སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་ཕན་བདེ་དགའ་ཚལ་གླིང་ནི་ཕྲུ་གུ་དབང་པོ་སྐྱོན་ཅན་རིགས་ལ་བདག་སྐྱོང་བྱེད་ཡུལ་ཞིག་ཡིན་པ་དང་། ད་ལྟའི་ཆར་རང་རིགས་དབང་པོ་སྐྱོན་ཅན་དང་ཡུལ་མི་ཁྱད་མེད་གྲངས་ ༣༣ བདག་སྐྱོང་བྱེད་བཞིན་ཡོད་ཅིང་། ཁུ་བུད་རིན་པོ་ཆེ་མཆོག་གིས་གསར་འཛུགས་བདག་སྐྱོང་གནང་བཞིན་ཡོད་པ་ཞིག་ཆགས་ཡོད། ཕྱི་ལོ་ ༢༠༠༤ ཟླ་ ༡༢ ཚེས་ ༣ ཉིན་༧གོང་ས་མཆོག་ཆེད་ཕེབས་ཀྱིས་དབུ་འབྱེད་གནང་། འདི་འབྲེལ་གནས་ཚུལ་རྒྱས་པ་གཤམ་གསལ་སྦྲེལ་ཐག་ནས་གཟིགས་ཀློག་གནང་རོགས།
དབང་པོ་སྐྱོན་ཅན་བདག་གཉེར་གནང་སའི་བསྟི་གནས་འདི་རིགས་ནི་དངོས་གནས་རླབས་ཆེན་རེད། འདིས་སྤྱི་ཚོགས་ཀྱི་དཀའ་ངལ་ཆེན་པོ་ཞིག་དང་དུ་བླངས་ནས་ཡོད་པས་ཡིན། གཙོ་བོ་དབང་སྐྱོན་ཚོར་སློབ་སྦྱོང་དང་དགོས་མཁོའི་ཐད་འབད་བརྩོན་གནང་རྒྱུས་ལས། འདི་རིགས་ཀྱི་མིང་འཁྱེར་ནས་རང་ཉིད་ཀྱི་སྒེར་དོན་གཉེར་ན་འོས་ཚང་ཞིག་མིན། རང་རེའི་སྤྱི་ཚོགས་ནང་དབང་སྐྱོན་ཚོགས་སྡེ་རེའི་མིང་ཁྱེར་ནས་རང་ཉིད་ཀྱི་ནང་མི་གཉེན་ཉེ་དང་བཅས་པ་སྐྱིད་ཉལ་རྒྱབ་ནས་ཡོད་པའི་གནས་ཚུལ་ཡང་རང་རེའི་སྤྱི་ཚོགས་ནང་ཁྱབ་ནས་ཡོང་གི་ཡོད། སྦེལ་ཀོབ་དབང་སྐྱོན་བདག་གཉེར་བྱེད་ས་འདི་ཡང་དེ་བཞིན་མི་འགྱུར་བའི་རེ་བ་དང་བཅས། ལས་དོན་འདི་ཉིད་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཡང་ཞུ་འདོད་སྐྱེས་བྱུང་།
དབང་པོ་སྐྱོན་ཅན་ལ་དེ་འདྲ་ལྟ་སྐྱོང་གནང་བ་དེ་དག་ནི་རླབས་ཆེན་གྱི་ལས་དོན་ཞིག་ཡིན་པས། ཁྱེད་རྣམ་པའི་སེམས་ཤུགས་བླ་མེད་དེར་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་དང་འབྲེལ། ད་དུང་ཡིན་ནའང་ཡར་རྒྱས་ལ་མཐའ་མེད་དུས་དབང་པོ་སྐྱོན་ཅན་བདག་གཉེར་བྱེད་སའི་ཚད་ལྡན་ཞིག་ཡོང་བའི་རེ་བ་དང་སྨོན་འདུན་བཅས།
དབང་པོ་སྐྱོན་ཅན་ལྟ་སྐྱོང་ཁང་དེ་འདྲ་བཙུགས་ཐུབ་པ་དེ། དཔེ་ཡག་པོ་རེད། རྗེས་སུ་ཡི་རང་ཡོད། ད་དུང་ཡར་རྒྱས་གཏོང་དགོས། དེ་དག་ལ་ལྟ་སྐྱོང་གནང་མཁན་རྣམས་ལ་ཟབ་སྦྱོང་ལེགས་པོ་དགོས་ངེས་རེད། ང་ཚོ་བོད་པའི་ཕྲུ་གུ་ལྟ་སྐྱོང་ཁང་དང་། ལྟ་རྟོག་ཁང་འགའི་ནང་ནད་གཡོག་དང་ལྟ་སྐྱོང་མཁན་ཚོར་ཟབ་སྦྱོང་དང་ཉམས་མྱོང་འདང་ངེས་མེད་རྐྱེན། ལྟ་རྟོག་བྱེད་ཡུལ་ཕོག་ཐུག་ཤོར་བ་དང་། གནོད་འཚེ་ཕོག་པ་སོགས་ཀྱི་གནས་ཚུལ་བྱུང་དང་འབྱུང་མུས་རེད། ནང་མིས་ཤེས་རྟོགས་བྱུང་ནའང་བསམ་འཆར་འདོན་ཕོད་མཁན་མེད། གང་ཡིན་ཟེར་ན་ཕྲུ་གུ་དང་ནད་པ་སོགས་མུ་མཐུད་ནི་འཇོག་དགོས་པར་བརྟེན། བསམ་འཆར་ཕུལ་ན་ནུས་པ་མ་འཐོན་ན་སྡང་སེམས་བཅང་ཉེན་ཆེ་བས། ཕན་ལས་གནོད་དུ་འགྲོ་སྲིད། ལྟ་སྐྱོང་བྱེད་མཁན་འགའི་བྱེད་སྟངས་དང་ཀུན་སྤྱོད་མཐོང་དུས། ནང་མི་སྤུན་ཆེད་ཁ་ཤས་ཁ་ཁུ་སིམ་མེར་ངུ་མཁན་ཡང་མི་ཉུང་བར་ཡོད་ས་རེད། དེ་འདྲའི་ལྟ་སྐྱོང་ཁང་བཙུགས་ཐུབ་པ་ཙམ་གྱི་ཞེ་དྲག་ཡག་པོ་རེད། ཡིན་ན་རྗེས་སུ་གང་ཅི་ཐད་ལྟ་རྟོག་ནན་མོ་བྱེད་གལ་ཆེའོ།།
རླབས་ཆེན་གྱི་ཕྱག་ལས་ལ་རྗེས་སུ་ཡི་རང་ཡོད་ལགས།
དངོས་གནས་ཧ་ཅང་ཡག་པོ་རེད་་་་འདི་འདྲ་རིངས་ལ་ཞབས་འདེབས་རྟིག་ཙམ་ཕུལ་ཐུབ་ས་རེད་
གང་འདྲ་བྱེད་ནས་ཕུལ་དགོས་ན་? ཁུ་བུད་རིན་པོ་སྐུ་ཚེ་ཁྲི་ལོ་བསྟན་པ་ཤོགས
དབང་སྐྱོན་རྣམས་ལ་ལྟ་སྐྱོང་གནང་བ་རྗེས་སུ་ཡིད་རང་ཡོད། མ་འོང་ང་རང་དཔལ་འབྱོར་ཡག་པོ་བྱུང་ན་རོགས་འདེབས་གང་ཐུབ་ཞུ་ཆོག།
ཐུགས་རྗེ་ཆེ། དེ་འདྲའི་སྤྱི་ཚོགས་ཞབས་ཞུ་ལ་མོས་གུས་ཡོད།
ཕྲུ་གུ་དབང་པོ་སྐྱོན་ཅན་དེ་རྣམས་ལ་དངོས་ཡོད་ཐོག་ཕན་ཐོགས་ཡོད་པའི་རེ་བ་ཡོད།་་་་དེ་མིན་དབང་པོ་སྐྱོན་ཅན་ཁ་ལ་ཁུར་ནས་དཔལ་འབྱོར་འདུ་འགུགས་ཀྱི་ལག་ཆ་བྱེད་ན་ཤིན་ཏུ་ནས་ཐབས་སྡུག་དང་མི་འོས་པ་་་་་ཐ་ཤལ་རེད།་་་་་དཔེར་ན་སྙིང་སྟོབས་གླིང་བཞིན་རེད།་་་་་་་་་སྙིང་སྟོབས་གླིང་གི་ཕྲུ་གུ་ཚོའི་ཉིན་རེ་ནང་ཟ་རྒྱུ་གང་རག་འདུག་ཞིབ་གཞིགས་བྱེད་ན་ཤེས་ཡོང་།
དངོས་གནས་ཡག་པོ་རེད། ཐུགས་རྗེ་ཆེ། དགོན་པ་རྫིག་པོ་ཞིག་བརྒྱབ་པ་ལས་འདི་ལྟ་བུ་དངོས་གནས་ཕན་
ཐོགས་འདུག ཡིན་ན་ཡང་ག་ས་ག་ནས་རོགས་རམ་བཙལ་ནས་མིག་སྨན་མིག་ཐོག་ཏུ་སྨིན་པ་ཞིག་དགོས་པ་
ལས། རོགས་རམ་འཚོལ་བྱེད་ཀྱི་ཅ་ལག་ལྟ་བུ་བྱས་ཏེ་སོ་སོའི་སྦ་ཁུག་བརྒྱང་ཡ་ཞིག་མི་བྱ་རྒྱུ་གལ་ཆེ།
དཀོན་གསུམ་བླ་མར་གུས་ལྡན་གྱིས། །
ལས་འབྲས་རྩི་སྲུང་ཆོས་པས་གྱིས། །
བྱིས་པ་ནང་གཅོང་རྒས་འཁོགས་ལ། །
ཕན་གྲོགས་རོགས་རམ་ཀུན་གྱིས་གྱིས། །
KARUNA HOME
GESHE JANGCCHUP PHELGYE
(Vice President)
http://www.karunahome.org
infoindia@karunahome.org
Tel:+91 8223 253557
Mob:+91 9845487293