ཀླུ་སྨྱོན་ཧེ་རུ་ཀ
སྤྱན་རས་གཟིགས་ཀྱི་ཞིང་ཁམས་དེར།
ཁྱོད་དང་སྤྲེལ་རྒན་གདོང་དམར་གྱི་འཐམ་འཁྱུད་ལས།
ང་ཚོའི་མི་རབས་འདི་བསྐྲུན་བྱུང་། བྲག་སྲིན་མོ།
ཁྱོད་དང་སྤྲེལ་རྒན་རྫུ་བག་ཅན་དེའི་དུང་ཞེན་ལས།
ང་ཚོ་འདི་ལྟར་མི་ཡུལ་གྱི་མགྲོན་པོར་གྱུར།
གངས་དཀར་ལྟ་བུའི་ཁྱོད་ཀྱི་བྱམས་སེམས་དྲན་ཐེངས་རེ་རེར།
ངས། རང་ཉིད་ཀྱི་གནས་བབ་དང་རྨི་ལམ། ད་དུང་བག་ཆགས་གང་མང་།
བརྗེད་ངེས་ཀྱི་དོང་དུ་བསྐྱུར་མ་ཕོད། བྲག་སྲིན་མོ།
ཡིན་ན་ཡང་། ད་ལྟའི་མི་རབས་འདི། ང་རང་ཐེ་བའི་མི་རབས་འདི།
བྲན་གཡོག་གི་མི་ཚེ། དཀའ་སྡུག་གི་འཚོ་བ། གདུག་རྩུབ་ཀྱི་བརྙས་བཅོས།
བརྩེ་བ་མེད་པའི་མི་རིགས་ཤིག ཉིང་བཅུད་མེད་པའི་ཁོར་ཡུག་ཅིག
འདི་དག་གི་མནར་གཅོད་མྱོང་བ་ལས། བྲག་སྲིན་མོ།
ང་། རང་ཉིད་ཀྱི་ཞིང་ཁམས་དེར་ཡོང་ཆོག་པར་ཞུ།
ད་ལྟ། ཁྱོད་དང་མེས་པོ་སྤྲེལ་རྒན་གཉིས།
རང་གི་བུ་རབས་ཚ་རྒྱུད་ཀྱི་མི་ཚེར་གཟིགས་བཞིན།
འཁོར་བ་དོང་ནས་སྤྲུགས་པའི་ཐུགས་བསྐྱེད་ཀྱིས་འགྱིངས་ཏེ།
ང་རང་ཐེ་བའི་མི་རིགས་འདིའི་མ་འོངས་པའི་ཆེད་དུ།
འོད་འཚེར་བའི་རྨུ་ཐག་རིང་མོ་ཞིག་
ཡང་སྐྱར། གངས་རིའི་ལྗོངས་འདིར་ཇི་ལྟར་སྐྱོང་དགོས་མིན་གྱི་བཀའ་མོལ་གནང་བཞིན།
ཡིག་དྲུག་གི་སྒྲ་དབྱངས་དང་། འཇའ་ཚོན་གྱི་གུར་ཁང་གིས་གཏམས་པའི་ཞིང་ཁམས་དེར།
ལྷོད་ཆགས་སེར་བཞུགས་ཡོད་དམ། བྲག་སྲིན་མོ།
ཉིས་སྟོང་བཞི་ལོའི་དགུན་ཁར་ཨ་རིར་བྲིས།
ང་ཚོའི་རླབས་ཆེན་གྱི་ཨ་ཡེ་ཨ་མྱེས་ཚོ་རི་དྭགས་ཁང་དུ་སྔར་བཞིན་མཐོང་རྒྱུ་ཡོད།
རེད་ཡ། ང་ཚོས་གསེར་དང་རྡོ་ཡི་རིན་ཐང་དབྱེ་མ་ཤེས།
ཕ་དང་གྲོང་པའི་ཨ་ཁུའི་ཁྱད་པར་མ་ཤེས་པར།
ང་ཚོས། བྲག་སྲིན་མོ་ཁྱེད་ཀྱི་བུ་ཚ་ངོ་མ་དེ་བཀྲོངས་སོང་།
གལ་ཏེ་ང་ཚོས་ཁྱེད་ཀྱི་བུ་ཚ་འུ་དུམ་བཙན་པོ་དེ་བཀྲོངས་མེད་ན།
ང་ཚོས་ཅི་ཡང་བསྟན་རྒྱུ་མེད་པའི་ཆོས་ཚིག་སྐམ་པོ་ཞིག་གི་ཆེད་དུ།
ཡོད་ཚད་བློས་བཏང་ནས་འབྱུང་བ་བཞི་ལས་གྲུབ་པའི་ས་གཞི་འདིར།
ལྷ་ཁང་དང་དགོན་པ་ཤ་སྟག་དང་དེའི་ཆེད་དུ་སྲས་དར་མ་བཀྲོངས་མེད་ན།
ད་གཟོད་མི་ཡི་ནང་ནས་ཆེས་ཐབས་སྡུག་པའི་ཡུལ་འགྱར་བ་ཞིག་གི་མི་ཚེ་སྐྱལ་དགོས་དོན་མེད་ལ།
མེས་པོ་སྤྲེལ་རྒན་ཁྱེད་ཡང་བསྐྱལ་ཁ་བའི་རི་ཟོམ་ཞིག་ནས་གངས་འཕྲུག་རང་གི་ཚྭ་བོ་ཚྭ་མོ་རྣམས་ལ་ཕྱིར་མིག་ཅིག་གཟིག་རོག་ཞུ་། སྨོ་མོ་བྲག་གི་སྤྲིན་མོ་ཡང་མེས་པོའི་ལག་པ་འཆང་བཞིན་མཉམ་དུ་ཕེབ་ནས་ཁྱེད་གཉིས་ཀྱི་བུ་ཚྭ་རྣམས་ལ་ལམ་སྟོན་རོག་སྐྱོར་ཞིག་གནང་བར་རེ་བ་ཡོད་།
སྤྱིེར་བཏང་ཚན་རིག་པས་བཤད་སྟངས་ཤིག་ལ་ལྷོ་ཨ་ཧྥེ་རི་ཀའི་གླིང་ཞིག་ནས་སྤྲ་རིགས་འགའ་ཞིག་གཟུགས་
དབྱིབས་འགྱུར་མགོ་བརྩམས་ནས་རིམ་གྱིས་ཁོ་ཚོ་ཡུ་རོབ་དང་ཨ་རབ་སོགས་བརྒྱུད་ནས། རྒྱ་གར་དང་བོད།
ཤར་ཏིར་ཀི་སི་ཐན་གྱི་ནུབ་ཕྱོགས་སུ་འབྱོར་བར་བཤད་ཅིང་། གདོད་མའི་སྤྲ་མི་དེ་དག་བོད་ཀྱི་སྟོད་མངའ་རིས་
ནུབ་ངོས་སུ་འབྱོར་བའི་སྐབས་སུ ད་དུང་ཧི་མ་ལ་ཡའི་རི་བོ་མཚོ་ངོས་ནས་ཡར་ཐོན་བཞིན་སྒང་ཡིན་པར་ལོ་ཚིགས་དཔྱང་བསྡུར་བྱས་ན་རོབ་ཙམ་ཤེས་པར་འགྱུར་ལ། ང་ཚོའི་ལོ་རྒྱུས་རྣམས་སུ་གསལ་བའི་སྤྲེལ་རྒན་ནི་
དེ་དག་གི་ཚབ་མཚོན་དཔེར་བརྗོད་ཅིག་ཡིན་ལ། བྲག་སྲིན་མོ་ཡང་སྤྲ་མོའི་རྣམ་པར་ཡོང་ཚུལ་ཀ་ཁོལ་མར་
གསལ་བས་དོན་ལ་སྤྲ་མི་མོ་ཡི་ཚབ་མཚོན་དཔེར་བརྗོད་ཅིག་རེད་ལབ་ན་འགྲིག་པར་སྣང་ངོ་། །རང་རེའི་རུས་
མཛོད་འགའ་ཞིག་ཏུ་བོད་པ་ནི་རྒྱ་མིའི་ཕུ་བོ་ཡིན་པར་བཤད་པ་ཡང་རྒྱུ་མཚན་ཤིན་ཏུ་ཆེ་ལ། རྒྱ་རིགས་ཀྱི་
ཐོག་མ་ཧྭ་ཤཱ་ཟེར་བ་ཡང་འ་ཞ་དང་སྒྲ་མཐུན་པ་མ་ཟད། ཧྭ་ཤཱ་དེ་རྨ་ཆུའི་རྒྱུད་ནས་བྱུང་བར་བཤད་པ་བཅས་
དང་འབྲེལ་བ་ཆེའོ། །
བྲག་སྲིན་མོ་ཁྱོད་རྣ་བ་གཏོད་དང་།
རང་ཉིད་ཀྱི་ཞིང་ཁམས་དེར་ཡོང་ཆོག་པར་ཞུ།
ང་རང་ཐེ་བའི་མི་རིགས་འདིའི་མ་འོངས་པའི་ཆེད་དུ།
ཡོང་དང་འོངས་གཉིས་དོན་དུ་བྱིངས་གཅིག་ཏུ་ཡོད་ཀྱང་།
སོ་སོར་འབྲི་དགོས་པ་བོད་ཐ་སྙད་འཆལ་བ་མི་ནུབ་པའི་ཆེད་དུའོ།།
གོང་གི་དཔར་དེ་བྲག་སྲིད་མ་རེད། དེ་མྱིང་ལ་མྱི་དྲེད་ཟེར་ནི་རེད།
མཚན་རིག་དང་མཐུན་པར་རང་གི་མེས་པོ་དུད་འགྲོ་ཡིན་པ་དྲན་ཐུབ་མཁན་བོད་པ་ལས་ལྷག་པ་ཛམ་གླིང་འདི་ན་གཞན་སུ་ཞིག་ཡོད་དམ། ཧ་ཧ་འདི་ཡང་ནང་ཆོས་ཀྱི་གཟི་བརྗིད་ཅིག་རེད་ཟེར་ན་མི་ཆོག་པ་མེད་དོ།
ནགས་མེད་ཀྱི་བྱང་ཐང་གི་དཀྱིལ་དུ།
ནགས་སྡོད་ཀྱི་སྲིན་མོ་ནག་མོ་ཁྱོད།
ནག་ཉེས་བྱས་ནས་སླེབས་པ་ཡིན་ནམ།
ནག་མེད་སྲིན་རྒན་ཡོང་དོན་ཅི་ཡིན།