནས་ཁྱེད་ཀྱིས་ཇོ་བོའི་དྲུང་དུ་གསེར་བུམ་དཀྲུགས་པའི་རྒྱུ་མཚན་གྱི་ངོ་མ་ཡིན་པ་འགྲུབ་པ་དེ་རྒྱུ་མཚན་ཡང་དག་མེད་པ་སྨྱོན་པའི་ཚིག་དང་འདྲ་བ་རེད།་གསེར་བུམ་ནང་་་ནང་ཆོས་ལ་དད་པ་ཅུང་ཟད་ཙམ་མེད་པའི་རྨོ་བོ་གསུམ་གྱི་མིང་་་མིང་བྱང་གསུམ་གྱི་ལོག་བཀོད་དེ་བུམ་པའི་ནང་བླུག་ནས་གཅིག་ལེན་ན་དད་མེད་རྨོ་བོ་གཅིག་ཐོན་ངེས་པ་རེད་་རྨོ་བོ་དེ་ལ་ཁྱེད་ནས་ངོས་འཛིན་ཞུ་ཐུབ་པ་འདུག་གམ། དངོས་ཡོད་ལ་སྔར་གྱི་གསེར་བུམ་དཀྲུགས་པའི་ལམ་ལུགས་ལྟར་ན།མིང་ཡོད་མིང་བྱང་གསུམ་དང་མིང་མེད་མིང་བྱང་གཅིག་བཅས་མིང་བྱང་བཞི་བུམ་པའི་ནང་བླུག་དགོས་པ་སོགས་ཀྱི་གནས་ལུགས་ཙམ་ཡང་མ་ཤེས་པར་གཅིག་རྫུན་མ་རེད་གཅིག་ངོ་མ་རེད་ཅེས་ཧམ་བཤད་བྱེད་པ་ནི་ བླུན་པོ་རིན་ཆེན་ངོ་ཚའི་རྒྱུར་འགྲོ་བཞིན་མིན་འདུག་གམ། བླུན་པོ་སྨྲ་བ་ཉུང་ན་མཛེས་སོ།། །།
གོང་ས་མཆོག་གིས་ཀྱང་ཡང་སྲིང་ངོས་གཟུང་སྐབས་ཕྱག་མོ་བསྐྱོན་གི་ཡོད་་འོ་ན་ཁྱི་ར་ཕག་གསུམ་དང་ རྒན་མོ་གསུམ་ལ་བཏབས་ཀྱང་གཙིག་ལ་འབབས་ངེས་མིན་ནམ་ འདི་རིགས་ལ་རིགས་ལ་རིག་པའི་སྲང་ལ་གཞལ་རིན་ཆེར་མེད་བའང་མཁྱེན་དགོས་།
ཨ་རྡུ་མ་ལ་དྲངས་ཕྱོགས་ཤིག་ཡོད་པ་ངས་ཀྱང་ཤེས་ཡོད་།
དྲངས་བོ་བཤད་ན་ ཡང་སྲིད་ངོས་གཟུང་སྐབས་འདའ་ཀའི་ཞལ་ཆེམ་ཞེས་པ་དང་ ཡང་སྲིད་གང་དུ་འཁྲུང་པའི་ས་ཁྲ་ཡུལ་རིས་ཕ་མའི་མིང་དང་འདོགས་ཁྱིའི་ཁ་དོགས་ ཐ་ན་དེར་ཉིན་ལམ་ཇི་ཡིན་སོགས་ཀྱང་གསལ་ཐིང་ཐིང་རེ་བྲིས་ཡོད་མོད་། དེ་ནི་གློགས་བརྙབ་ནང་བཞིན་འཁྲབ་ཁྲིད་བྱས་པ་རང་རེད་། སྔོན་ཞིག་ནས་ཁོ་ཚོས་ས་ཕྱོགས་དེར་ཡིད་ཆེས་གསང་བའི་མི་ཞིག་བཏང་ཏེ་ གནས་ཚུལ་མཁོ་བསྒྲུབ་ཟིན་རྗེས་ གཞི་ནས་བརྟགས་ཡིག་བརྩལ་གི་ཡོད་རེད་ད་ ཧ་ཧ་
ཁྱོད་ཚོས་འུར་སྒྲོགས་དང་ངན་སྨོད་ཅི་ལྟར་རུང་། པན་ཆེན་རྒྱལ་མཚན་ནོར་བུས་རང་རིགས་སྤུན་ཟླ་ཤི་གསོན་ཚོ་ལ་བསྔོ་སྨོན་དང་བཀའ་སློབ། རྒྱ་འདྲེ་གདོན་བགེགས་དོལ་འདྲེ་ལ་གསོལ་མཆོད་བྱེད་པ་བདེན་པ་རེད། http://www.chinadaily.com.cn/china/2012-07/27/content_15623538.htm
ཨོ་ང་ད་བར་དུ་གཉིད་ཁུགས་འདུག
ཁ་བརྡའི་ནང་དུ་ཁ་དྲི་སོ་དྲི་འཐུལ་ལེར་བསྡད་འདུག ངས་བསམ་དུས་ད་འདི་ན་ཚེ་འདི་ལ་ཕན་པ་ཕྱི་མ་ལ་ཕན་པའི་སྐད་ཆ་འདྲ་ཡོད་ན་བསམ་ནས་སླེབས་ཡིན་མོད། འདི་ན་ནི་ཚེ་འདི་ཕྱི་གཉིས་ཀ་འཕུང་བའི་འཕུང་འདྲེ་རྐྱང་སླེབས་འདུག ནམ་རྒྱུན་ཁ་བརྡའི་དྲ་རྒྱར་ཡོང་འདོད་རང་མེད། འདི་ན་ཆོས་ལུགས་ཀྱི་དཀྲུགས་ཤིང་ཆོལ་ཁ་དང་མི་རིགས་ཀྱི་དཀྲུགས་ཤིང་པ་རྐྱང་ཡོང་ས་ཞིག་ཡིན་དུས་ང་ཡི་སེམས་ལ་ཕན་རྒྱུ་ཕར་ཟད་སྙིང་རླུང་ལང་བྱེད་ཅིག་མ་གཏོགས་མི་འདུག ང་ཡི་གྲོགས་པོ་འགའ་ཤས་ཀྱིས་བཤད་གསལ་དུ། ཀརྨ་ཡེ་ཤེས་ཟེར་མཁན་ཅིག་ཡོད་རྟག་པར་ཁ་བརྡའི་ནང་དུ་ཡོང་གི་རེད། ཁོ་རང་གི་མིང་ལ་ཀརྨ་ཡེ་ཤེས་ཞེས་བཀའ་རྒྱུད་པའི་མིང་བརྫུས་འོག་ནས་གང་བྱུང་མང་བྱུང་བཤད་ཀྱི་རེད། ཁོ་རང་བཀའ་རྒྱུད་པ་མ་རེད་ཆོས་རྒྱུད་རྙིང་མ་པ་རེད་ཅེས་བཤད་བྱུང། གང་ཤེས་ང་ལ་ནི་རྒྱུས་མངའ་ཅི་ཡང་མེད་པས་བཤད་ཚོད་མ་ཐེགས། གང་ལྟར་ཁོང་ཆོས་ལུགས་དབར་ལ་ཁྲག་དཀྲུགས་པ་ནང་བཞིན་དཀྲུགས་ནི་དཀྲུགས་ཐག་ཆོད་རེད་འདུག
ཧ་ཧ་ཧ་་་་་་་་་་་་་་་་་་་་་་ཀུན་གཟིགས་དང། ཐམས་ཅད་མཁྱེན་པ་ལ་སོགས་པའི་ཚིག་དེ་རྣམས་དེ་འདྲའི་འདྲ་མ་ཆགས་པ་ལ་ཨང་། བློ་ལྡན་གཟུར་གནས་པ་ཚོ་ཁྲེལ་རྒོད་ཤོར་བའི་གནས་ལས་མ་འདས།
ཁོ་བོ་བོད་ལ་སྐྱེས་པའི་དོན་སྟེང་ནས།།
གདམ་བྱ་དམིགས་བསལ་བ་ནི་གང་ཡང་མེད།།
རྨོངས་པའི་རྒྱ་ལས་གྲོལ་བའི་རྒྱུ་མཚན་གྱིས།།
ཀུན་ལ་ལེགས་སོ་ཟེར་དགོས་ལྷག་ཏུ་མེད།།
ཕ་མ་དྲིན་ཅན་གཉིས་ཀྱིས་གཉོར་གཉོར་ནས།།
དགེ་རྒན་སྐུ་ཡོན་ཅན་གྱིས་བསྐྱངས་བསྐྱངས་ནས།།
མིང་སྲིང་ཤ་ཚ་ཅན་ཚོས་གཅེས་གཅེས་ནས།།
རིན་ཆེན་རིག་གནས་འདི་ལ་རན་ཙམ་སྦྱངས།།
སྐྱབས་མགོན་བླ་མའི་གདམས་པར་མ་འགལ་གཅིག།
ཤ་ཁྲག་རུས་འབྲེལ་མི་རིགས་མ་བཙོང་གཅིག།
མེས་པོའི་རེ་བཞག་རླུང་ལ་མ་བསྐུར་གཅིག།
ཤི་ཡང་མཚན་སྙན་གངས་དཀར་རི་ན་གསལ།།
གནས་ལུགས་ལྡན་ན་དགྲ་ཡང་ཅིའི་མི་མཆོད།།
རྒྱུ་འབྲས་མེད་ན་གཉེན་ཡང་ཅི་ལ་བཀུར།།
ཤེས་མེད་ཁོག་རྩོག་མི་ཚུགས་ཙམ་ཞིག་ལས།།
གནག་ཕྱུགས་ཡ་རུ་ཞིག་གིས་མི་དགའ་འམ།།
དྲང་བདེན་ཟེར་བ་ཅི་ཡིན་མི་ཤེས་ལ།།
བདེན་རྫུན་ཟེར་བ་གང་ཡིན་མི་རྟོགས་པའི།།
གློའུ་ནག་ལྷག་མའི་བསམ་སྤྱོད་ཚི་འབྱར་མ།།།།
དུས་གསར་དཔལ་ཡོན་ཆུ་ཀློང་དྲག་པོས་ཁྱེར།།
སྙིང་གཏམ་བཤད་ན་སྙིང་ཁམས་འཁྲུག་པའི་རིགས།།
ཤ་ཚ་བྱས་ན་ཤ་མདངས་འགྱུར་བའི་རིགས།།
འདི་འདྲའི་མི་ལ་བཟང་གིས་ཅི་བྱར་ཡོད།།
ལོ་རྒྱུས་ཉེས་མིང་ཁུར་ནས་ཕེབས་རྐྱང་བྱོས།།
བཙན་པོ་རིག་ན་སྒྱུད་ཤ་འདར་ལྕིག་ལྕིག།
མཐོན་པོ་མཐོང་ན་ཁ་ཤ་སྐྱ་ལྷེབ་ལྷེབ།།
ནང་ལ་བསྐོར་ན་ཐོ་དང་སྟ་རེ་ཕྱར།།
ཁ་ན་ཡ་སོ་ཅན་གྱི་བ་ལང་རིགས།།
བདེན་དོན་དཀར་བོར་ཁྲམ་ཤད་རྒྱག་མི་ཡོད།།
ཆང་ལ་གཅིན་གྱིས་ལན་པ་སྟེར་མི་ཡོད།།
བསམ་བཞིན་གནོད་འཚེ་གཏོང་བའི་ངན་རུལ་དག།
ཕྱི་རབས་བུ་ཚའི་སེམས་ཀྱི་ཁྲག་ཐིགས་ཉིད།།
གུ་དོག་སྦུག་རུབ་བློ་ངན་ཁྱུ་གཅིག་གིས།།
འགྱིག་རུལ་རྙི་རྒྱའི་དྲྭ་བ་བཐར་བཀྲམས་ཀྱང་།།
རྣོ་ལྕགས་གཤོག་རྩལ་རྫོགས་པའི་གླག་ཕྲུག་ང་།།
བར་སྣང་སྟོང་ཁམས་ཆེན་པོའི་བདག་པོ་ཡིན།།
ཟུར་གནས་ལགས་༧གོང་ས་མཆོག་གིས་མོ་ཙམ་ལ་བརྟེན་པ་ལས་ཁོང་གི་ཐུགས་རྒྱུད་ལ་དམིགས་གསལ་གྱི་ཡོན་ཏན་ཡོད་པ་ཁྱེད་ཀྱི་ངོས་འཛིན་མེད་ན་ཁྱེད་ལ་གང་བཤད་ཀྱང་ཕན་པ་མེད། གཞན་ནང་ཆོས་ནས་གསུངས་པའི་གཞན་སེམས་ཤེས་པའི་དངོས་ཤེས་སོགས་༧གོང་ས་མཆོག་གི་ཐུགས་རྒྱུད་ལ་མངའ་ན་མོ་ཙམ་གྱི་འཁྲུན་ཐག་མི་གཅོད་པ་གསལ་ཤེས་ཐུབ་ངེས་རེད་ལ། ཡང་སྲིད་འཁྲུལ་བྲལ་ངེས་བརྙེས་ཆེད་ཐོག་མ་ཉིད་ནས་བརྟག་དཔྱད་ཞིམ་མོ་མཛད་པོ་བྱ་བྲལ་རིན་པོ་ཆེ་སོགས་ཀྱིས་བརྟག་དཔྱད་ནན་པོ་མཛད་པ་སོགས་གསལ་པོ་བཤད་ཡོད་ཀྱང་།ཉིད་ཀྱིས་གཟིགས་རྟོགས་ཡག་པོ་མ་བྱས་པ་འདི། ཕྱོགས་སྔའི་ནམ་མ་ལང་པར་དགག་པའི་ཉི་མ་ཤར་བ་དང་མཚུངས་པས་རྗེས་སུགཞན་ལ་དགག་པ་སྐྱོན་སྐབས་དེས་བཤད་པ་ཤེས་ནས་དགག་རྒྱག་གནང་ན་དགེ་མཚན་ཆེ་་བ་མངོན།། །།
གོང་གི་མཆན་ ༤། ཆབ་བྲག་ཕོ་ཉས།
ཐབས་ལ་མཁས་པའི་ཁྱད་ཆོས་མངོན་གྱིན་འདུག དེའི་ཐོག་ལ་ཐུགས་རྗེ་དང་ལྡན་པ་ཆགས་པའི་སྨོན་ལམ་འདེབས། ཅེས། ཟེར་བར། རྒྱལ་མཚན་ནོར་བུས་བཤད་མ་བཤད་ཚང་མ་རྒྱ་ནག་གཞུང་གི་བཏང་འཛིན་འོག་ཡོད་པས། ༸གོང་ས་མཆོག་ལ་བཀུར་འདེབས་མ་ཞུས་པ་སོགས་ཐབས་ལ་མཁས་ན་རྒྱ་ནག་གཞུང་མཁས་པ་ཞིག་ལས་རྒྱལ་མཚན་ནོར་བུ་མཁས་པ་ཞིག་མ་རེད།
ཡང་ཆབ་བྲག་པས། སུ་ཞིག་གིས་པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཐུབ་མིན་དེ་ནི་སྐུ་གོང་མའི་མཛད་འཕྲོ་ཇི་བཞིན་སྐྱོང་ཐུབ་མིན་ཁོ་ནས་ཐག་གཅོད་འོས་པ་ཞིག་རེད། ཟེར་བ། དེ་ནི་ཤེས་ཡོན་ཅན་གྱི་རང་ཚུགས་རྣལ་མ་དོར་བའི་ཆབ་སྲིད་པའི་སྐད་ཆ་ཞིག་ཡིན་པས། ཆབ་བྲག་རྡ་སའི་འཁྱར་འཁྱོར་གྱི་ཆབ་སྲིད་ལ་ད་དུང་ཡང་ཞེན་ཆགས་གནས་འདུག
དེང་གི་སྤྲུལ་སྐུ་རྡུལ་ལྟར་མང་།།བསྟན་འགྲོའི་དོན་ཕྱིར་གཅིག་ཀྱང་དཀོན།།དངུལ་དང་ཆབ་སྲིད་ལག་ཆ་ཆེད།།གཉིས་གསུམ་ཡོད་ཀྱང་མི་ཉུང་ངམ།།
དྲ་གཉིད་ཕུད་པའི་བློ་ལྡན་སུ་ལྟས་ན། །རྨོ་གསུམ་གསེར་བུམ་དཀྲུག་ན་གཅིག་ངེས་ལྟར། །སྤོ་གསུམ་ཕྱག་མོ་རྒྱབ་ན་གཅིག་ངེས་ཡིན། །གསེར་བུམ་ནང་དུ་གསེར་ཡི་དཀྲུགས་པ་དང་། །མོ་སྒམ་ནང་དུ་ཤོ་མིག་དཀྲུགས་པ་མཚུངས། །གསེར་བུམ་ནང་དུ་རྒྱལ་ནོར་བསྟན་དགེ་གཉིས། །མཉམ་དུ་དཀྲུགས་ཏེ་རྒྱལ་ནོར་ཐོན་པ་བཟང་། །ཤོ་སྒམ་ནང་དུ་རང་འདོད་ཤོ་མིག་ཐོབ། །ཇོ་ཤཀ་དྲུང་དུ་དེ་འདྲ་སྲིད་དོག་མེད།། །།
རྨོ་གསུམ་གསེར་བུམ་དཀྲུག་པའི་ལམ་ལུག་དེ་ག་ནས་དར་བ་རེད་དམ།
དེ་ལ་བྱི་རླབ་ག་ཚོད་ཡོད་དམ།
གསེར་བུམ་དེས་སུས་སྤྲས་པ་རེད་དམ་།
གསེར་བུམ་དཀྲུག་ནས་རྒྱ་བ་ཡབ་སྲས་གཉིས་དང་བོད་བླ་ཆེན་ག་ཚོས་རྟེན་འཁེལ་བྱས་ཡོད་དམ།
གསུམ་གསེར་བུམ་དཀྲུག་པའི་ལམ་ལུག་དེ་ག་ནས་དར་བ་རེད་དམ།
དེ་ལ་བྱི་རླབ་ག་ཚོད་ཡོད་དམ།
གསེར་བུམ་དེས་སུས་སྤྲས་པ་རེད་དམ་།
གསེར་བུམ་དཀྲུག་ནས་རྒྱ་བ་ཡབ་སྲས་གཉིས་དང་བོད་བླ་ཆེན་ག་ཚོས་རྟེན་འཁེལ་བྱས་ཡོད་དམ།
མཆན་མཁན་རྣམས་པས་ངེས་པར་དུ་པཎ་ཆེན་སྐུ་འཕྲེང་རིམས་པར་གྱི་གནས་ཚུལ་ཤེས་དགོས་ལ་དེ་བས་དགུ་བ་དང་བཅུ་བ་ཡི་བྱུང་རིམས་དང་ལོ་རྒྱུས་བཅས་གསལ་པོ་ཤེས་ན་གཞི་ནས་བཅུ་གཅིག་པའི་གནས་ཚུལ་ཤེས་ངེས་རེད། གཞན་ཇི་ཙམ་བཤད་ཀྱང་སྨྲ་བརྗོད་ཀྱི་རང་དབང་ཙམ་་ལས་མ་འདས་པས་སྟོང་བཤད་ཁོ་ན་མ་ཡིན་པ་གནས་ལུགས་ཀྱི་གསངས་བ་ཆ་ཚང་ཤེས་པར་བྱས་ནས་གཞི་ནས་མཆན་ཞིག་རྒྱབ་ན་ཡག་པོ་མེད་འགྲོ། ་གལ་ཏེ་དེ་དག་ཤེས་མཁན་ཞིག་གིས་མཆན་ཞིག་བྲིས་པ་དེ་ཡི་ཚེ་ཁྱོད་ཀྱི་སྨྲ་བརྗོད་རང་དབང་ཡིན་པ་དང་ལུང་པ་དམངས་གཙོ་ཡིན་པ་སོགས་རང་ཉིད་ཀྱིས་རང་ཉིད་སྨྲ་ཤེས་མཁན་ཡིན་པ་དེ་བས་ངོས་འཛིན་དགོས་པ་གལ་ཆེན་རེད། ་ད་བར་བོད་གཞིས་བྱེས་གཉིས་ན་བཅུ་པ་ཆེན་པོ་ལོ་རྒྱུས་ཡང་དག་བྲི་མཁན་ཕལ་ཆེར་མེད། དེ་ཡང་ཕྱི་ནང་གི་ཆབ་སྲིད་ཀྱི་རྐྱེན་གང་ལ་ཐུག་མིན་གསལ་པོ་ཤེས་དགོས། དེས་བས་ཁོང་གིས་བོད་ལ་གནང་བའི་་་སྐུ་ལས་དང་་་དུང་སེམས་་་མཐུན་བསྒྲིལ་་་་དབྱེ་འབྱེད་་་་མེད་པ་བཅས་ཁོང་འདྲ་ཞིག་ཉེ་བའི་དུས་རབ་དང་ལོ་རྒྱུསལ་་མེད་པར་མཐོང་། དེས་ན་ངས་རེ་བ་ལ་ལྷད་མེད་པའི་ལྷག་བསམ་གྱི་མཆན་ཞིག་བྲི་མཁན་ཕེམས་ན་ངས་དགའ་བསུ་དང་བཅས་ཕན་ཚུན་གླེང་མོལ་ཞུ།།
འོ་དེ་རེད་པན་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དང་
པན་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་ལོ་རྒྱུས་གསལ་པོ་ཤེས་པ་མ་ཟད་
གསེར་བུམ་དེ་དང་དེའི་རྒྱབ་ལྗོངས་གསལ་པོ་བཤེས་དགོས་སོ།
ཀྱེ་ཀྱེ་སློབ་དཔོན་རོང་པོ་མཇོ་ན་མཆོག
པཎ་ཆེན་སྐུ་འཕྲེང་རིམས་པར་གྱི་གནས་ཚུལ་ཤེས་དགོས་ལ་དེ་བས་དགུ་བ་དང་བཅུ་བ་ཡི་བྱུང་རིམས་དང་ལོ་རྒྱུས་བཅས་གསལ་པོ་ཤེས་ན་གཞི་ནས་བཅུ་གཅིག་པའི་གནས་ཚུལ་ཤེས་ངེས་རེད། ཅེས་པའི་གདམ་ངག་ཟབ་མོ་དེ་བདག་སོགས་ལ་ལེགས་པར་བསྟན་དུ་གསོལ།
རྒྱ་མི་དམར་པོས་བསམ་ངན་ཟུར་བཅངས་ཀྱི་འཆར་གཞི་རྒྱ་ཆེ་ཡོད་པའི་ངང་བོད་ཀྱི་བླ་ཆེན་རྗེ་བཙུན་འོད་དཔག་མེད་ཀྱི་མཆོག་སྤྲུལ་པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་ལ་རྒྱལ་མཚན་ནོར་བུ་བཙན་དབང་ཆེན་པོས་ཁྲི་སྟོན་བྱས་པ་རེད་ཁོང་རིགས་གཙང་མ་ཞི་བོད་ཕྲུག་གཅིག་རེད་ལ་ཁོང་གི་ཡོང་འཛིན་དང་ཞབས་ཞུ་བ་ཚང་མ་བོད་རིགས་ཤ་སྟག་རེད་ཁོང་རྣམ་པ་ནི་བོད་རིགས་བོད་ཞེན་ཡོད་མཁན་ཞེ་ཅིག་ཡིན་དུས་བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་ཞེན་དང་བརྩི་བཀུར་སྲུང་སྐྱོབ་་ཞུ་མི་ལས་རྒྱ་དམར་ཆོས་མེད་སྨྲ་བ་ལྟར་བོད་ཀྱི་ཆོས་དང་རིག་གནས་བོད་དང་བོད་མི་རིགས་རྩ་མེད་གཏོང་བའི་ལས་ཀ་བྱ་ཡི་རེད་བསམཔ་མེད་ངེས་ཡིན་པཎ་ཆེན་རིན་པོ་ཆེ་དང་མཁས་དབང་ཡོངས་འཛིན་མཆོག་ཞབས་ཞུ་བ་རྣམས་ནས་དུས་ཚོད་དང་གོ་སྐབས་རན་པོ་དམ་འཛིན་དང་གནད་འཕིགས་ཀྱི་དུས་ཚིགས་རྒྱང་གཟིགས་གནང་གི་ཡོད་པས་ང་ཚོ་བོད་རིགས་རྩམ་སྤྱོད་པ་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་གནས་ནས་རྒྱ་དམར་གཏོར་རྒོལ་པ་ལྷན་དུ་འབད་འཐབ་གནད་འཁེལ་དང་བོད་མི་རྒྱལ་ཚོང་ཉུང་ཤས་ཡོད་པར་དྭོགས་གཟོན་བྱ་གལ་ཆེན་པོ་རེད་ང་ཚོ་བོད་མིའི་ཁྲོད་དུ་གཡོ་རྫུན་ཆེན་པོས་ལྐོག་གཡོ་བྱ་བཞིན་ཡོད་པ་ནི་གདོན་མི་ཟ་བ་ཞིག་ཡིན་དུས་ཡིད་གཟབ་གནང་རོགས་ཞུ་སྔ་ཕྱིའི་བྱུང་རིམ་ལ་དགོངས་དཔྱད་ཡོད་པ་ཞུ་།
རྒྱ་མི་དམར་པོས་བསམ་ངན་ཟུར་བཅངས་ཀྱི་འཆར་གཞི་རྒྱ་ཆེ་ཡོད་པའི་ངང་བོད་ཀྱི་བླ་ཆེན་རྗེ་བཙུན་འོད་དཔག་མེད་ཀྱི་མཆོག་སྤྲུལ་པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་ལ་རྒྱལ་མཚན་ནོར་བུ་བཙན་དབང་ཆེན་པོས་ཁྲི་སྟོན་བྱས་པ་རེད་བོད་རིགས་གཙང་མ་ཞིག་བོད་ཕྲུག་གཅིག་རེད་ལ་ཁོང་གི་ཡོང་འཛིན་དང་ཞབས་ཞུ་བ་ཚང་མ་བོད་རིགས་ཤ་སྟག་རེད་ཁོང་རྣམ་པ་ནི་བོད་རིགས་བོད་ཞེན་ཡོད་མཁན་ཞེ་ཅིག་ཡིན་དུས་བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་ཞེན་དང་བརྩི་བཀུར་སྲུང་སྐྱོབ་་ཞུ་བ་ལས་རྒྱ་དམར་ཆོས་མེད་སྨྲ་བ་ལྟར་བོད་ཀྱི་ཆོས་དང་རིག་གནས་བོད་དང་བོད་མི་རིགས་རྩ་མེད་གཏོང་བའི་ལས་ཀ་བྱ་ཡི་རེད་བསམཔ་མེད་ངེས་ཡིན་པཎ་ཆེན་རིན་པོ་ཆེ་དང་མཁས་དབང་ཡོངས་འཛིན་མཆོག་ཞབས་ཞུ་བ་རྣམས་ནས་དུས་ཚོད་དང་གོ་སྐབས་རན་པོ་དམ་འཛིན་དང་གནད་འཕིགས་ཀྱི་དུས་ཚིགས་རྒྱང་གཟིགས་གནང་གི་ཡོད་པས་ང་ཚོ་བོད་རིགས་རྩམ་སྤྱོད་པ་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་གནས་ནས་རྒྱ་དམར་གཏོར་རྒོལ་པ་ལྷན་དུ་འབད་འཐབ་གནད་འཁེལ་དང་བོད་མི་རྒྱལ་ཚོང་ཉུང་ཤས་ཡོད་པར་དྭོགས་གཟོན་བྱ་གལ་ཆེན་པོ་རེད་ང་ཚོ་བོད་མིའི་ཁྲོད་དུ་གཡོ་རྫུན་ཆེན་པོས་ལྐོག་གཡོ་བྱ་བཞིན་ཡོད་པ་ནི་གདོན་མི་ཟ་བ་ཞིག་ཡིན་དུས་ཡིད་གཟབ་གནང་རོགས་ཞུ་སྔ་ཕྱིའི་བྱུང་རིམ་ལ་དགོངས་དཔྱད་ཡོད་པ་ཞུ་།
སྔོན་གསེར་བུམ་དཀྲུགས་སྐབས་འོས་སྤྲུལ་གསུམ་གྱི་མཚན་ཡོད་པའི་མིང་བྱང་གསུམ་དང་མཚན་མེད་པའི་བྱང་བུ་སྟོང་པ་གཅིག་བཅས་བྱང་བུ་བཞི་བླུག་ནས་དཀྲུགས་སྲོལ་བྱུང་ཡོད་ཀྱང་།མིང་ཡོད་བྱང་བུ་གསུམ་ཁོ་ན་བླུག་ནས་བཙན་གནོན་ཁོ་ནས་གསེར་བུམ་དཀྲུགས་པའི་ལུགས་སྲོལ་དེ་༡༩༩༥ ལོའི་ཟླ་བ་༡༡ པའི་ཚེས་ ༢༩ རྒྱ་དམར་གུང་བྲན་གཞུང་གིས་སྲོལ་གཏོད་པ་དང་།་དེ་ལ་དྲ་སྟེང་འདིར་ངོས་འཛིན་ཐོག་མ་བྱ་མཁན་དང་། གཞིས་བཀྲས་ལྷུན་གྱི་ཡང་སྲིད་ཚོགས་ཆུང་གིས་བརྟགས་དཔྱད་ནན་པོ་བྱས་པ་དང་།དེ་ལ་༧གོང་ས་མཆོག་ནས་གཞན་སེམས་ཤེས་པའི་མངོན་ཤེས་ལ་བརྟེན་ནས་ཐུགས་གཏན་མཛད་པའི་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྫུན་མ་རེད་ཅེས་ཤོས་མཁན་ཐོག་མ་ཆོས་མེད་ཀླ་ཀློའི་རྗེ་འབྲང་རྒྱ་ཁྱི་རིན་ཆེན་ཁོ་པ་རེད་། དེ་འདྲ་སོང་རིན་ཆེན་ལྟ་བུར་ཚང་མས་ཡིད་ཟབ་གནང་དགོས་སོ།། །།