མིག་བརྒྱད་པ།
ས་གཤིས་རིག་པའི་གླིང་ཕྲན་བདུན་ནི། (1) Asia, (2) Africa, (3) Europe, (4) South America, (5) North America (6) Australia, (7) Antarctica. ས་དབྱིབས་ཆགས་སྟངས་ཀྱི་ཆ་ནས་གླིང་ཕྲན་བདུན་ཕྱེ་བ་མ་གཏོགས་རྒྱ་མཚོ་ཆེན་པོས་བར་དུ་ཆོད་པ་དང་ས་འབྲེལ་ལོགས་ཀ་ཞིག་མིན། རྒྱ་ནག་དང་རྒྱ་གར་ཚུད་པའི་Asia་ཡི་གླིང་ཕྲན་གྱི་རྒྱ་ཁྱོན་ནི་འཛམ་གླིང་གི་སུམ་ཆ་གཅིག་ཟིན་པས་གླིང་ཕྲན་ཆེ་ཤོས་དང་མི་འབོར་གྱི་ཆ་ནས་མང་ཤོས་དེ་ཆགས་ཡོད། Africa་གླིང་ཕྲན་ནི་འཛམ་གླིང་གི་ལྔ་ཆའི་གཅིག་ཟིན་པས་གླིང་ཕྲན་ཆེ་ཤོས་གཉིས་པ་ཡིན་ཡང་མི་འབོར་ནི་རྒྱ་གར་མི་འབོར་གྱི་ཕྱེད་ཀ་ཙམ་ལས་མེད། གླིང་ཕྲན་འདིའི་ནང་ལ་རྩ་ཐང་དང་བྱེ་ཐང་། ནགས་ཚལ་སྟུག་པོ། རྩ་གཟན་རི་དྭགས་མང་བ་དང་། གསེར་དང་ཟངས། རྡོ་རྗེ་ཕ་ལམ་སོགས་གཏེར་ཁ་མང་། Europe་ནི་རྒྱ་གར་ལས་ལྡབ་གསུམ་གྱིས་ཆེ་བ་དང་མི་རྣམས་ལ་བག་ཆགས་བཞག་མྱོང་བའི་གླིང་ཕྲན་གལ་ཆེན་པོ་ཞིག་བརྩི་གི་ཡོད་པ་རེད། South America་ནི་རྒྱ་གར་ལས་ལྡབ་དྲུག་གིས་ཆེ་བ་དང་ཧི་མ་ལ་ཡའི་རི་རྒྱུད་དང་ས་འབྲེལ་ཉེ་བོ་ཡོད་པ་དང་། ཨེ་ཤི་ཡ་དང་གླིང་ཕྲན་འདི་གཉིས་ཀྱི་ནང་དུ་གཙང་པོ་དང་རྒྱུགས་ཆུ་མང་བ། ས་མཐོའི་བྱང་ཐང་དང་རྩ་ཐང་མང་བ། འབྲུ་རིགས་ཐོན་ཁུངས་ཧ་ཅང་ཡག་པོ་ཡོད་པ་རེད། North America་ནི་གླིང་ཕྲན་ཆེ་ཤོས་གསུམ་པ་དང་འདི་ལ་འཛམ་གླིང་གསར་བ་ཞེས་འབོད་སྲོལ་ཡོད་པ་རེད། གླིང་ཕྲན་འདི་བཙལ་བརྙེད་བྱུང་ནས་ལོ་ཧ་ཅང་མང་པོར་ཕྱིན་མེད་པ་དང་རྒྱ་ཁྱོན་ནི་རྒྱ་གར་ལས་ལྡབ་བརྒྱད་ཀྱིས་ཆེ་བ་ཡོད་ཀྱང་མི་འབོར་ནི་རྒྱ་གར་གྱི་ཕྱེད་ཀ་ལས་ཉུང་བ་མ་གཏོགས་མེད། རང་བྱུང་གཏེར་ཁུངས་མང་ཤོས་དང་ཡར་རྒྱས་ཆེ་ཤོས་དེ་ཆགས་ཡོད་པ་རེད། Australia་ནི་གླིང་ཕྲན་ཆུང་ཤོས་དང་གོ་ལའི་ལྷོ་ངོས་སུ་ཆགས་ཡོད་པ་རེད། འདིའི་ནང་རྒྱལ་ཁབ་ཁ་ཤས་ཡོད་པ་ལས་ NewZealand ནི་ཆར་ཆུ་མང་བ་དང་ནགས་ཚལ་དང་རྩ་ཐང་མང་བ་དང་། Australia་ནི་དེ་ལས་ལྡོག་སྟེ་ཆར་ཆུ་དཀོན་པ་དང་ཐན་པས་གནོད་སྐྱོན་མང་བ་དང་ཤིང་དང་རྩྭ་ལྡུམ་སོགས་གློ་བུར་མེ་འབར་བ་སོགས་དུས་རྒྱུན་འབྱུང་གི་ཡོད་པ་རེད། Antarctica་ནི་འཛམ་གླིང་གི་ལྷོ་སྣེ་རུ་ཆགས་ཡོད་ལ་Europe་ལས་ལྡབ་གཅིག་དང་ཕྱེད་ཀས་ཆེ་བ་ཡོད་པ་རེད། གླིང་ཕྲན་འདི་འཁྱགས་རོམ་གྱིས་གཏུམས་ཤིང་འགྲོ་བ་མི་གཞིས་སྡོད་བྱེད་ཆོག་གི་མེད་པ་དང་གཏེར་ཁ་འཚོལ་ཞིབ་ཀྱང་བྱེད་ཆོག་གི་མེད་པ་རེད། འཛམ་བུ་གླིང་གི་གྲང་ངར་ཆེ་ཤོས་དང་ལྷགས་པ་ཚ་ཤོས་དེ་གྱུར་ཡོད་པ་རེད། དུས་བཞི་ལས་དབྱར་དགུན་གཉིས་མ་གཏོགས་མི་འབྱུང་བ་དང་དབྱར་ཁ་ཟླ་བ་དྲུག་ནི་ཉིན་མོ་སྟེ་ཉིན་གཅིག་ཡིན། དགུན་ཁ་ཟླ་བ་དྲུག་ནི་མཚན་མོ་སྟེ་ཞག་གཅིག་གོ། མདོར་ན་ལོ་གཅིག་གི་དུས་ཡུན་དེ་ཉིན་མཚན་གཅིག་གི་ཡུན་རེད།
ལྷོ་བྱང་ཨ་མེ་རི་ཀར་གླིང་གསར་པ་སྟེ་ new world ཟེར་བ་ནི་ལོ་རྒྱུས་ནང་མི་རིགས་དཀར་པོས་ཐོག་མར་གསར་དུ་རྙེད་པ་དང་ཁོ་ཚོས་བཏགས་པའི་མིང་ཡིན་མོད་དེར་ཉུང་མཐར་མི་ཡི་འགྲོ་བ་ལོ་ངོ་སྟོང་ཕྲག་གཅིག་ཙམ་གྱི་གོང་ནས་འཕེལ་ཟིན།
སེ་པཱེན་ Spain ནས་ཡིན་པ་ཁོ་ལཱམ་བྷས་ Columbus ཀྱིས་ཁེ་རེ་བྷི་ཡེན་གྱི་གླིང་ཕྲན་ Caribbean Island ཁག་ཅིག་ཐོག་མ་རྙེད་སོན་བྱུང་དེ་ནས་སྤྱི་ལོ་ ༡༤༩༨ ལོར་ South American mainland ལྷོ་ཕྱོགས་ཨ་མེ་རི་ཀའི་སྐམ་ས་ཆེན་པོར་གསར་རྙེད་བྱུང་།།
རེད། ཧྲ་གི ད་རེས་མིག་བརྒྱད་པས་ཕྱོགས་བཞི་མཚམས་བརྒྱད་ལ་གཟིགས་འདུག་ག
ས་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ། RUSSIA རྒྱ་ཁྱོན་ཀི་ལོ་མིས་ཏར་གྲུ་བཞི་མ 17.031364 ཡོད།
ས་ཁྱོན་ཆུང་ཤོས་ཀྱི་རྒྱལ་ཁབ། VATICAN CITY ཀི་ལོ་མིས་ཊར་བགྲུ་བཞི་མ་ 0.44 ཡོད།
མི་འབོར་མང་ཤོས་ཀྱི་རྒྱལ་ཁབ། CHINA མི་གྲངས་ས་ཡ་ 1.319.123 ཡོད།
མི་འབོར་ཉུང་ཤོས་ཀྱི་རྒྱལ་ཁབ། VATICAN CITY མི་གྲངས་ 0.9 སྟེ། དགུ་བརྒྱ་ཐམ་པ་ལས་མེད།
ཨེ་ཤ་ཡའི་གླིང་ཆེན་ལ་རྒྱལ་ཁབ་ 48 དང་མི་འབོར་གྲངས་ས་ཡ་ 3917.453.000 ཡོད།
ཡུ་རོབ་གླིང་ལ་རྒྱལ་ཁབ་ 43 དང་མི་འབོར་གྲངས་ཁྱོན་བསྡོམས་ས་ཡ་ 722.760. 000 ཡོད།
ཨ་ཧྥི་རི་ཀ་གླིང་ལ་རྒྱལ་ཁབ་ 48 དང་མི་འབོར་གྲངས་ཁྱོན་ས་ཡ་ 872.393.000 ཡོད།
ཨ་རི་བྱང་མ་ལ་རྒྱལ་ཁབ་ 24 དང་ཨ་རི་ལྷོ་མ་ལ་རྒྱལ་ཁབ་ 12 །
ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལ་རྒྱལ་ཁབ་ 12 བཅས་ཡོད།
ནོར་མི་ཉན་པ་ཞིག་ལ་ཨེ་ཤ་ཡ་གླིང་ལ་རྒྱལ་ཁབ་ ༤༧ ལས་མེད་ཀྱང་ལོ་ངོ་ངེས་ཅན་རྗེས་ཨེ་ཤ་ཡའི་གླིང་ལ་མཐོ་སྒང་གི་རྒྱལ་ཁབ་གསར་པ་ཞིག་འཁྲུངས་ངེས་ཡིན་ཙང་ད་ལྟ་ནས་གླིང་ཆེན་ཨེ་ཤ་ཡའི་ཁུངས་སུ་རྒྱལ་ཁབ་ཀྱི་གྲངས་སུ་བགྲང་ཆོག་གི་རེད། ཧཧཧ འཕྱ་དམོད་མི་གནང་བར་ཞུ།
རེད་ཡ། ང་ཚོ་འཚོ་སྡོད་བྱེད་སའི་འཇིག་རྟེན་འདི་ཡི་སྐོར་ལ་རྒྱུས་ལོན་བྱ་རྒྱུ་ནི་མིའི་རིགས་ཀྱི་ལས་འག།ན་གལ་
ཤོས་ཤིག་རེད། འདི་དག་དང་སྔོན་གྱི་མཁས་པའི་ཐུགས་ངོ་ན་ཡོད་པའི་གླིང་བཞི་གླིང་ཕྲན་གྱི་རྣམ་གཞག་གཉིས་མི་འགལ་བར་བཤད་ཤེས་པ་དགོས། སྔོན་དུས་ཨརྱན་མི་རིགས་ཀྱི་སེམས་ངོ་ན་བཞེངས་པའི་རི་རབ་ནི་
ད་ལྟ་ང་ཚོའི་མིག་མདུན་ན་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་སྤྱི་དང་ལྷག་པར་དུ་གངས་རི་ཆེན་པོ་ཏི་སེ་འདིའི་
ཆེས་ཐོག་མའི་རྣམ་པ་ཞིག་ཡིན་པར་ངེས་ལ། འཛམ་བུ་གླིང་ནི་རྒྱ་གར་དང་ལུས་འཕགས་ནི་རྒྱ་ནག བ་ལང་
སྤྱོད་ནི་ཨ་རབ་དང་ཡུ་རོབ། སྒྲ་མི་སྙན་ནི་ར་ཤི་ཡ་དང་ཨུ་རུ་སུ་ལ་ངོས་གཟུང་ཆོག་ཅིང་། གཞན་རྣམས་གླིང་
ཕྲན་ཁག་ལ་ངོས་བཟུང་ན་འགྲིག་གོ་སྙམ་ན། ཁྱེད་རྣམ་པའི་དགོངས་ཚུལ་གསུང་རོགས།
ཁྱེད༌རྣམས༌པ༌ཚོ༌བཀྲ༌ཤིས༌བདེ༌ལེགས༌ཞུ།
རྣམ་པ་ཚོའི་དགོངས་འཆར་གསེར་ལྟར་རྩ་ཆེ།
མཛོད་ལས། ནམ་ཕྱེད་ཉི་མ་ནུབ་པ་དང་།།ཉི་མ་ཕྱེད་དང་འཆར་དུས་གཅིག།ཞེས་བྱང་སྒྲ་མི་སྙན་དུ་ནམ་ཕྱེད་དང་ཤར་ལུས་འཕགས་གླིང་དུ་ཉི་མ་ནུབ་པ་དང་ལྷོ་འཛམ་བུའི་གླིང་དུ་ཉིན་ཕྱེད་དང་ནུབ་བ་ལང་སྤྱོད་དུ་ཉི་མ་འཆར་བ་རྣམས་ཕལ་ཆེར་དུས་གཅིག་སྟེ་ཉི་ཟླ་འཆར་ནུབ་ཀྱི་དབང་གིས་གླིང་བཞི་འཇོག་པ་དཔྱད་དགོས་པ་མང་པོ་ཡོད། གལ་ཏེ་ཤར་ལུས་འཕགས་གླང་དང་ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན་སོགས་འཛམ་གླིང་འདིའི་ཁོངས་སུ་གཏོགས་པར་རྩིས་བའི་དབང་དུ་བྱས་ན་ནི་ཉི་ཟླ་འཆར་ནུབ་ཀྱི་སྒོ་ནས་བཞག་དཀའ་བས། ། ཨ་རི་ལ་ཉི་མ་ཤར་བ་དང་རྒྱ་གར་ལ་ས་རུབ་པ་གཉིས་ཕལ་ཆེར་དུས་མཚུངས་ཡིན་ལ། དེ་ལྟར་ན་ཨ་རིའི་ངོས་དེ་བྱང་སྒྲ་མི་སྙན་དང་རྒྱ་གར་གྱི་ངོས་དེ་འཛམ་བུ་གླིང་ཡིན་དགོས་སོ།། རྣམ་པ་ཚོས་མི་འགལ་བར་དཔྱད་ནས་ཅིག་གསུངས་རོགས་གནོངས་དང་།
གླིང་ཕྲན་ཨ་ཡིན། གླིང་ཆེན་ཡིན་རྒྱུ་རེད་ཀོ
གོང་དུ་ཚང་མས་ཡག་པོ་ཞེ་པོ་གསུངས་འདུག
བོད་རྒྱ་ཚིག་མཛོད་དུ། གླིང་ཆེན་ནི་རྒྱ་མཚོས་བསྐོར་བའི་སྐམ་ས་ཆེན་པོ་དང་། གླིང་ནི་གཙང་པོའམ་རྒྱ་མཚོའི་ཆུས་མཐའ་ནས་སྐམ་ས་ཆེ་ཆུང་། དག་ཡིག་གསར་བསྒྲིགས་ལས། གླིང་ནི་རྒྱ་མཚོའི་ནང་གི་སྐམ་སའི་མིང་སྟེ། གླིང་ཕྲན། ཕྱེད་གླིང་ཞེས་པ་ལྟ་བུ། ཟེར། དག་ཡིག་གཉིས་མ་མཐུན་པས་སྔ་མ་ནི་བཙན་པོའི་འཛམ་གླིང་རྒྱས་བཤད་དང་མཐུན། འཛམ་བུ་གླིང་ཞེས་པའི་གླིང་དེ་འཛམ་གླིང་རིལ་བོ་ལ་གོ་ཆོག་ན་གླིང་ཕྲན་བདུན་ཟེར་ན་འགྲིག་པར་སྙམ། གླིང་དང་གླིང་ཕྲན་གྱི་ཟླས་ཕྱེ་བའི་གླིང་ནི་གླིང་ཆེན་པོ་ལ་གོ་ཆོག་པར་འདུག་པས་དཔྱད་པར་བྱ།
ཉི་ཟླ་འཆར་ནུབ་དང་འཇིག་རྟེན་ཆགས་རིམ་སོགས་མཛོད་ལ་ཁུངས་བཅོལ་བ་ན་ནི་འཇིག་རྟེན་ལེབ་ལེབ་དང་འཛམ་བུ་གླིང་འགུལ་མེད་མཐའ་མེད་ཞིག་ཏུ་ཁས་ལེན་དགོས་གི་རེད། དེ་ལྟར་ཁས་བླངས་ན་ནི་མངོན་སུམ་ལ་སྐྱག་རྫུན་ཤོད་དགོས་ཐུག་གི་རེད། མངོན་སུམ་ལ་སྐྱག་རྫུན་ཤོད་པ་ལས་ཉེས་པ་ཆེན་པོ་ཞིག་ནང་པའི་གཞུང་ན་མེད་པ་རེད།
དེ་ཡིན་དུས་དངོས་ཡོད་ཀྱི་འཇིག་རྟེན་དང་མཛོད་ལས་གསུངས་པ་གཉིས་དུས་ནམ་ཡང་གཞི་གཅིག་ཏུ་མི་འགལ་པར་དཔྱད་པའི་གོ་སྐབས་ཤར་མི་སྲིད་པ་ལྟ་བུ་རེད། དཔེར་ན། དངོས་ཡོད་ནི། ཉི་མ་ལྟེ་བར་བྱས་པའི་རྒྱུ་སྐར་ཆེན་པོ་དགུ་ཡིས་ཉི་མར་བསྐོར་བ་རྒྱག་པ་སྟེ། སྐར་མ་ལྷག་པ་དང་། པ་སངས་དང་།སའི་གོ་ལ་དང་། མིག་དམར་དང་། ཕུར་བུ་དང་། སྤེན་པ་དང་། གནམ་རྒྱལ་དང་། མཚོ་རྒྱལ་དང་། གཤིན་རྒྱལ་བཅས་སོ།
དེ་ཡང་སྐར་མ་ལྷག་པས་ཉི་མ་དང་བར་ཐག་ཀི་ལོ་མིས་ཊར་ས་ཡ་ ༥༨ ཀྱི་མཚམས་སུ་སྐོར་བ་རྒྱག་གིན་ཡོད། པ་སངས་ཀྱིས་ ཉི་མ་དང་བར་ཐག་ཀི་ལོ་མིས་ཊར་ས་ཡ་ ༡༠༨ ཀྱི་མཚམས་དང་། སའི་གོ་ལའི་ཉི་མ་དང་བར་ཐག་ཀི་ལོ་མིས་ཊར་ས་ཡ་༡༥༠ ། མིག་དམར་གྱིས་ཀི་ལོ་མིས་ཊར་ས་ཡ་ ༢༢༨ ཀྱི་མཚམས་སུ་དང་། ཕུར་བུས་ཉི་མ་དང་བར་ཐག་ཀི་ལོ་མིས་ཊར་ས་ཡ་༧༧༨ གྱི་མཚམས། སྤེན་པས་ཀི་ལོ་མིས་ཊར་ས་ཡ་༡༤༣༠ ། སྐར་མ་གནམ་རྒྱལ་གྱིས་ཀི་ལོ་མིས་ཊར་ས་ཡ་༢༨༧༠ ། མཚོ་རྒྱལ་གྱིས་ཀི་ལོ་མིས་ཊར་ས་ཡ་ ༤༥༠༠། གཤིན་རྒྱལ་གྱིས་ཀི་ལོ་མིས་ཊར་ས་ཡ་ ༥༩༠༠ ཡི་མཚམས་སུ་ཉི་མར་སྐོར་བ་རྒྱག་བཞིན་པ་རེད།
དཔེ་ཞིག་བཞག་ན་མཚན་མོ་གློག་སྒྲོན་མཐའ་ལ་སྦྲང་མ་འཁོར་བ་དང་ཆ་འདྲ་བོ་རེད།
གནས་ལུགས་དེ་མཛོད་ལས་བཤད་པའི་ཉི་མ་དང་ཟླ་བས་རི་མཐོན་པོ་ཞིག་གི་མཐའ་ཆགས་པའི་འཛམ་བུ་གླིང་སོགས་ལ་སྐོར་ར་བསྐོར་གིན་ཡོད་པའི་གནའ་བོའི་བྱིས་སྒྲུང་འདྲ་བོ་དེ་དང་བསྡུར་བ་ཡིན་ན་ཉིན་མཚན་གོ་ལྡོག་པ་ལྟ་བུའི་ཁྱད་པར་དང་། དེ་གཉིས་མཚུངས་བསྡུར་བྱེད་པ་ནི་ཞྭ་ལྷམ་གཉིས་གོ་ལྡོག་ནས་གྱོན་དགོས་ཐུག་གི་རེད།
ངས་བལྟས་ན། མཛོད་ཀྱི་ཡིག་ཆ་དེ་དག་ད་ལྟ་གདན་ས་ཁག་ནང་ལ་ཁྲིད་ན་དུས་ཚོད་འཕྲོག་བརླག་རེད་འདུག
དེའི་ཚབ་ལ། འཛམ་གླིང་གི་ལོ་རྒྱུས་དང་། མིའི་འཕེལ་རྒྱས་སྐོར་གྱི་ཚན་རིག་ནང་གི་ཤེས་བྱ་དེ་ཚོ་ཁྲིད་ཐུབ་ན་ཤིན་དུ་ལེགས།
དེ་བཞིན་གདན་སའི་ནང་ལ། སྤྱི་ཚོགས་རིག་པ་དང་། དཔལ་འབྱོར་རིག་པ། དེ་བཞིན་ནོར་སྲིད་རིག་པ། ད་དུང་སེམས་ཁམས་རིག་པ་སོགས་ཁྲིད་ཐུབ་ན་ཕན་ཐོག་ཆེའོ།
རྒྱལ་བ་རིན་པོ་ཆེ་ཡང་གོང་གི་ཤེས་བྱ་རྣམས་ལ་ཐུགས་སྣང་ཆེན་པོས་སྦྱངས་ནས་རྒྱལ་སྤྱིའི་ཐོག་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབས་པས་སོ།
ད་དུང་འདྲི་བ་གཅིག་ཡོད། ལུང་གིས་གྲུབ་ན་བདེན་པ་ཡིན་པས་ཨེ་ཁྱབ། འདི་ལ་བསམ་བློ་ཡག་པོ་ཞིག་གཏོང་དགོས་ཀྱི་འདུག། ང་ཚོས་ལུང་དྲངས་ནས་ལྟ་བ་དང་དངོས་པོ་ག་གེ་མོ་ཞིག་གི་བདེན་པ་འཚོལ་བཞིན་ཡོད། ཡིན་ནའང་། ལུང་ནང་ལ་ཡོད་པ། དངོས་པོའི་གཤིས་དང་མ་མཚུངས་བའི་དངོས་པོ་མང་པོ་ཡོད་པ་ནི། མཛོད་ནང་གི་ཤེས་བྱ་མང་པོ་ཞིག་ལུང་དྲངས་ནས་གྲུབ་ཐུབ་ལ་དོན་དངོས་འཚོལ་བའི་སྐབས་ལ། འགལ་བ་ཡོང་གི་ཡོད། དཔེར་ན། བྱང་སྒྲ་མི་ཉན་ལྟ་བུ་རེད། མཛོད་ནང་ལ་ཡོད། ཡིན་ནའང་། དེའི་གནས་སྟངས་དེ་བརྙེད་རྒྱུ་མེད་པ་རེད། དཔེར་ན། ལ་ལས་ལྷོ་འཛམ་བུ་གླིང་ཁོ་རང་རྒྱ་གར་གྱི་ས་ཆ་བྱེ་བྲག་པ་ཞིག་ལ་གོ་བ་ལས། དེ་རྒྱ་གར་ལས་གཞན་པའི་རྒྱལ་ཁབ་གཞན་ལ་མི་གོ་བ་ནི། འཛམ་བུ་གླིང་ཟེར་བ་འདིའི་ཚིག་ཟིན་ནས་ཡོང་ཞེས་མཁས་པ་འགས་གསུངས།
ཛམ་བུ་གླིང་དེ་ངོས་གསུམ་ལ།
སྟོང་ཕྲག་གཉིས་སོ་ཤིང་རྟའི་དབྱིབས།
ཞེས་གསུངས་པ་དེ་རྒྱ་གར་ཙམ་ལ་གསུངས་ཏེ། འདི་ཡི་དོན་རྒྱ་གར་ལ་ཚང་ཡོད་པ་ཞིག་མི་འདུག་གམ། དེ་ལྟར་ཡིན་ན། གཞན་ཕར་ཞོག རེ་རེའི་བོད་ཀྱང་ངོས་གསུམ་གྱི་ཕྱི་ལོགས་ལ་ཡོད་པས། ཛམ་གླིང་གི་ཁོངས་སུ་ཇི་ལྟར་ཚུད། དི་རིང་བཤད་པ་ཞིག་བྱེད་དུས། ང་བོད་ལ་ཡོད་དུས་སུ། རྒྱ་ནག་ཤང་ཧེ་ཞེས་པའི་གྲོང་ཁྱེར་ནས་ཤར་ལ་མངོན་པར་ཕྱོགས་ཏེ། འགྲོ་ན་ཨ་རིའི་གླིང་དུ་འབྱོར། དེ་བཞིན་རྒྱ་གར་གྱི་གྲོང་ཁྱེར་མུམ་བེ་ནས་ནུབ་་ལ་མངོན་པར་ཕྱོགས་ཏེ། འགྲོ་ན་ཨ་རིའི་གླིང་དུ་འབྱོར། ཇི་འདྲ་ཞིག་ཡིན་ནམ་ཞེས་ཡ་མཚན་དུ་གྱུར་པ་ཞིག་ཆགས་ཞེས་བཤད་དོ།།
མཛོད་ལས་འགྲོ་བའི་གནས་མི་འདྲ་བ་ལ་ཚེ་ཚད་མི་འདྲ་བ་རེ་བཤད་འདུག་པས། ཚན་རིག་པ་ཨ་ཡེན་སི་ཊན་གྱི་མཚེ་མའི་དཔེ་ལྟར་ཕྲུ་གུ་ལོ་བཅུ་ལོན་པའི་གཅིག་ཤོས་ཉི་འོད་ཀྱི་མགྱོགས་ཚད་དང་མཉམ་པའི་འཛམ་བུའི་གླིང་གི་ཁོར་ཡུག་ལས་བརྒལ་ནས་སྟོང་ཁམས་སུ་ལོ་དྲུག་བཅུ་འཁོར་ནས་ཚུར་ལོག་ན་དེའི་ལང་ཚོ་ནི་ལོ་བཅུའི་གནས་སྐབས་ལྟར་གནས་མུས་ཡིན་པར་བཤད་པ་དང་། གཅིག་ཤོས་ནི་རྒས་འཁོགས་ཤིག་ཏུ་གྱུར་ཡོད་པར་འདོད་པའི་དཔེ་མཚོན་དེས་མིའི་ཚེ་ཚད་ནི་འཛམ་གླིང་འདིའི་ལོ་ཟླའི་འཁོར་བསྐྱོད་ལ་བརྟེན་ནས་རྒས་རྒུད་དུ་འགྲོ་བའི་ཆོས་ཉིད་འདི་དང་། དམ་ཆོས་དཀོན་བརྩེགས་སོགས་ལས་སྟོན་པའི་མདུན་དུ་བྱང་ཆུབ་སེམས་དཔའ་སྐུ་ཚེ་ལོ་ས་ཡ་མང་པོ་འགོར་ཡང་ལང་ཚོ་དགུང་ལོ་བརྒྱད་དང་བཅུ་དྲུག་གི་རྣམ་པ་ཅན་མང་དུ་བྱུང་བ་དེ་དག་འཇིག་རྟེན་གཞན་ལས་འོངས་པ་དང་འཕགས་པ་ཐོགས་མེད་དགའ་ལྡན་དུ་ཕེབས་ནས་སྔ་དྲོ་བྱམས་ཆོས་སྡེ་ལྔ་གསན་ནས་ཚུར་ལོག་ཕེབས་དུས་མི་ལོ་བརྒྱ་དང་དྲུག་ཅུ་ཕྱིན་པའི་གཏམ་སྙན་མོ་དེ་ཚོ་ལའང་མཚེ་མའི་དཔེ་དང་འདྲ་བའི་རྒྱུ་མཚན་རེ་འདུག་པས་དཔྱད་པར་བྱ།
མངོན་མཛོད་ལས། འཛམ་བུ་གླིང་སྟེ་ངོས་གསུམ་ལ། །སྟོང་ཕྲག་གཉིས་སོ་ཤིང་རྟའི་དབྱིབས། །གཅིག་ལ་དཔག་ཚད་ཕྱེད་དང་བཞི། །ཞེས་པ་ལྟར། མཛོད་འགྲེལ་མངོན་པའི་རྒྱན་ལས། འཛམ་བུའི་གླིང་སྟེ་དཔག་ཚད་ནི། ངོས་གསུམ་ལ་དཔག་ཚད་སྟོང་ཕྲག་གཉིས་གཉིས་ཡོད་ལ། ངོས་གཅིག་སྟེ་ཁོར་ཡུག་ལ་བསྟན་པ་ལ་ནི། དཔག་ཚད་ཕྱེད་དང་བཞི་ཡོད་དོ་ཞེས་སྦྱར་རོ། །ངོས་དག་ཚད་མཉམ་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། གླིང་འདི་ནི་ཤིང་རྟའི་དབྱིབས་སུ་ཡོད་པའི་ཕྱིར་ཏེ། མཐའ་སྐོར་ན་དཔག་ཚད་སྟོང་ཕྲག་དྲུག་དང་བཞི་ཡོད་དོ། །ཞེས་དང༌། ཡང༌། གླིང་གང་གི་དབྱིབས་ཅི་འདྲ་བ་དེ་ན་གནས་པའི་མི་རྣམས་ཀྱི་གདོང་གི་དབྱིབས་ཀྱང་དེ་དང་འདྲའོ། །ཞེས་པ་ལྟར། ཡུལ་དབུས་ཀྱི་རྒྱ་གར་བའི་མི་རིགས་རྣམས་ཀྱི་བྱད་གཟུགས་རང་མཐོ་གང་གི་རྣམ་པ་དེ་ལ་ཞིབ་བལྟ་བྱས་ན་ཤེས་ཐུབ་ལ། དེ་ལ་བརྟེན་ནས་ཤིང་རྟའི་དབྱིབས་དེ་ཡང༌། ད་ལྟའི་རྒྱ་གར་བའི་ཤིང་རྟའི་གཟུགས་དེ་ལ་ཡང་འགྱུར་བ་དེ་ཙམ་ཕྱིན་མེད་པ་དཔོན་པར་ནུས། དེང་གི་དུས་ཀྱི་རྒྱལ་ཁབ་དེའི་ས་ཁྲའི་བཀོད་པ་དེར་བགམ་ནའང༌། དག་རྫས་ཟད་སོང་བའི་ཤུལ་འཕྲོའི་རྣམ་པ་ཞིག་ནི་ད་ལྟའང་མངོན་བཞིན་པ་དེའོ།།
དགེ་ཆོས་ཀྱིས། སྒྲ་མི་སྙན་དང་། སྒྲ་ངན་སོགས་ཀུ་རུའི་ཡུལ་སྟེ་རྒྱ་གར་གྱི་བྱང་ཕྱོགས་ག་གེ་མོ་ཞིག་ཏུ་ཡོད་པ་དང་། དེ་བཞིན་དུ་ནུབ་བ་ལང་སྤྱོད། ཤར་ལུས་འཕགས་པོ་སོགས་ཀྱིས་རྒྱ་གར་གྱི་ཡུལ་ལུང་གང་ཞིག་ཏུ་ངོས་འཛིན་དགོས་ཚུལ་ཞིག་གསེར་ཐང་དུ་ཡོད་བསམ་བྱུང་། དེ་ལྟར་རྒྱ་གར་རང་དུ་ཡོད་པའི་གླིང་བཞི་པོ་དེ་ངོས་འཛིན་སྟངས་འདྲ་ཡོད་དམ། ད་ལྟ་རྒྱ་གར་གྱི་གྲོང་ཁྱེར་གང་དང་། མངའ་སྡེ་གང་གི་ཁོངས་སུ་གཏོགས་པ་སོགས་དྲ་གྲོགས་སྤྱི་དང་། ལྷག་པར་ལ་དྭགས་པ་འཇམ་དཔལ་ལགས་དྲི་བ་ཡིན། གང་གིས་ཤེ་ན། ལེགས་སྦྱར་དང་ཧིན་དུ་སོགས་ལ་རྒྱུས་ཅུང་ཙམ་ཡོད་པའི་རེ་བསས་སོ།
གླིང་བདུན་ཞེས་པའི་ཐ་སྙད་ནི་སྔོན་དུས་ནས་ཡོད་པར་མངོན་ཏེ། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། དུས་འཁོར་ནས་བཤད་པའི་རི་རབ་ཀྱི་ཁོར་ཡུག་ཏུ་འཁོད་པའི་གླིང་བདུན་ཏེ། ཟླ་བ་དང༌། འོད་དཀར། ཀུ་ཤ། མིའམ་ཅི། ཁྲུང་ཁྲུང༌། དྲག་པོའི་གླིང༌། འཛམ་གླིང་ཆེན་པོ་བཅས་སོ།།
ཕྲན་གྱིས་ཤེས་ཚོད་ལྟར་ན་རི་རབ་གླིང་བཞི་སོགས་ཀྱི་བཤད་སྲོལ་འདི་ནི་ནང་པའི་ཐུན་མོང་མ་ཡིན་པའི་བཤད་ཅིག་མ་རེད། དེ་ནི་སྟོན་པ་ཐུགས་རྗེ་ཅན་གྱི་སྡོན་ནས་རྒྱ་གར་ལ་ཡོངས་སུ་གྲགས་པའི་བཤད་སྲོལ་ཞིག་
ཡིན་པར་སེམས་ཤིང་། སྟོན་པས་སྡུག་བདེན་གྱི་མཚན་གཞི་སྟོན་པའི་སྐབས་ཡོངས་གྲགས་ཀྱི་བཤད་སྲོལ་དེ་ལ་
བཟོ་བཅོས་མ་བརྒྱབ་པར་གསུངས་པ་ཙམ་རེད། མངོན་པ་མཛོད་ཀྱི་རྩོམ་གཞི་མངོན་མ་ཕྲན་ཚེགས་སྙིང་བོ་
སོགས་སུ་འཇིག་རྟེན་ཁམས་ཀྱི་བཤད་པ་དམིགས་བསལ་ལོགས་སུ་བཏོན་ནས་གསུངས་མེད་པར་དེང་སང་གི་
མཁས་པ་རྣམས་ཟེར། དེས་ན་སློབ་དཔོན་དབྱིག་གཉེན་གྱིས་་རི་རབ་གླིང་བཞི་སོགས་ཀྱི་ཚད་དབྱིབས་གསུངས་པ་དེ་དག་ནི་དྲང་དོན་སྒྲ་ཇི་བཞིན་པ་མ་ཡིན་པའི་གསུང་་དུ་འགྲེལ་དགོས་པར་རིགས་པ་བརྒྱ་ཕྲག་གིས་བསྒྲུབ་
ཏུ་ཡོད་དེ། རིམ་གྱིས་སྐད་ཆ་ཡོང་ངོ་། །
བཀྲིས་བདེ་ལེགས། རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས།
སྔ་མོ་ལ་དྭགས་སུ་ སེག་མོལ། ཞེས་པའི་ཤེས་ཡོན་གྱི་ཚོགས་སྡེ་ཞིག་ནས། ལ་དྭགས་པའི་ཁ་སྐད་རྣམས་བརྡ་སྤྲོད་ལ་མ་བསྟུན་པར་ཡི་གེར་བྲིས་ནས་ལ་དྭགས་མེ་ལོང་ཟེར་བའི་ཚགས་པར་དུས་དེབ་སོགས་བཏོན་གྱི་ཡོད་པས། དེ་ད་ལྟ་གང་འདྲ་རེད།
བོད་ཀྱི་བརྡ་སྤྲོད་བཞིན་འབྲི་བཞིན་ཡིན་ནམ་་་་་་་གནས་ཚུལ་ཤེས་རྟོགས་ཙམ་གྱི་ཆེད་དུ་ཡིན། ཐུགས་རྗེ་ཆེ།
ལ་དྭགས་པར་སྐད་པ་འདི་ཅི་ཡང་མི་ཤེས་མཁན་ཞིག་རེད།
ཞབས་འདྲེན་རེད།
Australia་ནི་དེ་ལས་ལྡོག་སྟེ་ཆར་ཆུ་དཀོན་པ་དང་ཐན་པས་གནོད་སྐྱོན་མང་བ་དང་(ཤིང་དང་རྩྭ་ལྡུམ་སོགས་གློ་བུར་མེ་འབར་བ་སོགས་)དུས་རྒྱུན་འབྱུང་གི་ཡོད་པ་རེད།
དོན་དོན་པོ། འདི་མོ་འབྲི་ཚུལ་ཞིག་ཡོད་དམ། མྱིག་བརྒྱད་འདིས་དོན་ཡོད་མེད་གཉིས་ཀ་རང་སྣང་གང་འདོད་དུ་བྲིས་ན་མཚམས་རེ་དགོད་ཤོར་གི་འཇུག་གི།
རི་རབ་གླིང་བཞི་ཞེས་པ་ནང་པའི་བཤད་སྲོལ་ཙམ་ཡིན། དེར་ནང་པ་ཁ་ཤས་ཡིད་རྨོངས་པ་ཙམ་ལས། དོན་དངོས་ནི་དེང་སྐབས་ས་ཁྲའི་སྟེང་ཀུན་གྱི་མཐོང་ཆོས་སུ་གྱུར་བ་དེའོ། དེ་བློ་ལྡན་ཀུན་གྱིས་ཁས་ལེན་ནོ། ཧ། ཧ་ཧ་ཧ།
སྐུ་ཞབས་གནམ་ལགས། རང་བྱུང་གི་གནོད་འཚེ་ནི་རྒྱལ་ཁབ་སྟོབས་འབྱོར་ཡོད་མེད་ལ་རག་ལས་བ་ཞིག་མ་རེད་དོ། །རང་བྱུང་ཁམས་ཀྱི་འབྱུང་བའི་རང་བཞིན་དེ་ནི་སུས་ཀྱང་འགོག་མི་ཐུབ་པའི་ཆོས་ཉིད་རེད།
མདོ་གཅིག་གི་ནང་དུ་ཡང་དྲང་ངེས་སྣ་ཚོགས་ཡོད་པ་བཞིན་དུ། མངོན་པ་མཛོད་ནང་དུ་ཡང་དྲང་ངེས་སྣ་ཚོགས་ཡོད་ཆོག་པས། རི་རབ་གླིང་བཞི་སོགས་འགའ་ཞིག་གི་སྐོར་སྒྲ་ཇི་བཞིན་དུ་ཁས་ལེན་མི་རུང་ཡང་སྤྱིའི་
ཆ་ནས་མངོན་པ་མཛོད་ནི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཡིན་པར་མ་ཟད། རི་རབ་གླིང་བཞིའི་བཤད་པ་
དེ་དག་ལ་བརྟེན་ནས་ཀྱང་རྣམ་དཔྱོད་ཀྱི་བློ་མིག་རྒྱས་པར་འགྱུར་བས། མངོན་པ་མཛོད་ལ་ངེས་པར་སྦྱང་དགོས་
ཤིང་། སྦྱངས་པ་དོན་དང་གནས་ལ། མདོ་དང་བསྟན་བཅོས་དེ་དག་ལ་དྲང་ངེས་སྣ་ཚོགས་ཡོད་པ་དེ་དག་ནི་
གདུལ་བྱ་ལམ་ལ་བཀྲི་བའི་ཐབས་མཁས་ཀྱི་ཁྱད་པར་ཡིན་པས། ཤིན་ཏུ་འཐད་དོ། །ད་དུང་ཕྲན་གྱིས་སྒྲ་ཇི་བཞིན་མ་ཡིན་པའི་མདོ་དང་བསྟན་བཅོས་དེ་དག་གི་དགོངས་གཞི་འགའ་ཞིག་ཞུས། རི་རབ་ཀྱི་ཤར་ཕྱོགས་
དངུལ་ལས་གྲུབ་པར་གསུངས་པ་ནི་གངས་རིན་པོ་ཆེའི་ཤར་ཕྱོགས་གངས་དཀར་ཚར་དུ་དངར་བས་བརྒྱན་
པའི་དོན་དང་། ཤར་ལུས་འཕགས་གླིང་རྒྱ་ནག་ལ་འཇོག་པ་ནི། སྐུ་ཚེ་གང་བོར་རྒྱ་ནག་གོང་མའི་མདུན་ན་
བཞུགས་ཤིང་། རྒྱ་ནག་གི་ལོ་རྒྱུས་ལ་ཧ་ཅང་ཆེ་བའི་ཐུའུ་བཀྭན་ཆོས་ཉིའི་གྲུབ་མཐར། རྒྱ་ནག་ལ་ལུས་འཕགས་
གླིང་དུ་རྒྱ་ནག་པ་རང་ལ་གྲགས་ཚུལ་བཤད་ལ། གཙང་སྨྱོན་ཧེ་རུ་ཀས་བསྒྱུར་བའི་ནུབ་ཕྱོགས་སུ་བསྐྱོད་པའི་
རྣམ་ཐར་ནང་དུ་ཡང་དེ་ལྟར་ཡོད་པ་དྲན་ངོ་འདུག གང་ལྟར་ཡང་སྔགས་གཞུང་རྣམས་སུ་ཤར་ཕྱོགས་ཀྱི་དེ་
བཞིན་གཤེགས་པ་དང་མཁའ་འགྲོ་རྣམས་སྐུ་མདོག་དཀར་བོར་གསུངས་པ་དང་མཐུན་པར། རྒྱ་ནག་པ་ཕལ་
ཆེར་ཤ་མདོག་དཀར་བོར་ཡོད་ལ། ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དང་མཁའ་འགྲོ་མ་རྣམས་སྐུ་མདོག་
དམར་བོར་གསུངས་པ་དང་། ཡུ་རོབ་ནི་གདོང་དམར་ཅན་གྱི་ཡུལ་དུ་ཁ་ཆེ་པཎ་ཆེན་བཞེད་པར་གྲགས་པ་མཐུན། དེ་བཞིན་དུ་བྱང་གི་དེ་བཞིན་གཤེགས་པ་དང་མཁའ་འགྲོ་སྐུ་མདོག་སེར་བོར་གསུངས་པ་ལྟར། ར་ཤེ་
ཡ་དང་ཨུ་རུ་སུའི་མི་རྣམས་ཕལ་ཆེར་ཤ་མདོག་སེར་བོར་ཡོད་པ་དང་མཐུན་ནོ། །ལུས་དང་ལུས་འཕགས་ནི་
འཇར་པན་དག་ཀོ་རི་ཡ་སོགས་ལ་གཞག་ཆོག་སྟེ། ལུས་འཔགས་ཀྱི་མིའི་ཤ་མདོག་དེ་དག་ལ་དམིགས་ཤིང་དེའི་
གླིང་གཡོག་གི་ཚུལ་དུ་ཡོད་ལ། ཨིན་རྡི་ཉི་ཤེ་ཡ་དང་ཤྲི་ལང་ཀ་ནི་རྔ་ཡབ་དང་རྔ་ཡབ་གཞན་ཡིན་ལ། དེ་ནི་ཛམ་བུ་གླིང་སྟེ་རྒྱ་གར་གྱི་གླིང་གཡོག་ཡིན་ནོ། །ཨ་ཧྥེ་རི་ཀ་དང་ཨིན་ལན་ནི་གཡོ་དང་ལམ་མཆོག་འགྲོ་ཡིན་
པར་སེམས་ལ། ཨ་རི་ལྷོ་བྱང་གཉིས་ནི་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་ལ་གཞག་པར་བྱ་དགོས་་སམ་སྙམ་མོ། །
འདི་དག་ནི་ཕྲན་རྟོག་བཟོ་སྟེ། འཐད་དང་མི་འཐད་མཁས་པ་རྣམས་ཀྱིས་དཔྱད་པར་མཛོད།
རྟོག་བཟོ་ནི་རྟོག་བཟོ་རང་རེདཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
འདྲེ་ནག་མགོ་དགུ་པ་ལགས། ཤར་ན་རི་བོ་གྲུ་འཛིན། ནུབ་ན་ཨོ་རྒྱན་ཡུལ་སོགས་དེ་ལྟར་གོ་བ་བླངས་ན་མ་རེད་ཟེར་ཡ་མི་འདུག །ཚིག་གཅིག་གིས་དོན་དུ་མ་སྟོན་པ་ནང་བསྟན་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པའོ།།སློབ་དཔོན་དབྱིག་གཉེན་སེམས་ཙམ་པའི་ལྟ་བ་འཛིན་ཅིང་བྱེ་བྲག་སྨྲ་བའི་གདུལ་བྱ་རྗེས་སུ་བཟུང་བའི་ཕྱིར། མངོན་པ་སྡེ་བདུན་གྱི་བརྗོད་བྱ་ཡོངས་སུ་རྫོགས་པ་བསྡུས་ནས་མངོན་པ་མཛོད་མཛད་པ་ཡིན།
བྱེ་བྲག་སྨྲ་བས་བདེན་བཞིའི་སྟེང་ནས་གྲུབ་མཐའི་གཞི་འཆའ་བ་ཡིན་པས་རང་གཞུང་ཆོས་མངོན་པ་མཛོད་ཀྱི་གནས་དང་པོ་གསུམ་གྱིས་སྡུག་བདེན། གནས་བཞི་པ་དང་ལྔ་པས་ཀུན་འབྱུང་བདེན་པ། གནས་ལྔ་པའི་མཇུག་དང་བདུན་པས་འགོག་བདེན། གནས་དྲུག་པ་དང་བརྒྱད་པས་ལན་བདེན་བསྟན་པར་བྱས་ན་ལེགས་ཞེས་མཁས་པའི་གསུང་རྒྱུན་ན་འདུག །གཞི་ལམ་འབྲས་གསུམ་གྱི་དབང་དུ་བྱས་ན། གནས་དང་པོ་ལྔས་ཐོས་བསམ་གྱིས་གཏན་ལ་དབབ་པར་བྱ་བའི་གཞིའི་རྣམ་བཞག་དང་། གནས་དྲུག་པས་སྒོམ་པས་ཉམས་སུ་བླང་བར་བྱ་བའི་ལམ་གྱི་རྣམ་བཞག་དང་། གནས་བདུན་པ་དང་བརྒྱད་པས་ཉམས་སུ་བླངས་ནས་ཐོབ་པར་བྱ་བའི་འབྲས་བུའི་རྣམ་བཞག་ཕལ་ཆེར་ཁ་ཆེ་བྱེ་བྲག་སྨྲ་བའི་གྲུབ་མཐའ་དང་མཐུན་པར་བཤད་དོ། །
གོང་དུ་དྲྭ་གྲོགས་ཞིག་ནས་གསུང་པ་བཞིན་། དགེ་ཆོས་ཀྱིས་གསུངས་པ་ལྟར་གླིང་བཞི་གའི་མིང་བྱས་པ་རྒྱ་གར་རང་དུ་དེང་སང་ས་གནས་འདི་དང་འདི་མངའ་སྡེ་དེ་དང་དེར་ཡོད་སོགས་ཧ་གོ་ཐུབ་ན་དགེ་མཚན་ཆེན་པོ་མཐོང་། རབ་བྱུང་ན་དྲྭ་གྲོགས་རྣམས་པས་དགེ་ཆོས་ཀྱི་གསུང་ངོ་མ་གཟིགས་ནས་འདིར་བཀོད་ཐུབ་ན་ཡག་པོ་འདུག།
ལེགས་སྦྱར་གྱི་སྒྲ་དེ་ཚོ་དུས་ཚོད་གང་ཚམས་ཕྱིན་པའི་དབང་གིས་ཐ་སྙད་ལ་འགྱུར་བ་ཆེན་པོ་ཕྱིན་འདུག་པས་དེང་སང་ས་གནས་དེ་ཚོར་མིང་གང་ཡིན་སོགས་བཙལ་རྒྱུ་དེ་དཀའ་ཙམ་འདུག་མོད་ད་ལན་ལྟས་དབང་གི་་རྙེད་པ་ནི་བྱང་སྒྲ་མི་སྙན་ཁོ་ན་ཡིན་མོད་གཞན་རྣམས་དྲྭ་གྲོགས་ཚོས་རྙེད་པའི་རེད་བ་ཡོད་།
བྱང་སྒྲ་མི་སྙན་ལེགས་སྦྱར་ Uttarakuru
དེང་སང་གི་མིང་གསར་ Kurukshetra
ས་གནས་རྒྱས་བཤད་ http://en.wikipedia.org/wiki/Kurukshetra
ནང་པའི་འཇིག་རྟེན་གྱི་རྣམ་གཞག་འཇོག་སྟངས་ནང་ལྷོ་འཛམ་བུའི་གླིང་དེ་གཅེར་བུ་པ་དང་ཧི་དུ་གཉིས་ཀ་དང་གཏོགས་ཙམ་འདྲ་གི་མེད་ཟོ་འདུག་
རྒྱས་པ་ཝི་ཀི་ཀུན་ཁྱབ་ཚིག་མཛོད་ལ་གཟིགས་
http://en.wikipedia.org/wiki/Buddhist_cosmology#Desire_Realm_.28K.C4.81madh.C4.81tu.29
མིག་བརྒྱད་པ་ལགས་ཐུགས་རྗེ་ཆེ། ང་ཚོས་དུས་ནམ་ཡང་འཇིག་རྟེན་གྱི་གསང་བ་ཆེན་པོ་དེ་དག་འཚོལ་ཞིང་
རྟོགས་པར་འདོད། ཡང་ཕྲན་གྱི་རྟོག་འཆར་ཞིག་ཞུས་ན། རྒྱ་གར་བས་བོད་གནོད་སྦྱིན་གྱི་ཡུལ་དུ་འདོད་པ་དང་། རི་རབ་ཀྱི་ཁོང་གསེང་ན་གནོད་སྦྱིན་གནས་པར་གསུངས་པ་དང་། གངས་རི་ཆེན་པོ་ཏི་སེར་དབང་ཕྱུག་
ཆེན་པོ་གནས་པར་བཤད་པ་དང་། གངྒཱ་ལྷ་ཡུལ་ནས་འབབ་པར་བཤད་པ་དང་། མངོན་པ་སོགས་སུ་སུམ་ཅུ་
རྩ་གསུམ་གྱི་གནས་ན་དབང་ཕྱུག་སོགས་ལྷ་ཆེན་མང་བོ་རོལ་བར་གསུངས་པ་སོགས་ཀྱིས་ཀྱང་རི་རབ་ནི་ཧི་མ་ལ་ཡའི་རི་རྒྱུད་སྤྱི་དང་ལྷག་པར་གངས་རི་ཆེན་པོ་ཏི་སེ་ཉིད་ཡིན་པར་སེམས་སོ། །གསེར་རི་དང་རོལ་མཚོ་དག་
ཀྱང་ཆེས་ཐོག་མར་ཧི་མ་ལ་ཡའི་རི་བོ་འདི་མཚོ་ཁུག་ནས་ཡར་ཐོན་ཡོང་བ་མཉམ་དུ་མཐའ་འཁོར་གྱི་རི་བོ་མང་ཞིག་རྩེ་མོ་ཡར་ཐོན་བཞིན་ཡོད་ལ། དེ་དག་གི་བར་དུ་རོལ་བའི་མཚོ་མང་དུ་ཡོད་པ་ནི་བཤད་མ་དགོས་
ལ། བལ་ཡུལ་དང་ཁ་ཆེ། ཨོ་རྒྱན་སོགས་ཀྱང་དུས་ཕྱིས་བར་མཚོ་ཡིས་གང་ནས་ཡོད་པར་ལོ་རྒྱུས་མང་བོ་ལས་
བཤད་དོ། །
གོང་དུ་མཆན་འདེབས་པོ་ཁ་ཤས་ཀྱིས་མངོན་པ་མཛོད་ལྟ་བུ་གདན་ས་ཁག་ཏུ་སློབ་གཉེར་གནང་མི་དགོས་པའི་སྐད་ཆ་ཞིག་འདུག་མོད། ང་ཚོས་མཛོད་སྦྱངས་དོན་ནི་རི་རབ་གླིང་བཞི་སོགས་ཀྱི་ཤེས་པའི་ཆེད་དུ་མ་རེད། རི་རབ་སོགས་ཀྱི་ཚད་དབྱིབས་སོགས་ནི་ཞར་བྱུང་ཙམ་ཞིག་རེད། རི་རབ་གླིང་བཞིའི་བཤད་པ་འདི་དག་
ཕྱི་རོལ་པའི་རིག་བྱེད་ཀྱི་གཏམ་རྒྱུད་ནང་ནས་ཀྱང་ཐོན་བཞིན་ཡོད་པས་དེ་ནི་ནང་པའི་བཤད་སྲོལ་ཐུན་མོང་
མ་ཡིན་པ་ཞིག་མ་ཡིན་པ་ཤེས་ཐུབ་ཀྱི་རེད།
གནས་གསུམ་པ་དེ་གདན་སའི་རྒྱུགས་སྤྲོད་ནང་དུ་ཕལ་ཆེར་ཡོང་གི་མེད་པ་འདྲ། རྒྱུ་མཚན་ཅི་ཡིན་བཤད་རྒྱུ་མེད། སྡུག་བདེན་སྟོན་པའི་ཁུངས་སུ་གནས་གསུམ་པ་དེ་འཇིག་རྟེན་ཆགས་ཚུལ་དང་ཉི་ཟླ་འཁོར་བསྐྱོད། ཉིན་ཞག་གི་རྩིས་ཚུལ། དབྱར་དགུན་ཉི་བཟློག །སྐྱེ་གནས་བཞི། ཚོར་བའི་རྟེན་འབྲེལ། །ཟས་བཞི། རྡུལ་དང་དུས་དང་གཟུགས་ཀྱི་ཚད་གཞལ་སྟངས། བསྐལ་བའི་རྣམ་བཤད། སྣོད་བཅུད་ཆགས་ཚུལ། ལྷ་གནས་དང་མི་གནས་ཀྱི་ཁྱད་པར་འཇོག་ཚུལ་མངོན་པ་སྡེ་བདུན་ལ་ཁུངས་གཏུགས་ནས་བཤད་པ་དང་ནང་ཆོས་ཀྱི་ཚན་རིག་ངོ་མ་ཞིག་རེད། ད་ལྟའི་འཛམ་བུའི་གླིང་དང་མི་མཐུན་ཡང་མཛོད་ལས་འཛམ་གླིང་བྱེ་བ་ཕྲག་བརྒྱ་བཤད་པས་ང་ཚོ་ལ་སྣང་ཚུལ་མི་འདྲ་བའི་འཛམ་གླིང་བྱེ་བ་ཕྲག་བརྒྱ་ཡོད་ཟེར་རམ། ཡང་ན་དོན་དངོས་པོའི་གནས་ཚོད་ལ་འཛམ་གླིང་མི་འདྲ་བ་བྱེ་ཕྲག་བརྒྱ་ཡོད་ཟེར། འདི་དག་ལ་མཐའ་གཅིག་ཁ་ཚོན་གཅད་དཀའ་བ་རེད། སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་བར་ན་འགལ་བ་བརྒྱ་ཕྲག་ཡོད་པ་རེད། དཔེར་ན། ང་ཚོ་ལ་འཛམ་གླིང་ལེབ་ལེབ་ཀྱི་སྣང་བ་ཡོད་ཀྱང་དོན་ལ་འཛམ་གླིང་ཟླུམ་གཟུགས་ཡིན་པ་དང་དེ་ལ་བརྟེན་ནས་ཉིན་མཚན་འཁོར་བསྐྱོད་འབྱུང་གི་ཡོད་པ་རེད། གལ་ཏེ་འཛམ་གླིང་ཉི་མ་ལ་བསྐོར་བ་མི་བྱེད་ན་དུས་བཞི་འབྱུང་བ་མེད་པ་དང་། གནས་གཅིག་ལ་ཉིན་མཚན་དང་ལོ་ཟླ། དབྱར་དགུན་བརྗེ་བོ་ལོག་ནས་འཁོར་བ་དེ་འཛམ་གླིང་ཟླུམ་གཟུགས་ཡིན་པའི་རྟགས་རེད་ཅེས་ཚན་རིག་པས་བཤད་གི་ཡོད་པ་རེད། ཡ་མཚར་བ་ཞིག་ལ་ཚན་རིག་པས་གོ་ལ་གཞན་པའི་ཐོག་ལ་སེམས་ཅན་མེད་ཅེས་མི་ཟེར་བར་སེམས་ཅན་ཡོད་མེད་བརྟག་དཔྱད་བྱེད་བཞིན་པ་ལས་བྲག་རྡོ་དང་མཁའ་རླུང་ནང་གནའ་སྔ་མོར་ཚེ་སྲོག་གནས་ཡོད་པའི་དཔང་རྟགས་མང་པོ་ཞིག་བརྙེད་ཡོད་པ་རེད།
འདྲེ་ནག་མགོ་དགུ་པས་མཛོད་ཀྱི་བཤད་པ་དྲང་དོན་རེད་ཟེར་བ་དེ་ལ་རྒྱབ་སྐྱོར་ཡོད། གང་ཡིན་ཟེར་ན། ད་ལྟའི་ནུབ་ཕྱོགས་པའི་ཚན་རིག་ཡང་རྩེར་སོན་པ་དག་གིས་མིའི་ཀླད་པ་དང་སྐྱེ་བ་སྔ་ཕྱི་ཡོད་མེད་བརྟག་དཔྱད་བྱེད་བཞིན་པ་རེད། འཛམ་གླིང་ནང་མགོ་རྙོག་ཚ་ཤོས་དེ་ཀླད་པ་རེད་ཟེར་གི་ཡོད་པ་རེད། ནང་བསྟན་གྱི་ཡང་སྙིང་མཐར་ཐུག་གསང་སྔགས་ཀྱི་སྐབས་ན་ལུས་ཀྱི་རྩ་འཁོར་དང་རླུང་ཕར་ཚུལ་འཕོ་ཚུལ་ཞིབ་ཕྲ་གསུང་གི་ཡོད་པ་རེད། ཕྱིའི་སྣོད་བཅུད་ཀྱི་ཆགས་ཚུལ་སེམས་ཅན་རང་རང་གི་ལས་དབང་གིས་སྣ་ཚོགས་ཤིག་གསུང་གི་ཡོད་པ་རེད། དཔེར་ན་སྒྱུ་མའི་དཔེ་ལ་དྲི་ཟའི་གྲོང་ཁྱེར་ལྟ་བུ་དུས་ཡུན་ཐུང་ངུའི་ནང་ཆགས་ལ་དུས་ཡུན་ཐུང་ངུའི་འཇིག་པར་བཤད་གི་ཡོད་པ་རེད། མིའི་སྣང་ཚུལ་གཅིག་བུས་འཇིག་རྟེན་ཡོངས་རྫོགས་ལ་སྡོམ་ཚིག་བཞག་ཐུབ་གི་ཡོད་ན་དེ་ལྟར་ཟད། །སྣང་ཚུལ་དང་གནས་ཚུལ་མི་མཐུན་ལ་ཀུན་རྫོབ་བདེན་པ་བཞག་དགོས་པའི་གནད་དོན་ཡང་དེ་ལ་ཐུག །
དགོངས་དག་ཡིག་ནོར། རླུང་ཕར་ཚུར་འཕོ་ཚུལ།
མིག་བརྒྱད་པ་ལགས། ༼ད་ལྟའི་འཛམ་བུའི་གླིང་དང་མི་མཐུན་ཡང་མཛོད་ལས་འཛམ་གླིང་བྱེ་བ་ཕྲག་བརྒྱ་བཤད་པས་ང་ཚོ་ལ་སྣང་ཚུལ་མི་འདྲ་བའི་འཛམ་གླིང་བྱེ་བ་ཕྲག་བརྒྱ་ཡོད་ཟེར་རམ། ཡང་ན་དོན་དངོས་པོའི་གནས་ཚོད་ལ་འཛམ་གླིང་མི་འདྲ་བ་བྱེ་ཕྲག་བརྒྱ་ཡོད་ཟེར། འདི་དག་ལ་མཐའ་གཅིག་ཁ་ཚོན་གཅད་དཀའ་བ་རེད། སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་བར་ན་འགལ་བ་བརྒྱ་ཕྲག་ཡོད་པ་རེད།༽ ཅེས་པ་དེ་ལ་བསམ་ཚུལ་ཞིག་ཡོད། ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་དེངས་རབ་ཀྱི་ཚན་རིག་ཤེས་བྱའི་ལང་ཚོ་ཞེས་པའི་དེབ་དེའི་ནང་དུ། ད་ལྟ་རང་རེ་གང་དུ་གནས་པའི་འཇིག་རྟེན་ Galaxy འདི་ནི་འོ་མའི་ལམ་ཞེས་པའི་སྐར་འདུས་འཇིག་རྟེན་གྱི་ཁམས་ཞེས་པ་འདི་ཡིན་ལ། གཟའ་སྐར་ཚན་རིག་པས་ཆེས་ནུས་ཤུགས་ཅན་གྱི་ཆེ་ཤེལ་ཐོག་བརྟག་ཞིབ་བྱས་པར། རང་རེའི་འཇིག་རྟེན་འདི་བརྒལ་བའི་མཁའ་དབྱིངས་ཁྱོན་དུ། ད་དུང་རང་རེའི་འཇིག་རྟེན་ Galaxy འདི་དང་འདྲ་བའི་སྐར་འདུས་འཇིག་རྟེན་ས་ཡ་བརྒལ་བ་རྙེད་ཚུལ་བཤད། ཅེས་པ་དང༌། ཡང་དེབ་དེའི་ཉི་ཟླ་གཟའ་འཛིན་གྱི་སྐབས་སུ། ང་ཚོའི་སྐར་དུས་འཇིག་རྟེན་ Miky Way Galaxy འདི་བརྒལ་ཏེ། མཁའ་དབྱིངས་ཁྱོན་དུ་ད་དུང་སྐར་འདུས་འཇིག་རྟེན་དུང་ཕྱུར་མང་པོ་ཡོད་ཚུལ་བཤད་ལ། ཞེས་པ་དང༌། མཁའ་དབྱིངས་ཁྱོན་དུ་ཡོད་པའི་སྐར་དུས་འཇིག་རྟེན་རེ་རེའི་ཁྱོན་དུའང༌། སྐར་མ་དུང་ཕྱུར་བརྒལ་བ་ཡོད་ཅིང༌། ཞེས་པ་དེར་ངོས་འཛིན་གནང་ན་ཅི་འདྲ་འདུག་གམ།
རི་རྒྱལ་ཏི་སེ་ལགས་ཀྱིས་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ། དེབ་དེ་ངོ་སྤྲོད་ཅིག་གནོངས་རོགས།
རྗེ་མི་ལས། ཆོས་ཀྱི་སྙིང་པོ་རྟེན་འབྲེལ་ཡིན།།རྟེན་འབྲེལ་གྱི་སྙིང་པོ་མགུར་མ་ཡིན།།ཞེས་གསུངས་པ་དང་། རྟེན་འབྲེལ་དང་ལྟོས་གྲུབ། ཚད་གྲུབ་བཤད་ཡོང་དུས་བཤད་བཤད་ཚང་མ་མེད་ན་མི་འབྱུང་གི་འབྲེལ་བའི་འགག་འདོ་གཅིག་ཏུ་འདུས་འདུག
དྲ་གྲོགས་མིག་བརྒྱད་པ་ལགས། ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་དེང་རབ་ཀྱི་ཚན་རིག་ཤེས་བྱའི་ལང་ཚོ། ཞེས་པའི་དེབ་དེ་ནི། མཛད་པ་པོ། འབྲས་བློ་གླིང་ཕ་ར་དགེ་སློང་རྣམ་རྒྱལ་དབང་ཆེན། ཡིན་པ་དང༌། འབྲས་བློ་གླིང་དཔེ་མཛོད་ཁང༌། ནས་དཔར་དུ་བསྐྲུན་འདུག།
མིག་བརྒྱད་པ་དང་རི་རྒྱལ་རྣམ་པ་གཉིས་ནས་གསལ་བཤད་གནང་བར་ཐུགས་རྗེ་ཆེ། ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གྲུབ་མཐར་མདོ་དྲངས་པ་ལས། འཇམ་དཔལ་དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་ཉི་མའི་དབང་གིས་འཛམ་བུ་གླིང་དུ་གཟུགས་དང་ཁ་དོག་གཟི་བརྗིད་དང་འོད་རབ་འབྲིང་ཐ་མར་སྣང་ཡང་།
ཞེས་དང་། འཇམ་དཔལ་དཔེར་ན། ཟླ་བའི་དཀྱིལ་འཁོར་ནི་ཉི་མའི་དབང་གིས་འབྲི་བ་དང་། སྐྱེ་བ་དང་
མི་སྣང་བར་ཡང་འགྱུར་ལ། ཟླ་བའི་དཀྱིལ་འཁོར་ལ་ནི་འབྲི་བ་དང་། མི་སྣང་བ་དང་སྐྱེ་བ་མེད་དོ། །ཞེས་གསུངས་ཤིང་། གཞན་ལས་ཀྱང་དེ་མཐུན་པར་འབྱུང་ལ། དེའི་རྒྱུ་མཚན་དུ་བསམ་གྱིས་མི་ཁྱབ་པའི་རྟེན་འབྲེལ་
གྱི་ཆོས་ཉིད་བཀོད་པས། སྐབས་དེའི་རྒྱ་གར་བའི་བློ་ངོར་བསམ་གྱིས་མི་ཁྱབ་པའི་རྟེན་འབྲེལ་གྱི་ཆོས་ཉིད་བཀོད་པ་འདིས་སྟོན་པའི་དགོངས་པ་གང་ཡིན་པ་གསལ་མཛད་དོ་སྙམ་མོ། །
ཞང་ཞུང་མངའ་རིས་པའི་ལྷ་རི་ཆེན་པོ་གངས་དཀར་ཏི་སེ་དབུས་སུ་རྩིས་ཏེ། དེའི་ཤར་ཕྱོགས་སུ་གཏོགས་པ་ལ་ཤར་དང༌། དེ་བཞིན་དུ་ལྷོ་དང༌། ནུབ། བྱང་དུ་ངོས་འཛིན་བྱས་ན། གླིང་གཡོག་རྣམས་ཀྱང་འབད་མེད་དུ་གྲུབ་པ་ཡིན་དུས། མཛོད་ལས། ནམ་ཕྱེད་ཉི་མ་ནུབ་པ་དང༌། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཅེས་པའི་བྱང་སྒྲ་མི་སྙན་དུ་ནམ་ཕྱེད་དང༌། ཤར་ལུས་འཕགས་གླིང་དུ་ཉི་མ་ནུབ་པ་དང༌། ལྷོ་འཛམ་བུའི་གླིང་དུ་ཉིན་ཕྱེད་དང༌། ནུབ་བ་ལང་སྤྱོད་དུ་ཉི་མ་འཆར་བ་རྣམས་ཕལ་ཆེར་དུས་གཅིག་སྟེ། ཉི་ཟླ་འཆར་ ནུབ་ཀྱི་དབང་གིས་གླིང་བཞིར་འཇོག་ཚུལ་དེ་ཡང༌། ད་ལྟ་ཕྱོགས་མཚུངས་ཀྱི་རྒྱལ་ཁབ་གང་དང་གང་དུ་གནས་མིན་ཡང་ས་ཁྲ་ཁག་ཏུ་ཞིབ་འཇུག་བྱེད་འོས་པར་སྙམ།
༡༨༽ ཐུབ་པ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༦ གི་ཆུ་ཚོད་ ༧ སྐར་མ་ ༢༡
ལ་དྭགས་པར་སྐད་པ་འདི་ཅི་ཡང་མི་ཤེས་མཁན་ཞིག་རེད།
ཞབས་འདྲེན་རེད།
ལ་དྭགས་པས་བོད་རིག་གཞུང་ལ་ཞབས་ཏོག་ཞུས་ཟིན་པ་ད་དུང་ཞུ་བཞིན་པ་དང་མ་འོངས་པ་ན་ཞུ་བར་ངེས་པ་ཡིན། དེ་བཞིན་ཐུབ་པ་ཁྱོད་ཀྱིས་བོད་རིག་གཞུང་ལ་ཞབས་ཏོག་ཞུས་ཟིན་པ་དང་། ཞུ་བཞིན་པ་དང་། མ་འོངས་པ་ན་ཞུ་ཐུབ་པ་ཡོད་དམ། གལ་ཏེ་དེ་འདྲ་མ་ཡིན་ན། ཞབས་འདྲེན་པ་སུ་ཡིན་། ཤེས་སམ། བཟོད་པའི་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས།
༡༧༽ རྒྱ་གར་རྨ་བྱ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༦ གི་ཆུ་ཚོད་ ༣ སྐར་མ་ ༥༨
བཀྲིས་བདེ་ལེགས། རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས།
སྔ་མོ་ལ་དྭགས་སུ་ སེག་མོལ། ཞེས་པའི་ཤེས་ཡོན་གྱི་ཚོགས་སྡེ་ཞིག་ནས། ལ་དྭགས་པའི་ཁ་སྐད་རྣམས་བརྡ་སྤྲོད་ལ་མ་བསྟུན་པར་ཡི་གེར་བྲིས་ནས་ལ་དྭགས་མེ་ལོང་ཟེར་བའི་ཚགས་པར་དུས་དེབ་སོགས་བཏོན་གྱི་ཡོད་པས། དེ་ད་ལྟ་གང་འདྲ་རེད།
བོད་ཀྱི་བརྡ་སྤྲོད་བཞིན་འབྲི་བཞིན་ཡིན་ནམ་་་་་་་གནས་ཚུལ་ཤེས་རྟོགས་ཙམ་གྱི་ཆེད་དུ་ཡིན། ཐུགས་རྗེ་ཆེ།
རྒྱ་གར་རྨ་བྱ་ལེགས།
དུས་དེབ་དེར་ཕལ་སྐད་མང་བས། བོད་ཀྱི་བརྡ་སྤྲོད་གཞུང་རྩ་མེད་དུ་འགྲོ་བ་ལ་གནོད་སྐྱེལ་འདུག་ཅེས་སྐྱོན་བརྗོད་བྱེད་མཁན་མང་བས་ཡིན་ངེས། གང་ལྟར་ཡང་དིང་སང་དེ་ཉིད་མེད་པར་ཕྱིན་འདུག འདུན་ས་ཞིག་ཏུ་ནམ་བར་དུ་བོད་ཡོངས་ཀྱིས་བོད་སྤྱིའི་སྐད་དུ་སོ་སོའི་ལུང་པའི་ཁ་སྐད་སྲེ་བ་མི་འགོག བོད་ཡིག་སྐད་དུ་ལ་དྭགས་ཁ་སྐད་ཙམ་སྲེ་བ་འགོག་པས་ཕན་པ་མེད་ཅེས་བདག་གིས་བཤད་དོ།།
ནུབ་ལ་དྭགས་ནས་བཟུང་ཤར་དར་རྩེའི་མདོ་བར་དུ་ཁྱབ་ཅིང་ལོ་ཙཱ་པ་མཁས་པ་རྣམས་ཀྱིས་གཏན་འབེབས་མཛད་པའི་བཀའ་བསྟན་ནས་བྱུང་བའི་མིང་ཚིག་རྣམས་བོད་ཡིག་གྲུབ་ཆ་གཙོ་བོ་དང་། ཁ་སྐད་རྣམས་ཀྱང་གང་ལ་གང་འཚམས་ཀྱིས་བེད་སྤྱོད་གཏོང་འོས། གཙོ་ཕལ་གྱི་དབྱེ་བ་ཕྱེ་ན་གང་འདྲ།
མིག་བརྒྱད་པ་ལེགས། བཀའ་བསྟན་གསུང་འབུམ་བཅས་ན་ཡོངས་གྲགས་ཆེ་བའི་ཚིག་རྣམས་ཁ་སྐད་ཀྱིས་གཏོར་བཤིག་བྱེད་པ་ན། ཁྱེད་བཟོད་ཐུབ་བམ། ནུབ་ཕྱོགས་པའི་ཁ་སྐད་ཤར་ཕྱོགས་པས་མི་གོ དེ་བཞིན་ཤར་ཕྱོགས་པའི་ཁ་སྐད་ནུབ་ཕྱོགས་པས་མི་གོ་བ་མཐོང་བཞིན་དུ། ཁ་སྐད་འདི་བོད་ཡོངས་ཀྱིས་གོ་ཐུབ་ཅེས་པའི་སྒྲ་ཞིག་འདུག་གམ། ཁྱེད་ཀྱི་བརྗོད་པ་ཐུང་ངུ་དེ་ན། བེད་སྤྱོད། ཅེས་པའི་ཁ་སྐད་དེ་བོད་ཡོངས་ཀྱིས་གོ་ཐུབ་པ་ཞིག་མ་ཡིན་ནོ།།
རྒན་ལ་དྭགས་པ་ལགས། སྐུ་ཉིད་ལ་བཀའ་འདྲི་ཞུ་རྒྱུ། བདག་གིས་མ་ངེས་པ་འདུལ་བའི་ནང་དུ་ཀརྵ་པ་ན་ཟེར་བ་དེང་སང་རྒྱ་གར་ན་ཡོད་པ་རེད་དམ། ལ་ལས་དེ་འགྲོན་བུ་ཡིན་ཟེར་མོད། འགྲོན་བུ་ཡིན་ན་རྒྱ་མཚོའི་བྱེ་འགྲམ་ན་གང་མང་མང་རེད། དེ་མིན་༼ བཅོམ་བརླག ༽་ཞེས་པའི་ཡུལ་དེ་དེང་སང་གང་དུ་ངོས་འཛིན། ༼ ཏྲོན་བྱེད་པར་འགྱུར་རོ༽ ཞེས་པའི་ཏྲོན་གྱི་དོན་གང་ལགས་སམ།
ཁ་སྐད་མི་གོ་ན་བོད་ས་ཡོངས་རྫོགས་ནས་ཁ་སྐད་སློབ་གྲྭ་འདེབས་དགོས་པ་རེད། དེ་ནས་གནད་དོན་སེལ་བ་རེད། ཆོས་དོན་ཕྱོགས་ནི་ག་དུས་ཡིན་ཡང་མི་གོ་བ་རེད། དཀའ་དུས་དང་སྡུག་དུས་མ་མཏོགས་ཉིན་རེ་འཚོ་བའི་ཁྲོད་དགོས་དོན་ཆེན་པོ་མེད། ཁ་སྐད་ནི་མེད་དུ་མི་རུང་བ་རེད། འཇིག་རྟེན་འགྱུར་འགྲོས་ལྟར་གོ་དགོས་དངོས་ཞིག་རེད།
སྐུ་ཞབས་གནམ་ལགས། ཁྱེད་ཀྱིས། ཆོས་ཕྱོགས་ནི་དཀའ་དུས་དང་སྡུག་དུས་མ་གཏོགས་ཉིན་རེ་འཚོ་བའི་ཁྲོད་དགོས་དོན་ཆེན་པོ་མེད། ཁ་སྐད་ནི་མེད་དུ་མི་རུང་བ་རེད། ཟེར། དཀའ་སྡུག་དང་མ་འདྲེས་པའི་ཉིན་རེའི་འཚོ་བ་ཞིག་ཨེ་ཡོད་ན། སྡུག་བསྔལ་ཀུན་སེལ་དམ་པའི་ཆོས།།ཞེས་གསུངས་པ་ནི་སྡུག་བསྔལ་གསུམ་ལ་གོ་བར་འདུག་པས།
འཇིག་རྟེན་གྱི་མཐའ་རྒུད་པའི་ཆོས་ཉིད་ལས་མ་འདས་སོ། །བདེ་བ་རང་མཚན་པ་ཞིག་མི་སྲིད་པ་ཡིན་ནོ།།
ཡུལ བཅོམ་བརླག་ནི། ཀི་རིཥནའམ་ནག་པོ་འཁྲུངས་ས་མ་ཐུ་རMathura་ཡིན་སྙམ།
ཀརྴ་པ་ན་ཟེར་བ་དང་། མ་ཤ་ཀ་ཟེར་བའི་ཐ་སྙད་འདི་གང་ལ་གོ་དགོས་སམ། གནད་འགག་ནི། ཕམ་པ་བཞི་ལས་མ་བྱིན་ལེན་གྱི་ཕམ་པ་འབྱུང་བའི་ཚད་དེ་འདིའི་གྲངས་ལ་ཐུག་འདུག །འདིའི་དོན་ཇི་བཞིན་མི་ཤེས་པར་ད་དུང་མ་བྱིན་ལེན་གྱི་ཕམ་པ་གོས་ཡོད་མེད་ཀྱི་སྐོར་ལ་བགྲོ་གླེང་བྱེད་པ་ནི་ངལ་བའི་རྒྱུ་ཞིག་ཏུ་མཐོང་།
མིག་བརྒྱད་པ་ལེགས།
ཀརྵ་པ་ན་ཡི་དོན་ལ་ལེགས་སྦྱར་ཚིག་མཛོད་ན། སྒོར་མོ་ཡིན་བྲིས། རང་རེས་མིག་མཐོང་མེད་པས་སྒོར་མོ་ཡིན་ནམ། སྒོར་མོའི་དོད་དུ་བཀོལ་བའི་མགྲོན་བུ་ཡིན་ཐག་གཅོད་ཀྱིས་མི་ཤེས། ཕྱིས་སུ་སྐད་རིགས་མང་པོར་པེ་ནེའམ། བོད་སྐད་དུ། པེན་ཤ། ཟེར་བ་ཡང་འདི་ལས་སྤྲོས་པ་མ་ཡིན། བཅོམ་བརླག་ལ་དིང་སང་། མ་ཐུ་རཱ། ཟེར་བ་དེ་ཡིན་ངེས། དགེ་ཆོས་ཀྱིས་རྒྱ་གར་གནས་ཡིག་ཏུ་ངོས་འཛིན་མཛད་ཡོད་ངེས། ཏྲོན་གྱི་དོན་གང་ལགས་སམ། འདིའི་དོན་མི་ཤེས་སོ།།
ཤི་སྐད་རེ་གོ་ན་མ་ཎི་འདྲ་བཏོན། གེགས་བར་ཆད་འདྲ་ཡོང་ན་སྐུ་རིམས་རྣམ་གསུམ་འདྲ་དགོན་པར་བཅོལ། ཁོལ་བ་ན་འདུག་འདྲ་ཡོང་ན་བླ་མ་རེ་ལ་ཡར་ཞུ་རེ་ཞུས། དེ་མིན་ཆང་འཐུང་དུས་སྐྱིད་པོ། དུ་བ་འཐེན་དུས་སྐྱིད་པོ། ཤ་ཟ་དུས་སྐྱིད་པོ། ཞོ་ལྡོག་དུས་སྐྱིད་པོ། རོགས་བཙལ་དུས་སྐྱིད་པོ། ཇག་བྱེད་དུས་སྐྱིད་པོ། དགྲར་འཐབ་དུས་སྐྱིད་པོ། གླུ་ལེན་དུས་སྐྱིད་པོ། གཞི་སྐྱོང་དུས་སྐྱིད་པོ། མི་སྐྱིད་པའི་དུས་ཤིག་མེད་ཀི་ཡ། མྱིག་བརྒྱད་ལགས། སྡུག་ཆེན་པ་འདྲ་ཅང་ཡིན་རྒྱུ་མ་རེད་དེ་མི་གོ་ནིའི་ཆོས་བཤད་ན་གཉིད་ཁོལ་ནས་མི་བ་ཐལ།
ད་བོད་ནང་གི་གནས་ཚུལ་རྐྱེན་པས་འདིར་ཡོང་ལོང་མ་བྱུང་། རྒན་ལ་དྭགས་པ་ནི་དག་ཡིག་གི་པཎྚིཏ་ཞིག་རེད། ཨ་ལེ་སྐུ་རྩེད་ཞུས་པ་ཡིན་ད། ལ་དྭགས་པ་ལགས། ལ་དྭགས་ཅེས་པའི་སྒྲ་བཤད་གང་ཡིན་ནམ། ལ་དྭགས་རྒྱལ་རབས་ནང་དུ་ལ་དྭགས་ཀྱི་རྒྱལ་པོ་དང་པོ་རིག་པ་མགོན་གྱིས་ནུབ་ཁ་ཆེའི་ལ་རྩ་ཚུན་ཆད་དབང་
དུ་བསྡུས་སྐད་འདུག་ན་ལ་རྩ་དེ་གང་ལ་ངོས་བཟུང་དགོས་སམ།