སྨྱུག་རྒོད་གངས་བུ་དཔལ་གྱིས།
————
ཁ་སང་༸གོང་ས་མཆོག་གི་འཁྲུངས་སྐད་ཉིན་ང་རང་མོན་གྷོ་ས་གནས་ཀྱི་མི་ མང་ཚོས་དུས་རྒྱུན་བསངས་སྲོལ་བྱེད་སའི་ནོར་བུ་རིར་བསངས་གསོལ་ལ་ཕྱིན་ནས་ཚུར་ ལོག་ཡང་སྐབས། ལམ་ཟུར་གྱི་མི་ཚོའི་སྐད་ཆའི་ནང་དེང་སང་གཞིས་གྲོང་གསུམ་པའི་གསེང་ལམ་དུ་ཕག་པ་ ཁ་ཤས་འདུག་ཟེ་ལབ་གྱི་འདུག ། དེ་དུས་ངའི་དྲན་ངོས་སུ་ཉིན་ཤས་སྔོན་ངོས་རང་འབྲས་སྤུངས་ཀྱི་གསེང་ལམ་དུ་ འགྲོ་བའི་སྐབས་ཤིག་རྒྱབ་ཕྱོགས་ནས་ཕག་པ་ཞིག་རྒྱུགས་ཡོང་ནས་ཁྱི་གཅིག་དེད་ནས་ ཕྱིན་སོང་། དེ་དུས་གྲྭ་པ་ཚོས་ཟེར་ཡག་ལ་འབྲས་སྤུངས་བློ་གསལ་གླིང་གི་ཨམ་སྡོང་གི་ཚལ་ནང་ ཕག་པ་ཁ་ཤས་འདུག །དེ་ཚོ་ཕལ་ཆེར་རི་ནས་ཡོང་ནས་ཕར་མ་ལོག་པའི་རི་ཕག་དེ་འདྲ་མིན་འགྲོ་ཞེས་ལབ་ སོང་། ང་རང་ལ་ཡང་ཨ་ལེ་བསམས་པ་མ་གཏོགས་དོགས་པ་གང་མི་བྱུང་བ་དྲན་བྱུང་།
ཡང་ལམ་ཟུར་གྱི་མི་ཞིག་གིས་གཞིས་གྲོང་གསུམ་པའི་ཕག་པ་དེ་ཚོ་རྒྱ་གར་ཡུལ་ མིས་གཡུགས་པ་རེད། ཅེས་དང་། ཡང་ཁ་ཅིག་གིས་རྒྱ་གར་ཡུལ་མི་དེ་ཚོས་ཕག་ནད་མེད་འགྲོ་སྙམ་ནས་ཉར་མི་ཕོད་པར་ བོད་པའི་སྤྱི་ཚོགས་ནང་གཡུགས་པ་རེད་ཟེར། ཡང་ངའི་བསམ་པར་ཡང་ན་རྒྱ་གར་ཡུལ་མི་དེ་ཚོས་གསོ་མི་དགོས་པར་ཕག་ཤ་ཟ་སྙིང་འདོད་ ནས་བོད་པའི་སྤྱི་ཚོགས་ནང་གློད་པ་ཡིན་ནམ་ཡང་མིན་ན་བོད་པ་དང་ཁ་ཆེ་བར་གཅིག་ གཟོ་བསམ་པ་མིན་འགྲོ་སྙམ། ཡང་བོད་མི་གཅིག་གིས་གཞིས་གྲོང་གསུམ་པར་སླེབས་པའི་ཕག་པ་ཁ་ཅིག་ལ་ཕག་ཕྲུག་ཡང་ གསར་དུ་སྐྱེས་ཤག་ལབ་སོང་།
དེ་དུས་ང་རང་བློ་བདེ་པོ་མ་བྱུང་། གང་ཡིན་ཟེར་ན། སྤྱིར་བཏང་swine flu ཕག་འཆམ་ཡོད་པའི་ཕག་པ་ཞིག་བོད་པའི་སྤྱི་ཚོགས་ནང་གཡུགས་པ་ཡིན་ན་བརྒྱ་དཔོན་དང་ གཞིས་མགོ་འཕྲོད་བསྟེན་སོགས་ཀྱིས་ཞིབ་འཇུག་བྱ་དགོས་ངེས་ཡིན་ན་ཡང་། ཁོང་ཚོའི་དོ་སྣང་མ་བྱས་པར་ད་ཆ་ཕག་པ་སླེབས་ནས་ཕག་ཕྲུག་ཡང་སྐྱེས་ཚར་ཡོད་འདུག བྱེ་བྲག་ཏུ་ང་ཚོའི་བཙན་བྱོལ་དུ་སླེབས་པའི་ཐོག་མར་བོད་མིའི་ནང་ཕག་པ་ གསོ་མཁན་བྱུང་ཡོད་ནའང་། དེའི་ཚེ་༸གོང་ས་མཆོག་གཙོ་གྱུར་གྱིས་སྐྱེས་བུ་དམ་པ་ཚོས་བཀའ་སློབ་ཡང་ཡང་ཕེབས་ པ་ལས་དེང་སང་བོད་མི་གཞིས་སྒར་ག་པར་ཡིན་ནའང་ཕལ་ཆེར་ཕག་པ་མཐོང་རྒྱུ་མེད་པ་དེ་ ང་ཚོའི་གཟི་བརྗིད་དང་སྤོབས་སྐྱེས་འོས་ལྟ་བུར་ཡོད། ད་ཆ་བོད་མིའི་སྤྱི་ཚཽགས་ཞིག་གི་ནང་རྒྱ་གར་ཡུལ་མིས་གློད་པའམ་རི་ནས་ཡོང་བ་གང་ ལྟར་ཡང་ཕག་པ་དང་ཕག་ཕྲུག་དེ་ཚོར་བདག་པོ་མ་རྒྱག་པར་བོད་མི་གཞིས་སྒར་ནང་གློད་ བཞག་དུས། ཕྱི་མི་དེ་ཚོས་གཞིས་གྲོང་གི་གསེབ་ཕག་མཐོང་དུས་བོད་མི་ཟེར་བ་དེ་ཕག་པ་གསོ་ མཁན་ཞིག་རེད་སྙམ་རྒྱུ་རེད་ལ། དོན་དག་གང་ཡང་མེད་པར་རྒྱ་གར་ནང་ཡོད་པའི་ཁ་ཆེ་དེ་ཚོས་ཀྱང་ག་རེ་དྲན་ཡོང་ཧ་གོ་ ཡག་མིའདུག །དེས་ན་ཕག་པ་དེ་ཚོ་ལ་ཞིབ་འཇུག་དང་འགན་ཁུར་དགོས་ཀྱི་འདུག་སྙམ།
ཕག་པ་དེ་ཚོ་གསོད་བདེ་རེད།
ཡག་རྟགས་མ་རེད། རྒྱ་གར་བ་ཚོས་བོད་པའི་སྤྱི་ཚོགས་ནང་ཕག་པ་དབྱུག རྗེས་སུ། བོད་པས་ཕག་ནད་ཁྱེར་ཡོང་གི་འདུག་ཟེར་ནས་བོད་པ་ཕྱིར་འབུད་གཏོང་བྱེད་ཀྱི་གྲ་སྒྲིག་བྱེད་ཀྱི་ཡོད། གཟབ་གཟབ་བྱས། ས་གནས་པུ་ལི་སི་སྐད་བཏང་ནས་ཐག་གཅོད་ཡག་པོ་བྱེད་དགོས། དེང་སང་རྒྱ་ནག་ལ་དངུལ་མང་པོ་ཡོད་ཙང་། འགྲོ་སོང་ཚད་མེད་བཏང་ནས་རྒྱ་གར་ནང་ལ་ཡོད་པའི་བོད་པ་ཚོ་དང་རྒྱ་གར་མང་ཚོགས་དབར་དཀྲུག་ཤིང་རྒྱག་གི་ཡོད། གཞིས་མགོ་དེ་ཚོས་འདི་མ་ཤེས་པ་འདི་ཐབས་སྐྱོ་པོ་རེད།
དངོས་གནས་གང་ཤེས། སྤྱིར་བཏང་དེང་སང་བོད་པའི་སྤྱི་ཚོགས་གང་སར་རྒྱ་གར་གི་ཡུལ་མི་ཁ་ཤས་ཀྱིས་མགོ་བྱས་ནས་བོད་པ་ཚོ་ཕུད་དགོས་ཟེར་གྱི་ཡོད་པ་དེའི་རྒྱབ་ལྗོངས་སུ་རྒྱ་ནག་མེད་མི་སྲིད་པ་རེད་མི་འདུག་ལ། གཅིག་བྱས་ན། རྒྱ་ནག་གི་བོད་པའི་ཐོག་ཆ་ཡངས་ཀྱི་སྲིད་ཇུས་ཤིག་སྟོན་གྲབས་མེད་འགྲོ་སྙམ་གྱི་འདུག