༼དཔེ་སྟོན་ན་ཆུང་ཚགས་པར། ངག་དབང་དབང་མོ། རང་ལོ ༡༢ འཛིན་གྲྭ ༨༽
ལྟོས་དང། དེ་རིང་གི་ནམ་ཟླ་ནི་ཇི་འདྲའི་མཛེས་པ་ལ་ཨང། ནམ་ཟླ་ནི་དྭངས་ཤིང་གསལ་ལ་ལྗོན་པའི་ནགས་ཚལ་ནས་བྱིའུ་ཆུང་འཇོལ་མོས་གསུངས་སྐད་སྙན་མོའི་གླུ་དབྱངས་ལེན་བཞིན་འདུག། དེ་འདྲའི་ཁོར་ཡུག་དེ་བུ་མོ་ངས་ཆུད་ཟོས་སུ་ག་ལ་གཏོང་ཕོད།དེ་བས་བུ་མོ་ངས་གོ་སྐབས་འདི་དམ་འཛིན་བྱེད་དེ་རང་ཉིད་ཆེ་དགའ་བའི་དེབ་དང་སྨྱུ་གུ་ཚུར་རང་ཉིད་ཀྱི་མདུན་དུ་བླངས་བས་ན་གློ་བུར་དུ་གནམ་སྔོན་ནས་ཐོས་མ་མྱོང་བའི་ཨ་མའི་དགོངས་པ་ཞེས་པའི་སྒྲ་ཞིག་གྲགས་བྱུང་བས། རང་དབང་མེད་པར་ངའི་སྨྱུག་རྩེ་ནས་སྙན་ངག་རིང་མོ་ཞིག་འདི་ལྟར་ཐོར་སོང། དེ་ཡང་ངས་ནམ་རྒྱུན་གྲོང་ཁྱེར་དང་གཞུང་ལམ་དུ་བསྐྱོད་བཞིན་ཡོད་པའི་བུད་མེད་དག་མཐོང་ཐེངས་རེེར་ངའི་མིག་ལམ་དུ་འཆར་བཞིན་པ་ནི་བརྩེ་ཞིང་ཡིད་དུ་འོང་བའི་ཨ་མའི་གཟུགས་རིས་ཡིན། ངས་འདི་ལྟར་ཨ་མའི་རྒྱབ་གཟུགས་ལ་ཕྱི་དྲན་ཞིག་བྱེད་པའི་སྐབས་ཐོག་དེར་སློབ་མ་ཞིག་གིས་ངའི་མིང་ནས་འབོད་བཞིན་འདུག་པས། ཅི་ཞིག་བྱུང་བ་ཡིན་ནམ་སྙམ་བཞིན་བསྐྱོད་པ་ཡིན། གནས་ཚུལ་དེ་ནི་གཞན་གང་ཡང་མ་ཡིན་ཏེ་ངས་ནམ་རྒྱུན་རེ་སྒུག་བྱེད་བཞིན་ཡོད་པའི་ཨ་མའི་ཞལ་པར་རེད་འདུག། ང་མགྱོགས་མྱུར་དུ་ཕྱིན་ནས་ཁོང་དང་ལྷན་དུ་སྐད་ཆ་བཤད་པ་ན། ཨ་མ་ལགས་ཁོང་གིས་བུ་མོ་ངར་ད་ལྟ་གང་འདྲ་ཡོད་མེད་དང་སློབ་སྦྱོང་ཐོག་འབད་པ་བྱེད་དགོས་ཚུལ། ད་དུང་དགེ་རྒན་རྣམ་པའི་ཞལ་ལ་ཉན་ནས་མ་འོངས་པར་རང་ཉིད་ཀྱིས་ཨ་མའི་དགོངས་པ་བསྒྲུབ་དགོས་ཚུལ་གྱི་གསུང་སྐད་སྙན་མོ་ཞིབ་ཅིང་ཕྲ་བར་གསུངས་བྱུང།་་་་་ངས་ཀྱང་ལགས་སོ་ལགས་སོ་ཞེས་ཁ་པར་མར་བཞག་རྗེས་མིག་མཐར་མཆི་མས་ཁེངས་ཤིང་ཁ་ནས་སྐད་ཆ་གཅིག་ཀྱང་ཐོན་མི་ནུས་པར་མིག་ཆུ་མུ་ཏིག་གི་ཕྲེང་ཐག་ཆད་པ་ལྟར་བྲང་སྟེང་ནས་ས་ལ་ཟགས། ཅིའི་ཕྱིར་ཞེ་ན།་་་་ཨ་མའི་དགོངས་པ་ལྟར་ཀ་ནས་ཨ་བར་ངས་ག་ལ་བྱེད་ཐུབ།་་་་་ཨ་མའི་དགོངས་པ་ནི་རི་ལས་བརྗིད་ལ་རྒྱ་མཚོ་ལྟར་ཟབ། དེ་ཡང་ཁོང་གི་དགོངས་པ་ནི་བུ་མོ་ང་འདབ་གཤོག་གཉིས་ལྡན་གྱི་བྱིའུ་ཆུང་རང་མགོ་ཐོན་དགོས་པ་མ་ཟད། གནམ་མཐའི་འཛམ་གླིང་ས་ཕྱོགས་གང་སར་འཕུར་ཐུབ་པའི་བྱ་ཞིག་ཆགས་ཐུབ་པའི་དགོངས་པ་དེ་དང། ཡང་ན་སྨན་པ་སྙན་གྲགས་ཅན།་་་་་་ད་དུང་རྩོམ་པ་པོ།་་་་་་་དགེ་རྒན། གང་ལྟར་སྤྱི་ཚོགས་འདིའི་ནང་ཕན་ཐོགས་པའི་བུད་མེད་བཟང་པོ་ཞིག་བྱེད་ཐུབ་ན་བསམ་པའི་དགོངས་པ་འདི་རེད།
འོན་ཀྱང་བུ་མོ་ངས་ཆུང་བྱིས་པའི་དུས་ནས་སློབ་ལ་མི་འབད་པར་སྐྱིད་པོ་ཁོ་ནར་རོལ་བ་དང། ཕུགས་ལ་བསམ་བློ་མ་བཏང་བར་ད་ལྟ་དུས་ཡུན་ཐུང་ངུ་དེའི་ནང་དུ་ཨ་མའི་དགོངས་པ་དེ་སྒྲུབ་དགོས་བསམ་ན་རང་བཞིན་གྱི་སེམས་ལ་དངངས་འཚབ་སྐྱེས་ནས་ཡོང་བྱུང། ལྷག་པར་དུ་སྔོན་གྱི་དུས་ཚོད་བཟང་པོ་དེ་དག་དོན་མེད་ཆུད་ཟོས་སུ་སོང་བར་ད་ཆ་འགྱོད་སེམས་སྐྱེས་བཞིན་འདུག། དཀོན་མཆོག་གསུམ་གྱིས་བུ་མོ་ང་རྨི་ལམ་གྱི་འཇིག་རྟེན་འདིར་ཨ་མའི་དགོངས་པ་བསྒྲུབས་པར་བཏང་ཡང་ངས་ཁོང་ལ་ཅི་ཡང་བྱེད་མ་ཐུབ་པས། ནམ་རྒྱུན་སེམས་ནང་ནས་བུ་མོ་ང་འཛམ་གླིང་འདིའི་ཐོག་ཏུ་ཡོང་མེད་ན་ཅི་མ་རུང་སྙམ། རྒྱུ་མཚན་དེ་བས་སློབ་གྲོགས་ཁྱེད་རྣམས་པས་བུ་མོ་ང་ལྟར་མི་གནང་པར་ད་ལྟའི་གོ་སྐབས་འདི་བཟུང་ནས་སློབ་ལ་བརྩོན་ཞིང་ཏེ་ཨ་མའི་དགོངས་པ་དེ་བསྒྲུབ་ཐུབ་པ་བྱ་དགོས། ཨ་མས་རང་ཉིད་ཀྱི་ཁྲག་རྔུལ་ལས་བྱུང་བའི་དངུལ་དེ་དག་གྲོན་ཆུང་དང་ཉར་ཚགས་ཀྱིས་བུ་མོ་ང་ཚོ་སློབ་གྲྭར་བཏང་བ་དང་གོས་ཟས་སོགས་འགྲོ་སོང་གང་ཐུབ་བཏང་ཡང་བསམ་ཤེས་མེད་པའི་བུ་མོ་ང་ཚོས་བརྩི་འཇོག་རྩ་བ་ནས་བྱས་མ་མྱོང། འོན་ཀྱང་ད་ལྟ་བསམ་བློ་ཞིབ་མོ་གཏོང་སྐབས་ང་ཚོར་ཨ་མའི་མངལ་ལས་ཐོན་མ་ཐག་གཞོལ་དུ་མེད་པའི་ལས་འགན་རེ་ཡོད་་པ་ནི་ཨ་མའི་དགོངས་པ་བསྒྲུབ་རྒྱུ་དེ་རེད་ཨང།
རེད་ཨ་བུ་མོ་ལོ་ཆུང་བྱམས་སེམས་ཅན་གྱི་སྐྱེས་མའི་རེ་བ་ལོས་སྒྲུབ་
ཐུགས་རྗེ་ཆེ་ཞུ། ས་མཐའ་ན་དྲན་གདུང་གིས་མནར་བའི་སེམས་པ་ལ་ངོ་མ་སྦྲང་ཆར་ལྟར་གྱུར་སོང་།
བུ་མོ་ཁྱེད་ཀྱི་བཤད་སྟངས་ལ་བལྟས་ན་་་་ཨ་མའི་དགོངས་པ་སྒྲུབ་མི་ཐུབ་མཁན་ཞིག་ཡིན་ས་རེད་་་་དེ་ཡི་རྒྱུ་མཚན་ནི་་་ཁྱེད་ཀྱི་སྨྱུ་གུ་གསར་པ་དེ་སྨིན་མ་རན་ནས་སྨིན་པ་མིན་འགྲོ།
དཔེ་སྟོན་སློབ་གྲྭའི་དགེ་རྒན་ཚོ། སྐྱག་རྫུན་མ་ཤོད། བུ་ཕྲུག་ཆུང་ཆུང་ཞིག་གིས་སྙན་ངག་བྲིས་ཡོད་གིན་ཡོད་ཅེས་འུར་མ་སྒྲོགས། དེང་ཐོག་ཁྱོད་ཚོས་སྙན་ངག་ཡག་པོ་ཞིག་བྲིས་དང་། དེ་ནས་སློབ་ཕྲུག་ལ་བལྟ་ཆོག ། རང་མགོ་རང་གིས་མ་བསྐོར་ན་དངོས་ཡོད་མ་རེད། དེ་སེམས་ལ་ཟུངས།
རང་མགོ་རང་གིས་བསྐོར་ན་ཟེར་བ་ཡིན།
སྙན་ངག་བྲིས་ཡོད་ཅེས་ཟེར་བ་ཡིན།
དངོས་ནས་བདེན་བ་རེད་དང་བོར་དགེ་རྒན་སོ་སོའི་སྙན་ངག་ཞིག་བྲིས།
བྱིས་པ་ཞིག་གི་སྙན་ངག་བྲིས་བ་ཧ་ཧ་ཧ་ཧ་ཧ་ཧ་་་་་་་་་ལོ་བཅུ་གཉིས་ཧ་ཧ་ཧ་ཧ་ཧ་ཧ་ཧ
དྲང་མོར་བཤད་ན་བྱིས་པ་ལོ་ངོ་བཅུ་གཉིས་བཅུ་གསུམ་ཅན་གྱིས་སྙན་ངག་ཟེར་ན་འདྲ། རྩོམ་ཡིག་ཟེར་ན་འདྲ། གང་ལྟར་སེམས་བདེ་ཆོག་ཆོག་གི་རྩོམ་ཡིག་སྤེལ་ན་ཧ་ཅང་དགའ། རྗེས་སུ་ཡིད་རངས་ཡོད། དགེ་རྒན་ཚོ་ལ་ཡང་བཀའ་དྲིན་ཆེ། ཡིན་ན་ཡང་། འཛམ་གླིང་ནང་རྩོམ་ཡིག་འབྲི་མཁན་དང་སྙན་ངག་འབྲི་ནཁན་ཉུང་ཉུང་ཞིག་ལས་མེད། དེ་ཚོ་ཡང་མི་ཚེ་ཕྱེད་ཙམ་འདས་རྗེས་མིང་གསལ་བ་ཞིག་ཡིན། མི་ཚེ་ཕྱེད་ཙམ་འདས་རྗེས་སྐད་གྲགས་ཆགས། ཁོའི་སྐད་གྲགས་ལ་བསྟེན་ནས་མི་མང་པོས་ཁོའི་ཕ་སྟག་རེད། ཁོའི་མ་དོམ་རེད། ཁོ་གཟིག་རེད་ཅེས་བསྒྲགས་པ་རེད། འདི་དག་ཚང་མ་དངོས་ཡོད་མ་རེད། སྒྲོ་བཏགས་རེད།
འབྲི་ནཁན། འབྲི་མཁན་ལ་བཅོ་རོགས།
མཁྱེན་ཡངས་འབའ་སྲས་ཀུན་སྤྱོད་ལེགས་དྲགས་ནས། །
ཉམས་ཆུང་དགེ་རྒན་རྫུན་གཏམ་རྒྱལ་པོར་བཅོས། །
སྙན་དངགས་སྙན་ངག་གོ་དོན་མི་ཤེས་པས། །
བྱིས་པའི་ངག་ལ་སྙན་པའི་ཆ་མེད་ཟེར། །
རི་བོང་ཅལ་འདྲོགས་དབྱངས་ཅན་མིང་ཅན་མ། །
རྩོམ་རིགས་གནས་ལ་བྱང་གོམས་ཡོད་སྙམ་ན། །
ཁ་སྟོང་སྦུག་ན་ཀླད་སྟོང་དཀྲུགས་པ་ལས། །
ལོ་ཆུང་བྱིས་པར་སྙན་གཞུང་འཁྲིད་པར་རྒྱུགས། །