༄༅།། རང་རིགས་ན་གཞོན་མཐོ་སློབ་ཐོན་ཅིང་ (B.Ed.) དགེ་འོས་སྦྱོང་བརྡར་ཡང་ཐོན་ཏེ། ད་ལྟ་རང་རེའི་སྤྱི་ཚོགས་ནང་དགེ་རྒན་གྱི་ལས་ཀ་མ་ཐོབ་པར་ལས་མེད་དུ་ལྷག་ཡོད་པ་དང༌། དེ་བཞིན་སྒེར་གྱི་སློབ་གྲྭ་ཁག་ནང་ལས་ཀ་བྱེད་བཞིན་པ་དེ་རིགས་ཡོད་ཚེ། རང་རང་སོ་སོའི་ལོ་རྒྱུས་དང་ད་ལྟའི་སྡོད་གནས་ཁ་བྱང༌། འབྲེལ་གཏུགས་བརྒྱུད་ལམ་ཇི་ཡོད་བཅས་ཤེས་རིག་ལས་ཁུངས་སུ་ ༢༠༡༢ ཕྱི་ཟླ་ ༡༡ ཚེས་ ༣༠ འགྱང་མེད་འབུལ་དགོས་པའི་གསལ་བསྒྲགས་ཞུ་རྒྱུ་ཡིན་ན། འདི་སྐོར་བློ་ལྡན་ཀློག་པ་པོ་རྣམས་ནས་གཅིག་ནས་གཅིག་བརྒྱུད་བརྡ་ལེན་གསལ་བསྒྲགས་གནང་རྒྱུར་ང་ཚོར་མཐུན་འགྱུར་གནང་རོགས་གནང༌། གསལ་བསྒྲགས་འདི་ལྟར་ཨིན་ཡིག་ཐོག་ཏུའང་ཞུས་ཡོད་ན་ཚང་མས་ཐུགས་སྣང་ཡོང་བ་ཞུ། ཤེས་རིག་ལས་ཁུངས་ནས། ༢༠༡༢ ཟླ་ ༨ ཚེས་ ༢ ལ།།
འབྲེལ་གཏུགས་ཁ་བྱང།
གློག་འཕྲིན་ཁ་བྱང༌། education@tibet.net
ཁ་པར་ཨང༌། ༠༡༨༩༢ ༢༢༢༧༢༡།༢༢༢༥༧༢
མྱུར་འཕྲིན་ཨང་། ༠༡༨༩༢ ༢༢༣༤༨༡
དགོས་དོན་མེད་པས་ཁ་བྱང་ཇི་ལྟར་སྤྲད་དགོས་སམ།
དམིགས་ཡུལ་ཞིག་ནི་གཏན་གཏན་ཡོད་ངེས་རེད་སྙམ།
གསལ་བསྒྲགས་ཞིག་ཡིན་ལབ་འདུག་རུང་གསལ་པོ་ནི་ཅི་ཡང་མི་འདུག།
དེ་ན་ཤེས་རིག་ལས་ཁུངས་ལས་མི་ཚང་མས་ང་ལ་རང་རང་སོ་སོའི་ལོ་རྒྱུས་དང་ད་ལྟའི་སྡོད་གནས་ཁ་བྱང༌། འབྲེལ་གཏུགས་བརྒྱུད་ལམ་ཇི་ཡོད་བཅས་གནམ་ལས་ཁུངས་སུ་ ༢༠༡༢ ཕྱི་ཟླ་ ༡༡ ཚེས་ ༣༠ འགྱང་མེད་འབུལ་དགོས་པའི་གསལ་བསྒྲགས་ཞུ་རྒྱུ་ཡིན་ན། འདི་སྐོར་བློ་ལྡན་ཀློག་པ་པོ་རྣམས་ནས་གཅིག་ནས་གཅིག་བརྒྱུད་བརྡ་ལེན་གསལ་བསྒྲགས་གནང་རྒྱུར་ང་ལ་མཐུན་འགྱུར་གནང་རོགས་གནང༌། གསལ་བསྒྲགས་འདི་ལྟར་ཨིན་ཡིག་ཐོག་ཏུའང་ཞུས་ཡོད་ན་ཚང་མས་ཐུགས་སྣང་ཡོང་བ་ཞུ། གནམ་ལས་ཁུངས་ནས། ༢༠༡༢ ཟླ་ ༨ ཚེས་ ༢ ལ།།
བོད་མི་གླེན་པ་ཁྱེད་ཚོ། ང་ལ་ཡིད་ཆེ་ཡོད་པའི་རེད་བ་ཡོད།
ཅིའི་ཕྱིར།
དངོས་གནས་དམིགས་བསལ་བ་རྒྱུ་མཚན་མེད་པའི་གསལ་བསྒྲགས་ཤིག་རེད།
ཧ་ཧ་ཧ་ཧ་གྲོགས་མཆོག་ཚོ་ངས་ལྟས་ན་གསལ་བསྒྲགས་འདེར་སྐྱོན་གང་ཡང་མི་འདུག
སྐྱོན་མེད་ན་ཡང་སྐྱོན་བརྩལ་རྒྱུ་འདི་བོད་མིའི་རང་གཤིས་རེད། འདི་ལ་ཅང་བཟོ་རྒྱུ་ཡོད་ནི་མ་རེད།