རིན་ཆེན་སྒྲོལ་མ།
ངས་ཁྱེད་རང་དྲན་དུས། གྲོང་ཚོར་སྨུག་སྤྲིན་འཁྱིལ་ཞིང་ཁྱིམ་གཞིར་གྲང་རླུང་ལྡང༌།
ཨ་ཇོ་ལགས། ཁྱེད་ལ་དོན་དམ་པའི་བརྩེ་འདང་ཡོད་ན། ངའི་ཆུ་བཞིན་འཁོལ་བའི་རེ་འདུན་ལ། གློ་སྙིང་གི་འདབ་མ་གྲོལ་བའི་བརྩེ་འཕྲིན་རེ་ཅིས་ཀྱང་སྩོལ་རོགས།
ངའི་འཇིག་རྟེན་ལ་སྐྱོ་སྣང་གི་རླུང་བུ་དང་འགྱོད་གདུང་གི་མཆི་མ་མོད་པས། མགོ་ཐོག་གི་ཉི་མར་དྲོད་ཀྱིས་དབེན་ཞིང་ཉིན་གང་གི་ཁ་ཟས་བྲོ་བས་སྟོང༌། ཁྱེད་ལ་མཛའ་ཞིང་བརྩེ་བའི་སེམས་རྒྱུད་རེ་མངའ་ན། ནམ་ཡང་འབྲལ་མི་ཐུབ་ཅིང་ཅིས་ཀྱང་འཛོམ་དགོས་པའི་དམ་བཅའ་འཇོག་རོགས།
ཨ་ཇོ་ལགས། ཁྱེད་ཀྱི་སེམས་གཏིང་ནས་ང་དང་གཉེན་ཉེ་ཚོ་དྲན་ཚེ། ད་ལྟ། སྔར་གྱི་འུ་ཚང་གི་སྦྲ་ཁྱིམ་སྟོང་བར་ལུས་ཤིང་ནོར་ལུག་གི་འཕེལ་ཁ་ཟད་ལ་ཉེ། ངའི་ཚེ་སྲོག་གི་རིན་ཐང་ཡང་ཆུ་བཞིན་འཁྱག
ཨ་ཇོ་ལགས། གཙང་པོ་དང་རི་རབ་བསྐྱུར་ནས་ཕེབས་ཤོག ནགས་ཚལ་དང་རྒྱ་མཚོར་རྒལ་བཞིན་ཕེབས་ཤོག ལྷད་མེད་པའི་བརྩེ་འདང་བསམ་བཞིན་ཕེབས་ཤོག་ཡ། ངས་དངོས་གནས་ཁྱེད་རང་དྲན་གྱིན་འདུག
ཁྱི་སྐྱག་མ། བོད་ནང་དུ་སྐད་བཏང་ནས་རྒྱ་ལག་ཏུ་འཇོག་བསམ་ནི་ཨེ་རེད།
ཨ་ནེ་མོ་ལ་ཇོ་མཇེ་ཞིག་དགོས་འི་ཡོད་པ་འདྲ། ཕ་ཡུལ་གྱི་ཨ་ཇོ་ལགས་དེ་ལྟར་དྲན་མི་སྲིད། མར་དགའ་ན་བུར་གཅེ་ཟེར་བ་དེ་རེད། གོ་རྒྱུ་ཞིག་བཏང་བ་རེད།
སྙན་ངག་ཤུགས་ཆེན་པོ་ཞིག་འདུག མུ་མཐུད་འབྲི་རོགས། མཁན་པོ་ཉི་མ་དང་གནམ་ནས་གཉིས་སྡུག་སྐད་ཤོར་དགོས་བཟོས་འདུག དེ་སྙན་ངག་ཤུགས་ཆེན་པོ་ཡོད་པའི་རྟགས་རེད།
ཨ་ཇོ་ལགས་་་དེ་རིང་དངོས་ནས་ཁྱོད་རང་ལ་་་སེམས་ཀྱི་རྨ་ཁ་ཞིག་མ་བཟོས་སམ་་ཡ་ངལ་བའི་སྨུག་ལོང་དང་མཆི་ཞག་གི་ཁོག་ནས་་་་་ཨ་ཅེ་་་མི་དྲན་ནམ་་་་ངོ་མ་་་་ཨ་ཅེ་ནི་་་བྱེས་སུ་ལུས་ནས་གར་འགྲོ་དང་གང་འདུག་མི་ཤེས་་་ད་ནི་རི་ལུང་་་ཡོངས་སུ་སྨུག་པས་གཡོག་ནས་འདུག་་་ཅིས་ཀྱང་་་དེང་སང་ཁོ་མོ་ཡི་མིག་མདུན་ཡོངས་སུ་་་སྨུག་ལོང་གི་ཁེངས་པ་འདྲ་་་་་ཨ་ཨ་་་་དེ་འདྲ་སྐྱོ་བ་ལ།
སྙན་པོ་འདུག
སྟོན་གྱི་ལོ་མའི་ཙག་སྒྲ་གོ་ཐུས་སྙིང་ཁམས་ན་ཁྱུར་ཁྱུར།
དབྱར་གྱི་འབྲུག་སྒྲའི་སྡིར་དྲག་གོ་དུས་སེམས་ཁམས་སྐྲག་རེ་རེ།
དཔྱིད་ཀྱི་རླུང་བུའིོ་འུར་སྒྲ་གོ་དུས་ཡིད་ཀྱི་སྦུག་སུ་སྐྱོ་ལྷང་ལྷང་།
དགུན་གྱི་ཁ་བའི་བུ་ཡུག་གོ་དུས་ལུས་ཁམས་ཁྱག་སིག་སིག
ཆུང་འདྲིས་ལགས། ཁྱེད་ག་ན་ཡོད།